ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
༸གོང་ས་མཆོག་གིས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་མངོན་བསྟོད་ཀྱི་མཛད་སྒོར་གསུང་འཕྲིན་སྩལ་བ།
ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༥ ཉིན་ཝཱར་ཎ་མཐོ་སློབ་ཏུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༧༥ ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་སློབ་ཟུར་རྣམས་ཀྱིས་སྣེ་ཁྲིད་དེ་དགེ་ལས་སློབ་ཕྲུག་ཡོངས་ནས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མངོན་བསྟོད་ཀྱི་མཛད་གོ་ཞིག་སྒྲིག་ཞུས་ཡོད། དེ་ཡང་སྔ་དྲོ་ཐོག་མར་སློབ་གྲྭའི་དུས་འཁོར་ཐང་ཆེན་དུ་བསང་གསོལ་བཏང་རྗེས། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་སློབ་ཟུར་རྣམས་དང་། དགེ་ལས་སློབ་ཕྲུག་སེར་སྐྱ་མི་མང་༡༠༠༠ ལྷག་ལ་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་གནང་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་༣ པའི་ཐོག་སློབ་གྲྭའི་ཨ་ཏི་ཤཱ་ཚོམས་ཆེན་དུ་མཛད་སྒོ་དངོས་གཞི་ཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་། རིན་པོ་ཆེ་མཆོག་དང་ཡུན་རིང་ཐུགས་འདྲིས་ཆེ་བའི་གྲོགས་པོ་རྒྱ་གར་གྱི་གྲགས་ཅན་མཁས་དབང་ཀྲིཤྣཱ་ནཱཐ་(Prof.Kirashnanath) མཆོག་གིས་གཙོས་རྒྱ་གར་གྱི་མཁས་དབང་གཞན་ལྔ། བཀའ་ཟུར་དང་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་དང་ཚོགས་ཟུར་པདྨ་འབྱུང་གནས་ལགས་རྣམ་གཉིས་གཙོ་བྱས་ཏེ། སློབ་ཟུར་རྣམས་དང་དགེ་ལས་སློབ་ཕྲུག་ཡོངས། ཟབ་སྦྱོང་དུ་ཕེབས་ཡོད་པའི་བྷན་ཐར་དགེ་འོས་སློབ་གྲྭའི་དགེ་ལས་སློབ་མ། དྷ་ས་ནས་འཁྲུངས་སྐར་ལ་ཆེད་བཅར་ཞུས་པའི་རྒྱུད་སྟོད་གྲྭ་ཚང་གི་སྐུ་ཚབ་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་དང་མི་མང་བཅས་ཁྱོན་མི་ ༢༠༠༠ ལྷག་འཛོམས་ཡོད་འདུག
མཛད་སྒོའི་ཐོག་མར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་༸གོང་ས་མཆོག་གིས་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།
འབྲས་བློ་གླིང་མཁས་དབང་ཟམ་གདོང་རིན་པོ་ཆེ་དགུང་གྲངས་དོན་ལྔར་སོན་པའི་སྐྱེས་སྐར་ལ་ཝཱ་ར་ཎ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་པ་ཡོངས་ནས་དཀའ་དྲིན་རྗེས་དྲན་ཆེད་མངོན་བསྟོད་ཀྱི་དུས་དྲན་སྲུང་བརྩི་དང་འབྲེལ། གཙུག་ལག་སློབ་གཉེར་ཁང་གི་བྱུང་རིམ་ལོ་རྒྱུས་འཁོད་པའི་དྲན་རྟེན་གླེགས་བམ་ཞིག་འདོན་སྤེལ་བགྱིས་པར་ཡི་རང་བསྔགས་བརྗོད་དང་བཀྲ་ཤིས་བདེ་ལེགས་ཡོད།
རང་རེ་བཙན་བྱོལ་དུ་འབྱོར་རྗེས་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་དགོས་གལ་ཛ་དྲག་ཏུ་མཐོང་སྟེ། འདི་ནས་བཀོད་མངགས་བགྱིས་པ་ལྟར། རིན་པོ་ཆེ་ཉིད་ཤེས་ཡོན་སློབ་སྦྱོང་སྡེ་ཚན་ཁག་ཏུ་ལྷག་བསམ་སྙིང་སྟོབས་ཆེན་པོས་རྐང་འགན་བཞེས་པའི་མཛད་རྗེས་ཝཱ་ཎ་ཡི་ལོ་རྒྱུས་གླེགས་བམ་ནང་འཁོད་ཡོད་པ་ལྟར་དང་། དེ་བཞིན་མང་གཙོའི་ལམ་སྲོལ་དུས་བསྟུན་འཕེལ་རྒྱས་ཆེད་ལམ་དུ་བཀྲི་ཕྱིར་ངོས་ནས་ཐད་བསྐོས་སྤྱི་འཐུས་བསྐོ་བཞག་བགྱིས་པ་དང་ལེན་གྱིས་སྤྱི་འཐུས་སྐབས་བཅུ་གཅིག་པ་ནས་བཟུང་། སྐབས་གཉིས་ཀྱི་ཚོགས་གཙོ་ཡི་འགན་འཁུར་རིང་ཁྲིམས་སྒྲིག་ཡིག་ཆ་མང་པོ་གཏན་འབེབས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་དང་། དེ་རྗེས་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མིའི་མང་ཚོགས་ནས་ཐད་ཀར་འོས་འདེམས་ཀྱིས་མང་མོས་ཐོབ་སྟེ། དེ་ནས་སྐབས་གཉིས་རིང་ཆབ་སྲིད་ཀྱི་འགན་དབང་གང་ཅིར་འཐུས་ཤོར་མེད་པར་མདུན་བསྐྱོད་བྱེད་ཐུབ་པ་བྱུང་ཞིང་། མི་ལོ་ལྔ་བཅུ་བརྒལ་བའི་རིང་འདོད་ཆུང་ཆོག་ཤེས་ལྷག་བསམ་རྣམ་དག་ངང་གཉན་འཕྲང་གི་དུས་སྐབས་འདིར་བྱས་རྗེས་ཆེན་པོ་བྱུང་ཡོད། ཅེས་སོགས་ཀྱི་གསུང་འཕྲིན་སྩལ།
གོང་སའི་གསུང་འཕྲིན་འདིའི་ནང་དོན་ལ་འགྲེལ་བཤད་ནུས་མཁན་ཡོད་དམ། “རིན་པོ་ཆེ་ཉིད་ཤེས་ཡོན་སློབ་སྦྱོང་སྡེ་ཚན་ཁག་ཏུ་ལྷག་བསམ་སྙིང་སྟོབས་ཆེན་པོས་རྐང་འགན་བཞེས་པའི་མཛད་རྗེས་ཝཱ་ཎ་ཡི་ལོ་རྒྱུས་གླེགས་བམ་ནང་འཁོད་ཡོད་པ་ལྟར་དང་།” ‘ཝཱ་ཎ་’ཟེར་བའི་དོན་ཅི་ཡིན་ནམ། ‘ཝཱ་ཎའི་ལོ་རྒྱུས་གླེགས་བམ་’ཟེར་བ་དེ་གང་འདྲ་ཞིག་ཡོད་དམ།
‘ཝཱ་ཎ་’ཟེར་བའི་དོན་ཅི་ཡིན་ནམ། ཞེས་པར་ལན། སྔོན་བོད་ཀྱི་མཁས་པ་ཡི་གེ་བྱེད་པ་རྣམས་ཀྱིས་ཚིག་སྡུད་མཛད་པ་ཧ་ཅང་དཀོན། ད་ལྟའི་མཁས་པ་དག་ལ་དུས་མ་ལྡངས་པ་ལྟ་བུས་ཝཱ་རཱ་ཎ་སཱི་ལ་‘ཝཱ་ཎ་’ཟེར་བར་མཐོང་ངོ་།
གཞུང་ལུགས་དག་ལས། ལས་འཛིན་པའི་བསྡུ་བ། གཉིས་པའི་བསྡུ་བ། གྲངས་མེད་པའི་བསྡུ་བ། འབྲུ་མང་པོའི་བསྡུ་བ། དེ་ཡི་སྐྱེས་བུའི་བསྡུ་བ། ཟླས་དབྱེ་བའི་བསྡུ་བ་ཞེས་དྲུག་གསུངས་ཡོད་མོད། འདི་ལྟར་སྤྱིར་ས་ཆའི་མིང་དང་།་ལྷག་པར་ཡིག་རིགས་གཞན་གྱི་སྒྲ་ལས་བྱུང་བའི་སའི་མིང་བསྡུ་སྲོལ་འདི་རིགས་གཏན་ནས་ལེགས་པོར་མ་མཐོང་།
དེ་ལྟར་ན་ཝཱ་རཱ་ཎ་སིའི་ལོ་རྒྱུས་གླེགས་བམ་གང་ཞིག་གི་ནང་དུ་ཟམ་གདོང་རིན་པོ་ཆེའི་སྐོར་བྲིས་ཡོད་པ་ཡིན་ནམ། དེ་ཡང་དྲི་བ་གཅིག་ཡིན།
ཧཧཧཧཧཧཧ་་སྤོབས་པ་ལགས་ཐུགས་རྗེ་གཟིགས་དེ་འདྲའི་ངར་རྒྱལ་མ་གནང་
རྡོ་རྗེ་གདན་ལ་རྡོར་གདན། ཝ་ར་ཎ་སིར་ཝར་ཎ། རྡ་རམ་ས་ལར་རྡ་ས། འབྲས་མོ་ལྗོངས་ལ་འབྲས་ལྗོངས། ད་དུང་རྡ་ཤོད་དང་རྡ་སྟེང་སོགས་བོད་སྐད་ཡིག་གི་འགྲོས་ལྟར་བསྡུས་ན་བདེ་འབོལ་ལེ་བ་ཞིག་འདུག་པས་བསྡུས་ཀྱང་ཨེ་སྐྱོན་ན། དཀོན་མཆོག་རྒྱ་མཚོ་ལ་དཀོན་རྒྱམ། པད་མ་འབྱུང་གནས་ལ་པད་འབྱུང་སོགས་མིའི་མིང་བསྡུས་བཞག་པའང་ཇི་འདྲའི་མང་པོ་འདུག
ཨོ་ད་དུང་སྤོབས་པ་མཐའ་ཡས་ལ་སྤོབས་མཐའ། བློ་བཟང་འཇམ་དཔལ་ལ་བློ་འཇམ། ཨ་ར་དཀར་པོ་ལ་ཨར་དཀར་་་་་གང་འདྲ་འདུག ང་ཚོ་བོད་ཙམ་མ་ཡིན་ཏེ་རྒྱ་གུང་ཁྲན་ཚང་གིས་ཀྱང་ཏ་ལའི་བླ་མ་ལ་ཏ་ལེ་ཟེར་གྱི་མི་འདུག་གམ། དེའང་ཚིག་སྡུད་རེད་ཡ།
སྤོབས་མཐའ་ལ། ཝ་ར་ཎ་སི་ལ་ཝར་ཎ། རྩ་བ་ཤེས་རབ་ལ། རྩ་ཤེར། བྱང་ཆུབ་སེམས་པའི་ས་ལ། བྱང་ས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཤེར་ཕྱིན། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ལ། དགེ་ཚུལ་སློང་གི་སྡོམ་པ། ཞེས་སོགས་མང་ངོ།
བསྡུད་པའི་སྐོར་ལ།
ཕྱག་རྒྱ་ཆེན་པོར་ཕྱག་ཆེན། རྫོགས་པ་ཆེན་པོར་རྫོགས་ཆེན་སོགས་མང་པོ་སྔོན་གྱི་མཁས་པ་ཚོས་བྲིས་འདུག་པས། འདི་ལ་གང་གསུང་རྒྱུ་ཡོད་དམ།
སྤོབས་མཐའ་འདི་ལྐུགས་སུ་ལྐུགས་སུ་འགྲོ་གི་འདུག སྐད་ཆ་སྔ་ཕྱི་ལ་ནང་འགལ་ཤ་སྟག་བཤད་ནས་འགྲོ་མཁན་ཞིག་རེད། སྐབས་རེར་ཡི་དམ་འཇིགས་བྱེད་དང་དུས་འཁོར་ཡན་ཆོད་ལ་སྐུར་འདེབས་བྱེད་ཀྱི་རེད། སྐབས་རེར་བོད་ཀྱི་བཙན་པོར་ལྐོག་མདས་དམར་གསོད་གཏོང་མཁན་གྱི་མི་གསོད་ལག་དམར་ལའང་དགེ་སློང་དང་སངས་རྒྱས་ཀྱི་བསྟན་འཛིན་སོགས་བཤད་ཀྱི་རེད། སྐབས་རེར་ཆོས་སེམས་ཡོད་མདོག་གིས་རང་གི་ཆོས་ལུགས་ཀྱི་ཕྱོགས་གཏོགས་ཀྱི་བླ་མ་དང་མཁས་པ་སོགས་ལ་རྨོངས་དད་མིག་བཙུམས་ཀྱིས་བསྟོད་པ་ཤ་སྟག་གི་དག་སྣང་བཤད་ཀྱི་རེད། མི་འདི་ཡི་ནང་ཆ་ག་ལེར་གསལ་དུ་གསལ་དུ་འགྲོ་གི་འདུག ལྷ་ལུང་དཔལ་རྡོར་ལ་བསྟོད་ར་བྱེད་སྟངས་དང། ཚུལ་བློ་ལ་བརྒྱབ་སྐྱོར་བྱེད་སྟངས། གོང་ས་མཆོག་ལ་སྐུར་འདེབས་ཆེ་རུ་ཆེ་རུ་བྱེད་སྟངས་འདི་ཡིས་མི་འདི་ཡི་ནང་ཆ་ཕལ་ཆེར་ཁྲོམས་འདོན་བྱས་ཡོད་གི་འདུག ལྷག་པར་དུ་ཁོས་ཅོ་རི་ལ་དགག་པ་བྱེད་པ་ནི་གཞན་རྒྱུ་མཚན་གང་ཡང་མིན། ཅོ་རི་ཡིས་གཞན་གྱི་ཆོས་ལུགས་ཀྱི་རྒྱབ་དུ་ལངས་པ་དེ་ལ་ཡིད་མ་ཚིམས་ནས་དགག་པ་བྱེད་པ་རང་རེད། ད་དུང་ག་ལེར་གཟིགས་ཨ་མི་འདི་ཡི་ཆོས་རྒྱུད་གང་ཡིན་གསལ་དུ་འགྲོ་ངེས་རེད།
སྒྲ་རིག་པར་སྨྲ་བ་དག་གིས་ཚིག་དང་དོན་ལ་འབྲེལ་པ་ཆེ་བར་བརྩི། ཚིག་བསྡུ་ན། དོན་དག་ཀྱང་བསྡུས། ཟེར་བ་ཕལ་ཆེར་ཡིན་ལས་ཆེ་སྙམ། བོད་ཀྱི་སྐད་ལ་བལྟ་ན། སྔོན་གྱི་མཁས་པ་རྣམས་ཀྱིས་ཚིག་སྡུད་མ་བྱེད་པར་ཚིག་རྒྱས་པར་བྲིས་པས་དོན་དག་ཀྱང་རྒྱས་པ་བྱུང་། ཕྱིས་སུ་ཚིག་སྡུད་མང་བས་དོན་དག་ཀྱང་བསྡུས་པ་ལྟ་བུ་བྱུང་མི་འདུག་གམ། ཞེས་དྲི་བ་ཞིག་བདག་བློར་འཁོར། དེས་ན་བདག་ནི་སྔོན་གྱི་མཁས་པའི་རྗེས་སུ་འབྲངས་ཏེ། ཚིག་སྡུད་མི་བྱེད་པར་རྒྱས་པར་འབྲི་བས། དོན་དག་ཀྱང་རྒྱས་པ་ལྟ་བུ་ཞིག་འབྱུང་བཞིན་པ་ཡིན།
ད་འཚེ་བ་ཆོས་སུ་སྨྲ་བའི་རྗེས་འབྲངས་པ་ཚོས་རང་རྟགས་གསལ་པོར་བསྟན་ཡོང་གིན་འདུག གསོད་དགོས་གཏུབ་དགོས་ཟེར་གྱིན་འདུག མ་གསོད་མ་གཏུབ་ཟེར་མཁན་ལ་དགྲ་རུ་ལྟ་བཞིན་འདུག
ང་གསད་རྒྱུ་ལ་ཅང་མི་དགའ། གོང་ས་མཆོག་གིས་སྲོག་བླུའི་ལས་འགུལ་སྤེལ་ན་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཚུལ་ཁྲིམས་བློ་གྲོས་ཀྱིས་སྲོག་བླུའི་ལས་འགུལ་སྤེལ་ན་ཡང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བོན་པོ་ཞིག་གིས་སྲོག་བླུའི་ལས་འགུལ་སྤེལ་ན་ཡང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
བོད་སྤྱི་ལ་བསམ་བློ་བཏང་ན་ཡང་བསད་བསད་གཏུབ་གཏུབ་ཀྱིས་ཕྱུག་པོར་གྱུར་པ་ཅང་མཐོང་མ་སོང་། ཁྱེད་རང་ཚོའི་ཆོས་ལུགས་ཀྱི་ཕྱག་ལེན་རེ་ཉམས་འགྲོ་བར་ཕངས་ན་ནི་ཅང་ཞུ་ཕོད་མ་མཆིས། མ་གཞི་ཚུལ་ཁྲིམས་བློ་གྲོས་ཀྱིས་སྲོག་བླུ་བྱས་པ་ཡན་ཆོད་ལ་དགག་པ་རྒྱག་མཁན་འདི་རིགས་དམར་མཆོད་རིང་ལུགས་པ་ཚོ་འདྲ་མིན་ནམ་ཡང་བསམ་གྱིན་འདུག
སྤོབས་མཐའ་དང་ཅོ་རི་ཟེར་བ་འདི་གཉིས་ལོ་ཤས་སྔོན་ལ་ཡིན་ན་དྲ་རྒྱའི་ནང་གི་མི་ཞིག་ཡིན། དེ་ནས་རིམ་གྱིས་དྲ་འབུའི་ངོ་བོར་གྱུར་སོང་། ད་དེང་སང་དྲ་འདྲེ་ཆགས་བསྡད་བཞག སྐད་ཅ་སྐྱོ་རུ་སྐྱོ་རུ། རྣམ་འགྱུར་སྡུག་ཏུ་སྡུག་ཏུ་འགྲོ་གི་འདུག ཁོང་གཉིས་བོང་བུའི་བུ་དང་གཅིག་པ་རེད། ཆུང་ཆུང་སྐབས་སུ་ཡག་པོ་འདྲ་ཡོད་རེད་དེ་ཆེ་རུ་འགྲོ་དུས་བཙོག་ཏུ་འགྲོ་གི ད་ཡིན་ན་ཁོང་གཉིས་ཀྱི་མིང་ལ་བོང་སྤོབས་དང་བོང་ཅོ་ཟེར་ན་འགྲིགས།
སྤོབས་མཐའ་དང་ཅོ་རི་ཟེར་བ་འདི་གཉིས། སྤོབས་པ་མཐའ་ཡས་དང་ཅོ་རི་ཉི་མ་ལ་ཟེར་བར་རྗེས་སུ་དཔགས། ཁོང་གཉིས་ལ་ཁག་མི་འདུག མཛད་སྒོ་ཟབ་པའི་དུས་སུ། བོད་སྐད་ཀྱི་ཡི་གེ་དག་ཆ་གཞུང་ལུགས་ན་ཡོད་པ་བཞིན་དགོས། འདིར་ཡང་ཕལ་སྐད་གཙོ་བོར་བཟུང་སྟེ། གསུང་འཕྲིན་སྩལ་བ། གཞུང་དཔེ་དག་ན། སྩོལ་བའི་འདས་དང་མ་འོངས་གཉིས་ལ་སྩལ་ཡོད་ཀྱང་། དེ་གཉིས་ཀྱི་ཁྱད་པར་ད་ཡང་འཇུག་ཡོད་མེད་ཀྱིས་འབྱེད། དེས་ན་འདས་པ་ལ་ཡང་འཇུག་ད་ཡོད་པས། སྩལ་པ། ཞེས་པ་དགོས་ཏེ། སྩལ་ཞེས་པ་མ་འོངས་པ་ཡིན་ན། དགོངས་དག་ཞུ་བ་ལགས གཞུང་ལུགས་ན་གསལ་བ་ལྟར་རྟགས་ཀྱི་འཇུག་པ་མཛད་པོས་ཀྱང་།
་
ཕོ་ཡིས་ཕ་ཡི་མིང་མཐའ་དྲང་།
མོ་ཡིས་མོ་ཡི་མིང་མཐའ་དྲང་།
མ་ནིང་གིས་ནི་མ་ནིང་ངོ་།།
ཞེས་དང་།
ཉེ་བའི་རིགས་བདག་ལ་ཉེ་བའི་རིག་བདག་བྲིས་ཏེ། རིགས་དང་རིག་གཉིས་ཁ་སྐད་བཙན་པས་ཁྱད་པར་མེད་པར་བྱས་སོ།
ལ་དྭགས་བློ་བཟང་འཇལ་དཔལ་ལགས། སྔོན་བྱོན་མཁས་པས༼ཝར་ཎཱ་སི་༽ ཞེས་པའི་གོ་དོན་དེ་ཤེས་མེད་པར་མ་གསུང་རོགས། ཆུ་བོ་བ་ར་ན་དང་ཆུ་བོ་ཨ་སི་གཉིས་ཀྱི་བར་ན་ཆགས་པས་མིང་དེ་བོད་རང་བཙན་མ་ཤོར་སྔོན་ནས་དགེ་བཤེས་ཆོས་གྲགས་སོགས་ཀྱིས་ཝར་ཎའི་སྐོར་དེ་བརྩམས་ཏེ་དཔར་སྐྲུན་བྱས་ཡོད།
དེའི་ཕྱིར། ད་ལྟའི་ཝར་ཎའི་དགེ་སློབ་གང་རུང་དང་ཡང་ན་ལ་དྭགས་བོད་མི་ཞིག་གིས་ཝར་ཎཱའི་དོན་དེ་བོད་ཡིག་སྟེང་ཐོག་མར་བྲིས་ཡོད་པའི་ཁུངས་ཤིག་ཡོད་ན་ཁས་ལེན་འོས་ཤིང་དེ་མེད་པར་གུས་པས་འདོད་ཀྱིན་ཡོད། རྩེད་མོ། དགེ་བཤེས་ཆོས་གྲགས་ཀྱིས་བཀའ་བསྩལ་ལོ།།
རྔ་རྒོད་མཆོག་གིས་ཅི་ཞིག་འདོད། དོན་ལེགས་པར་མགོ་མ་ཚོས། འོན་ཀྱང་ཝཱ་རཱ་ཎ་སཱི་ཞེས་པ་མདོ་རྒྱ་ཆེར་རོལ་པ་སོགས་ན་ཡོད་པས། པཎ་ཆེན་དགེ་འདུན་གྲུབ་ཀྱིས་ཀྱང་ཐུབ་པའི་དབང་པོའི་རྣམ་ཐར་བདུད་དཔུང་ཕྱེ་འཐག་མ་ན། ཝཱ་རཱ་ཎ་སཱི་ཞེས་བྱའི་གནས་དེར་བྱོན། ཅེས་སོགས་མང་།
འོན་ཀྱང་། ཝ་རུ་ཎཱ་དང་ཨ་སཱི་སྟེ། ཆུ་བོ་གཉིས་ཀྱི་བར་ན་ཆགས་པས་དེ་ལྟར་མིང་ཐོགས་པ་ཐོས། དེ་ཡང་ལོ་ངོ་སྟོང་ཕྲག་འགའི་སྔོན་གྱི་གཏམ་ཞིག་ཡིན་ངེས། དིང་སང་ནི་ཨ་སཱི་ཞེས་པ་ཞིག་གྲོང་ཁྱེར་དེ་ཡི་ལྷོ་ནུབ་ཕྱོགས་ན་ས་གནས་ཤིག་ཡོད་ཀྱང་། ཆུ་བོ་ཡོད་པའི་བཤུལ་ཙམ་ཡང་མཐོང་དུ་མེད། ཆུ་བོ་གངྒཱའིཁ་ཕྱོགས་གྱུར་ནས། ཝཱ་རཱ་ཎ་སཱི་གྲོང་ཁྱེར་གྱི ལྷོ་ཉིད་ཀྱི་འགྲམ་དུ་གངྒཱ་སླེབས་ཡོད། ད་ལྟའི་གནས་སྟངས་ཀྱིས་གྲོང་ཁྱེར་འདི་ཉིད་ཆུ་བོ་གངྒཱ་དང་ཝ་རུ་ཎཱ་གཉིས་ཀྱི་བར་ན་གནས། ཝཱ་རཱ་ཎ་སཱི་ཞེས་མིང་འདོགས་པའི་དུས་ལ་ད་ལྟའི་གངྒཱ་ཡོད་པའི་གནས་སུ་ཆུ་བོ་ཨ་སཱི་ཡོད་དགོས། དེས་ན། ཝ་རུ་ཎཱ་དང་ཨ་སཱི་གཉིས་ཀྱི་སྒྲ་འགྱུར་ཚུལ་གྱིས་ཝཱ་རཱ་ཎ་སཱི་ཞེས་མིང་ཚིག་གཞན་ཞིག་བྱུང་། མིང་ལ་བརྟེན་ནས་མིང་གཞན་སྐྲུན་པ་ལ་སྒྲའི་སྟངས་བསྟན་བཅོས་ལེགས་པར་མི་ཤེས་ཀྱང་དེ་ལྟར་འབྱུང་ཚུལ་རགས་པ་ཙམ་ཤེས། དཔེར་ན། ཟས་གཙང་ལ་ཤུདྡྷོ་ད་ན་དང་། དེ་ཡི་སྲས་ལ་ཤོ་དྡྷོ་ད་ནི་ཀ་སྟེ། ཟས་གཙང་སྲས། ཞེས་པ་ལྟ་བུའོ། (ཤ་ལ་ན་རོ་གཉིས་བརྩེགས་དགོས་ཀྱང་གློག་ཀླད་འདིའི་ཐོག་ཏུ་བྱེད་མི་ཐུབ།)
་
བཀའ་བསྩལ་ལོ།། ཞེས་བོད་ཆོས་སྐད་ལ་གནོད་པ་འདིའི་རིགས་འབྲི་བ་ལས་མ་འབྲི་བ་དེ་ལེགས་པ་ཡིན་པ་རང་རེའི་རྣམ་འདྲེན་ཆེན་པོའི་བཞེད་པ་ཡིན་པ་རང་རེས་ཡིད་ལ་འཇོག་དགོས་སོ།
ལ་དྭགས་བློ་བཟང་འཇལ་དཔལ་ལགས། དགོས་མེད་ཀྱི་རྟགས་བསལ་འདྲ་བརྩད་ན་དེང་སང་༼སཱ་ར་ཎ་ཋི༽ ཞེས་པ་ཝཱར་ཎའི་ཁོངས་གཏོགས་མ་ཡིན་ཏེ་ཆུ་དེ་གཉིས་ཀྱི་བར་ན་མེད་པས་སོ་ཞེས་སོགས་བརྩད་བསྡད་ན་དུས་ཚོད་སྟོང་ཟད་རེད།
དང་བོར་བདག་ཅག་གི་སྟོན་པས་ཡུལ་ཝཱ་རཱ་ཎ་སི་ནས་བདེན་བཞིའི་ཆོས་འཁོར་བསྐོར་བའམ་ཡང་ཆོས་ཀྱི་བཀའ་སློབ་བསྩོལ་བ་ཞེས་དག་ཆ་འདི་བོད་ཀྱི་བརྡ་སྤྲོད་དང་མཐུན་པས་ང་ཚོས་དེ་ངེས་པར་བྲི་དགོས་སྙམ།
དཔེར་ན་ཁ་རྩང་ངས་གཙུག་ལག་ཁང་ལ་བསྐོར་བ་ཡིན་ཞེས་པ་དང་ཡང་ན་ཁ་རྩང་ངས་གཙུག་ལག་ཁང་ལ་སྐོར་བ་ཡིན་ཞེས་པ་གཉིས་བསྡུར་ནས་བརྡ་སྤྲོད་ལས་ལན་དུ་སྔ་མ་དེ་ལ་འགྲིག་རྟགས་དང་ཕྱི་མ་དེ་ལ་ནོར་རྟགས་ཡོད། དེ་བཞིན་དུ་ཁ་རྩང་གཟའ་ཉི་མར་༧ གོང་ས་མཆོག་གིས་བཀའ་སློབ་བསྩལ་བ་ཞེས་བྲི་ན་བརྡ་སྤྲོད་དང་མཐུན་པར་མ་ཟད་ཀློག་མཁན་རྣམ་པ་ཚོས་ཀྱང་བསྩལ་བྱའི་༧ གོང་ས་མཆོག་གི་བཀའ་སློབ་དེ་ཁ་རྩང་བསྩལ་བ་ལས་ད་ལྟ་སྩོལ་གྱིན་མེད་པར་ཤུགས་ཀྱིས་རྟོགས་སོ།།
གཅིག་གིས་བོད་ཀྱི་ཆོས་སྐད་དག་ཆ་བརླག་སྟོར་བྱེད་པར་འདོད། གཅིག་གིས་བོད་ཀྱི་ཆོས་སྐད་དག་ཆ་སྲུང་བར་འདོད། ཡིད་མ་ཆེས་ན། སྔར་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དག་ལ་ལྟ་ཐུབ་ན་རབ་ཡིན། དེ་འདྲ་མ་ཐུབ་ན་ཡང་། ཉེ་དུས་་ཀྱི་ཨ་མདོ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་ཡིག་ཆ་རྣམས་ལ་ཡང་དང་ཡང་དུ་བལྟས་ཏེ། རང་རེས་སེམས་ལ་ངེས་པར་བྱེད་དགོས་སོ།
འདི་ཡང་ངལ་གསོ་བྱེད་པ་ན་བྲིས། ལས་མང་པོ་ཞིག་བྱ་དགོས་པ་ཡོད།