འཇིགས་མེད་བཀྲ་ཤིས་ཀྱིས།
༄༅།། དེང་སང་བོད་མི་ཚོའི་ཡ་རབས་སྤྱོད་བཟང་ཉམས་བཞིན་པའི་སྐོར་ཕྱི་ནང་གང་སར་གོ་རྒྱུ་རིག་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་འཚོགས་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐོག་བཀའ་བློན་ཁྲི་པ་མཆོག་གིས་བོད་མིའི་སྤྱི་ཚོགས་ཀྱི་ཉེན་ཁ་ཅན་གྱི་འགྱུར་འགྲོས་ཁག་དྲུག་གསུངས་པའི་ནང་དུ་ཚན་པ་གཅིག་ནི་ “བཟང་སྤྱོད་ཉམས་ཆག” ཅེས་གལ་ཆེན་པོ་བྱས་ནས་གསུངས་ཡོད། ༸གོང་ས་མཆོག་གི་བཀའ་སློབ་སྔ་ཕྱིའི་ནང་ ཡ་རབས་སྤྱོད་བཟང་ནི་བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ཚུལ་ངོ་སྤྲོད་དང་འབྲེལ་བོད་མི་ཚོས་རྒྱུན་དུ་ཡ་རབས་སྤྱོད་བཟང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་མ་གསུངས་ས་ཞིག་ཕལ་ཆེར་མེད།
ཡ་རབས་སྤྱོད་བཟང་ཉམས་བཞིན་པའི་རྒྱུ་རྐྱེན་ནི། གཏམ་སྙན་གྲགས་དང་། ཐོབ་གོ་ས། རྒྱུ་ལོངས་སྤྱོད་སོགས་འཐོབ་འདོད་ཀྱི་འདོད་རྔམས་ཇེ་ཆེར་སོང་བའི་དབང་གིས་ཡིན་ཞིང། འདོད་རྔམས་དེའི་ནང་ནས་ཀྱང་གཙོ་བོ་གཅིག་ནི་དཔལ་འབྱོར་འདུ་འགོད་ཆེད་ཕྱི་རྒྱལ་དུ་འགྲོ་འདོད་ཀྱི་འདོད་རྔམས་དེ་ཡིན། ཕྱི་རྒྱལ་དུ་འགྲོ་ཆེད་ཁྱིམ་པ་རྣམས་གྲྭ་པར་རྫུ་བ། གྲྭ་པ་རྣམས་བླ་མར་རྫུ་བ། གསར་འབྱོར་རྣམས་ཆབ་སྲིད་བཙོན་མར་རྫུ་བ། མིང་སྲིང་རྣམས་བཟའ་ཚང་དུ་རྫུ་བ། རྩོམ་མི་ཤེས་མཁན་རྣམས་རྩོམ་པ་པོར་རྫུ་བ་སོགས་ཕྱི་རྒྱལ་དུ་ཐར་ཐབས་ཁོ་ནའི་ཆེད་མགོ་སྐོར་སྐྱག་རྫུན་ག་རེ་བཤད་དགོས་ཀྱང་ཡ་ང་ཐེ་ཚོམ་མེད་པར་བཤད་རྐྱང་བྱེད་ཀྱི་ཡོད་པ་འདིའི་དབང་གིས་དོ་བདག་སོ་སོའི་ཡ་རབས་སྤྱོད་བཟང་ཉམས་པར་མ་ཟད། ཕྱི་རྒྱལ་བ་སོགས་འཛམ་བུ་གླིང་གི་འབྲེལ་ཡོད་སྤྱི་སྒེར་མང་པོ་ཞིག་བྱེད་སྟངས་དེ་ཚོ་ལ་ཞེན་པ་ལོག་སྟེ། དེ་སྔ་བོད་པ་ཞེས་གཞན་དང་མི་འདྲ་བར་བརྩི་བའི་མཐོང་ཆ་འཇོག་དང་ཡིད་ཆེས་དེ་བརླག་འགྲོ་ཡི་ཡོད། དེའི་རྐྱེན་གྱིས་བོད་མི་སྤྱིའི་མཚན་མཐོང་ཆག་བཞིན་པར་མ་ཟད། ༸གོང་ས་མཆོག་གི་མཚན་སྙན་ལའང་གནོད་ཀྱི་ཡོད་པ་དང། ༸གོང་ས་མཆོག་ཐུགས་ཕམ་པའི་གཞི་ཡང་ཆགས་ཀྱི་ཡོད། ཁ་སང་ཕྱི་ཟླ་ ༩ ཚེས་ ༧ ཉིན་རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་མི་རྣམས་ལ་༸གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་བསྩལ་པའི་སྐབས། དེ་སྔོན་ལྡི་ལིའི་སྐུ་ཚབ་དོན་གཅོད་ཀྱི་ངོས་སྦྱོར་བརྒྱུད་ཨ་རིར་བསྐྱོད་པ་རེ་ཟུང་ཕྱིར་ལོག་མ་ཡོང་བར་བརྟེན་ད་ཆ་ལྡི་ལིའི་དོན་གཅོད་ཀྱི་ངོས་སྦྱོར་ལ་ཨ་རིའི་གཞུང་ཚབ་ནས་ངོས་ལེན་ཆ་འཇོག་གནང་གི་མེད་པས། ཉེ་ཆར་༸གོང་ས་མཆོག་སྐུ་ངོ་མས་བོད་མི་ཚོའི་ཚབ་མཛད་ནས་ཨ་རིའི་གཞུང་ཚབ་ལ་དགོངས་དག་ཞུས་པ་ཡིན་ཞེས་བཀའ་གནང་འདུག བོད་པ་ཚོའི་བྱེད་སྟངས་མ་འགྲིག་པའི་དབང་གིས་ངོས་ནས་དགོངས་དག་ཞུ་དགོས་བྱུང་སོང་ཞེས་་གསུངས་འདུག།བཀའ་སློབ་དེ་གོ་ན་སེམས་ལ་ཚ་ཤར་ལངས་པ་ཞིག་འདུག (བཀའ་སློབ་དེ་འབྲེལ་ཐག་འདི་ན་འདུག། http://www.dalailama.com/webcasts/post/124-his-holinesss-address-to-tibetan-professionals) ད་ནི་བོད་མི་ཚོས་རང་རང་གི་འདོད་རྔམས་ལ་ཚོད་འཛིན་བྱས་ཏེ། བོད་སྤྱིའི་མཚན་མཐོང་ལ་རྒྱ་དང། ༸གོང་ས་མཆོག་གི་བཀའ་སློབ་དང་མཚན་སྙན་ལ་བསམ་བློ་ནན་ཏན་ཞིག་གཏོང་བའི་དུས་ལ་བབ་ཅིང། བོད་མིིའི་ཡ་རབས་སྤྱོད་བཟང་བརླགས་ན་བོད་ཀྱི་ཆོས་དང་རིག་གཞུང། རྩ་དོན་དང་བཅས་པར་གནོད་འགལ་ཅི་འདྲའི་ཚབས་ཆེན་ཐེབས་རྒྱུ་ཡིན་པར་དགོངས་གནང་གལ་ཆེའོ།།
བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ངས་ཀྱང་ཡེ་ནས་ཁས་ལེན་མེད།བོད་པ་ཚོས་རང་རང་གི་ཆེད་དུ་ག་རེ་ཡིན་ན་བྱས་ཀྱི་ཡོད་པ་དེ་གསལ་བོ་རེད།ཡིད་ཆེས་མེད་ཡིད་ཆེས་མེད་བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ལ་ཡིད་ཆེས་མེད།
ཆོས་དབྱིངས་སྒྲོལ་མ་།
བོད་པ་རྣམས་ཡེ་ནས་སྤྱོད་བཟང་རེད་།བོད་པ་རྣམས་ཡེ་ནས་སྤྱོད་བཟང་མ་རེད་།
བོད་པ་ཚང་མ་གཅིག་གི་ཁོངས་སུ་མ་འདུས་ན་།གཅིག་གི་ཁུངས་སུ་འདུས་དགོས་བ་རེད་དམ་།
དེ་ན་ངའི་གཉིས་གང་གི་ཁོངས་སུ་འདུས་བ་རེད་དམ་།མ་རབས་སམ་ཡང་ན་ཡ་རབས་།
བོད་ཀྱི་གཏམ་དཔེ་ངན་པ་ ༼རང་དོན་འགྲུབ་ན་ ཆ་ལུགས་ངན་ན་ངན་༽ ཟེར་བ་དེ་བྱེད་ཉེན་ལེ་མ་རེད་ རང་འདོད་ཁོ་ནའི་དོན་དུ་བོད་སྤྱི་པའི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་རང་མི་རིགས་ལ་མཚན་ཐོང་ཐོབ་པའི་རིན་ཐང་ཡ་རབས་སྤྱོད་བཟང་འདི་གཅེས་སྲུང་དང་དར་སྤེལ་གཏོང་དགོས་ལེ་རེད་ བོད་སྤྱི་པའི་མཚན་མཐོང་ལར་རྒྱ་དེ་ཐོན་པོ་ཡོད་ན་འཛམ་གླིང་ནང་བོད་མི་རིགས་འདི་འགོ་བོ་ཁྱགས་ཏེ་བྱེད་ཐུབ་ལེ་དང་དེ་མེད་ན་མི་རིགས་གཞན་ནས་ཤིག་དང་ཐལ་བ་ཙམ་དུའང་བརྩི་ལེ་མ་རེད་ ངེད་ཚོ་བོད་སྤྱི་པའི་ལར་རྒྱ་དེ་གོང་འཕེལ་གཏོང་དགོས་ལེ་རེད་ཡ་ ཁ་བྲོ་།
བོང་རྫི་ལགས།བོད་པ་ཚང་མ་ཡ་རབས་སྤྱོད་བཟང་མ་ཡིན་ན་མ་རབས་ཀྱི་ཁོངས་སུ་འདུས་མི་དགོས་བ་ཡིན།མཚན་གཞི་ནི་ང་ལྟ་བུར་ང་བོད་པ་ཡ་རབས་སྤྱོད་བཟང་གི་ཁོངས་སུ་མི་འདུས་ལ་མ་རབས་གྱི་ཁོངས་སུ་ཡང་མི་འདུས་ང་བཏང་སྙོམས་སུ་ཁོངས་སུ་འདུས་པའི་བོད་མོ་རྣལ་མ་ཡིན།
ཆོས་དབྱིངས་སྒྲོལ་མ་།
ཀྱེ་།
ཡང་བསྐྱར་གསལ་བོ་གཟིགས་དང་།
“བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ངས་ཀྱང་ཡེ་ནས་ཁས་ལེན་མེད།བོད་པ་ཚོས་རང་རང་གི་ཆེད་དུ་ག་རེ་ཡིན་ན་བྱས་ཀྱི་ཡོད་པ་དེ་གསལ་བོ་རེད།ཡིད་ཆེས་མེད་ཡིད་ཆེས་མེད་བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ལ་ཡིད་ཆེས་མེད།”བོད་པ་སྤྱོད་བཟང་ཡིན་པ་ཡིད་ཆེས་མེད་”་
་”བོང་རྫི་ལགས།བོད་པ་ཚང་མ་ཡ་རབས་སྤྱོད་བཟང་མ་ཡིན་ན་མ་རབས་ཀྱི་ཁོངས་སུ་འདུས་མི་དགོས་བ་ཡིན།མཚན་གཞི་ནི་ང་ལྟ་བུར་ང་བོད་པ་ཡ་རབས་སྤྱོད་བཟང་གི་ཁོངས་སུ་མི་འདུས་ལ་མ་རབས་གྱི་ཁོངས་སུ་ཡང་མི་འདུས་ང་བཏང་སྙོམས་སུ་ཁོངས་སུ་འདུས་པའི་བོད་མོ་རྣལ་མ་ཡིན།”
བཟང་ངན་གཉིས་སུ་མ་འདུས་བའི་བོད་མི་ཡོད་ན་།
བོད་པ་ཡ་རབས་སྤྱོད་བཟང་ཡོད་པའང་ཡིན་པ་ཡོད་པ་མ་རེད་དམ་།དེ་ན་ཁྱོད་ཀྱིས་””བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ངས་ཀྱང་ཡེ་ནས་ཁས་ལེན་མེད།”
ཅེས་ཚིག་དེ་དམར་སྲུང་དམག་གི་འབོད་སྒྲ་ཞིག་ལ་ངོས་འཛིན་དགོས་བ་རེད་དམ་།ཡང་ན་སེམས་ན་ཚོར་བ་ཙམ་ལས་རིགས་པ་མི་དགོས་པའི་ཕོ་གསར་མོ་གསར་ཅིག་གི་སྐད་ཆ་ལ་ངོས་འཛིན་དགོས་ནི་རེད་།
བོད་མོ་རྣལ་མ་ལགས་།གང་ཡིན་གསུང་དང་།
ངས་རྩ་བ་ཉིད་ནས་ཧ་གོ་མི་འདུག་།
བཀའ་ཁྲི་མཆོག་གིས་བོད་མའི་ཀུན་སྤྱོད་དག་ཐེར་འདོན་བྱས་པ་བཞིན་རང་ཅག་རྣམས་ཀྱིས་ཀྱང་སྤྱོད་ལམ་གྱི་སྐོར་ལ་གཟབ་གནན་བྱེད་དགོས་ངེས་རེད། རྒྱལ་ཁབ་ཤོར་ནས་སྐྱབས་བཅོལ་ལ་ཡོང་བ་རེད། ༼ སྐྱབས་བཅོལ་བ༽ཞེས་པ་འདི་ཡིད་ལ་ཡང་ཡང་དྲན་དགོས་ངེས་རེད། ང་ཚོ་ཅིའི་ཕྱིར་སྐྱབས་བཅོལ་ལ་ཡོང་བ་ཡིན། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཡིན། རྒྱལ་ཁབ་ཡོད་མི་རིགས་གཞན་ལྟར་རང་དོན་ཁོ་ན་སྒྲུབ་ན་ལས་རྒྱུ་འབྲས་འགྲོ་རྒྱུ་མ་རེད། ༸གོང་ས་མཆོག་ལ་མཇལ་རྒྱུ་དང་དད་པ་བྱེད་རྒྱུ་ལས་ཁོང་གིས་ཅི་གསུང་བཀའ་སྒྲུབ་བྱས་ན་བོད་སྤྱི་ལ་ཕན་རྒྱུ་རེད་ལ་སོ་སོར་ཡང་ཕན་རྒྱུ་རེད། བོད་མི་ཞིག་ཡིན་པས་ཆ་ནས་བསམ་ཚུལ་ཞིག་བྲིས་ནི་ཡིན།
བོང་རྫི་ལགས།
བོད་པ་ཡ་རབས་སྤྱོད་བཟང་དང་མ་རབས་གཉིས་ཀྱི་ཁོངས་སུ་མ་གཏོགས་པའི་བོད་པ་དེ་ཚོ་དེ་གཉིས་གང་ལའང་མ་གཏོགས་པའི་བོད་པ་ཕུང་གསུམ་པ་ཞིག་རེད།ཁྱོད་ཁག་མི་འདུག་ཁྱེད་ཀྱིས་རིག་པའི་འགྲོ་སྟངས་ཧ་གོ་མི་འདུག།རིག་པ་འགྲོ་སྟངས་ཡག་པོ་ཞིག་དང་སྤྱོངས་དང་དེ་ནི་ང་དང་བགྲོ་གླེང་བྱ་ཆོག།
བོང་རྫི་ལགས།
ཡ་རབས་སྤྱོད་བཟང་དང་མ་རབས་གཉིས་ཀྱི་ཁོངས་སུ་མ་གཏོགས་པའི་བོད་པ་དེ་ཚོ་དེ་གཉིས་གང་ལའང་མ་གཏོགས་པའི་བོད་པ་ཕུང་གསུམ་པ་ཞིག་རེད།ཁྱོད་ཁག་མི་འདུག་ཁྱེད་ཀྱིས་རིག་པའི་འགྲོ་སྟངས་ཧ་གོ་མི་འདུག།རིག་པ་འགྲོ་སྟངས་ཡག་པོ་ཞིག་དང་སྤྱོངས་དང་དེ་ནི་ང་དང་བགྲོ་གླེང་བྱ་ཆོག།
ད་བོད་རྣལ་མ་ཁོང་ཁྲོ་སློང་གིན་ཡོད་ས་རེད་།
རིགས་པའི་འགྲོ་སྟངས་་་་་་་་
ཐོག་མར་་་་་་་་་་་་་་བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ངས་ཀྱང་ཡེ་ནས་ཁས་ལེན་མེད།བོད་པ་ཚོས་རང་རང་གི་ཆེད་དུ་ག་རེ་ཡིན་ན་བྱས་ཀྱི་ཡོད་པ་དེ་གསལ་བོ་རེད།ཡིད་ཆེས་མེད་ཡིད་ཆེས་མེད་བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ལ་ཡིད་ཆེས་མེད།་་་་་་་་་་་་་་་་་་
ཅེས་རྔ་རྡུང་རྡུང་བྱས་འདུག་།
བོད་པ་སྤྱོད་བཟང་ཟེར་བ་ཞིག་ཡོད་པ་ཡིད་ཆེས་མེད་།
དེ་ནས་་་་་་་་་་་་་་་་་་་་་་་་་་་་་མཚན་གཞི་ནི་ང་ལྟ་བུར་ང་བོད་པ་ཡ་རབས་སྤྱོད་བཟང་གི་ཁོངས་སུ་མི་འདུས་ལ་མ་རབས་གྱི་ཁོངས་སུ་ཡང་མི་འདུས་ང་བཏང་སྙོམས་སུ་ཁོངས་སུ་འདུས་པའི་བོད་མོ་རྣལ་མ་ཡིན།་་་་་་་་་་་་་
བོད་པ་ལ་སྤྱོད་པ་བཟང་བ་དང་།མི་བཟང་བ་།དེ་མིན་བཟང་ངན་གང་ཡང་མེད་གསུམ་ཡོད་པའི་སྡོམ་ཚིག་བཞག་།
དེ་ན་ཁྱོད་ཀྱིས་ཤོད་དང་།
བོད་པ་ལ་སྤྱོད་བཟང་མེད་པ་བདེན་ནམ་།་བོད་པ་ལ་སྤྱོད་པ་བཟང་བ་།ངན་པ་།ཁྱོད་ལྟ་བུ་ཕུང་གསུམ་པ་ཞིག་ཡོད་པའི་སྡོམ་ཚིག་དེ་བདེན་།
སྐད་ཆ་འདི་གཉིས་ལ་གཞི་མཐུན་ཞིག་རྩ་བ་ཉིད་ནས་མི་འདུག་།
ཁྱོད་ཀྱིས་ང་ལ་རིགས་པ་འདི་ལྟ་བུ་སྤྱོངས་ཟེར་གིན་ཡོད་དམ་།
ད་མཚམས་མཇོག་མ་གཏོགས་།ཁོང་ཁྲོ་ཟ་གིན་ཡོད་ས་རེད་།
མཐའ་སྡོམ་ཁྱེད་ཉིད་ཆོས་དང་།དགོན་པ་།དེ་བཞིན་གྲྭ་བ་དང་གྲྭ་ལོག་རྣམས་ཀྱི་སྟེང་དུ་དེ་འདྲ་སྡང་དོན་ཞིག་ཅི་ཡིན་ནམ་།
ང་ལ་་སྔོན་ཆད་བོད་པ་མཛེས་མ་མང་པོ་ཞིག་གིས་མགོ་བསྐོར་བ་དང་།ཁྲེལ་མེད་བྱས་བ་།དེ་བཞིན་སྡུག་ལས་སྣ་ཚོགས་ལ་སྤྱར་བ་ཡིན་ཡང་།ད་དུང་སེམས་པའི་སྟེང་དུ་བོད་པའི་བུ་མོ་ཞེས་བརྩི་མཐོང་ཆེན་པོ་ཡོད་པ་མ་ཟད་།ནམ་ཡིན་ཡང་བོད་མི་ཞིག་གི་ཆེད་དུ་བསྙེགས་ཅི་ཐུབ་བྱ་བཞིན་ཡོད་།
ཁོ་རྣམས་ལ་མི་ཟད་པའི་བརྩེ་དུང་དང་།དགའ་སྣང་།དུང་ཞེན་ཡོད་།
ཆོས་དབྱིངས་སྒྲོལ་མ་ལགས།
ཁྱེད་ཀྱི་སྐད་ཆ་སྔ་ཕྱིར་ནང་འགལ་ཡོད་པ་གསལ་པོ་ཡིན་འདུག་པས་དེ་ངོས་ལེན་བྱས་ན་ལེགས། དེ་ངོས་ལེན་མ་བྱས་ཚེ་ཁྱེད་རང་བོད་མི་ཡ་རབས་མ་རབས་གཉིས་ཀ་མིན་པའི་བཏང་སྙོ་མས་པ་ཞིག་ཏུ་མི་གནས་པར། མ་རབས་ཀྱི་གྲས་སུ་ལྷུང་འགྲོ། དེ་ངོས་ལེན་བྱས་ན་ཡ་རབས་ཀྱི་གྲས་སུ་འགྲོ། རང་སྐྱོན་ངོས་ལེན་མི་བྱེད་པ་འདི་དང་འདི་འདྲའི་སྟེང་ནས་ང་ཚོ་བོད་མིའི་ཡ་རབས་སྤྱོད་བཟང་བརླག་འགྲོ་ཡི་ཡོད་པ་རེད།
ངའི་རེ་བ་ལ་ཆོས་དབྱིངས་སྒྲོལ་མ་གཙོས་པའི་དྲ་གྲོགས་ཚང་མས་གོང་གི་འབྲེལ་ཐག་བརྒྱུད་༸གོང་ས་མཆོག་གི་བཀའ་སློབ་དེ་ལ་ཚར་གཅིག་གསན་གཟིགས་གནང་ན་ཤིན་ཏུ་བཟང།
རྩོམ་སྒྲིག་པ་ལགས།
རྩོམ་དངོས་གཞིའི་མཇུག་ཏུ་ཚིག་གཅིག་ཆད་འདུག ༼དགོངས་གནང་གལ་ཆེ༽ཞེས་པ་༼དགོངས་བཞེས་གནང་གལ་ཆེ༽ཞེས་བཅོས་རོགས་གནང། མ་ཡིག་ནང་དུ་ང་རང་གིས་ཆད་པ་ཡིན་འདུག དགོངས་དག
འཇིགས་མེད་བཀྲ་ཤིས་ལགས།
༸གོང་ས་མཆོག་གིས་བོད་མི་ས་ཡ་དྲུག་ལ་ཡ་རབས་སྤྱོད་བཟང་གི་གོམས་གཤིས་སྦྱོར་དགོས་པ་རེད་ཅེས་གསུངས་བ་མ་གཏོགས་བོད་མི་ས་ཡ་དྲུག་རེ་རེ་ནས་ཡ་རབས་སྤྱོད་བཟང་ཤ་སྟག་ཡིན་པ་གསུངས་ཀྱི་མེད།
བོད་པའི་ས་ཆ་ཁ་ཤས་ན་ནང་དམེ་བྱེད་པ་སྡེ་བ་འཚོ་བ་བར་ལ་འཁྲུག་པ་མང་པོ་རྒྱག་གིན་འདུག་དེ་ཚོ་ཡ་རབས་སྤྱོད་བཟང་རེད་དམ།་ད་དུང་ལྐོག་ནས་སྤྱོད་ངན་གྱི་རིགས་མང་པོ་བྱེད་ཀྱིན་འདུག་དེ་ཚོ་ཡང་ཡ་རབས་སྤྱོད་བཟང་རེད་དམ།འཇིགས་མེད་བཀྲ་ཤིས་ལགས་ཐུགས་རྗེ་གཟིགས་ཁྱོད་བོང་རྫི་གཙོས་ཕྱི་རྒྱལ་བ་ཚོར་བོད་པ་ཡ་རབས་སྤྱོད་བཟང་ཡིན་ཞེས་ཡེ་ནས་མ་སླེབས་རོགས་རང་མགོ་གཅོག་པའི་ལག་ཆ་རུ་གྱུར་འགྲོ།།
ཆོས་དབྱིངས་སྒྲོལ་མ་ལགས་།
ཁྱེད་རང་མི་གཅིག་རེད་།ཁྱེད་ཀྱིས་མྱོང་ཡོད་པ་དེ་ཁྱེད་རང་གིས་སྡུག་བསྔལ་རེད་།དེ་ཕྱིར་དེ་ལ་་རྩོད་པ་ཅི་ཡང་རྒྱག་གིན་མེད་།
ནུབ་ཀྱི་སེམས་ཁམས་རིག་པའི་སྐབས་སུ་།སྡུག་པོ་མྱོང་བའི་སེམས་ནད་ཟེར་བ་ཞིག་ཀྱང་འདུག་།དེ་ནི་འཇིག་རྟེན་ཐམས་ཅན་ངན་པར་མཐོང་བ་དང་།རང་ནི་ནམ་ཡིན་ཡང་མི་མཛེས་བ་།མི་ལེགས་པ་།མི་འབྱོན་པ་ཞིག་ལ་ངོས་བཟུང་།སྡུག་ཐམས་ཅད་གཞན་གྱི་ཐོག་བཀོད་པ་ཞིག་ཡིན་འདུག་ཅེས་བཤད་ཡོད་པ་རེད་།ནད་འདི་ལྷག་པར་བྱིས་མོ་ཆུང་ཆུང་ལོ་བཅུ་གསུམ་མམ་བཅོ་བརྒྱད་བར་དང་།རྒྱབ་ཁབ་བར་ཏུ་གནས་སྤོས་བྱས་བ་།གྲོགས་པོས་དོར་བ་དག་གི་ཁྲོད་དུ་རྒྱ་ཁྱབ་དུ་ཡོད་ཅེས་བའི་བཤད་ཚུལ་འདུག་།སྐབས་རེ་དེ་ཡང་བདེན་པ་མིན་ནམ་འདྲ་བ་ཞིག་བསམ་གིན་འདུག་།
དང་པོ་མགོ་བསྐོར་ཟེར་ན་ཤེས་ཀིན་མེད་།བུ་མོ་ཁ་ཤས་ཀྱིས་་རང་གི་སྐྱོན་མི་མཐོང་བ་དང་།སྐྱོན་ཐམས་ཅད་སྐྱེས་བ་དང་།ཆོས་ལུགས་།རིག་གཞུང་།རྒྱབ་ཁབ་སྟེང་ན་ཡོད་པ་ཞིག་བསམ་གིན་འདུག་།ཁ་ཅིག་གིས་སེམས་ཀྱི་ཚོར་བ་གནས་ལུགས་དང་།རིགས་པ་ཟེར་བ་ཞིག་རྩ་བ་ཉིད་ནས་ཁས་ལེན་ཀིན་མི་འདུག་།དེ་ག་རེ་ཡིན་ནམ་ཞེས་དྲིས་ན་།ཁོ་རྣམས་ནི་བུད་མེད་ཡིན་ཞེས་དམིགས་གསལ་ཞིག་ཡིན་ཟེར་།དེ་ནས་ཁྱེད་ཚོ་དམིགས་གསལ་རེད་ཟེར་ན་།དེ་མིན་ཕོ་མོ་འདྲ་མཉམ་ཡིན་ཟེར་གིན་།སྐབས་རེ་ང་ཚོས་དངོས་གནས་ཉན་ཤེས་ཀིན་མི་འདུག་།
འདི་ན་སུས་ཀྱང་”་བོད་མི་ས་ཡ་དྲུག་རེ་རེ་ནས་ཡ་རབས་སྤྱོད་བཟང་ཤ་སྟག”རེད་ཅེས་བཤད་མཁན་མི་འདུག་།
སྤྱིར་བཏང་གི་བཤད་ན་བོད་པ་རྣམས་དེ་འདྲའི་སྡུག་པོ་ཞིག་མ་རེད་བསམ་གིན་འདུག་།འདི་ང་ཚོ་གཅིག་པོ་མ་རེད་།མི་རིགས་གཞན་གྱི་ཚུར་ལབ་པ་ཞིག་རེད་།
ང་ཚོས་རང་གིས་ཀྱང་ཡ་རབས་ཡིན་པའི་སྤོབས་པ་སྐྱེས་།ཡ་རབས་བྱས་བ་ཡིན་ན་མ་འགྲིག་པ་ཅི་ཡང་ཡོད་པ་མ་རེད་།
དེ་བས་ཆོས་དང་།ལོ་རྒྱུས་ཚང་མ་སླེ་བོ་གཅིག་གི་ནང་ལ་བཅུག་ནས་།དམར་སྲུང་དམག་གི་བཤད་བཤད་མ་བྱས་།དེ་ནི་དངོས་གནས་ཕྱི་རྒྱལ་བ་ཚོས་གོ་ན་།རང་མགོ་གཅོག་པའི་རྒྱུ་ལས་ཅི་ཡང་མ་འདས་།
མ་རེད་དམ་།
དུས་རྒྱུན་བོད་མི་ཡ་རབས་ཡིན་ཟེར་ནས་།ཕར་ལབ་པ་ཞིག་དྲན་ཀིན་མི་འདུག་།
ཁྱོད་ཚོའི་རིག་གཞུང་ནང་དུ་སྙིང་རྗེ་ཟེར་བ་དང་།གཞན་ཕན་ཟེར་བ་མང་པོ་འདུག་།ཡ་རབས་ཀྱི་མི་རིགས་ཤིག་རེད་ཅེས་མང་པོ་ཚུར་ལབ་མཁན་འདུག་།
དེ་མིན་དེ་དག་བདེན་པ་ཡིན་མིན་གྱི་སྐོར་ལ་ཚན་རིག་གི་ལམ་ནས་ཞིབ་མཇུག་བྱ་མཁན་སུ་ཡང་བྱུང་མ་སོང་།མ་རེད་དམ་།
བོང་རྫི་ལགས།
ཁྱེད་ཀྱིས་ཤུགས་བསྟན་ལ་ནང་ཆོས་ནས་བཤད་པའི་སྙིང་རྗེ་དང་བྱང་སེམས་ཞེས་པ་དེ་བོད་པའི་སྒང་ལ་སྦྱོར་གྱི་འདུག་ཡིན་ནའང་ངས་བལྟས་ན་དེ་འཚམས་པོ་ཡེ་ནས་མི་འདུག།མི་ཆོས་རང་ལུགས་སུ་མི་རང་རང་གི་ངོ་ནས་སེམས་པ་བཟང་པོ་བྱེད་པ་མི་གཞན་ལ་རོགས་པ་བྱེད་པ་མི་གཞན་ལ་་སྙིང་རྗེ་བྱེད་པ་ཤིན་ཏུ་ནི་ཤུགས་ཆེ།
སྤྱིར་བཏང་གི་བོད་པའི་རིག་གཞུང་ཟེར་ན་འདྲ་རིག་གཞུང་གི་འབྱུང་ཁུངས་རྒྱ་གར་ལ་གཏུགས་ཡོད་སོང་ཙང་རྒྱ་གར་གྱི་ཕོ་མཆོག་མོ་དམའ་རུ་འཛིན་པའི་ལྟ་ངན་དེ་ཚོ་ཡང་བོད་ལ་མ་དར་བའི་ངེས་པ་མེད་པ་ཞིག་རེད།
ཕྱི་རྒྱལ་བ་རེ་ཟུང་གིས་དེ་འདྲ་བཤད་སྲིད༼ཁྱོད་ཚོའི་རིག་གཞུང་ནང་དུ་སྙིང་རྗེ་ཟེར་བ་དང་།གཞན་ཕན་ཟེར་བ་མང་པོ་འདུག་།ཡ་རབས་ཀྱི་མི་རིགས་ཤིག་རེད་ཅེས་མང་པོ་ཚུར་ལབ་མཁན་འདུག་།༽ཡིན་ནའང་དེས་བཤད་པ་ལ་བརྟེན་ནས་བོད་པ་ཡ་རབས་སྤྱོད་བཟང་ལབ་ན་གླེན་བཤད་ཉིད་དོ།
ཆོས་ལུགས་མེད་པའི་རྒྱལ་ཁབ་ཡོད་ལ་ཆོས་ལུགས་ཞེས་པ་ཧ་མི་གོ་བའི་མི་རིགས་ཡང་མང་པོ་ཡོད་ཁོ་ཚོར་ཡང་སྙིང་རྗེ་ཡོད་ལ་སེམས་པ་བཟང་པོ་བྱེད་པ་ཡང་ཡོད།ཁྱོད་ཀྱིས་འདོད་པ་ལྟར་ན་ཁོ་ཚོ་ཡང་ཡ་རབས་སྥྱོད་བཟང་རེད་དམ།།ཁོ་ཚོའི་རིག་གཞུང་ནང་དུ་སྙིང་དང་གཞན་ཕན་ཞེས་པའི་མེད་པ་རེད།།
བོད་པའི་ཡ་རབས་སྤྱོད་བཟང་ཟེར་བ་དེ་བདེན་ཚིག་གཅིག་རེད།་དངོས་ཡོད་ཀྱི་ཆ་ནས་བོད་མི་སྤྱི་ཡོངས་ལ་མཚོན་ན་གཞན་དང་མི་འདྲ་བའི་རྣམ་འགྱུར་དང་གཤིས་ཀ་དེ་བཞིན་གཞན་ཕན་གྱི་བསམ་བློ་དང་ལྡན་པ་ཞིག་ཡིན་པ་མི་རིགས་གཞན་ནས་ཤོད་པ་ཟམ་དུ་མ་ཟད་གུས་བརྩི་ཡང་བྱེད་བཞིན་པ་དངོས་ཡོད་ཡིན།་དེ་གཙོ་ཆེ་བོད་མི་རིགས་ཀྱི་རིག་གཞུང་བཟང་པོ་དང་ལྷག་པར་༧གོང་ས་མཆོག་གི་ལམ་སྟོན་བཟང་པོར་བརྟེན་ནས་བྱུང་བ་ཞིག་ཡིན།་འོན་ཀྱང་དེང་སང་མི་རེ་བཟུང་གི་རང་དོན་ཁ་ནར་བསམ་ཏེ་སྤྱི་ལ་རྒྱོང་རྒུན་དོ་ཕོགས་བྱེད་བཞིན་པ་ཡང་དངོས་འབྲེལ་དང་གོས་སུ་༧གོང་ས་མཆོག་ནས་དགོངས་སེལ་ཞུ་དགོས་ཐབས་སྡུག་གི་གནས་ཚུལ་ལ་རང་གཞན་ཚང་མས་བསམ་ཞིབ་ཀྱི་གདོང་ལེན་གནང་དགོས་པ་ལས་བོད་མི་ཚོ་ཡ་རབས་སྤྱོད་བཟང་མིན་ངོས་ལེན་དང་སོ་སོ་དང་རང་གི་མི་རིགས་ལ་མཐོང་ཆུང་ཁྱད་གསོད་བྱས་པའི་ཅི་ཕན།་དེ་ལས་སོ་སོའི་ངོས་དེ་ལྟར་མི་བྱེད་རྒྱུ་དང་གཞན་དེ་ལྟར་མི་བྱེད་པའི་ཐབས་ཤེས་སམ་མཐའ་ན་སོ་སོའི་དགའ་ཉེ་གྲོགས་པོ་གསལ་བཤད་དང་བགྲོས་བསྡུར་ཞིག་བྱེད་ཐུབ་ན་ནུས་པ་ཆེ་བ་མཐོང།
གོང་ས་མཆོག་གིས་དགོངས་དག་ཞུས་འདུག ཟེར་པ་འདིའི་བོད་སྐད་ཀྱི་དོན་ཅི་རེད།
ཆོས་དབྱིངས་སྒྲོལ་མ་ལགས།
བོད་མི་ཡ་རབས་ཡིན་མིན་ཟེར་བ་འདི་བོད་མི་སྤྱིའི་ཆ་ནས་དང་མང་ཕྱོགས་ཀྱི་ཆ་ནས་ཤོད་ཀྱི་ཡོད་པ་རེད་མ་གཏོགས། བོད་མི་ས་ཡ་དྲུག་པོ་གཅིག་ཀྱང་མ་ལུས་པ་ཆ་ཚང་ཡ་རབས་རེད་དང་མ་རེད་ཟེར་གྱི་ཡོད་པ་མ་རེད།
༸གོང་ས་མཆོག་གིས་བོད་མི་ཚང་མ་ཡ་རབས་བཟང་སྤྱོད་ལྡན་པ་བྱེད་དགོས་ཚུལ་གསུང་གི་ཡོད་པ་རེད་ལ། སྤྱིར་བོད་མི་རྣམས་ཡ་རབས་ཡིན་པའང་གསུང་གི་ཡོད་པ་རེད། དེ་གོང་སྨོས་ལྟར་བོད་མི་སྤྱིའི་ཆ་ནས་གསུངས་པ་རེད་མ་གཏོགས་བོད་མི་ས་ཡ་དྲུག་པོ་རེ་རེ་ནས་ཡ་རབས་རེད་གསུངས་པ་ག་ལ་ཡིན། དེ་ལྟར་གསུངས་ཡོད་པ་རེད་ཅེས་ངས་ལབ་མེད། བོད་མིའི་ནང་ན་མ་རབས་ཡོད་པ་སུས་མི་ཤེས། མ་རབས་ཡོད་པར་མ་ཟད་དེང་སང་ཇེ་མང་དུ་འགྲོ་བཞིན་པའི་དབང་གིས་༸གོང་ས་མཆོག་ནས་ཕྱི་རྒྱལ་བ་ཚོར་དགོངས་དག་ཞུ་དགོས་ཐུག་གི་ཡོད་པ་རེད།
དེས་ན་བོད་མི་ཡ་རབས་ཡིན་མིན་དང་བོད་མིའི་ནང་མ་རབས་ཡོད་མེད་ནི་བོད་པ་དང་ཕྱི་རྒྱལ་བ་ཚང་མའི་ནང་གསལ་པོ་ཆགས་ནས་ཡོད་པས་དེ་ལ་རྩོད་པ་རྒྱག་དགོས་དོན་མི་འདུག་གཱ
ཉམ་ཆུང་ལགས།
ཁྱེད་ཀྱིས་༼གོང་ས་མཆོག་གིས་དགོངས་དག་ཞུས་འདུག ཟེར་པ་འདིའི་བོད་སྐད་ཀྱི་དོན་ཅི་རེད༽ཟེར། ཁྱེད་ཀྱིས་ག་རེ་ཟེར་གྱི་ཡོད་དམ། ༼འདིའི་བོད་སྐད་ཀྱི་དོན་ཅི་རེད༽ ཅེས་པའི་དོན་ངས་གོ་མ་སོང། ༼༸གོང་ས་མཆོག་གིས་དགོངས་དག་ཞུས་འདུག ༽ཅེས་པ་འདི་བོད་སྐད་རེད། འདི་ལ་ད་དུང་བོད་སྐད་ཅིག་དང་དེ་ལ་དོན་ཞིག་ཇི་ལྟར་ཡོང་དགོས། གལ་སྲིད་འདི་དབྱིན་ཡིག་ཐོག་ཡོད་ཚེ་འདིའི་བོད་སྐད་ཀྱི་དོན་ཅི་རེད་ཅེས་དྲིས་ན་ཏག་ཏག་ཆགས་ཀྱི་འདུག དེ་མིན་བོད་སྐད་ཡིན་པ་ཞིག་ལ་ཡང་བསྐྱར་བོད་སྐད་ཀྱི་དོན་ཞིག་བཤད་ཤེས་ཀྱི་མི་འདུག ཁྱེད་ཀྱིས་དྲི་བ་འདི་ཡང་བསྐྱར་གསལ་པོ་ཞིག་གསུང་རོགས།
མུ་བཞི་ཡོད་རེད།
འཇིགས་མེད་ལགས། ཉམ་ཆུང་གིས་དགོངས་དག་ཞུས་འདུག་མིན་པར་གསུངས་འདུག་ཅེས་བྲིས་དགོས་པའི་འདོད་ཚུལ་སྟོན་པ་འདྲ།
ཉམ་ཆུང་ལགས།
ཁྱེད་ཀྱིས་༼མུ་བཞི་ཡོད་རེད༽ཅེས་པ་འདིས་གོ་ཇེ་དཀའ་རུ་བཏང་སོང། ངས་བལྟས་ན་ཁྱེད་ཀྱིས་འབྲེལ་མེད་དོན་གཞན་གྱི་སྐད་ཆ་ཞིག་བཤད་དེ་དོན་དངོས་ལ་གཡོལ་ཐབས་བྱེད་ཀྱི་འདུག དེ་འདྲ་གནང་དགོས་དོན་ཨེ་ཡོད།
མེ་ཏོག་དཀར་པོ་ལགས།
༼དགོངས་དག་ཞུས་འདུག་མིན་པར་གསུངས་འདུག༽ཅེས་པའི་དོན་ཅི་རེད། འདི་བོད་སྐད་ཡག་པོ་མི་ཤེས་མཁན་ཞིག་གིས་བཤད་པ་དང་འདྲ་པོ་འདུག ཁྱེད་རང་དེ་འདྲ་མིན་པས་འདི་བསྐྱར་དུ་གསལ་པོ་གོ་ཐུབ་པ་ཞིག་འབྲི་རོགས།
རེད་ཡཱ།
༸གོང་ས་མཆོག་ལ་ཐུགས་ཁ་གཏན་ནས་མེད།
དེང་སང་སྤྱི་ཚོགས་ནང་བོད་པའི་གཤིས་ཀ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་རེད།
འོ་མ་གཟབ་གཟབ་མ་བྱས་ཚེ་ནམ་ཞིག་བོད་མི་རྣམས་འཛམ་གླིང་འདིའི་ཐོག་ཆ་འཇོག་མེད་པ་ཞིག་ཆགས་སྲིད།
ངས་བལྟས་ན་རང་ཉིད་ཇི་ལྟར་སྡུག་ཀྱང་རང་གི་རྩ་བའི་བླ་མའི་ཞབས་མ་འདྲེན་པ་ཞིག་དགོས་པ་ནི་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་ཆ་རྐྱེན་ཨང་དང་པོ་དེ་རེད་སྙམ།
ཆོས་དབྱངས་སྒྲོལ་མ།
ད་བྲིས་འཚམས་བྱས་ན་དགའ་ས་རེད། མཁས་པ་བརྒྱ་ལས་ཀླུག་པོ་གཅིག་གི་དཔེར་ལྟར།
གྲྭ་ལོག་ཚོར་ཁ་རྒྱག་དང་གཞན་ཚིག་ལུང་འདྲེན་བྱེད་ཀྱི་ལས་ཡོད་མ་རེད། མར་ལོག་བསྟན་པའི་སྒྲ་བོ། སྐད་ཆ་བཤད་སྟངས་ལ་ལྟས་ན་རྡ་སའི་སྐུ་གྲགས་ལྷག་འཕྲོ་ཚོའི་བཀའ་སློབ་གསུང་གཏང་འདྲ། ཁོང་ཚོས་སྐད་ཆ་རེ་གཉིས་བཤད་པའི་སྐབས་སུ་ག་དུས་ཡིན་ནའང་༧གོང་ས་མཆོག་གི་བཀའ་སློབ་ལུང་འདྲེན་བྱེད་ཀྱི་ཡོད་རེད། སྤྱིར་བཏང་བཤད་ན་ང་ཚོ་ཁ་བརྡ་བྱས་པའི་སྐབས་སུ་༧གོང་ས་མཆོག་བཀའ་སློབ་དེ་འདྲ་ལུང་འདྲེན་བྱེད་རྒྱུ་མི་འདུག དེ་ལུང་འདྲེན་བྱས་པ་ཡིན་ན་མི་གཞན་གྱི་ཁ་བགག་པ་འདྲ་པོ་འདུག གང་ཡིན་ཟེར་ན་ཚིག་རེ་ཟུང་གོ་བ་ལེན་སྟངས་ཐོག་ནས་༧གོང་ས་མཆོག་ལ་བགག་པ་རྒྱབ་པའི་བཟོ་འདྲ་ཆག་གི་འདུག ༧གོང་ས་མཆོག་ལ་མི་སུ་དང་སུ་ཡིན་ནའང་གུས་བརྩི་ཞུ་ཡོད་རེད། ངོ་མ་བཤད་ན། ༧གོང་ས་མཆོག་གི་བཀའ་སློབ་ཁག་སྐྱར་དུ་ལུང་འདྲེན་བྱེད་དགོས་དོན་མེད། ༧གོང་ས་མཆོག་གི་བཀའ་སློབ་བོད་མི་མི་རེ་ངོ་རེ་ནས་གོ་ཡི་ཡོད་པ་མ་ཚད། དེང་སང་འཛམ་གླིང་ནང་ཆོས་ཁེལ་མི་ལན་མཁན་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལ་གུས་བརྩི་བྱེད་བཞིན་ཡོད་པ་ཚང་མས་ཤེས། “ང་ཚོ་ཅིའི་ཕྱིར་སྐྱབས་བཅོལ་ལ་ཡོང་བ་ཡིན། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཡིན།” ཚིག་འདི་ཚོར་ལྟས་ན། ཁོ་རང་བོད་ནང་ནས་བོད་བསྟན་པ་ཆབ་སྲིད་ཆེད་དུ་སྲིད་ཇུས་སྤེལ་ཡོད་འདོག་བྱེད་ཀྱི་འདུག བོད་བསྟན་པ་ཆབ་སྲིའི་དོན་དུ་བཙན་བྱོལ་ལ་ཡོང་བའི་བཟོ་འདྲ་བཤད་ཀྱི་འདུག སྐད་ཆ་བཤད་སྟངས་ལ་ལྟས་ན་ཁོ་རང་ཡང་ཆབ་སྲིད་བརྩོན་པ་རྫུན་མ་ཞིག་ཡིན་པ་འདྲ། ཁྱེད་ཚོས་གནས་དོན་མང་པོ་ཞིག་མཁྱེན་པ་བཞིན་ལག་ལྟར་ཡོང་བའི་རེ་བ་ཆེ། དེ་བས་མཁྱེན་རྒྱ་ཆེན་པོ་རེ་ཡོད་ན། གཞན་ཚིག་ལུང་འདྲེན་མ་བྱས་པར་རང་ཉིད་ཀྱི་སེམས་ཏིང་གི་སྐད་ཆ་བཤད་ན་ལེགས་པོ་ང་ཚོར་ཕན་ཐོག་ཡོང་ངེས་རེད།
གོང་ས་མཆོག་གིས་དགོངས་དག་ཞུས་འདུག ཟེར་པ་འདིའི་བོད་སྐད་ཀྱི་དོན་ཅི་རེད།
ངས་ཞེ་ས་འབྲི་སྟངས་འདི་བོད་སྐད་དག་མ་ཨེ་ཡིན་ཟེར་བ་ཙམ་ཡིན།
མུ་བཞི་ཡོད་རེད།
ཟེར་བ་ནི་ཡ་རབ་མ་རབ་ཟེར་ནས་ཅི་ཞིག་བཤད་ཀྱིན་པ་དེ་ལ་དམིགས་ནས་ཁྱེད་ཅག་ལ་སྐུ་རྩེད་ཕྲན་བུ་ཞུས་པ་ཡིན།
མཆན་ ༢༣ འཇིགས་མེད་ལགས། ༧གོང་ས་མཆོག་གིས་དགོངས་དག་ཞུས་འདུག་ཟེར་རྒྱུའི་ཚབ་ལ༧གོང་ས་མཆོག་གིས་དགོངས་དག་གསུངས་འདུག་ཅེས་བྲིས་དགོས་ཟེར་བ་འདྲ།
སྐད་ཆ་དོན་དག་སྒང་ལ་བཤད་ན་འགྲིག ངས་བོད་སྐད་ཤེས་དང་མ་ཤེས་སོགས་ཁྱེད་རང་འབྲེལ་བ་གང་ཡང་ཡོད་མ་རེད།
བོད་མིའི་ནང་ན་ཡ་རབས་སྤྱོད་བཟང་ཡོད་པ་རེད་ཞེས་གསུངས་པར་། སྣང་བ་མ་སོང་པར་བོད་མི་ཚང་མ་རྒྱུག་པ་ལེབ་རྡུང་བྱས་བ་རྐྱོན་མི་འདུག འོན་གྱང་མཆན་འདི་སོ་སོས་སུ་ལ་འདོག་གིན་ཡོད་པ་ཧ་གོ་བ་གྱིས་།
མཆན་བུ་བ་ཁ་ཤས་ཡང་མགོ་བོ་རྨོངས་འདུག་བོད་མིའི་ནང་ནས་ཡ་རབས་སྤྱོད་པ་མེད་པ་སུས་ཀྱང་བཤད་མེད།བོད་མིའི་ནང་ནས་ཡ་རབས་སྤྱོད་བཟང་ཡོད་པ་ཙམ་གྱིས་བོད་མི་ཡ་རབས་སྤྱོད་ཡིན་ཟེར་ན་ག་ལ་འགྲིགས།
མཆན་བུ་བ་ཁ་ཤས་ཀྱི་མགོ་བོ་རྨོངས་ཏེ་རྒྱུག་པས་སོ་སོའི་མགོར་གཞུ་ཡོད་པ་ཧ་གོ་མི་འདུག།
ལྷ་སྨྱོན་གྱིས་བཤད་པ་དེ་ག་རང་ཡིན།གྲྭ་ལོག་དང་རྨོངས་དད་པ་ཚོས་ནམ་རྒྱུན་ནས་མགོ་ཚོས་ལ་མ་ཚོས་བར
་སྐད་ཆ་ག་རེ་བཤད་ནའང་ཁོ་ཆོས་༸གོང་ས་མཆོག་ལག་པ་ཕྱིས་ས་རང་བྱས་ཀྱི་ཡོད།།
ཆོས་དབྱིངས་སྒྲོལ་མ་།
ཁྱོད་ཀྱིས་ཚིག་སྔ་ཕྱི་འབྲེལ་ཆགས་པ་ཤིག་བཤད་ཤེས་ཀྱིན་མི་འདུག་གམ་།
༡་༼ཆན་བུ་བ་ཁ་ཤས་ཡང་མགོ་བོ་རྨོངས་འདུག་བོད་མིའི་ནང་ནས་ཡ་རབས་སྤྱོད་པ་མེད་པ་སུས་ཀྱང་བཤད་མེད།བོད་མིའི་ནང་ནས་ཡ་རབས་སྤྱོད་བཟང་ཡོད་པ་ཙམ་གྱིས་བོད་མི་ཡ་རབས་སྤྱོད་ཡིན་ཟེར་ན་ག་ལ་འགྲིགས༽
༢༼བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ངས་ཀྱང་ཡེ་ནས་ཁས་ལེན་མེད།བོད་པ་ཚོས་རང་རང་གི་ཆེད་དུ་ག་རེ་ཡིན་ན་བྱས་ཀྱི་ཡོད་པ་དེ་གསལ་བོ་རེད།ཡིད་ཆེས་མེད་ཡིད་ཆེས་མེད་བོད་པ་ཡ་རབས་སྤྱོད་བཟང་ཡིན་པ་ལ་ཡིད་ཆེས་མེད།༽
དྲི་ཚིག་ནི་”བོད་མིའི་ནང་ནས་ཡ་རབས་སྤྱོད་བཟང་ཡོད་པ་ཙམ་གྱིས་བོད་མི་ཡ་རབས་སྤྱོད་ཡིན་ཟེར་ན་ག་ལ་འགྲིགས”
ན་།
“བོད་པ་ཚོས་༼ཚང་མ་ཡིན་ནམ༽རང་རང་གི་ཆེད་དུ་ག་རེ་ཡིན་ན་བྱས་ཀྱི་ཡོད་པ་”དེ་ཙམ་གྱི་བོད་པ་རྣམས་མ་རབས་སམ་།ཡང་ན་གང་རུང་མ་ཡིན་པ་ཤིག་ཏུ་སྒྲུབ་ན་ག་ལ་ཆོག།
ཁྱོད་ཚོའི་སྐད་ཆ་འགྲོ་བ་མོའི་གཏན་ཚིགས་རིགས་པ་དང་འགལ།མོའི་འགལ་འབྲེལ་རིགས་པ་དང་ཅུང་ཟད་མཐུན་པོ་ཡོད་ན་།
༼མཆན་བུ་བ་ཁ་ཤས་ཀྱི་མགོ་བོ་རྨོངས་ཏེ་རྒྱུག་པས་སོ་སོའི་མགོར་གཞུ་ཡོད་པ་ཧ་གོ་མི་འདུག།
ལྷ་སྨྱོན་གྱིས་བཤད་པ་དེ་ག་རང་ཡིན།གྲྭ་ལོག་དང་རྨོངས་དད་པ་ཚོས་ནམ་རྒྱུན་ནས་མགོ་ཚོས་ལ་མ་ཚོས་བར
་སྐད་ཆ་ག་རེ་བཤད་ནའང་ཁོ་ཆོས་༸གོང་ས་མཆོག་ལག་པ་ཕྱིས་ས་རང་བྱས་ཀྱི་ཡོད།།༽
སྐད་ཆ་དེ་བདེན་པ་ཞིག་རེད་བསམ་ཀིན་འདུག་།གྲྭ་ལོག་དང༼་རྨོངས་དད་པ་ཚོས༽་དེ་ལྟར་བྱ་བཞིན་ཡོད་པ་འདྲ་།ཁོ་ཚོས་དངོས་སུ་དེ་ལྟར་བྱ་བཞིན་ཡོད་པ་རེད་།
སློབ་གྲྭ་བ་དང་༼དམར་སྲུང་དམག་༽ཁ་ཅིག་གིས་ནམ་རྒྱུན་རིག་གསར་གྱི་སྐད་ཆ་ཤིག་མགོ་ཚོས་ལ་མ་ཚོས་བར་སྐད་ཆ་ག་རེ་བཤད་ནའང་དོན་གྱིས་མོའི་དཔེ་དེབ་ལ་ལག་པ་ཕྱིས་ས་རང་བྱེད་ཀྱིན་འདུག་།
དེ་ན་དེ་གཉིས་ཀ་་དོན་གྱིས་གཅིག་མ་རེད་དམ་།
ཡིན་ནའང་བོད་མི་རྣམས་ཀྱིས་སེམས་སུ་གོང་སུ་མཆོག་དང་།མོའི་གཉིས་གཅིག་ག་ལ་ཡིན་།
བོང་རྫི་ལགས།ཡག་པ་སོམས་ཤིག་ངའི་ཚིག་སྔ་ཕྱི་ལ་འགལ་ཆ་གང་ཡང་མེད།ངས་སྡོན་ལ་ཁྱེད་ལ་ལན་བརྒྱབ་ཚར་བ་ཡིན་༼༢༨༽ མེ་ཆ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༢ གི་ཆུ་ཚོད་ ༢༡ སྐར་མ་ ༤༢
བོད་མིའི་ནང་ན་ཡ་རབས་སྤྱོད་བཟང་ཡོད་པ་རེད་ཞེས་གསུངས་པར་། སྣང་བ་མ་སོང་པར་བོད་མི་ཚང་མ་རྒྱུག་པ་ལེབ་རྡུང་བྱས་བ་རྐྱོན་མི་འདུག འོན་གྱང་མཆན་འདི་སོ་སོས་སུ་ལ་འདོག་གིན་ཡོད་པ་ཧ་གོ་བ་གྱིས་།༽ཁོས་བཤད་པ་རེད།འདི་ངས་ཀྱང་ཁོ་ལ་ལན་བཏབ་པ་ཡིན་གྱི་ངའི་རང་ལུགས་མ་ཡིན་ནོ།༼བཤད་མེད།བོད་མིའི་ནང་ནས་ཡ་རབས་སྤྱོད་བཟང་ཡོད་པ་ཙམ་གྱིས་བོད་མི་ཡ་རབས་སྤྱོད་ཡིན་ཟེར་ན་ག་ལ་འགྲིགས།༽བོང་རྫི་༼ཆོས་སྲུང་དམག་མི་༽ལགས་རྣལ་ལམ་དུ་ལན་མ་འདེབས་ཤིག།
ཆོས་དབྱིངས་སྒྲོལ་མ་།
ད་ཁྱོད་ཀྱིས་ག་རེ་ལབ་ཀིན་ཡོད་།བོད་མི་སྤྱོད་བཟང་རེད་ཀིན་ཡོད་དམ་།མེད་ཟེར་ཀིན་ཡོད་།
གཉིས་ཀ་གང་ཡང་མ་རེད་ཟེར་ཀིན་ཡོད་།
ཡོད་དང་མེད་ཅེས་མང་པོ་ལབ་ཆོག་གི་།དམར་བོ་ནག་པོ་ཡིན་ཟེར་ནས་ཨུ་ཚུགས་རྒྱབ་ནའང་ཅི་ལ་མི་ཆོག་།
འཇིག་རྟེན་གྱི་ལེགས་ཉེས་ཐམས་ཅད་ལྷ་སྐུ་རྙིང་བ་འགའ་ཞིག་དང་།དཔེ་ཆ་འགའ་ཤས་ཀྱིས་བྱས་པ་རེད་ཟེར་ནས་མེ་ལ་བསྲེགས་ཆོག་གིན་རེད་།དེ་བཞིན་དེ་ལྟར་བྱས་ཡོད་པའང་མ་རེད་དམ་།
རེད་ལགས་།དོན་གྱིས་”ཆོས་སྲུང་བ”རྨོངས་དད་པ་ཚོ་”་དང་།་སློབ་གྲྭ་བ་”དམར་སྲུང་དམག་མི་”གཉིས་ཀ་གཅིག་མ་རེད་དམ་།
མདོར་ན་དེང་སྐབས་་།རྒྱ་དམར་གྱི་སློབ་གྲྭ་ནས་བྱུང་བའི་རིག་གསར་རྙིང་གཏོར་གྱི་ལྟ་ཚུལ་དེ་ཚོ་ལ་བསྐྱར་ཞིབ་ཅིག་བྱས་ན་མི་འགྲིག་གམ་།
གནས་ལུགས་ཟེར་བ་འདི་དམར་པོ་ཚོགས་འདུ་ཚོགས་པ་ལྟ་བུ་ཤིག་མ་རེད་།
གཞན་གྱི་བལྟས་ནས་ཁྱད་མཚར་བོ་ཞིག་ཡོང་གིན་འདུག་།
བོང་རྫི་ལགས།
བོད་མི་ཡ་རབས་སྤྱོད་བཟང་ཡིན་པ་ཡེ་ནས་ཁས་ལེན་མེད་ཡེ་ནས་ཁས་ལེན་མེད།ཡ་རབས་ཞེས་བ་དེ་སེམས་སུ་ཧམ་པ་མེད་པ་གཞན་ལ་ཕྲག་དོག་མི་བྱེད་པ་སོགས་ཡིན་དགོས་པ་སྤྱོད་བཟང་ཞེས་པ་དེ་ལུས་ཀྱི་མཉམ་འགྱུར་སྟོན་སྟངས་དང་ངག་གིས་ཚིག་འཇམ་སྨྲ་སྟངས་སོགས་མང་པོ་འདུས་དགོས་ལ།
ཁྱེད་ཀྱི་འདོད་པའི་བོད་མ་ིདེ་ལ་དེ་ལྟར་ཚང་གི་འདུག་གམ།ཆོས་སྲུང་དམག་མི་དང་རྨོངས་དད་པ་ཚོས་ཨུ་ཚུགས་ཀྱིས་བོད་མི་ཡ་རབས་སྤྱོད་བཟང་ཡིན་ཟེར་ན་སྟག་སྤགས་གྱོན་པའི་བོང་བུ་དེ་སྟག་ཡིན་པ་བསྒྱུར་ག་ལ་ཐུབ་དངོས་གནས་དགོད་བྲོ་བ་ཞིག་མ་རེད་དམ།
ང་འདྲ་བ་འདི་ཡ་རབས་སྤྱོད་བཟང་མིན་ལ་མ་རབས་ཐ་ཤལ་ཡང་མིན་ང་ནི་དེ་གཉིས་གང་རུང་མ་ཡིན་པའི་བཏང་སྙོམས་སམ་དཀྱིལ་དུ་གནས་པའི་བོད་པ་ཡིན།།ཧ་གོ་སོང་ངམ།དེང་སང་རྒྱ་དམར་གྱི་སློབ་གྲྭ་ནས་ཐོན་པའི་གསར་གཏོད་རྙིང་དོར་གྱི་ལྟ་བ་འཛིན་མཁན་རྣམས་རྒྱ་དམར་གྱི་བཙོན་དུ་འཇུག་འདུག།
ཆོས་སྲུང་དམག་མི་དང་རྨོངས་དད་པ་ཚོས་ནང་བཞིན་ནུབ་ཕྱོགས་ཀླ་ཀློའི་ཡུལ་དུ་ཡིབ་ནས་བསྡད་མི་འདུག།
ཆོས་དབྱིངས་སྒྲོལ་མ་།
ཁྱོད་ལ་སྐད་ཆ་ཅི་བཤད་དགོས་བ་ཤེས་བཞིན་མི་འདུག་།
ལྷག་པར་ཏུ་སྐད་ཆ་འདི་ལྟ་བུ་རེ་བཤད་ཡོང་ན་།་
“དེང་སང་རྒྱ་དམར་གྱི་སློབ་གྲྭ་ནས་ཐོན་པའི་གསར་གཏོད་རྙིང་དོར་གྱི་ལྟ་བ་འཛིན་མཁན་རྣམས་རྒྱ་དམར་གྱི་བཙོན་དུ་འཇུག་འདུག།
ཆོས་སྲུང་དམག་མི་དང་རྨོངས་དད་པ་ཚོས་ནང་བཞིན་ནུབ་ཕྱོགས་ཀླ་ཀློའི་ཡུལ་དུ་ཡིབ་ནས་བསྡད་མི་འདུག།”
དེང་དུས་རྒྱ་དམར་གྱི་བཙོན་འོག་ན་ཡོད་པའི་གྲྭ་བ་དང་ཆོས་བ་ཉམས་ཆུང་དེ་དག་གི་སྒང་ལ་དེ་ལྟར་གཅིན་གཏོང་བསམ་ཀིན་འདུག་གམ་།
རང་གིས་རང་ལ་མཚན་ཉིད་ཅིག་བཞག་།དེ་ནས་སུ་ལ་ཚང་གི་མི་འདུག་ཅེས་བཤད་།དེ་ནས་ཅི་མི་སྙམ་པར་སྐད་ཆ་བཤད་ཡོང་ན།སེམས་པ་སྐྱིད་པོ་འདུག་གམ་།
ངས་ཤེས་བའི་བོད་པ་མང་པོ་ལ་དེ་ལྟར་འདུག་།ལྷག་པར་གྲྭ་བ་དང་ཆོས་བ་སྙོམས་ཆུང་།་གཞན་ཁོ་ནའི་དོན་དུ་རྒྱ་མིའི་བཙོན་དུ་༼མང་ཆེ་ཤོས་གྲྭ་བ་དང་བཙུན་མ་རེད༽ཡོད་པ་དེ་དག་གི་སྟེང་ནས་མཐོང་རྒྱུ་འདུག་།ཁྱེད་གཅིག་ཀྱང་མཐོང་མ་བྱུང་ངམ་།
ཡ་མཚར་ཆེ་།
བོང་རྫི་ལགས།
སུས་ཀྱང་ཁྱེད་ལ་རྒྱ་མིའི་བཙོན་དུ་གྲྭ་བ་དང་ཨ་ནེ་མི་འདུག་ཟེར་གྱིན་འདུག་ངས་བཤད་པ་དེ་ཁྱེད་ཀྱིས་མི་འདོད་པའི་རྒྱ་དམར་སློབ་གྲྭ་བ་དང་དམར་སྲུང་དམག་མི་ཚོར་ཡིན་ཡང་ཁྱེད་ཀྱི་འབྲེལ་བ་མེད་པ་ཞིག་བཤད་ཡོང་གིན་འདུག། ད་དེ་ཙམ་ཡིན་མང་པོ་བཤད་ན་དཀའ་ལས་ཁག་གྲབས་རེད།།
ཆོས་དབྱིངས་སྒྲོལ་མ།
“དེང་སང་རྒྱ་དམར་གྱི་སློབ་གྲྭ་ནས་ཐོན་པའི་གསར་གཏོད་རྙིང་དོར་གྱི་ལྟ་བ་འཛིན་མཁན་རྣམས་རྒྱ་དམར་གྱི་བཙོན་དུ་འཇུག་འདུག།
ཆོས་སྲུང་དམག་མི་དང་རྨོངས་དད་པ་ཚོས་ནང་བཞིན་ནུབ་ཕྱོགས་ཀླ་ཀློའི་ཡུལ་དུ་ཡིབ་ནས་བསྡད་མི་འདུག།”
འདི་ལ་གོ་བ་གང་འདྲ་བྱས་ནས་ལེན་དགོས་སམ་།
ངས་ཚོད་དཔག་ཅིག་བྱས་།
“གསར་གཏོད་རྙིང་དོར་གྱི་ལྟ་བ་འཛིན་མཁན་རྣམས་རྒྱ་དམར་གྱི་བཙོན་དུ་འཇུག་འདུག”ཟེར་དུས་།
བོད་ནང་གི་མི་འགའ་ཤས་ལ་གོ་བ་བླངས་།
དེ་ནས་”ཆོས་སྲུང་དམག་མི་དང་རྨོངས་དད་པ་ཚོས་ནང་བཞིན་ནུབ་ཕྱོགས་ཀླ་ཀློའི་ཡུལ་དུ་ཡིབ་ནས་བསྡད་མི་འདུག།”
འདི་ལ་གོ་བ་གང་འདྲ་བྱས་ནས་ལེན་དགོས་སམ་”
བོད་ཕྱི་ནས་ཡོད་པའི་ཆོས་སྲུང་དམག་མི་དང་རྨོངས་དད་བ་ཚོ་ལ་གོ་དགོས་བ་རེད་དམ་།
དེང་དུས་ལྟ་བ་འཛིན་མཁན་ལ་་ཕྱི་ནང་གི་ཁྱད་པར་ཅི་ཡང་མི་འདུག་།་དེ་འདྲ་ཞིག་མ་རེད་དམ་།
མཆན་ ༢༦ ཉམ་ཆུང་ནས་ལན་གསལ་པོ་གནང་བྱུང་བར་ཐུགས་རྗེ་ཆེ། ཞེ་ས་སྦྱོར་སྟངས་མ་ཤེས་པ་མིན་མོད། འོན་ཀྱང་ད་རེས་ཀྱི་གནས་ཚུལ་འདིས་བོད་མི་རྣམས་ཀྱི་སེམས་ལ་ཚོར་བ་ཟབ་ཙམ་ཞིག་དང་གཡོ་འགུལ་ཆེ་ཙམ་ཞིག་ཐེབས་པའི་རེ་བས། རྩོམ་བྱང་ལའང་ཚིག་ངར་ཙམ་དང་རྣོ་ཙམ་བཏོན་པའི་ཁུལ་ཡིན།
ལར་ནས་དགོངས་དག་ཞུ་བའི་སྐབས་སུ་ཞུ་ཡུལ་དེ་མཐོ་དམའ་གང་འདྲ་ཡིན་མིན་ལ་མ་ལྟོས་པར་ཞུ་མཁན་གྱིས་དམན་ས་བཟུང་ནས་གུས་ཉམས་དང་ལྡན་པར་ཞུ་བ་འཇིག་རྟེན་སྤྱི་སྲོལ་ཡིན་པ་ལྟར། ༸གོང་ས་མཆོག་ནས་ཀྱང་རྣམ་འགྱུར་དེ་བསྟན་གནང་མཛད་འདུག་པ་བཀའ་སློབ་ལས་གསལ་པོར་རྟོགས་ཐུབ་པས། འགལ་བ་ཆེར་མེད་སྙམ།
མཆན་ ༢༧ མེ་ཏོག་དཀར་པོས་ལན་གསལ་པོ་བཏབ་འདུག་ནའང་ཁོང་ཁྲོ་དང་འདྲེས་འདུག་པས་ཐུགས་རྗེ་ཆེ་ཞུ་ཐུབ་མ་སོང། བོད་མི་ཚོ་ལ་གཞན་ལས་ལྷག་པའི་ཡ་རབས་སྤྱོད་བཟང་ཞིག་དགོས་པ་གསུང་གི་འདུག་པས། དེ་གསུང་ས་ནས་ཁྲོ་ཉམས་སྟོན་པ་ལྷག་པར་མི་འོས་པས་ཐུགས་གཟབ་གནང་རོགས།
ཆོས་དབྱིངས་སྒྲོལ་མ་དང་བོང་རྫི་གཉིས་ཀྱིས་ཆོས་སྲུང་དང་དམར་སྲུང་སྐོར་མི་རྩོད་པར། བོད་མིའི་ཡ་རབས་བཟང་སྤྱོད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐབས་ཐོག་ལ་ཁ་བརྡ་བྱེད་ཐུབ་ན་སྐབས་དོན་དང་འབྲེལ་ཞིང་ཕན་ཐོགས་ཆེ།
ང་ཚོ་སུ་ཡིན་ཡང། གྲོང་ཁྱེར་ཁག་དང་ཕྱི་རྒྱལ་སོགས་སུ་ཡོད་པའི་བོད་མི་ཚོའི་སྟེང་ནས་བོད་མིའི་ཡ་རབས་སྤྱོད་བཟང་སྐོར་གླེང་གི་ཡོད་ནའང། དེའི་སྐོར་གཏིང་ཟབ་ས་དང་རྒྱ་ཆེ་ས་ནས་ཞིབ་འཇུག་དང་བགྲོ་གླེང་གནང་འདོད་ཡོད་ཚེ། བོད་ནང་གི་དགོན་པ་ཁག་དང་གྲོང་གསེབ་ཁག་ཏུ་ཡོད་པའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་དང་ཞིང་འབྲོག་མི་མང་སྟེ་བོད་མི་རྣལ་མ་དེ་དག་ལ་རྒྱུས་ལོན་ཞིག་བྱུང་ན། བོད་མིའི་ཡ་རབས་སྤྱོད་བཟང་སྐོར་འདས་དང་ད་ལྟ་མ་འོངས་བཅས་ཀྱི་གནས་སྟངས་གང་འཚམས་བཤད་ཐུབ་ངེས།
འཇིགས་མེད་ལགས། བཟང་སྤྱོད་དགོས་པ་སོགས་ཁྱེད་ཀྱིས་གསུངས་པ་ལྟར་རེད། ཡིན་ནའང་ཁྱེད་ཀྱིས་བོད་སྐད་མ་ཤེས་མཁན་གྱིས་བྲིས་པ་འདྲ་པོ་འདུག་ཅེས་གཞན་ལ་འཚང་འབྲུ་བའི་ཚིག་འདི་ཡ་རབས་ཀྱི་སྲོལ་རེད་དམ།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
རང་ལ་ལྟ་བར་མེ་ལོང་དགོས།
མེ་ཏོག་དཀར་པོ་ལགས། ངས་༼ཁྱེད་རང་དེ་འདྲ་མིན་པས་་་་༽ཞེས་གསལ་པོ་བྲིས་ཡོད། འོན་ཀྱང་ཁྱད་མི་འདུག ཡ་རབས་ཡིན་ནའང་གཞན་གྱི་སྐྱོན་མཚང་མཐོང་ན་གསལ་པོ་ལབ་དགོས་པ་རེད། ཡ་རབས་ཚོས་གཞན་གྱི་སྐྱོན་མཐོང་ན་དེ་ལ་ཕན་པའི་ཆེད་དུ་དྲང་པོ་བྱས་ནས་ལབ་ཀྱི་ཡོད་པ་རེད། མི་ལྷག་བསམ་ཅན་དེ་ཚོས་དེ་ལྟར་གནང་གི་འདུག་གཱ ༼གཞན་སྐྱོན་ལྐོག་ནས་གླེང་བ་མི་ངན་ཡིན། །ཤེས་བཞིན་དྲང་པོར་མི་བཤད་བསམ་ངན་ཡིན།།༽ཞེས་སྔོན་གྱི་མཁས་པའི་གསུང་ན་ཡོད་པ་མ་ཡིན་ནམ། ངའི་སྐད་ཆ་དེ་གལ་སྲིད་ཁྱེད་ཀྱི་མཚང་ལ་ཕོག་ཡོད་ན། ༼གཏམ་འདི་ཀུན་ལ་ཕོག་གྱུར་ཅིག།ཕོག་ནས་གོ་བློ་སྐྱེ་གྱུར་ཅིག།༽ཅེས་གསུངས་པ་ལྟར་ཁྱེད་ལ་ཕན་པར་ཤོག་ཅིག ད་འགྲིག་སོང། རྗེས་ནས་འདིའི་སྐོར་རྩོད་ཀྱི་མིན། ཡ་རབས་ཟེར་ཞོར་ལ་རང་སྟེང་ནས་ཡ་རབས་བརླགས་ན་ཡག་པོ་མི་འདུག བཞུགས་ཨ།
ཆོས་སྐད་དུ་སྙིག་མའི་དུས་ཤེས་ཉོན་མོངས་དུག་གསུམ་ཆུང་ངུ་རྣམས་ཆེན་པོ་དང་། ཉུང་ངུ་ནས་མང་པོར་འཕེལ་དུས་ལ་བཤད་ཅིང་། ད་དུང་ཉོན་མོངས་སྐྱེ་བའི་རྒྱུ་ལ། ཕྲ་རྒྱས་སྤངས་པ་མ་ཡིན་པ། ཡུལ་ནི་ཉེ་བར་གནས་པ་དང་། ཚུལ་བཞིན་མ་ཡིན་ཡིད་བྱེད་རྣམས། ཞེས་མཛོད་རྩ་བར་གསུངས་པ་རྣམས་ངོ་འཕྲོད་དགོས་པ་ཡིན། དངོས་སུ་ནི་ལོངས་སྤྱོད་སྟེ། གཟུགས་སྒྲ་དྲི་རོ་རེགས་བྱ་དང་། གཏམ་སྙན་གྲགས་སོགས་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་འཕེལ་བ་ནི་ལུང་དང་རིགས་པ་ཉམས་མྱོང་བཅས་ཀྱིས་འགྲུབ་པ་དང་། དེ་རིང་གི་བཤད་གཞི་ཡ་རབ་སྤྱོད་བཟང་འཕེལ་འགྲུབ་ཀྱི་རྐྱེན་རྩ་ཡང་གོང་གི་རྒྱུ་གསུམ་ལ་ཐུག་ཡོད། དེས་ན་གོང་གི་རྒྱུ་གསུམ་པོ་ལ་མ་མཐར་ཡང་ཚོད་འཛིན་བྱེད་དགོས་པ་དང་།་ ཚོད་འཛིན་བྱེད་པའི་ཐབས་སུ་དགེ་བ་བཅུ་བཤད་པ་རེད། དགེ་བ་བཅུའི་ལྡོག་ཟླ་མི་དགེ་བཅུས་ནི་ཡ་རབ་སྤྱོད་བཟང་ཉམས་སུ་འཇུག་པ་དང་། ཁྱིམ་པ་གྲར་རྫུ། གྲ་པ་བླར་རྫུ། གསར་འབྱོར་ཆབ་སྲིད་བཙོན་པར་རྫུ་བ། མིང་སྲིང་བཟར་རྫུ། རྩོམ་མི་ཤེས་པ་རྩོམ་པ་པོར་རྫུ་བ་སོགས་མ་རབ་སྤྱོད་ངན་གྱི་མཚན་གཞི་ལྔ་པོ་འདི། ངག་གི་མི་དགེ་བ་བཞི་དང་། དངོས་སུ་བནབ་སེམས་བརྒྱུད་ནས་གནོད་སེམས་དང་ལོག་ལྟ་ལའང་འབྲེལ་འོངས།་ ད་དུང་ལུས་ཀྱི་མི་དགེ་བ་གསུམ་ལས་ དངོས་སུ་མ་བྱིན་པར་ལེན་པ་དང་རྒྱུད་ནས་མི་ཚང་སྤྱོད་དང་སྲོག་གཅོད་ཀྱང་འབྲེལ་འོངས་པ་རེད། འདི་ནི་རྒྱུ་འབྲས་བསྲུང་མིན་བརྩི་ས་དང་། ཡ་རབ་སྤྱོད་བཟང་དང་། མ་རབ་ཐ་ཆད་གཉིས་ཀྱི་འགག་མདོ་ཡིན། ཚིག་གིས་དངོས་སུ་སྨྲོས་མ་སྨྲོས་ཙམ་མ་གཏོགས་ཁྲིམས་ས་ཁྲིམས་ཡུལ་གྱི་རྒྱལ་ཁབ་དག་གི་རྩ་ཁྲིམས་གང་ཡིན་ཀྱང་རྩ་བའི་ཚང་ཐིག་འདེབས་སའི་གཞི་ནི་མཐར་གཏུག་ན་དགེ་བ་བཅུ་དང་ལྡོག་ཟླ་མི་དགེ་བཅུ་ལ་འཇོག་དགོས་པ་མ་ཡིན་ནམ། འོན་ཀྱང་གཞིས་བྱེས་གཉིས་སུ་ཀུན་གྱི་ཡིད་ཆེས་འཇོག་ས་ནི་ཀྱེ། ལྐུག་པ་ཆགས་ཡོང་ད། མིས་མགོ་སྐོར་བཟེད་མ་ཡོང་། བྱང་པོ་བྱེད་དགོས་ཟེར་པ་དེ་རེད། འདི་ནི་བསླབ་བྱ་ཆེན་པོར་བརྩི་བ་དང་། བསླབ་བྱ་འདི་སྒེར་སོ་སོས་འགྲེལ་བ་རྒྱག་པ་དང་། ལག་ལེན་ལ་བསྟར་སྐབས། རང་གི་མངོན་འདོད་འགྲུབ་པར་སྐབས་སུ་ཉེ་བར་མཁོ་བའི་མི་དགེ་བཅུའི་ནང་ཚན་གང་ལ་གང་འོས་ཕྱི་ལྟས་མེད་པར་ལག་ཏུ་བསྟར་རྐྱང་། མིག་བཙུམ་རྐྱང་བྱེད་པ་བཅས་རེད། ད་དུང་དེ་ལྟར་བྱེད་མཁན་དག་ལ་དགའ་རྟགས། སྤྱི་ཚོགས་ནས་མིང་གནས་ཆེན་པོ་ཅིག་སྤྲོད་ཀྱི་རེད། ད་འོ་ན་དེ་གང་རེད་ཅེས་དྲིས་ན། ཁོ་འཇོན་ཐང་ཆེན་པོ་ཞིག་རེད། ཁོང་ནི་བྱང་གྲུང་འཛོམས་པོ་རེད་ཅེས་དགའ་རྟགས་གཟིངས་སུ་ཐོན་པ་བྱིན་དང་བྱིན་ཟིན་པ་རེད་དང་མ་རེད་དཔྱད་པར་ཞུ། ད་དུང་གཞུང་འབྲེལ་དང་གཞུང་འབྲེམ་མིན་པའི་ཚོགས་འཛོམས་གཏམ་བཤད་སྐབས་སུ། ཡ་རབ་སྤྱོད་བཟང་དགོས་རབས། འདི་ནི་རིག་གཞུང་གི་སྙིང་པོ་ཡིན་རབས། རིག་གཞུང་སྲུང་སྐྱོབ་དགོས་རབས་སོགས་སྙན་ཐག་ཆོད་བཤད། ངོ་མ་བཤད་ན་མཐོ་དམན་སུས་ཀྱང་གཟབ་དགོས་ཏེ། གནའ་རབས་དང་མི་འདྲ་བར་ད་ཆ་དེང་རབས་འཕྲུལ་ཆས་ཀྱི་གསར་འགྱུར་བརྒྱུད་ལམ་རྩེ་མོར་སོན་པ། གནའ་རབ་དང་མི་འདྲ་བར་ཤོད་ཕོད་པས་མཐོ་དམན་སུས་མགོ་བདེ་དྲན་འཕྲུལ་བྱས་ན་སྦས་སྐོང་བྱ་ས་མེད་པར་དེ་མ་ཐག་མང་ཚོགས་ནས་ཤེས་ཐུབ་ཅིང་། ད་དུང་ཧམ་རྫུ་བྱས་ན་མང་ཚོགས་ཀྱིས་ཀྱང་ཧམ་རྫུ་བྱེད་པར་ཐེ་མི་ཚོམས་པ་སོགས། མདོར་ན་ཡ་རབ་སྤྱོད་བཟང་ཉམས་ཆག་དང་། དེ་ལས་བོད་ཀྱི་མཚན་ལར་བདལ་བཤིག་འགྲོ་བ་འདི་དག་མི་རེ་གཉིས་ཀྱི་སྐྱོན་ཆ་ལས་བྱུང་བ་མིན་པར་འདས་པའི་མི་རབས་མི་ཉུང་བ་དང་། མི་ལོ་ལྔ་བཅ྄ུའི་དྲུག་ཅུའི་རིང་གི་མཐོ་དམན་དྲག་ཞན་སོགས་སྤྱི་ཚོགས་ཀྱི་ལམ་ཕྱོགས་དང་འབྲེལ་པའི་སྐྱོན་ཆ་ཡིན་པ་ངོས་འཛིན་དང་། དེ་ལས་ལྡོག་པའི་ཐབས་ལམ་བསྟེན་དགོས།
མཆན་འབྲི་མཁན་མཐའ་མ་འདིས་༼དེ་ལས་ལྡོག་པའི་ཐབས་ལམ་བསྟེན་དགོས།༽ཞེས་སྐད་ཆ་མཇུག་བསྡུས་འདུག སྐད་ཆ་གནད་འགག་ངོ་མར་སླེབས་དུས་མཚམས་བཞག་པ་འདི་འགྲིག་མི་འདུག མུ་མཐུད་དུ་ཤོད་དང། གཙོ་བོ་དེའི་སྐོར་ཤོད་དང། ༼ཐབས་ལམ་༽ག་རེ་འདུག་ཤོད་དང། ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་ཐོན་པའི་༼ཐབས་ལམ་༽རེ་སྟོན་རྒྱུ་མི་འདུག་གམ།
སྐུ་ཞབས་འཇིགས་མེད་བཀྲིས་ལགས་ཀྱིས་བཤད་མཚམས་འདི་ནས་འཕྲོ་བཅད་པས་མི་འཐུས། མུ་མཐུད་དེ་ ཐབས་ལམ་འདི་ལྟ་བུ་བསྟེན་དགོས་ཤེས་མཛུབ་མོ་འཛུགས་དགོས་གསུངས་དུས། ངེད་ཀྱི་དཔྲལ་བ་ནས་རྔུལ་ནག་ཙར་ཙར་བཞུར་འོངས་བ་དང་། ཇི་བཤད་འདི་བཤད་མེད་པས་ལག་པས་འགྲམ་པ་བརྟེན་ནས་བསྡད་ཡོད། དང་པོ་ཁ་བདག་པོ་རྒྱབ་ཡོད་ན་སྨྱུག་གྲོགས་རྣམ་པས་ཚ་འདེད་གནང་གི་མ་རེད་མོ། འོན་ཀྱང་ཡོན་ཏན་མེད་པས་བཟང་སྤྱོད་ཁོག་པར་མི་ཆུད་པའི་གཏམ་དཔེ་བཞིན་ཁ་ནས་ཤོར་ཚར་བ་འགྲིག་མི་འདུག་ཀྱང་ཚར་སོངས་པས་བྱ་ཐབས་ཟད། ད་ནི་སྐད་གསང་ཅུང་ཟད་བཏེགས་ནས་ཁྱེད་དང་མཉམ་དུ་གླེང་མོལ་ཅུང་ཟད་བྱེད། ཕྱོགས་གཞན་ནས་བཤད་ན་ཁྱེད་ཀྱིས་ངེད་ལ་གོ་སྐབས་བཟང་པོ་ཞིག་བྱིན་པས་བཀའ་དྲིན་ཆེའང་ཞུ་འོས། ད་ནི་འཕྲོ་མཐུད་དེ་གནད་དོན་སྟེང་ཤོད་ཨེ་ཐུབ་བལྟ། ཐོག་མར་དཀའ་ངལ་ཞིག་མ་མཐོང་བར་དུ་སྐྱོན་ཆ་ཇི་ཙམ་ཆེན་པོ་ཞིག་ཡོད་ཀྱང་དེ་ལ་སེམས་མི་གཏོད། ངོས་འཛིན་མི་བྱེད་པ་རེད། འདི་འཇིག་རྟེན་གྱི་སྤྱི་ཆོས་རེད་སྙམ། ང་ཚོའི་མི་རིགས་འདི་དུས་ཚོད་ཉག་ཕྲ་མོ་ཞིག་ལ་ཐུག་པ་སྟེ་ཕྱི་རྒྱལ་པ་དང་ལྷག་པར་ནུབ་ཕྱོགས་པས་རྒྱབ་སྐྱོར་དགོས་པའི་ཉིན་མོ་ཞིག་ལ་ཐུག་ཡོད་པ་འདིས་རྐྱེན་བྱས་པ་ཞིག་རེད་ཅེས་བཤད་འདོད།་ ནུབ་ཕྱོགས་པའི་རྒྱབ་སྐྱོར་དགོས་ན་རྒྱབ་སྐྱོར་བྱེད་འོས་དང་རྒྱབ་སྐྱོར་བྱེད་ཆོག་པའི་རིན་ཐང་ཡོད་པ་ཞིག་མཐོང་དགོས་ཙང་ཚ་ཚ་འུར་འུར་གྱིས་གཞུང་སྒེར་གཉིས་ནས་སེམས་ཁུར་བྱས་པ་ཞིག་རེད། དེ་ལ་བརྟེན་ནས་བགྲོ་གླེང་འདི་བྱ་རྒྱུའི་གོ་སྐབས་ཐོབ་པ་རེད། ཕྱོགས་གཅིག་ནས་བཤད་ན་སོ་སོའི་རིན་ཐང་ག་འདྲ་ཡོད་སོ་སོས་ཚད་རྒྱབ་དགོས་པའི་ཆོས་ཀྱི་བསྐུལ་མ་ཆེན་པོ་ཞིག་ཐོབ་པ་རེད། འདིར་བཤད་བཞིན་པའི་སྐྱོན་ཆ་དེ་ནི་གནའ་སྔ་མོ་ནས་འུ་ཅག་བོད་པ་ཚང་ལ་ཡོད་ཡོད་པ་ཞིག་རེད་མོ། སྤྱན་རས་གཟིགས་ཀྱིས་གདུལ་ཞིང་དུ་ཐུགས་བསྐྱེད་པ་འདི་ནི་རྩམ་ཟན་དག་ཡ་རབ་དྲག་བཟང་དྲག་ནས་ཐུགས་བསྐྱེད་པ་ཡིན་ནམ་དོགས་པའི་གནས་རེད། ཅིག་བྱས་ན་སྡུག་དྲག་པས་འཕགས་པས་ཐུགས་ཀྱིས་མ་བཟོད་པར་གདུལ་ཞིང་དུ་བདག་གིར་བཞེས་ཟེར་ན་གོ་རྒྱུ་ཞིག་མི་འདུག་གམ། ཧཧཧཧཧཧ། ང་དགུ་ལོ་བར་གངས་རིའི་ལྕགས་རིས་སྐོར་ཡོད་ཙང་ནང་ཁྲོམ་ཕྱིར་ངོམས་མི་དགོས་པ་བྱུང་བ་དང་། ཕྱི་མི་ཚོས་གངས་རིའི་གསེབ་ན་སྐྱོན་མེད་ཀྱི་མི་རིགས་དཀར་གཙང་ཞིག་ཡོད་པའི་སྒྲུང་བཟོས་ཏེ་ཧེན་རས་ཧ་ར་སོགས་ཀྱིས་ང་དེར་འགྲོ་མྱོང་རབས་ལྷ་ཡུལ་ཕྱིན་འདྲའི་སྒྲུང་རིང་པོ་ཕྱི་མིའི་ཡིད་དབང་འགུག་པ་དག་བཟོས་པས་ཕྱོགས་གཅིག་ནས། ལྔ་བཅུ་ང་དགུ་ལོར་བྲོས་འོངས་དུས་ཕྱི་མིས་བརྩེ་སེམས་དང་སྐྱོབ་གསོ་ཤུགས་ཆེན་ཐོབ་པར་ཕན་པ་དང་། ཕྱོགས་གཞན་ཞིག་ནས་བཤད་ན་ནོར་འཁྲུལ་ཆུང་ངུ་ཞིག་བྱས་ནའང་ཐལ་ཆ་ཆེན་པོ་ཡིན་པའི་ནག་འཛུགས་བྱེད་ཀྱི་ཡོད་པ་རེད། དྲང་པོར་བཤད་ན་འུ་ཅག་ལ་སྐྱོན་མེད་ལྷ་སྒྲུང་གི་རང་གཤིས་ཀྱི་ཐོབ་ཐང་ཡང་མེད་ལ།་ གདོད་མའི་ཀླ་ཀློའི་སྤྱི་ཚོགས་རེད་ཅེས་རིག་གནས་གསར་བརྗེའི་སྤྱོ་བ་དྲག་པོ་འབེབས་ཡུལ་དུ་འོས་པ་ཞིག་ཀྱང་མིན་པར་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་འཐོབ་འོས་པའི་མི་རིགས་ཤིག་ལོས་ཡིན། ད་ཆ་བརྒྱ་བཤད་སྟོང་བཤད་བྱས་ཀྱང་བབས་ས་ནི་རང་ངོ་རང་གི་ཤེས་པ་རང་ཚོད་རང་གིས་ཐིག་དགོས་ཟེར་པ་དེར་སླེབ་པ་རེད། དཔེར་ན་ས་སྒང་རིལ་མོའི་སྟེང་གི་བཙན་བྱུག་ལྡན་པའི་ཨ་རི་ལྟ་བུར་མཚོན་ན་དཔལ་འབྱོར་ཉམས་གུད་དུ་བྱིན་པ་ཡོངས་གྲགས་རེད། དེ་ལྟར་ཕྱིན་པས་སྔར་གྱི་དབང་ཐང་ཡང་ཅུང་ཞན་པས་རྒྱལ་ཁབ་ལ་ལས་དེ་ཙམ་མཐོང་མི་སྟེར་པས་ཨ་རིའི་གཞུང་འཛིན་པའི་སེམས་ན་དམིགས་བསལ་གྱིས་ཚོར་བ་རྣོན་པོ་ཞིག་ཡོད་པ་ཐག་ཆོད། འོན་ཀྱང་འབྱོར་པའི་ལན་དུ་རྒུད་པ་ཞེས་པ་རང་ཆས་སུ་འབྱུང་བ་དང་། དེ་ལྟར་འབྱུང་བའི་རྒྱུ་རྐྱེན་ཡང་ལོ་མང་པོའི་རིང་ལྷོད་ཡང་བསྟེན་ནས་བྱུང་བ་གོར་མ་ཆགས། ཁ་སང་རང་ནོར་འཁྲུལ་ཞིག་བྱས་པས་དེ་མ་ཐག་དེ་རིང་ཉམས་ཆགས་བྱུང་བ་ཞིག་ཡིན་མི་སྲིད་ལ། འདི་ནས་སྔར་གྱི་བཙན་བྱུག་མངའ་ཐང་སྐྱར་གསོ་བྱེད་པ་ཡང་དེ་རིང་སང་ཉིན་ལྟ་བུའི་འགྱུར་ལྡོག་འབྱུང་མི་སྲིད། གཟིགས་དང་ཨ་རིར་དཀའ་ངལ་བྱུང་བའི་ངོས་འཛིན་བྱས་པའི་ཉིན་མོ་དེ་ནས་དཀའ་ངལ་དེ་ཇི་ལྟར་བྱུང་ལུགས་རྐྱེན་རྩ་མཁས་པས་བགྲོ་གླེང་དང་། ཉམས་མྱོང་ཅན་གྱིས་གནས་ཚུལ་བརྗེ་རེས་བྱེད་པ་བརྒྱུད་ད་གཟོད་སྐྱོན་ནོར་ལྡོག་ཤེས་ཀྱིས་རིམ་པས་དཀའ་ངལ་ལས་གྲོལ་བ་དང་། སྔར་གྱི་བཙན་བྱུག་དབང་ཐང་སྐྱར་གསོ་བྱེད་པ་འདི་ནི་དངོས་ཡོད་གནས་ཚུལ་དང་ཁ་བྲལ་ཐབས་མེད་པ་སྟེ་ཐ་སྙད་ཚད་མའི་དགོངས་དོན་ཡིན། འདི་ལ་གྲུབ་རྟགས་བསྟན་ནས་སྐྱར་གསོ་བྱེད་ཐབས་མེད་ལ། ཐོག་མར་སྐྱོན་ནོར་ངོས་ཟིན་མཚམས་རྣམ་དཔྱོད་ལྡན་པའི་ཨ་རིའི་གཞུང་མང་ཀུན་གྱིས་ཁུར་མཉམ་ལེན་མཛད་པར་ངེས་ཤིང་། དཀའ་ངལ་ལ་གདོང་ལེན་གནང་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་ཀྱི་ཁུངས་སྐྱེལ་ཡོད་པ་རེད། དེ་བཞིན་རང་རེའི་གངས་ཅན་པས་ཀྱང་ཐོག་མར་རང་སྐྱོན་ངོས་འཛིན་ཐུབ་པ་གནད་ཆེ་ཞིང་དེ་ནམ་ཞིག་ངོས་ཟིན་པ་ན་དེ་ལས་ལྡོག་པའི་ཐབས་ལམ་ཀྱང་རྙེད་པ་དང་། ཐབས་ལམ་ལ་ཞུགས་ངེས་རེད། དེ་ལྟ་བུའི་ཐབས་ལམ་ནི་མི་དགེ་བཅུ་སྤོང་གི་བསླབ་བྱ། མི་ཆོས་གཙང་མ་བཅུ་དྲུག་གི་བསླབ་བྱ་བཅས་ད་ལྟ་རང་ལག་ན་རླངས་པ་འཐུལ་བཞིན་ཡོད་པ་འདི། ནམ་ཞིག་ངོ་འཕྲོད་དགོས་པ་འདི་ཡིན། དེ་ངོ་མ་འཕྲོད་པར་དུ་སྐྱོན་ནོར་ལས་ལྡོག་ཐབས་དཀའ་མོ་ཡིན། ངེད་ཀྱི་མིང་ལ་ཐོན་མའི་སྨྱུ་གུ་ཟེར། གུས་འདུད་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ་ཤིང་། ངེད་ཀྱི་ནོར་འཁྲུལ་དག་ལ་ཐེར་འདོན་གྱི་རྨོངས་བ་སེལ་བའི་རེ་བསྐུལ་ཡང་ཞུ།
‘འཇིགས་མེད་བཀྲ་ཤིས་ལགས།
གོང་དུ་ཏོག་ཙམ་ནོར་འཁྲུལ་ཤོར་འདུག་པར་དགོངས་དག་ཞུ།
ཐོན་མིའི་སྨྱུ་གུ་ལགས། ཁྱེད་ཀྱིས་ང་ཚོ་བོད་མིའི་ཡ་རབས་སྤྱོད་བཟང་ཉམས་ཆག་འགྲོ་བཞིན་པ་འདི་ལས་ལྡོག་ཐབས་སུ། ཐོག་མར་རང་སྐྱོན་ངོས་འཛིན་ཐུབ་དགོས་པ་དང། དེ་ནས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལག་ལེན་དུ་བསྟར་དགོས་ཚུལ་བརྗོད་འདུག རེད། ཕལ་ཆེར་དེ་འདྲ་ཞིག་རེད། འོན་ཀྱང་ད་དུང་ཞིབ་ཆ་དགོས་ཀྱི་འདུག གང་ཡིན་ཞེ་ན། ཁྱེད་ཀྱིས་༼ཐོག་མར་དཀའ་ངལ་ཞིག་མ་མཐོང་བར་དུ་སྐྱོན་ཆ་ཇི་ཙམ་ཆེན་པོ་ཞིག་ཡོད་ཀྱང་དེ་ལ་སེམས་མི་གཏོད། ངོས་འཛིན་མི་བྱེད་པ་རེད།༽ ཅེས་ཀྱང་བརྗོད་འདུག དེ་ལྟར་ན་ཐོག་མར་དཀའ་ངལ་ངོས་འཛིན་དང་དེ་ནས་སྐྱོན་ཆ་ངོས་འཛིན་བྱེད་དགོས་པར་སྣང། དེ་གཅིག་ཡིན། གཉིས་པ་ནི། ཁྱེད་ཀྱིས་༼འདིར་བཤད་བཞིན་པའི་སྐྱོན་ཆ་དེ་ནི་གནའ་སྔ་མོ་ནས་འུ་ཅག་བོད་པ་ཚང་ལ་ཡོད་ཡོད་པ་ཞིག་རེད་མོ།༽ཟེེར། དེ་ལྟར་ན་ད་ཆ་བོད་མི་ཚོས་རྫུན་དང་གཡོ་ཧམ་སྣ་ཚོགས་ཤོད་བཞིན་པ་འདི་དག་གནའ་སྔ་མོ་ནས་ཡོད་པ་ཞིག་ཡིན་པ་ལས་ད་ཆ་གསར་དུ་བྱུང་བ་ཞིག་མིན་ཟེར་འདུག སྔོན་ཆད་བོད་མིའི་ནང་མ་རབས་ལོས་ཡོད། འོན་ཀྱང་སྤྱི་ཡོངས་ནས་བྱམས་བརྩེ་དང་ཡ་རབས་ཤུགས་ཆེ་བ་ཡོངས་གྲགས་ཡིན་པ་ལྟར། དུས་འགྱུར་མ་བྱུང་གོང་དང་ད་ལྟ་གཉིས་བསྡུར་ན་ད་ལྟ་མ་རབས་ཤུགས་ཆེ་བ་ཆགས་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་ཡོང་གི་ཡོད་པ་མ་རེད་དམ།
ལར་ནས་བོད་མི་ཚོས་རྫུན་དང་གཡོ་ཁྲམ་མགོ་སྐོར་ལ་སོགས་པ་འདི་དག་སྐྱོན་ཆ་ཞིག་ཡིན་པ་ངོས་མ་ཟིན་པ་ཨེ་ཡིན་ནམ། འདི་དག་སྐྱོན་ཞིག་ཡིན་པ་ཤེས་བཞིན་དུ་དངུལ་དངོས་སོགས་ཀྱི་ཆེད་དུ་འདི་ལྟར་བྱེད་ཀྱི་ཡོད་པ་རེད། ངས་བལྟས་ན། རྩ་བ་ནི། བོད་མི་ཚོས་དངུལ་དངོས་ལ་སྐྱོན་དུ་མ་མཐོང་བ་དང་། འདོད་རྔམས་ལ་སྐྱོན་དུ་མ་མཐོང་བས་ལན་པ་ཞིགརེད་སྙམ། ཡང་རྫུན་སོགས་ལ་སྐྱོན་དུ་མི་མཐོང་མཁན་ཡང་ཉུང་ཤས་རེ་ཡོད་སྲིད། མང་ཆེ་བས་དེ་ཤེས་ཀྱི་ཡོད་པ་རེད། ཁྱེད་ཀྱིས་བལྟས་ན།
མེ་ཏོག་དཀར་པོས་ཡ་རབས་ཀྱི་རྣམ་འགྱུར་བསྟན་པར་རྗེས་སུ་ཡི་རང་ཞུ། འདི་ལྟར་ཆེ་སྒྲུབ་ཆུང་སྒྲུབ་ཀྱིས་བོད་མིའི་ཡ་རབས་སྤྱོད་བཟང་ཕྱོགས་ཡོངས་ནས་འཛིན་དགོས།
༈ ངོ་མ་བྱས་ན་ངེད་ཐོན་མིའི་སྨྱུ་གུ་ཁ་བརྡའི་གྲར་འཛུལ་བའི་ཐོག་མར་ངེད་ལ་ཁ་ཡ་བྱེད་མཁན་སྐུ་ཞབས་འཇིགས་མེད་བཀྲ་ཤིས་ལགས་ཁྱེད་རེད། ཡང་ལྟ་ཕྱོགས་གཞན་ཞིག་ནས་བཤད་ན་ངེད་གསར་བུ་ལ་སྣེ་ལེན་བྱེད་མཁན་ཡང་ཁྱེད་རེད། སྔར་ཁྱེད་ལ་ཆ་རྒྱུས་མེད་མོད་དེ་རིང་ནས་བཟུང་ལས་དབང་ལྟ་བུས་ཁྱེད་ངེད་ཀྱི་སྨྱུག་གྲོགས་སུ་གྱུར་བ་རེད་སྙམ་པ་ཡིད་ལ་འཆར། དེ་ལྟར་ངོས་འཛིན་བྱེད་ཆོག་པའི་བཀའ་ཁྲོལ་ཡང་སྩོལ་བར་ཞུ། འདི་ནས་བཟུང་ཁྱེད་དང་མཉམ་དུ་དྲང་གཏམ་གྱི་གླེང་མོལ་རྒྱུན་མི་འཆད་པ་དང་།་ དེ་བརྒྱུད་ནས་ཁྱེད་ཀྱིས་ངེད་ལ་སྔོན་མེད་བློ་གྲོས་གསར་པའི་སྐྱེས་བླ་ན་མེད་པ་སྩོལ་བའི་རེ་བའང་ཞུ།་ ད་ནི་སྨྱུག་གྲོགས་ལགས། ཁྱེད་ནས་ཡང་སྐྱར་ངེད་ཀྱི་སྣ་རྩེར་མཛུབ་མོ་བཙུག་ནས་ ((དེ་ལྟར་ན་ད་ཆ་བོད་མི་ཚོས་རྫུན་དང་གཡོ་ཧམ་སྣ་ཚོགས་ཤོད་བཞིན་པ་འདི་དག་གནའ་སྔ་མོ་ནས་ཡོད་པ་ཞིག་ཡིན་པ་ལས་ད་ཆ་གསར་དུ་བྱུང་བ་ཞིག་མིན་ཟེར་འདུག སྔོན་ཆད་བོད་མིའི་ནང་མ་རབས་ལོས་ཡོད། འོན་ཀྱང་སྤྱི་ཡོངས་ནས་བྱམས་བརྩེ་དང་ཡ་རབས་ཤུགས་ཆེ་བ་ཡོངས་གྲགས་ཡིན་པ་ལྟར། དུས་འགྱུར་མ་བྱུང་གོང་དང་ད་ལྟ་གཉིས་བསྡུར་ན་ད་ལྟ་མ་རབས་ཤུགས་ཆེ་བ་ཆགས་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་ཡོང་གི་ཡོད་པ་མ་རེད་དམ།)) ཁྱེད་ལ་འདི་ལྟར་སྨྲ་སྟེ། བཙན་བྱོལ་ལོ་རྒྱུས་ནང་དུ་བྱུང་བའི་རྩ་བའི་དཔེར་མཚོན་གྱི་སྐྱོན་ཆ་ལྔ་པོ་འདི་གནའ་སྔ་མོ་ནས་བྱུང་བ་ཞིག་རེད་དམ་ཞེས་གསུངས་པ། ཁྱེད་ཀྱིས་གསུངས་པ་བདེན་པ་རང་རེད། ངེད་ཀྱིས་དྲན་ཚོད་ལ་དཀའ་ངལ་རེ་བྱུང་དུས་དེའི་སྐྱོན་ཆ་ད་གཟོད་འཚོལ་བ་སྤྱི་སྲོལ་རེད་ཅེས་ཞུས་པ་ལྟར། སྐབས་འདིར་སྐྱོན་ཆ་ཞེས་པ་མིག་སྔར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གྱི་རྐྱེན་རྩའམ་རྒྱུ་ལ་གོ་བའི་བསམ་ཚུལ་བཟུང་བ་ལགས། དེའང་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་བཀའ་སྩལ་པ་ནའང་། དཔེར་ན་དང་པོ་སྡུག་བསྔལ་བདེན་པ་གསུངས་པ་ཁོ་བོས་ནི་ད་ལྟ་མིག་སྔར་ཡོད་པའི་དཀའ་ཁག་གཤད་པ་དང་གཅིག་པར་གོ་ དེའི་རྒྱུ་ཀུན་འབྱུན་བདེན་པ་གསུངས་པ་ཡང་ཁོ་བོས་ནི་མིག་སྔའི་དཀའ་ཁག་གི་རྐྱེན་རྩ་གསུངས་པ་ལྟ་བུར་གོ་ དེ་ལྡོག་པའི་ཐབས་ནི་སྡུག་བསྔལ་བདེན་པའི་རྒྱུ་ཀུན་འབྱུང་བདེན་པའི་གནས་ཚུལ་དེ་དང་མཚམས་པའི་ལམ་གྱི་བདེན་པ་གཏན་ལ་ཕབས་པ་རེད། སྤྱི་ཡོངས་ནས་གངས་ཅན་པ་རྣམས་ཡ་རབ་སྤྱོད་བཟང་ཡིན་རབས་གྲགས་པ་ནི་བདེན་པ་རང་རེད། ཅིག་བྱས་ན་དེ་ནི་རང་རེ་བོད་ཀྱིས་རང་ཉིད་ལ་ལྟ་ཚུལ་ཞིག་ཀྱང་ཡིན་སྲིད། མདོར་ན་འགྲོ་བ་མིའི་ལོ་རྒྱུས་ནང་སྔོན་ཆད་བོད་མིས་མ་བྱས་པའི་ཡ་རབ་སྤྱོད་བཟང་ཡང་དཀོན་ལ། དེ་བཞིན་བོད་མིས་མ་བྱས་པའི་མ་རབ་སྤྱོད་ངན་ཡང་དཀོན་པོ་ཡིན་སྲིད་ཟེར་ན་འདོད། ངེད་ཀྱིས་ཟེར་འདོད་པ་ནི། འཛམ་གླིང་མི་རིགས་དག་ལས་ཆེས་ཁྱད་འཕགས་ཀྱི་ཐོབ་ཐང་ཞིག་འུ་ཅག་བོད་པ་ཚང་ལ་ཐོབ་དཀའ་མོ་ཡིན་པ་དང་།་ སྦྱིན་མཁན་མི་རྙེད། མི་རིགས་གཞན་དང་གཞན་ལ་ཐོབ་ཐང་ཡོད་པ་རྣམས་རང་རེར་འོས་བབས་ཡོད་པའི་རྩོད་པ་རྒྱག་པར་འདོད། འདིའི་ནང་དོན་ནི་གཞན་གྱིས་བྱས་པའི་ནོར་འཁྲུལ་ནི་ངེད་ཅག་གིས་ཀྱང་བྱེད་སྲིད་ལ། གཞན་གྱིས་བྱས་པའི་སྤྱོད་བཟང་ཡང་ངེད་ཅག་གིས་སྤྱོད་ཤེས་ལ་སྤྱད་ཀྱང་ཟིན།་ ལེགས་ཆ་བྱས་པར་ལེགས་སོ་མི་རེགས་པའི་ཁར་ནོར་འཁྲུལ་ཅུང་ཟད་བྱས་པར་ཆེས་ཐལ་ཆ་ཅན་དུ་བརྩི་བ་ནི་ངེད་ཀྱིས་མི་ཐེག་པ་ཡིན། འཛམ་གླིང་གི་ལོ་རྒྱུས་ནང་གཟིགས་དང་ཆེས་ཐལ་ཆ་ཅན་གྱི་སྤྱོད་ངན་རང་རེས་བྱས་ཡོད་དམ། སུས་དང་སུས་བྱས་ཡོད། ཇི་དང་ཇི་འདྲ་བ་བྱས་ཡོད། འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་སྟེ་ཚབ་ཆེ་བའི་སྤྱོད་ངན་མ་བྱས་པ་དཀོན། འདི་ལྟར་སྨྲས་པས་ཅིག་བྱས་ན་ངེད་ལ་ཡོད་པའི་སྨྱུག་གྲོགས་གཅིག་ཡོད་པ་ཁྱེད་ཀྱིས་ཐུགས་དཀྲུག་གི་ཡོད་སྲིད་པས་དགོངས་དག་ཞུ་ཆོག སྨྱུག་གྲོགས་ལགས། ངེད་ཀྱི་ཡིད་ཆེས་ནི་སློབ་དཔོན་ཆེན་པོ་དབྱིག་གི་གཉེན་པོས། ཕྲ་རྒྱས་སྤངས་པ་མ་ཡིན་དང་། ཡུལ་ནི་ཉེ་བར་གནས་པ་དང་། ཚུལ་བཞིན་མ་ཡིན་ཡིད་བྱེད་རྣམས། །ཉོན་མོངས་རྐྱེན་ནི་ཚང་བའོ། ཞེས་གསུངས་པ་ཤིན་ཏུ་མད་པར་གོ་ཞིང་། དེས་ན་ཉོན་མོངས་པའི་བྱ་བ་ཟེར་པ་ནི་མི་དགེ་བ་བཅུ་སྟེ། གོང་དུ་སྨྲོས་ཟིན་པའི་དཔེ་མཚོན་དག་ནི། ཕྲ་རྒྱས་སྤངས་པ་མ་ཡིན་དང་ཞེས་རྒྱུ་ཆགས་སོགས་ཉོན་མོངས་རང་རེས་མ་སྤངས་པར་གནའ་སྔ་མོ་ལས་ལྷག་སྐྱེ་བ་ཐོག་མ་མེད་པ་ནས་ཡོད་པ་དང་། ཡུལ་ནི་ཉེ་བར་གནས་པ་དང་ཞེས། ཡུལ་སྟེ་དངུལ་ཨ་སྒོར་དང་ཡུ་རོ་ལྟ་བུ་དང། བདོག་པའི་དངོས་པོ་ནི་ཐ་ན་ཁམ་པུ་ཌར་ལ་སོགས་པ། གཞན་ཡང་གཏམ་སྙན་གྲགས། འབྱོར་ལྡན་དག་གི་མཐོང་ཆེན། འབྱོར་མེད་དག་གི་མྱོང་བའི་མཐོང་ཆུང་ཁྱད་གསོད་རྣམས་ཉེ་བར་གནས་པ་སྟེ། མིག་གིས་མཐོང་ལག་པས་རེག་རྒྱུ་ཡོད་པ། མ་ཟད་འདི་རྣམས་མེད་མཁན་རྣམས་མི་གྲལ་ལ་མི་ཚུད་པ། གལ་ཏེ་འདི་རྣམས་དང་ལྡན་ན་ཇི་འདྲའི་ཐ་ཤལ་ཞིག་ཡིན་ཀྱང་གྲལ་འགོར་འཇོག་པ་དང་།་ རྣ་བར་ཐོས་རྒྱུའི་གཏམ་ཕལ་མོ་ཆེའང་འདི་དང་འདི་འདྲ་བར་ཇ་འདྲེན་དང་ཆང་འདྲེན་གྱིས་གོང་དུ་བཀུར་བའི་ཚུལ་རྐྱང་རྐྱང་ལྷང་ལྷང་དུ་གྲགས་ཡོངས་དུས། ཚུལ་བཞིན་མ་ཡིན་ཡིད་བྱེད་དེ་བནབ་སེམས་མངོན་དུ་གྱུར་འོངས་ཞིང་དེའི་སྐབས་སུ་བྱ་བ་ངག་གི་ཉེས་པ་བཞི་སྟེ། རྫུན་དང་ཕྲ་མ་ཚིག་རྩུབ་དག་ལ་རང་ཤུགས་ཀྱིས་འཇུག་པ་རེད་ཅེས་ཟེར་འདོད། བཤད་རྩའི་དོན་པོ་ནི། གལ་ཏེ་ད་དུང་ཡང་གངས་རིས་ལྕགས་རིས་ཕྱི་དང་ནང་གི་མཚམས་ཕྱེས་ཏེ་ཕྱི་མི་ནང་དུ་མི་གཏོང་ཞིང་ནང་མི་ཕྱིར་མི་གཏོང་བར་ཕྱི་ནང་གི་མཚམས་དམ་པོར་བཟུང་ཡོད་ན། ཕྲ་རྒྱས་སྤངས་པ་མ་ཡིན་དང་ཞེས་པ་སོ་ན་གནས་རྒྱུ་ཡིན་མོད་ཀྱང་། ཡུལ་ནི་ཉེ་བར་གནས་པ་དང་། ཚུལ་བཞིན་མ་ཡིན་ཡིད་བྱེད་གསུང་པ་འདི་གཉིས་པོ་ཚངས་མེད་པར་མཐོང་པས། གོང་གིི་མ་རབ་སྤྱོད་ངན་གྱི་མཚན་གཞི་ལྔ་པོའང་བྱུང་མེད་པའམ། བྱུང་རུང་ཛ་དྲག་པོ་དང་མཚན་ལར་བདལ་བཤིག་མི་འགྲོ་བས། ཧེན་རས་ཧ་ར་སོགས་ཕྱི་རྒྱལ་པས་ལྷ་སྒྲུང་གི་རྫུན་རྐུབ་བརྡོལ་མེད་ལས་ཆེ། རང་རེའི་ཡབ་མེས་སྟེ་སྤྱོད་ངན་བྲ་ཚག་ཅན་གྱི་སྤྲེལ་ཕྲུག་གིས་ཇི་ཙམ་བསྟན་པ་བཤིགས་ཀྱང་། ལྕགས་རིའི་ནང་རོལ། སྤྲེལ་ཕྲུག་གིས་མཛད་པ་བཟང་པོ་ཇི་ཙམ་མཛད་ཀྱང་ལྕགས་རིའི་ནང་རོལ་ལས་མི་འདའོ། དེ་གཞིར་བཟུང་བྱས་ན་འཛམ་གླིང་པ་རྣམས་དུས་རབས་ཉེར་གཅིག་པའི་འཚོ་བར་རོར་སྐབས་སྤྲེལ་ཕྲུག་གི་ཚ་རྒྱུད་རྣམས་གངས་རིའི་ཁྲོད་ན་ཏིང་ངེ་འཛིན་སྒོམ་གྱིན་བཞུགས་ཐུབ་བམ་དཔྱད་པར་མཛོད།་ སྟབས་ལེགས་ནས་ད་དུང་སྤྱི་ཚོགས་ནང་རྫུན་དང་གཡོ་ཁྲམ་ལ་ཞུགས་མཁན་དང་མི་ཞུགས་མཁན་གཉིས་ཀ་ཡོད་ཅིང་། ཞུགས་མཁན་དག་གིས་ནི་བྱ་བ་དེར་དངོས་སུ་ཞུགས་པ་ན་ལམ་ཡང་དག་པ་དང་མ་ནོར་པ་ལ་འཇུག་པའི་ཡིད་ཆེས་ཡོད་ཅིང་མི་དགེ་བཅུའི་ནང་ཚན་ཡིན་མོད། དམིགས་བསལ་ཡིན་སྙམས་པ་དང་དེའི་རྒྱབ་རྟེན་རིམ་གྲོར་གཙུག་ལག་ཁང་དུ་མཆོད་མེ་དང་། གནས་ཆུང་དུ་གསེར་སྐྱེམ་དང་ཕྱག་ནས་ཞུ་བ་སོགས་སྐྱོན་ཡོན་དང་། དགེ་སྡུག་ཐམས་ཅད་བསྲེ་བཞིན་པར་གཟིགས་ཤིག ད་དུང་དད་པ་དག་སྣང་ཞེས་པ་འདི་ནི་རྨོངས་དད་རེད་སྙམ་པ་གཞོན་སྐྱེས་སྤྱི་ཚོགས་ཁྲོད་ན་དར་ཁྱབ་ཆེ་བས་བླ་གྲར་བརྩི་བཀུར་མེད་ཅིང་། བླ་གྲའི་བསམ་པར་ཡང་ཚུར་འདྲ་འདྲ་དོ་དོའི་ཁ་མཉམ་ལག་མཉམ་བྱེད་སྐབས་ངོ་ཚ་ཁྲེལ་ཡོད་བསྟེན་མི་དགོས་པའི་ཚོར་སྣང་ཞིག་ཀྱང་འབྱུང་གི་མེད་དམ་སྙམས་པས། ཁྱིམ་པས་གྲ་ཆས་གྱོན་པ་དང་རབ་བྱུང་གིས་ཁྱིམ་པའི་སྤྱོད་པར་ཇི་དགར་རོར། གོང་དུ་སྨྲོས་པའི་གངས་རིའི་ལྕགས་རི་བརྟོལ་བ་དང་། ཁྱིམ་པ་དང་རབ་བྱུང་གི་ས་མཚམས་ངོ་ཚ་ཁྲེལ་ཡོད་ཀྱང་དུས་གཅིག་ཏུ་བརྟོལ་ནས། ད་ནི་རང་དབང་དང་འདྲ་མཉམ་སོགས་དང་ཁྲེལ་དང་ངོ་ཚའི་དབྱེ་མཚམས་ཐམས་ཅད་ངོས་འཛིན་དང་བརྩི་ས་དཀའ་བར་མཐོང་ངོ། ད་ནི་བཤད་ཐལ་པས་མཆུ་འདབས་ཀྱང་སྐམ་ཐལ། ཞེས་ཐོན་མིའི་སྨྱུ་གུ་ནས།
ཐོན་མིའི་སྨྱུ་གུ་ལགས། ངས་ཁྱེད་རང་ཁ་བརྡ་དྲ་ཐོག་ཏུ་སླེབས་པ་ཐེངས་དང་པོ་ཡིན་པ་ཤེས་མ་བྱུང། ཐེངས་དང་པོ་ཡིན་ཚེ་རྟེན་འབྲེལ་ཞུ།
ཁྱེད་ཀྱིས་སྐྱོན་ཆ་དང་དཀའ་ངལ་སྐོར་གསལ་བཤད་གནང་བས་དེའི་དོན་ཧ་གོ་སོང། མི་རིགས་ཀྱི་ཐོབ་ཐང་རྩོད་འདོད་ཡོད་སྐོར་བཤད་འདུག་པ་ནི་བརྗོད་གཞི་གཞན་ཞིག་ཡིན་པས་འདིར་མི་གླེང།
བོད་མི་རྣམས་གངས་རིའི་ལྕགས་རི་བརྒལ་ནས་ཕྱི་ལ་ཐོན་པས་སྤྱོད་པ་ཇེ་ཞན་དུ་སོང་ཚུལ་བཤད་འདུག་པ་ནི་བདེན་པར་སེམས། འོན་ཀྱང་སྤྱོད་པ་ཇེ་ཞན་དུ་འགྲོ་བཞིན་པ་འདི་བཙན་བྱོལ་བོད་མི་གཅིག་པུ་མ་རེད། གཞིས་སྡོད་བོད་མི་ཚོའི་སྤྱོད་པའང་ཇེ་ཞན་དུ་འགྲོ་བཞིན་ཡོད། ཚང་མ་ཉོན་མོངས་སྐྱེ་བའི་ཡུལ་དང་ཕྲད་པ་ཇེ་མང་དུ་སོང་སྟེ་འདོད་རྔམས་ཇེ་ཆེར་ཕྱིན་པའི་དབང་གིས་རེད། ད་དུང་རང་དབང་དང་འདྲ་མཉམ་ཞེས་པའི་ཁ་གཡང་དང་འུར་འདྲོགས་ཁྲོད་དད་པ་དང། ངོ་ཚ་ཁྲེལ་ཡོད་སོགས་ཉམས་བརླག་འགྲོ་བཞིན་པ་ནི་མཐོང་བ་མངོན་གྱུར་རེད། འདི་རིགས་ནི་ཕལ་ཆེར་བོད་མི་ཚོའི་སྔར་མེད་པའི་ཉམས་ཉེས་གསར་པ་ཞིག་རེད་ཅེས་ལབ་ཆོག སྔར་བོད་མི་རྣམས་ཡ་རབས་ཡིན་པར་གྲགས་པ་དེའང་རང་གིས་རང་ལ་སྨྲས་པ་ཙམ་ཞིག་མིན་ལ། ཧན་རིག་ཧན་སོགས་ཀྱིས་སྒྲོ་བཏགས་ཏེ་ལྷ་སྒྲུང་བཟོས་པ་དེ་བས་ཀྱང་མིན་པར། སྔོན་གྱི་བོད་མི་ཚོའི་སྤྱོད་ཚུལ་རང་གི་སྟེང་ནས་དངོས་ཡོད་གནས་ཚུལ་ཆགས་ཡོད་པ་ཞིག་ཡིན། རྒྱང་རིང་པོར་བལྟ་མི་དགོས་པར། ལྔ་བཅུ་ང་དགུ་ལོར་བཙན་བྱོལ་དུ་ཐོག་མར་འབྱོར་བའི་བོད་མི་ཕྱི་རྒྱལ་དུ་ཕྱིན་པ་ཚོས་སྤྱོད་པ་ཡ་རབས་གནང་བས་ཕྱི་རྒྱལ་བ་ཚོའི་སེམས་ལ་བོད་མི་ཞེས་ལབ་དུས་ཡ་རབས་དང་དྲང་བདེན་བྱེད་མཁན་ཞིག་ཏུ་རང་བཞིན་གྱིས་བརྩི་བ་ཞིག་ཆགས་ཡོད། འོན་ཀྱང་དེང་སང་དེ་འདྲར་མི་བརྩི་བ་ ་འདི་ནི་བོད་མི་ཕྱི་རབས་པ་ཚོའི་ངོས་ནས་སྔར་བཞིན་ཡ་རབས་བྱེད་མ་ཐུབ་པའི་དབང་གིས་ལོས་ཡིན། རྒྱ་གར་ནང་གི་བལ་གོས་འཚོང་མཁན་བོད་མི་ཚོ་དང་ཚོང་ཤག་རྒྱ་གར་པ་ཚོའི་བར་གྱི་འབྲེལ་བའང་དེང་སང་སྔོན་མ་དང་འདྲ་བ་ཞིག་ཡོང་གི་མེད་པའང་དེ་དང་གཅིག་མཚུངས་རེད། དེ་བཞིན་ཨ་རིའི་གཞུང་ཚབ་ཀྱིས་མཚོན་པའི་ཕྱི་རྒྱལ་ཁག་གི་གཞུང་ཚབ་དང་གནམ་གྲུའི་འབབ་ཚིགས་སོགས་ནས་སྔར་བོད་མིར་ཡིད་ཆེས་ཡོད་པ་ནས་ད་ཆ་མེད་པར་གྱུར་པའི་གནས་སྟངས་འདི་ཚོ་སྔར་མེད་གསར་པ་ཞིག་རེད། ལོ་ངོ་སུམ་ཅུ་བཞི་བཅུའི་གོང་མེད་ལ་དེང་སང་ཡོད་པའི་གནས་ཚུལ་གསར་པ་འདི་དག་གིས་ག་རེ་བསྟན་པ་རེད་ཅེ་ན། ད་ལྟའི་བོད་མི་ཚོའི་སྤྱོད་པ་སྡུག་ཏུ་འགྲོ་བཞིན་པ་གསལ་པོར་བསྟན་པ་རེད།
ད་འདི་ལས་ལྡོག་ཐབས་དང་སྐྱོབ་ཐབས་ག་རེ་བྱེད་དགོས་པ་རེད། བོད་མི་ཚོར་སྲིད་པའི་ཕུན་ཚོགས་ཀྱི་ཉེས་དམིགས་བཤད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པ་མིན་ནམ། སྒེར་སེམས་ཆུང་དུ་གཏོང་དགོས་པ་དང་སྤྱི་སེམས་ཆེ་རུ་གཏོང་དགོས་པའི་བསླབ་བྱ་རྒྱག་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པ་མིན་ནམ། ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་ཡ་ད་ཁྱེད་ཀྱིས་ཤོད་དང།
སྨྱུག་གྲོགས་འཇིགས་མེད་བཀྲ་ཤིས་ལགས། (ཡ་ད་ཁྱོད་ཀྱིས་ཤོད་དང་)་ཞེས་ཁྱེད་ཀྱི་གསུང་མཚམས་བྱས་ཤིང་ངེད་ལ་གཏམ་ཤོད་རྒྱུའི་བསྐུལ་མ་མཛད་པ་རེད། ཁྱེད་ཀྱིས་རྣམ་རིག་གྲུང་པོའི་སྒོ་ནས་རིགས་ལམ་དང་ལྡན་པ། གནས་ལུགས་ཡོད་པ། ད་དུང་ཡ་རབ་སྤྱོད་བཟང་དང་བཅས་ངེད་ལ་ཁ་ཡ་མཛད་པར་བཀའ་དྲིན་ཆེ།་ ཁྱེད་ཀྱི་རྣམ་འགྱུར་འདིས་ངེད་ལ་ཇ་འདྲེན་ཆང་འདྲེན་ཞིག་གི་གོ་ཡང་ཆོད་པར་སེམས། ད་ནི་བརྗོད་དོན་སྟེང་དུ་བབས་ན། ཁྱེད་ཉིད་བོད་ཀྱི་ལ་རྒྱ་ཆེ་བར་སྙམ་ཏེ། ད་དུང་གངས་ཅན་པ་རྣམས་མི་རིགས་གཞན་ལས་འབུར་དུ་ཐོན་པའི་ཡ་རབ་སྤྱོད་བཟང་ཡིན་པའི་དམ་བཅའ་མི་འདོར་བ་གསལ་པོ་རེད་ཐུགས་རྗེ་ཆེ་ཞུ། དང་པོ་ཁྱེད་ཀྱིས་སྲིད་པའི་ཕུན་ཚོགས་ཀྱི་ཉེས་དམིགས་བཤད་ན་མི་ཕན་ནམ་གསུངས་པར། སྲིད་པའི་ཉེས་དམིགས་དང་འཁོར་བའི་སྡུག་བསྔལ་བཤད་པ་ལ་ཁྱད་པར་མེད་ཅིང་། གོང་ས་མཆོག་གིས་ཐུགས་ནམ་ལྕོག་ལྕོག་ལ་ལམ་རིམ་ཆེན་མོ་དང་སྤྱོད་འཇུག་སོགས་ང་བཅུ་ང་དགུ་ནས་ད་བར་རྒྱུན་མ་ཆད་པར་སྩལ་བ་རེད་ཅེས་བཤད་ནའང་ཧམ་རྫུན་མིན། དེ་ལྟར་མཛད་པས་བཙན་བྱོལ་སྤྱི་ཚོགས་ལ་ཕན་ཐོག་བླ་མེད་བྱུང་ཡོད་པ་ཤོད་མི་དགོས་མོད། སྔར་བཀོད་ཟིན་པའི་མ་རབ་སྤྱོད་པའི་དཔེ་མཚོན་ལྔ་པོ་དག་འགོག་མ་ཐུབ་པར་ལྷང་ལ་བུད་པ་རེད། མཁྱེན་པར་མཛད་དགོས་པའི་དྲང་གཏམ་ནི། བསླ་བྱ་གཏོང་ཡུལ་གྱི་གང་ཟག་སེམས་ཁམས་ཅུང་ཟད་མ་ཁུག་པར་སྲིད་པའི་ཉེས་དམིགས་བཤད་ཀྱང་ཁོ་ཚོས་ཁྱེད་ལ་རྣ་བ་གཏོད་དཀའ། མདོར་ན་བྱང་ཆུབ་ལམ་རིམ་ཆེན་མོ་པོཏ་གཅིག་པོ་ཆ་ཚང་སེམས་འདུལ་བའི་བསླབ་བྱ་དང་སྲིད་པའི་ཕུན་ཚོགས་ཀྱི་ཉེས་དམིགས་རྩལ་དུ་བཏོན་ནས་འཆད་པ་རེད་མོད་དེ། མ་གྱུར་སེམས་ཅན་གྲངས་མེད་པ་གངྒའི་ཀློང་གི་བྱེ་མ་རྙེད་ཀྱི་ཁྲོད་ནས་ལམ་གྱི་རིམ་པའི་གདུལ་བྱར་གྱུར་པ་ནི་སེན་མོ་གང་ཙམ་ལས་མེད།་ ནམ་ཞིག་གང་ཟག་སོ་སོ་མི་བཟོད་པའི་དཀའ་ཚེག་དང་ཐབས་བརྒྱ་བྱུང་སྟོང་གིས་འབད་པ་ལམ་དུ་མ་རྒྱུགས་པ་སོགས་འུ་ཐུགས་ཐབས་ཟད་དུ་གྱུར་དུས་གཟོད་འཇིག་རྟེན་ལ་ངེས་བར་འབྱུང་། ད་གཟོད་ཆོས་འཆད་པ་ལ་རྣ་བ་གཏོད་པ་ཡོངས་གྲགས་རེད། རྣམ་རྟོག་གིས་ཕྱུར་བུར་གང་པའི་དེང་རབས་པ་རྣམས་བྱང་གྲུང་འཛོམས་དྲག་པས་གོང་ས་མཆོག་ཡར་ཕུད། དེ་མིན་ཆོས་འཆད་པ་པོ་དག་གི་མཛད་སྤྱོད་ལ་ཞིབ་མོས་དཔྱད་པ་བྱེད་ཅིང་གལ་ཏེ་དངས་བ་འདྲེན་གྱི་འདུག་ན་ད་གཟོད་སྲིད་པའི་ཉེས་དམིགས་བཤད་ན་རྣ་བ་ཅུང་ཟད་གཏོད་ལས་ཆེ། གཟིགས་དང་སེམས་ཅན་འདུལ་བའི་ཐབས་མཁས་ཀྱི་མཛད་པའི་གྲས་སུ་བསྡུ་བའི་དངོས་པོ་བཞི་གསུངས་པའང་གནད་འདི་ལྟ་བུར་ཐུག་མེད་དམ་དཔྱད། ཡང་ཁྱེད་ནས་འདི་ལྟར་རྒྱང་རིང་པོར་བལྟ་མི་དགོས་པར་ལྔ་བཅུ་ང་དགུ་ནས་བཟུང་རྒྱུ་མཚན་མི་ཉུང་བ་བགྲངས་ནས་ཡ་རབ་སྤྱོད་བཟང་ཉམས་པ་དང་དེའི་སྔོན་དུ་ཡ་རབ་སྤྱོད་བཟང་ཡིན་ལུགས་གསུངས་འདུག དེ་ལྟར་ཡིན་པའི་སྒྲུབ་བྱེད་དུ་ཁྱེད་ནས་ངོས་སུ་གསུངས་མི་འདུག་ཀྱང་དོན་ལ་གོང་གི་དཔེ་མཚོན་དག་མེད་པ་དང་ཕྱི་མིས་སྤྱོད་བཟང་ངོས་འཛིན་གྱིས་དེབ་དང་ལོ་རྒྱུས་སོགས་མང་བ་འདི་དག་འགོད་གནང་རྒྱུ་ཡིན་འདྲ། བདེན་པ་རེད་ཕྱོགས་གཅིག་ནས་ཐུགས་མད་པར་གོ འོན་ཀྱང་འདི་ལ་དཔྱད་པ་གནང་གལ་ཆེ་སྟེ། སྤྱོད་པ་མ་རབ་ཀྱི་རྩ་བ་ཆགས་སྡང་རྨོངས་གསུམ་ལ་ཕྲ་རྒྱས་ཟེར་ཞིང་། དེ་ནི་ཡབ་མས་སྤྲེའུ་བྱང་ཆུབ་སེམས་དཔའི་སྲས་སྤྲེ་ཕྲུག་དྲུག་པོ་ནས་བཟུང་བར་མ་ཆད་པར་བྱུང་བ་གདོན་མི་ཟ། འོང་ཀྱང་གོང་གི་སྤྱོད་པ་དཔེ་མཚོན་ལྔ་པོ་ད་བར་སྤྱད་མེད་པ་ནི་ཕྱིའི་རྐྱེན་ཡུལ་ནི་ཉེ་བར་གནས་པ་དང་། དེ་དང་འབྲེལ་ཡོད་ཚུལ་བཞིན་མ་ཡིན་ཡིད་བྱེད་རྣམས་མངོན་དུ་མ་གྱུར་པ་ཙམ་རེད་སྙམས།་ གལ་ཏེ་དུས་དེ་ནས་བཟུང་ཕྱིའི་རྐྱེན་དེ་དག་ཚངས་ན་སྐབས་དེ་དུས་ནས་དཔེར་མཚོན་ལྔ་པོ་ལག་བསྟར་མཛད་ཡོད་སྲིད།་ ངེད་ཀྱིས་བཤད་འདོད་པ་ནི་རྐྱེན་དང་ཕྲད་མ་ཕྲད་དང་། སྤྱོད་ངན་དེ་དང་དེ་མངོན་དུ་གྱུར་དང་མ་གྱུར་པའི་ཁྱད་པར་ཙམ་རེད། གལ་ཆེ་ཤོས་ནི་རང་རེ་ཉོན་མོངས་པའི་དབང་དུ་གྱུར་པ་དག་ཕྱིའི་འགལ་རྐྱེན་དེ་ལྟ་བུ་མི་ཕྲད་པའི་ཐབས་གཙོ་བོ་དང་།་ བརྒྱ་ལ་ཕྲད་ནའང་དྲན་ཤེས་བགས་ཡོད་བསྟེན་དགོས་ལུགས་སྤྱོད་འཇུག་ནས་གསུངས་པ་ལྟར་རེད། ལ་ལ་ཞིག་རྐྱེན་དང་མ་ཕྲད་པའི་སྐབས་སུ་མི་ཡག་པོ་སྤྱོད་བཟང་ཡིན་པར་ངོས་འཛིན་དང་ཉིན་གཅིག་རྐྱེན་དང་ཕྲད་དེ་སྤྱོད་ངན་བསྟན་པའི་ཉིན་མོར་སྤྱི་ཚོགས་ནང་འོ་མི་དེ་དཔེ་བཟང་ཞིག་ཡིན་རབས་ཀྱང་ཐ་ཤལ་སྐྱུག་སྤྲོ་བ་ཞིག་རེད་འདུག་ཅེས་ཀུན་ཀྱིས་གླེང་། དང་པོ་ནས་མ་རབ་ཡིན་མོད་རྐྱེན་དང་མ་ཕྲད་སྤྱོད་ངན་མངོན་དུ་མ་གྱུར་པས་ཡ་རབ་སྤྱོད་བཟང་བརྩི་བའི་དཔེ་མཚོན་མི་ཉུང་བ་ཡོད། འདེ་འདྲའི་སྐབས་རྒྱུན་དུ་སྤྱོད་པ་རྩིང་པོ་དག་གི་གོ་གནས་བཟང་བར་བརྩི་བའང་མང་། ལར་ནས་འ་ཁུ་སྟོན་པ་ལྟ་བུ་སྤྱོད་པ་ངན་ཞིང་དྲན་རྒྱུ་རྒོད་པོ་ཡིན་མོད་ཀུན་གྱིས་ལེགས་པོར་བརྩི་བ་རེད། གཞན་ཡང་གངས་རིའི་ལྕགས་རི་བརྟོལ་བའི་ཉིན་མོར་ཡ་རབ་སྤྱོད་བཟང་ཉམས་པ་དང་། མ་རབ་སྤྱོད་ངན་མངོན་དུ་གྱུར་པ་ནི་བཙན་བྱོལ་གཅིག་བུ་མིན་པར་བོད་ནང་ལའང་ཡ་རབ་སྤྱོད་བཟང་ཉམས་པའི་ཚུལ་གསུངས་བ་ཕལ་ཆེར་བདེན་པར་གོ་ འོན་ཀྱང་བོད་ནང་གི་སྤྱོད་པ་ཉམས་ཆགས་སུ་སོང་ལུགས་ཁོ་བོར་དེ་ཙམ་རྒྱུས་མེད་མོད་བདེན་པར་འཛིན་ཆོག་པར་སེམས། ལར་ནས་ཞུས་ཟིན་པ་ལྟར་གངས་རིའི་ལྕགས་རི་བརྟོལ་བ་ནི་བོད་དང་རྒྱ་གར་བར་ང་བཅུ་ང་དགུ་ལོ་དང་དེ་ཙམ་མ་ཡིན་པར་བོད་དང་རྒྱ་ནག་བར་ཡང་སྔ་མོ་ནས་བརྟོལ་བ་མ་རེད་དམ། བོད་ནང་ཡ་རབ་སྤྱོད་བཟང་ཉམས་པའང་གོང་དུ་བཤད་ཟིན་པའི་རྒྱུ་ཕྲ་རྒྱས་དང་། རྐྱེན་ཡུལ་ནི་ཉེ་བར་གནས་པ་དང་།་ ཚུལ་བཞིན་མ་ཡིན་ཡིད་བྱེད་ལས་བྱུང་བར་མཚུངས། གང་བཤད་ཀྱང་རུང་གནའ་སྒྲུང་དང་འདྲེས་པའི་ཆོས་ཀྱི་འབེལ་གཏམ་ནང་། བསྐལ་ཆེན་གཅིག་ལ་བར་གྱི་ཁུག་པ་བཅོ་བརྒྱད་ཙམ་བཤད་ཅིང་། ཁུག་པ་ཅེས་པ་དུས་འཕེལ་འགྲུབ་ཀྱི་བྱུང་རབས་ཡིན་ཅིང་དེའང་སེམས་ཅན་གྱི་སྤྱོད་པ་འཕེལ་འགྲིབ་ལ་འབྲེལ་ཡོད་པ་ཁྱེད་ཀྱིས་ལོས་ཤེས། ངེད་ཀྱིས་བཤད་འདོད་པ་ནི་འཕེལ་འགྲིབ་ཀྱི་གནས་ཚུལ་འདི་ནི་ཡོད་དང་ཡོད་བཞིན་པ་ཅིག་ཡིན་པས་དེ་ཙམ་ཚ་ཚ་འུར་འུར་གནང་རུང་དགོས་པ་ཆུང་ལ། གལ་ཏེ་གནང་བར་མཚོན་ཀྱང་དུས་ཀྱི་ཁུག་པའི་ཡུན་ཚད་མ་རྫོགས་པར་བྱ་ཐབས་ཀྱང་དཀའ་མོ་རེད།་ ཁྱེད་ནས་གངས་ཅན་པ་རྣམས་རྐྱེནདང་ཕྲད་པས་མ་རབ་དུ་གྱུར་པ་མ་གཏོགས་སྤྱིར་ཡ་རབ་ཡིན་གསུངས་པ་དང་། ངེད་ནས་རྐྱེན་དང་ཕྲད་མ་ཕྲད་ཙམ་མ་གཏོགས་མ་རབ་སྤྱོད་པར་འཇུག་ཆོག་ཆོག་ཡིན་པས་ཕྱི་རྒྱལ་པས་ལྷ་སྒྲུང་ལ་ཡིད་མི་ཆེས་ཞུས་པ་གཉིས་ཀྱི་དབར་ན་རྒྱང་ཐག་སོར་གང་ལས་མེད། ད་དུང་ཁྱེད་ནས་སྲིད་འབྱོར་ལ་སྙིང་པོ་མེད་པ་དང་། སྡུག་བསྔལ་སོགས་ཉེས་བརྒྱའི་ཚང་ཡིན་པ་བཤད་ཏེ་བཙན་ཐབས་སུ་ལྡོག་པར་འབད་དགོངས་པ་འདྲ། ངེད་ནས་ཁྱེད་ལ་ཉེན་བརྡ་ཞིག་གཏོང་། དོན་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་དགེ་བསྐོས་ཤིག་གནང་བར་བཞེད་པ་འདྲ་སྙམ། གལ་ཏེ་ཚོད་དཔག་དེ་བདེན་པ་ཡིན་ཚེ་སྔོན་ལ་མགོ་སྨན་དང་། དེ་ནས་ཁྲག་ཤུགས་གཅོག་པའི་སྨན་གང་མང་རྟ་གོན་མཛད་པར་ཞུ།། ཧ་ཧ་ཧ་ཧ་ཀུ་རེ་བཅས་སྨྱུག་གྲོགས་ལགས་དེ་རིང་མཚམས་འདི་ནས་འཇོག ཡང་ཡང་མཇལ་ཆོག་པ་ཞུ། ཐོན་མའི་སྨྱུ་གུ་ནས་ཕུལ༎
ཐོན་མིའི་སྨྱུ་གུ་ལགས།
ཁྱེད་ཀྱིས་༼གལ་ཆེ་ཤོས་ནི་རང་རེ་ཉོན་མོངས་པའི་དབང་དུ་གྱུར་པ་དག་ཕྱིའི་འགལ་རྐྱེན་དེ་ལྟ་བུ་མི་ཕྲད་པའི་ཐབས་གཙོ་བོ་དང་།་ བརྒྱ་ལ་ཕྲད་ནའང་དྲན་ཤེས་བགས་ཡོད་བསྟེན་དགོས་ལུགས་སྤྱོད་འཇུག་ནས་གསུངས་པ་ལྟར་རེད།༽ཅེས་བཤདཔ་འདི་ང་ལ་དགོས་རྒྱུ་གཙོ་བོ་ཞིག་རེད། འདི་མིག་སྔའི་གནས་ཚུལ་དངོས་དང་སྦྱར་ཏེ། ད་ལྟ་ཕྱི་རྒྱལ་དུ་རྫུན་བསྐྱོད་བྱས་དང་བྱེད་བཞིན་པའི་བོད་མི་ཚོར་སྦྱར་ནས་བཤད་ན། ཁོང་ཚོ་ཕྱིའི་འགལ་རྐྱེན་དེ་ལྟ་བུར་མི་ཕྲད་པའི་ཐབས་གཙོ་བོ་ཇི་ལྟར་བྱེད་དགོས། ཕྲད་ནའང་དྲན་ཤེས་བག་ཡོད་ཇི་ལྟར་བསྟེན་དགོས། དེའི་སྐོར་གསལ་པོར་གསུངས་དང་ཕན་ཆེ།
གཞན་སྔོན་གྱི་བོད་མི་རྣམས་ཡ་རབས་ཡིན་མིན་དང། བསྐལ་པ་མར་འགྲིབ་ཀྱི་སྐབས་འདིར་སེམས་ཅན་གྱི་སྤྱོད་པ་ཉམས་རྒྱུ་ཡིན་པས་ཚ་ཚ་འུར་འུར་བྱས་ཀྱང་དགོས་པ་ཆུང་གསུངས་པ་སོགས་ལ་བསམ་ཚུལ་མཐུན་མིན་ཕྲན་བུ་རེ་འདུག་ཀྱང་དེ་རིང་འབྲི་ལོང་མ་བྱུང། དུས་ཚོད་བྱུང་ན་རྗེས་ནས་བྲིས་ཆོག
༈ སྨྱུག་གྲོགས་འཇིགས་མེད་བཀྲ་ཤིས་ལགས། འདས་པའི་ཉིན་ཤས་རིང་འུ་ཅག་གཉིས་ཀྱི་བགྲོ་གླེང་ནི། མི་རྒན་གཉིས་ཀྱིས་ཆིག་ལབ་བྱས་པ་དང་འདྲ་མཚུངས་གཞན་པ་སུས་ཀྱང་ལེགས་ཉེས་ཀྱི་ཐེ་གཏོག་མི་བྱེད་ཅིང་། ཕལ་ཆེར་ཀླད་རྙིང་གི་སྐད་ཆ་རེད་ཅེས་རྣབའང་གཏོད་ཀྱི་མེད་པར་ཐག་ཆོད། འདིས་ནི་འུ་ཅག་གཉིས་པོ་དེང་རབས་པའི་སྤྱི་ཚོགས་ཁྲོད་ནས་རང་ཕུད་དུ་སོང་བའི་མཚོན་རྟགས་ཞིག་མིན་ནམ། ཕལ་ཆེར་ཡིན་ལས་ཆེ་སྟེ་གང་བཤད་པ་རྣམས་བརྒྱ་ཆ་དགུ་བཅུ་ཙམ་ཆོས་སྐད་དུ་བཤད་པས། ན་གཞོན་སྤྱི་ཚོགས་ཀྱི་སེམས་ཁམས་ལས་རྒྱང་ཕུད་བཏང་ཟིན་ངེས་རེད། གཟིགས་དང་མིག་སྔའི་བོད་ཀྱི་སྤྱི་ཚོགས་ཀྱི་བརྒྱ་ཆ་དྲུག་ཅུ་གཞོན་སྐྱེས་ཡིན་ཞིང་དེ་དག་གིས་ཤོད་པའི་བོད་སྐད་ནི་ལྷག་མ་བརྒྱ་ཆ་བཞི་བཅུས་མི་གོ་ཞིང་། ཅིག་ཤོས་ཀྱང་དེ་དེ་བཞིན་ལས་མི་འདའོ། དེས་ན་ངེད་ཀྱིས་དེང་རབས་པའི་སྤྱི་ཚོགས་ཀྱི་ཁ་སྐད་དུ་གཏམ་མི་སྨྲ་ཐབས་མེད་པར་གྱུར་པ་མ་རེད་དམ། དེ་ཡིན་ན་ནི་ངེད་ཀྱི་ལུས་ངག་ཡིད་གསུམ་ནས་ལུས་བསྒྱུར་དུ་མེད་མོད་སེམས་དང་ངག་གཉིས་བསྒྱུར་ཏེ་ཤོད་པར་འདོད། འོན་ཀྱང་སྨྱུག་གྲོགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བམ། ཐུགས་དཀྲུག་བྱེད་དུ་འགྱུར་ཆ་མ་འཚལ།་ཐོན་མའི་སམ྄ྱུ་གུས་ཕུལ།
ཐོན་མིའི་སྨྱུ་གུ་ལགས། གཞན་གྱིས་ཐེ་གཏོགས་མ་བྱས་པ་ནི་འུ་གཉིས་ཀྱི་སྐད་མ་གོ་བ་ཨེ་ཡིན་ནམ། མཛོད་ཀྱི་ཚིག་ཕྲ་རྒྱས་སྤངས་པ་སོགས་མི་གོ་མཁན་ཡོད་ངེས་ཀྱང་གཞན་རྣམས་མི་གོ་མཁན་ཞིག་དྲ་ངོས་འདི་ན་མེད་ཚོད་རེད། ངས་བལྟས་ན། སྐབས་འདིའི་བརྗོད་གཞི་འདི་མི་མང་པོ་ཞིག་གི་ནོངས་ཐོག་ལ་འཁེལ་བས་སྐད་ཆ་བཤད་རྒྱུར་སྟབས་མི་བདེ་བ་ཞིག་བྱུང་བ་མིན་ནམ་བསམ་གྱི་འདུག གང་ལྟར་ཁྱད་མི་འདུག ངས་བཤད་འདོད་པ་གཙོ་བོ་ནི། ཁྱེད་ཀྱིས་གཞོན་སྐྱེས་ཚོས་གོ་ཆེད་རང་གི་སེམས་ལའང་འགྱུར་བ་གཏོང་རྒྱུ་གསུངས་འདུག དེ་ནི་ཁྱེད་ཀྱི་ལྟ་བ་འགྱུར་རྒྱུ་ཡིན་པའི་དོན་ཡིན་ཚེ་ཉེན་ཁ་ཅན་ཞིག་མ་ཡིན་ནམ། ངས་ཟེར་ན་ཁྱེད་རང་ནང་ཆོས་ཀྱི་ལྟ་གྲུབ་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་ཚོད་འདུག་པས། དེ་འགྱུར་ན་ཁྱེད་རང་མར་ཟགས་པ་མ་རེད་དམ། མིན་ན་དགོངས་འགལ་མེད་པ་ཞུ།
གཏམ་དྲིས་ན་མི་བཤད་བསྒུལ་ན་བཤད་ཅེས་པ་ལྟར། ཉིད་ཀྱི་གཏམ་ལན་ལ་ཀླད་རྙིང་གི་དྲི་ཅུང་ཟད་འཐུལ་སྙམ་ཏེ། སེམས་དང་ངག་གཉིས་བསྒྱུར་པའམ་འགྱུར་པ་བཏངས་ཚེ་མར་ཟགས་འགྲོ་བ་མ་རེད་དམ་གསུངས་པར་དཔག་ན། བཙན་བྱོལ་གྱི་བརྒྱ་ཆ་དྲུག་ཅུ་ཙམ་སྟེ་གྲངས་འབོར་གྱི་ཆ་ནས་མང་བ་དག་གི་ལྟ་བའམ་བསམ་ཚུལ་འུ་ཅག་གཉིས་ལས་དམན་པར་བཞེད་པ་གོར་མ་ཆགས། དེ་ལྟར་ན་དམངས་གཙོའམ་མང་གཙོ་དང་འགལ་ལ། ད་དུང་སེམས་འགྱུར་ན་མར་ཟགས་དགོས་ཚེ། སེམས་ཀྱི་འགྱུར་བ་ལ་བཟང་འགྱུར་དང་ངན་འགྱུར་གཉིས་མེད་པར་ངན་འགྱུར་ཁོ་ན་བཞེད་པར་སྣང་ལ། །དེ་ལྟར་འདོད་ན་རྩ་བའི་བཤད་བྱ་སྤྱི་ཚོགས་ཀྱི་ཀུན་སྤྱོད་ངན་པ་ནས་བཟང་པོར་བསྒྱུར་ཐབས་དང་། སེམས་ཆགས་སོགས་ཉོན་མོངས་པ་དྲན་ཤེས་བག་ཡོད་ཀྱིས་འགྱུར་བ་བཏང་ཏེ་སྤྱི་ཚོགས་ཇེ་བཟང་དུ་བསྒྱུར་རྒྱུའི་སེམས་འཁུར་ཡིན་རབས་ཀྱི་གཏམ་མང་དག་སྨྲས་ཟིན་པ་དག་ཁ་ཙམ་དང་ཚིག་ཙམ་དུ་མ་གྱུར་རམ། དེས་བས་དྲར་རྒྱར་འཛུལ་པའི་དུས་བློ་གཟུ་བོ་དང་། ཐུགས་སེམས་གུ་ཡངས་པོ་གནང་རྒྱུ་གལ་ཆེ་སྙམ། ལར་ནས་ཁྱེད་དྲ་རྒྱའི་རྩོམ་པ་པོ་རྒན་རབས་ཞིག་ལ་ངེད་དྲ་རྒྱའི་གསར་བུ་ཞིག་གིས་འདི་ལྟར་སྨྲ་བ་ཞུ་ཧམ་དུ་འགྱུར་སྲིད་མོད། དྲང་གཏམ་སྨྲ་ཤེས་པ་དང་སྨྲ་ནུས་པ་གཉིས་ཀ་དམངས་གཙོའི་སྲོག་ཤིང་དུ་མ་གྱུར་རམ། གྲོགས་པོ་ཁྱེད་ལ་ད་རིང་། ཐོན་མའི་སྨྱུ་གུ་འཁྱུག་བཞིན་ཕུལ།
བསམ་ཚུལ་རྦད་དེ་རྒྱབ་འགལ་རེད། ཡ་རབས་སྤྱོད་བཟང་ཉམས་བཞིན་པའི་རྒྱུ་རྐྱེན་ནི། གཏམ་སྙན་གྲགས་དང་། ཐོབ་གོ་ས། རྒྱུ་ལོངས་སྤྱོད་སོགས་འཐོབ་འདོད་ཀྱི་འདོད་རྔམས་ཇེ་ཆེར་སོང་བའི་དབང་གིས་མ་རེད། འདོད་པ་དེ་དག་ནི་སུ་ལའང་ཡོད་པ་རེད། འདོད་པའི་དཔལ་ཕུན་སུམ་ཚོགས་པ་དེ་དག་ལ་ཚུལ་བཞིན་དུ་སྤྱད་ན་འགྲིགས་པ་ཞིག་རེད། དེ་སྤྱོད་པའི་ཆེད་དུ་བླང་དོར་གྱི་འཇུག་ལྡོག་ཕྱིན་ཅི་ལོག་ཏུ་ཕྱིན་ན་ནོར་བ་རེད།
སྤྱིར་བཏང་མི་སུ་ཞིག་ཡིན་ནའང་། གང་ན་བདེ་བ་དང་སྐྱིད་པ་ཡོད་ན་དེར་འགྲོ་ཐབས་ལ་འབད་གི་རེད། དེ་གནའ་ནས་ད་བར་ཆོས་ཉིད་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཤིག་རེད། མི་དང་སེམས་ཅན་སུ་ཞིག་ཡིན་ནའང་། རང་གང་འདོད་པའི་ས་ལ་རང་དབང་གིས་འགྲོ་བ་དེ་ལྷན་སྐྱེས་ཀྱི་འདོད་པ་ཞིག་རེད། དེ་ལ་སུ་ཞིག་ནས་བཀག་འགོག་བྱེད་མཁན་མེད་པ་རེད། ཆེས་གདོད་མའི་དུས་སུ། ཡ་ཐོག་གུང་ཁྲན་རིང་ལུགས་ཀྱི་དུས་སུ། ཚང་མ་རང་དབང་རེད། ས་ཡི་གོ་ལ་ཧྲིལ་བོ་འདི་འཛམ་གླིང་སྤྱི་མཐུན་གྱི་རེད།
དོན་དངོས་སུ། ཡ་རབས་སྤྱོད་བཟང་ཉམས་མཁན་དེ་སུ་རེད་ཟེར་ན། མི་མང་སྐྱོ་བོ། རང་གི་འཚོ་བའི་བདེ་དོན་གྱི་ཆེད་དུ་ཐབས་ཤེས་སྣ་དགུ་འཐེན་ནས་འབད་མཁན་དེ་ཚོ་མ་རེད། ཡ་རབས་སྤྱོད་བཟང་ཉམས་མཁན་ནི། གནས་ནས་ད་བར་གྱི་སྲིད་དབང་ངན་པ་དང་དཔོན་ངན་དེ་ཚོ་རེད། དེ་ཚོས་ང་ཚོའི་སྤྱི་མཐུན་གྱི་ས་གཞི་ཡངས་པོ་འདི། གཅིག་གིས་གཅིག་ལ་བཙན་འཛུལ་དང་གཅིག་གིས་གཅིག་ལ་དབང་སྒྱུར། ས་ཆ་བཅད་བཟུང་དང་བཅད་བགོས། རྒྱལ་ཁབ་དང་མི་རིགས་ཆོས་ལུགས་སོགས་འདྲ་མིན་དུ་དབྱེ་འབྱེད་དང་དབང་རིས་བཅད་ནས་བདག་བཟུང་བྱས། ཆོས་ཉིད་ཀྱི་ཁྲིམས་དང་འགལ་བ་བྱས་ནས་ཁྲིམས་མེད་སར་ཁྲིམས་འདྲ་མིན་བཅས་པ་དེ་རེད།
ནམ་ཞིག དབྱེ་འབྱེད་ཀྱི་མཐའ་མང་བོ་ཞིག་ཡོད་པ་འདི་དག་རེ་རེ་བཞིན་སུབ་ནས་རང་གང་འདོད་ཀྱི་ས་ལ་རང་དབང་གིས་རྒྱུ་ཐུབ་པའི་དུས་ཚོད་ཅིག་ངེས་པར་འཆར་གི་རེད། རྒྱུ་མཚན་ནི། འགྲོ་བ་མིའི་རིགས་སུ་གྱུར་བ་མཐའ་དག་གི་རྨི་ལམ་ནི། རང་དབང་ལ་སྤྱོད་རྒྱུ་དེ་ཡིན་པས་སོ། དེས་ན། ༧རྒྱལ་བ་རིན་པོ་ཆེས་དགོངས་དག་ཞུས་པ་དེ་ནོར་བ་རེད། འདི་རིགས་ནི་བོད་མི་གཅིག་པོ་མིན་པར། འཛམ་གླིང་ཡོངས་ཁྱབ་རེད། རྗེས་མ་ནས། རྒྱལ་བ་རིན་པོ་ཆེ། རང་གི་འཚོ་འདུན་གཉེར་འགྲོ་མཁན་གྱི་མི་མང་སྐྱོ་བོ་འདི་ཚོའི་རྒྱབ་རྩ་རུ་ལངས་ཏེ། འཛམ་གླིང་གཅིག་གྱུར། ས་ཁོངས་དབྱེར་མེད། དཔལ་འབྱོར་འདྲ་མཉམ་སོགས་ལ་སྲིད་གཞུང་ཚང་མས་འབད་རྒྱུར་དྲན་སྐུལ་གནང་རོགས་གནང་།
རྩ་བའི་ད་ལྟ་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་ནས་ཅུང་ཡར་རྒྱས་ཕྱིན་ཡོད་པའི་བཟོ་འདྲ་བོ་ཞིག་ཡོད་པ་རེད་དེ། དངོས་གནས་བཤད་ན། ད་རུང་ཡར་རྒྱས་ཟེར་ནས་གླེང་རིན་ཞེ་དྲག་ཡོད་མ་རེད། ད་རུང་ང་ཚོའི་སྤྱི་མཐུན་གྱི་ས་གཞི་ཧྲིལ་བོ་འདི་རྒྱལ་ཁབ་ཀྱི་དབང་རིས་སོ་སོར་བཅད་ནས། དེ་དང་དེའི་དབང་ཤུགས་དང་ཁྲིམས་ཀྱི་སྟངས་འཛིན་འོག་ཏུ། མི་ཉམ་ཆུང་དག་གོམ་གསུམ་སྤོ་ས་ཡོད་མ་རེད།
ད་རུང་ང་ཚོས་གཏོར་དགོས་པའི་ཁྲིམས་དང་བཀག་རྒྱ་ཅི་འདྲའི་མང་པོ་ཞིག་ཡོད་པ་རེད་ཨང་། ངའི་རྨི་ལམ་ནི། ཉི་མ་ཞིག ངའི་ལག་པར་ཐེལ་ཙེ་ཅན་གྱི་ཤོག་བྱང་གཅིག་ཀྱང་འཛིན་མི་དགོས་པར་འཛམ་གླིང་ནང་རང་གང་འདོད་པའི་ས་ཆ་ཚང་མར་རང་འདོད་ཀྱིས་འགྲོ་རྒྱུ་དེ་ཡིན་ལ། འདི་ནི་འགྲོ་བ་མི་ཚང་མའི་རྨི་ལམ་ཡང་ངེས་པར་ཡིན་རྒྱུ་རེད། རང་དབང་རྒྱལ་གྱུར་ཅིག
ང་ལ་རྨི་ལམ་འདི་འདྲ་ཞིག་རྟག་པར་རྨི་བར་བྱེད།
ཐོན་མིའི་སྨྱུ་གུ་ལགས།
ཁྱེད་རང་གི་རྣམ་འགྱུར་རྦད་དེ་འགྱུར་སོང་བཱ། ང་ཀླད་པ་རྙིང་པ་ཡིན་མིན་མ་ཤེས་ཀྱང་ནང་ཆོས་ལ་རྒྱུ་མཚན་ཤེས་པའི་ཐོག་ནས་ཡིད་ཆེས་ཡོད་མཁན་ཞིག་ཡིན། དེས་ཀླད་རྙིང་དུ་བརྩི་ན་རྩིས་ཤོག ཁྱད་མེད། མི་སུ་ཞིག་ནང་ཆོས་ལ་ཡིད་ཆེས་ཡོད་པ་ནས་མེད་པར་གྱུར་ན་མར་ཟགས་པ་ཞིག་ལ་ངས་ངོས་འཛིན་ཞུ་ཡི་ཡོད། ཁྱེད་ཀྱིས་དང་པོ་ཕྲ་རྒྱས་སོགས་མཛོད་ཀྱི་ཚིག་ལུང་དྲངས་ནས་སྐྱོན་གྱི་རྩ་བ་ཉོན་མོངས་ཡིན་རབས་ནང་ཆོས་ཀྱི་ལྟ་གྲུབ་ལྟར་མང་པོ་བཤད་སོང། མཐར་སེམས་པ་འགྱུར་གྱི་ཡིན་ལབ་དུས་ངས་ཁྱེད་རང་ནང་ཆོས་ལ་ཡིད་ཆེས་ཡོད་པ་ནས་མེད་པར་འགྱུར་བ་ཡིན་ནམ་བསམས་སོང། བྱས་ཙང་ངས་ཁྱེད་རང་མར་ཟགས་པ་རེད་ལབ་པ་ཡིན། དེ་འདྲའི་འགྱུར་ཆོག་ཆོག་གྱང་ཁའི་རྩྭ་ལྟ་བུ་དེ་འདྲ་ག་རེ་བྱས་པ་རེད། གནས་ཚུལ་སྤྱི་དང་ལྷག་པར་སྐབས་བབ་ཀྱི་གནས་ཚུལ་ལ་ངེས་ཤེས་མ་རྙེད་པའི་རང་མཚང་རང་གིས་བསྟན་སོང་བཱ། ངས་ཁྱེད་ལ་མཐོང་ཆུང་བྱས་པ་མིན་ཀྱང་ཁྱེད་འདྲ་བའི་རིགས་ལ་ཁ་བརྡ་བྱེད་འདོད་མི་འདུག ད་མཚམས་འཇོག བདེ་མོ།
མགོན་པོ་ཕྱག་གཉིས་པས། ༼བསམ་ཚུལ་རྦད་དེ་རྒྱབ་འགལ་རེད། ཡ་རབས་སྤྱོད་བཟང་ཉམས་བཞིན་པའི་རྒྱུ་རྐྱེན་ནི། གཏམ་སྙན་གྲགས་དང་། ཐོབ་གོ་ས། རྒྱུ་ལོངས་སྤྱོད་སོགས་འཐོབ་འདོད་ཀྱི་འདོད་རྔམས་ཇེ་ཆེར་སོང་བའི་དབང་གིས་མ་རེད། འདོད་པ་དེ་དག་ནི་སུ་ལའང་ཡོད་པ་རེད། འདོད་པའི་དཔལ་ཕུན་སུམ་ཚོགས་པ་དེ་དག་ལ་ཚུལ་བཞིན་དུ་སྤྱད་ན་འགྲིགས་པ་ཞིག་རེད། དེ་སྤྱོད་པའི་ཆེད་དུ་བླང་དོར་གྱི་འཇུག་ལྡོག་ཕྱིན་ཅི་ལོག་ཏུ་ཕྱིན་ན་ནོར་བ་རེད།༽ ཅེས་ཟེར། ངས་བལྟས་ན་བསམ་ཚུལ་རྒྱབ་འགལ་རེད་མི་འདུག ངས་༼འདོད་རྔམས་ཇེ་ཆེར་སོང་བའི་དབང་གིས་རེད༽ལབ་པ་དང། ཁྱེད་ཀྱིས་༼འཇུག་ལྡོག་ཕྱིན་ཅི་ལོག་ཏུ་ཕྱིན་ན་ནོར་བ་རེད༽ལབ་པ་གཉིས་མཐུན་འདུག་སྙམ། འོན་ཀྱང་ཁྱེད་ཀྱིས་ཕྱིན་ཅི་ལོག་ཟེར་བ་ག་འདྲ་ཞིག་ལ་བཤད་ཀྱི་ཡོད་གསལ་ཁ་མི་འདུག་མོད་དེ། འདོད་རྔམས་ཇེ་ཆེར་ཕྱིན་པ་དེ་འདོད་རྔམས་ཚད་ལས་བརྒལ་བའི་དོན་ཡིན་པས་དེ་ནི་འཇུག་ལྡོག་ཕྱིན་ཅི་ལོག་ཅིག་ཡིན་པ་ལ་རྩོད་པ་ཡོད་རྒྱུ་མ་རེད།
ཡ་རབས་སྤྱོད་བཟང་ཉམས་མཁན་དཔོན་འབངས་གཉིས་ཀའི་ནང་ན་ཡོད་པ་མངོན་སུམ་རེད། དཔོན་རིགས་རྐྱང་པ་ག་ལ་ཡིན། འཛམ་གླིང་འདི་རྒྱལ་མཚམས་རིས་མེད་ཀྱི་ཡུལ་གྲུ་གཅིག་གམ་ཁྱིམ་གཅིག་ཏུ་འགྱུར་རྒྱུའི་རྨི་ལམ་དེ་སྐྱེ་བ་ཕྱི་མའི་ཡང་ཕྱི་མ་ཞིག་ལ་མངོན་དུ་འགྱུར་སྲིད། ཁྱེད་ཀྱི་རྨི་ལམ་དེ་རྨི་ཡུན་རིང་རྒྱུ་རེད།
གཞན་ཡང། ཁྱེད་ཀྱིས། ༼རྒྱལ་བ་རིན་པོ་ཆེས་དགོངས་དག་ཞུས་པ་དེ་ནོར་བ་རེད༽ ཅེས་བཤད་འདུག འདི་ཧ་ཅང་ཐལ་བ་རེད། ལྡི་ལིའི་དོན་གཅོད་དང་ཨ་རིའི་གཞུང་ཚབ་སོགས་ལ་མགོ་སྐོར་བཏང་ནས་ཕྱི་རྒྱལ་ལ་ཕྱིན་པའི་བོད་མི་དེ་ཚོ་ནོར་བ་རེད་མ་གཏོགས། རྒྱལ་བ་རིན་པོ་ཆེ་ནོར་བ་ག་ལ་ཡིན། ལར་ནས་རྒྱལ་བ་རིན་པོ་ཆེ་ལ་ཆོས་དང་དམ་ཚིག་གི་འབྲེལ་བ་ཡོད་པའི་བོད་མི་ཁྱེད་རང་ལྟ་བུས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་འཛུགས་བྱེད་ཆོག་ཆོག་འདི་འདྲ་ཡག་པོ་ཞིག་མ་རེད། འཚམས་པོ་མི་འདུག་ལ་གནས་ལུགས་ཀྱང་མི་འདུག
བོད་པ་དངམི་རིགས་གཞན་བསྡུར་ན་སེམས་པ་ཏོག་ཙམ་བཟང་བ་ཡོད་པ་འདྲ་པོ་ཞིག་ད་བར་ངས་མཐོང་སོང་། ད་མ་འོངས་པར་གང་འདྲ་ཡོད་མེད་མི་ཤེས།
ཚང་མ་ཨ་རིར་འགྲོ་དགོས་པ་བཟོ་མཁན་ནི་དེ་སྔོན་དེ་སྔོན་ནས་ཡོད་པའི་བཀའ་བློན་རྙིང་པ་བཀྲས་མཐོང་ལྟ་བུས་བཟོས་པ་རེད། ཐ་ན་ཁོ་རང་བཀའ་ཁྲིར་བསྡད་ནས་ལོ་གཅིག་དང་ལོ་ཕྱེད་རྗེས་སུ་བཀའ་ཁྲིའི་རྐུབ་སྟེགས་གཡུག་ནས་ཕྱིན་པ་རེད། མི་དེ་འདྲ་ཞིག་གིས་དེ་ལྟར་བྱས་ན་བོད་མི་དཀྱུས་མ་ཡང་ཨ་རིར་མཐར་གང་ཐུབ་བྱེད་པ་ཡ་མཚན་ཅི།
མ་ཟད་ཨ་རི་ནས་ཕྱིར་ལོག་མི་བྱེད་པར་བྲོས་ཡིབ་བྱེད་སྐད་གྲགས་ཆེ་བའི་གྲས་སུ་ཨ་མདོའི་སྤྱི་འཐུས་ཞིག་ཡོད་མ་རེད་པས། རིག་གཞུང་ཁ་ལ་འཁྱེར་ནས་མ་རབས་འཁྲབ་མཁན་དེ་ཚོ་དངོས་གནས་ཡག་པོ་མ་རེད།