ཤིང་ལོ།
བགྲེས་སོང་ཁུར་གྱིས་མ་ནོན་ཞལ་རས་ཟླ་བ།།
ལོ་ཟླའི་བགྲོད་པས་མ་ཚུགས་ཕེབས་བཞུད་ཡངས་པ།།
ལྷར་བཅས་སྲིད་ཞིའི་གཙུག་གི་རྒྱན་དུ་གྱུར་པ།།
དེ་རིང་འདོད་རྒུ་གླིང་དུ་དངོས་སུ་ཕེབས་བྱུང་།།
ང་ཆེ་ང་དྲག་བླ་དཔོན་རྒྱུ་འབྱོར་ཅན་དང་།།
ང་སྐྱོབ་ང་དགོས་འཚོལ་བའི་དམངས་དང་བཅས་པས།།
དར་དང་ཤིས་ཚིག་མེ་ཏོག་གསོལ་འདེབས་ཁྲོད་དུ།།
དགྱེས་འཛུམ་ཉི་མའི་སྣང་བ་མཆོག་ཏུ་བསྩལ་བྱུང་།།
ཆོས་འཚོང་དངོས་འཚོང་ལམ་གྱི་རིམ་པའི་མིང་དང་།།
དད་ལྡན་ཆགས་ལྡན་ངོ་ཤེས་འཛོམས་པའི་ར་བ།།
གང་ཞིག་གང་ལ་འཐོབ་པ་དགེ་དང་སྡིག་པ།།
མཁྱེན་དང་བརྩེ་བས་གཟིགས་ཀྱང་ཕྱག་གིས་བཏེགས་བྱུང་།།
མཛད་འཕྲིན་ཉི་མའི་བགྲོད་པ་གླིང་བཞིའི་འོད་དང་།།
རེ་བའི་མུན་པ་ཁུར་བའི་གཞིས་ལུས་དད་ལྡན།།
ཡུན་རིང་མ་འཕྲད་སྐྱོ་དང་སྡུག་གི་མིག་ཆུ།།
ཐུགས་སེམས་གཏིང་དུ་བཞག་ནས་ང་ཚོར་གཟིགས་བྱུང་།།
མེ་ལྕེའི་ཁྲོད་ཀྱི་འབོད་པ་དེ་རིང་ཕེབས་བྱུང་།།
ཆིག་སྒྲིལ་འགྲོ་བའི་བྱེད་པོ་ད་ནངས་ཕེབས་བྱུང་།།
ཞལ་ཆེམས་རེ་བའི་ནང་དོན་ད་ལྟ་ཕེབས་བྱུང་།།
གཞིས་བྱེས་སྙིང་གི་ནོར་བུ་འདི་ན་བཞུགས་ཡོད།།
ཡ་ཡ་ཡག་བྱུང་། འདི་ཉིད་ཁྱོད་ཀྱི་སྙན་ངག་ལ་རྒྱབ་བརྟེན་དུ་བཞག་པ་ཡིན་ལགས།
http://tibetanpen.org.in/index.php?option=com_content&view=article&id=1138&Itemid=18
དེ་རིང་ལམ་རིམ་ཆེ་འབྲིང་གཉིས་ཀྱི་གསུང་ཆོས་དབུ་ཚུགས་གནང་ཤིང་། དེ་ཡང་མདོ་ཕྱོགས་ཀྱི་དབང་དུ་བྱས་པའི་རྒྱལ་བའི་གསུང་རབ་སྤྱིའི་དགོངས་དོན་ཉམས་ལེན་གྱི་རིམ་པར་བསྒྲིགས་པ་ལམ་རིམ་ཆེན་མོ་དང་དེ་ལས་ལུང་འདྲེན་རྣམས་ཉུང་དུ་བཏང་བ་ལམ་རིམ་འབྲིང་། རྗེ་ཙོང་ཁ་བས་སྤྱི་ལོ་༡༤༠༥་ལོར་ལམ་རིམ་ཆེན་མོ་བརྩམས་པ་དང་སྤྱོ་ལོ་༡༤༡༥་ལོར་ལམ་རིམ་འབྲིང་བོ་བརྩམས། ཇི་ལྟར་བརྩམས་ཚུལ་གྱི་ཐད་ལ་ཐུའུ་བཀན་གྲུབ་མཐའ་ལས། བཤད་བྱ་ཁྱད་པར་དུ་འཕགས་པ་རྗེ་རང་ཉིད་ལ་རྗེ་བཅུན་འཇམ་དཔལ་དབྱངས་ཀྱིས་གནང་བའི་གདམས་པ་ལམ་གྱི་གཙོ་བོ་རྣམ་གསུམ་ལ་ཇོ་བོའི་མན་ངག་སྐྱེས་བུ་གསུམ་གྱིས་བརྒྱན་པ། འཆད་ཚུལ་ཁྱད་པར་དུ་འཕགས་པ་ལམ་གྱི་གོལ་ས་བཅད་ནས་ངོ་བོ་མ་ནོར་བ། གོ་རིམ་མ་འཁྲུགས་པ། གྲངས་ཆད་ལྷག་མེད་པ། བསྐུལ་བ་པོ་ཁྱད་པར་དུ་འཕགས་པ་མཁན་ཆེན་ཟུལ་ཕུ་བ་དང་། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། འབྲི་ཁུང་ཆོས་རྗེ་ལ་སོགས། གནས་ཁྱད་པར་དུ་འཕགས་པ་རྭ་སྒྲེང་རྒྱལ་བའི་དབེན་གནས། འཁོར་ཁྱད་པར་དུ་འཕགས་པ་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པའི་སྐྱེས་བུ་ཆེན་པོ་རྣམས་སོ། ཞེས་གསུངས། ལམ་རིམ་གྱི་གཞུང་དངོས་དང་འབྲེལ་བའི་བོད་ཀྱི་མཁས་གྲུབ་རིམ་བྱོན་གྱིས་མཛད་པའི་བརྩམས་ཆོས་ཕྱག་དཔེ་༢༥༤་ཙམ་བཞུགས། ད་ལམ་ཁྲིད་རྒྱུན་གང་ཡོད་ཕྱོགས་བསྒྲིགས་ཀྱིས་དེབ་གཟུགས་ལྔ་རེ་རིན་མེད་དུ་འབུལ་གནང་མཛད།
སྐལ་བ་བཟང་པོ་རེད།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ།
འཕགས་མཆོག་འཇིག་རྟེན་དབང་ཕྱུག །
མི་ཡི་གར་དུ་རོལ་བ། །
རྒྱལ་དབང་བསྟན་འཛིན་རྒྱ་མཚོར། །
སྒོ་གསུམ་གུས་པས་འདུད་དོ། །
ཤིང་ལོ་མཆོག་གི་སྙན་ངག་ཤིན་ཏུ་སྙན་བྱུང་། ཚར་མང་པོ་ཀློག་ཡོད་ད་དུང་ཀློག་བཞིན་ཡོད་། སང་ཉིན་མཆན་ཞིག་འབྲི་ཐུབ་ན་བསམ་བྱུང་།