འཇམ་དབྱངས་ནོར་བུས་བརྩམས།
བོད་བཙན་བྱོལ་གཞུང་གི་སྤྱི་མཐུས་གྲོས་ཚོགས་དང་། འཛིན་སྐྱོང་བཀའ་ཤག་གིས་༸གོང་ས་མཆོག་ལ་ཆབ་སྲིད་སྐུ་དབང་མི་བཞེས་རྒྱུའི་ཐག་གཅོད་དེ་ཡོངས་སུ་ཕྱིར་བསྡུ་གནང་ནས་སྔར་རྒྱུན་བཞིན་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་འགན་དེ་མུ་མཐུད་བཞེས་རྒྱུར་འབོད་བསྐུལ་གནང་བ་དེ་ནོར་འཁྲུལ་ཤོར་འདུག་སྙམ། ང་ཚོ་ཚང་མ་ཤེས་གསལ་བཞིན་ཁོང་ནི་ཐུགས་གཤིས་ཤིན་ཏུ་བརྟན་པོ་དང་། ཐུགས་ཐག་གང་བཅད་པ་དེ་ལ་འགྱུར་བའམ་ཕྱིར་བསྡུ་མི་གནང་མཁན་ཞིག་ཡིན།
བྱས་ཙང་། ཁོ་བོས་བསམ་འཆར་ཞིག་འཕུལ་འདོད་པ་ནི། བོད་གཞུང་གི་བཀའ་ཤག་གམ་སྤྱི་མཐུས་ལྷན་ཚོགས། ཡང་ན་ཐུན་མོང་གི་ཐོག་ནས་༸གོང་ས་མཆོག་ལ་བསྐྱར་དུ་ངོ་བཅར་ཞུས་ནས་འདི་ལྟར་ཞུ་དགོས། ད་ནི་ང་ཚོ་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱུང་སོང་བས། སྐུ་ཉིད་ནས་ལོ་ངོ་དྲུག་ཅུ་ལྷག་རིང་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། གཞུང་འཛིན་གྱི་འགན་ལྗིད་པོ་དེ་བཞེས་པར་བསྔགས་བརྗོད་ཞུ་རྒྱུ་དང་། ད་ནི་དུས་ཡུན་ལ་བལྟས་ན་ཆབ་སྲིད་ཀྱི་འགན་ཡོལ་ཞུས་རན་ཐག་ཆོད་འདུག དེར་མ་ཟད་ད་དུང་ཞུ་དགོས་པ་ནི། སྐུ་ཉིད་ནས་གསོལ་སྩལ་གནང་བའི་བོད་ཀྱི་དམངས་གཙོའི་སྤྱི་ཚོགས་འདི་ལམ་ལྷོངས་དང་བརྟན་དུ་ཡུན་གནས་ཆེད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་རྟགས་(Head of State) བཞེས་རོགས་ཞུ་དགོས། དེ་ལྟ་བུའི་གོ་གནས་དེར་ལས་འགན་ལྗིད་པོ་གང་ཡང་མེད་ཀྱང་། དམངས་གཙོའི་འགྱུར་འགྲོས་རྒྱུན་གནས་དང་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་ངེས་ཡིན།
ཁྱེད་རྣམས་ཀྱིས་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལམ་དབུ་མ་མུ་མཐུད་སྐྱོང་བའི་མུར་ནས་ད་ལྟའི་དཀའ་ངལ་སེལ་ཆེད་ནང་འགྲིགས་ཀྱི་ཚུལ་དུ་ཞུ་དགོས། གལ་སྲིད་ཁྱེད་རྣམས་ཀྱིས་གཡོ་རྒྱུ་དང་ཀར་ཀོར་མེད་པར་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་ཀྱིས་ཞུ་ཚེ། དབུ་མའི་ཐབས་ལམ་འདི་ལ་ཁོང་གིས་མཐའ་གཅིག་ཏུ་དོར་བར་མི་བྱེད་སྙམ།
གལ་སྲིད་ང་ཚོས་ཁོང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ཀྱི་འགན་བཞེས་རྒྱུའི་འབོད་བསྐུལ་དེ་འགྲུབ་མ་ཐུབ་ཚེ། ཁོ་བོའི་བསམ་པར་བཙན་བྱོལ་བོད་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཙམ་དུ་མ་ཟད། རང་བཞིན་གྱི་དཀའ་ངལ་ཞིག་འཕྲད་རྒྱུ་རེད། དཀའ་ངལ་འགའ་ཤས་ནི་བོད་ནང་དུ་ཙམ་མ་ཟད་བོད་ཀྱི་འཐབ་རྩོད་ལ་ཡང་གནོད་སྐྱོན་ཐེབས་ངེས་རེད། སྤྱིར་ང་རང་རྩ་ཁྲིམས་ཐོག་ལ་མཁས་དབང་ཞིག་མིན་པས་འོག་ཏུ་འགོད་རྒྱུའི་དོན་གནད་འདི་ཚོ་ལ་བཅོས་བསྒྱུར་དང་། ཁ་གནོན་ཡོད་ཚེ་དགའ་བསུ་ཞུ་རྒྱུ་ཡིན།
༡༽ གལ་སྲིད་༸གོང་ས་མཆོག་གིས་གསལ་བསྒྲགས་ཞུས་པ་གཞིར་བཟུང་གིས་དགོངས་པ་ཞུས་ཚེ། ང་ཚོས་གཞུང་གི་སྒྲོམ་གཞི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པར་གྱུར་ངེས་རེད། གལ་སྲིད་ང་ཚོར་རྒྱལ་ཁབ་ཀྱི་དབུ་ཁྲིད་ལོགས་སུ་མེད་ཚེ་ད་ལྟའི་གྲོས་ཚོགས་དང་སྲིད་བློན་ལམ་ལུགས་དེ་སོར་གནས་ཐུབ་ཀྱི་མ་རེད། ང་ཚོའི་གྲོས་ཚོགས་ལམ་ལུགས་འདི་ལྟ་བུའི་ནང་དུ་གཞུང་གི་དབུ་ཁྲིད་(Head of government)དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་(Head of state)གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཡོད། གཞུང་གི་དབུ་ཁྲིད་ནི་སྲིད་བློན་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་ནི། རྒྱ་གར་དང་ཧྥི་རན་སི་ལྟ་བུའི་ནང་དུ་སྲིད་འཛིན་དང། ཐཡེ་ལེན་ཌི་དང་ཨིན་ཇི་ལྟ་བུའི་ནང་དུ་རྒྱལ་པོ་དང། ཡང་ན་རྒྱལ་པོའི་སྐུ་ཚབ་ཀྱིས་སྤྱི་ཁྱབ་ཚོགས་གཙོ་འགན་བཞེས་པའི་ཁེ་ན་ཌ་དང་ཨོསི་ཊི་ལི་ཡ་ལྟ་བུ་ཡིན།
གལ་སྲིད་ང་ཚོའི་ད་ལྟའི་གཞུང་གི་ལམ་ལུགས་དེ་མུ་མཐུད་གནས་དགོས་ཚེ་༸གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་རྐྱང་པ་བཞེས་དགོས་པར་མཐོང་། དེ་ལྟར་མ་བཞེས་ཚེ་རྒྱ་གར་ནང་གི་སྲིད་འཛིན་ལྟ་བུ་ཞིག་ཟུར་དུ་འདེམ་དགོས་པའམ། ཡང་ན་ང་ཚོའི་གཞུང་གི་ལམ་ལུགས་དེ་ཨ་རི་ནང་གི་སྲིད་འཛིན་ལམ་ལུགས་ལྟ་བུ་ཞིག་ཏུ་ཡོངས་སུ་འགྱུར་དགོས་པ་རེད།
༢༽ དེ་ནས་དྲི་བ་གལ་ཆེན་པོ་གཞན་ནི། ཁྲིམས་མཐུན་ legitimacy ཞེས་པ་དེ་རེད། ང་ཚོའི་ད་ལྟའི་བཙན་བྱོལ་གཞུང་གི་འབྱུང་ཁུངས་ནི་ཕྱི་ལོ་ ༡༩༥༩ ཟླ་ ༠༣ ཚེས་ ༢༩ ཉིན་༸གོང་ས་མཆོག་གིས་ལྷུན་རྩེ་རྫོང་དུ་བོད་གཞུང་ཁྲིམས་མཐུན་ཞིག་བཙུགས་པའི་ཡོངས་གྲགས་གསལ་བསྒྲགས་བྱས་པ་དེ་ནས་བྱུང་བ་ཞིག་རེད། ཡོངས་གྲགས་གསལ་བསྒྲགས་འདི་ནི་རྩིས་དཔོན་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནང་དུ་གསལ་པོ་བཀོད་ཡོད། དེ་ཡང་གཡུལ་རྒྱལ་ལྷུན་རྩེ་རྫོང་ནང་དུ་བོད་ཀྱི་ཆོས་སྲིད་གཉིས་ཀ་ལ་དབང་བའི་རང་དབང་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་སླར་ཡང་གསར་འཛུགས་གནང་བར་བཀོད་ཡོད། རྒྱའི་གནོན་ཤུགས་འོག་གཞུང་ཞབས་ནས་རྩ་དགོངས་ཞུས་པའི་བློན་ཆེན་ཟུར་པ་ཀླུ་ཁང་པ་དང་། བློ་བཟང་བཀྲིས་གཉིས་གཞུང་འབྲེལ་ཐོག་སླར་ཡང་གོ་གནས་བསྐྱར་གསོ་གནང་།
གསལ་བསྒྲགས་འདི་ལྷུན་རྩེ་རྫོང་དུ་འདུས་པའི་གཞུང་གི་ལས་སྣེ་ཡོངས་དང་། དམག་མི། དེ་བཞིན་འདུས་ཚོགས་མི་མང་ཡོངས་ལ་ཀློག་འདོན་བྱེད། དེའི་མ་དཔེ་སྟེང་དུ་༸གོང་ས་མཆིག་གི་དམ་ཕྲུག་དང་མཚན་རྟགས་བཀོད་པ་དེ་བོད་ཁྱོན་ཡོངས་ཀྱི་རྫོང་གཞིས་ལ་བཏང་བ་རེད། གོ་གནས་གསོལ་སྩལ་གྱི་མཛད་སྒོའི་དབུ་འབྱེད་རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱིས་གནང་ཞིང་། མི་མང་གིས་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྲོ་གཞས་འཁྲབ་པར་བྱེད། མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ནང་དུ། དེ་ལྟ་བུའི་གསལ་བསྒྲགས་གནང་བ་ནི་ཕྱོགས་གཞན་རྒྱ་ནག་གིས་ལྷ་ས་ནང་གི་བོད་གཞུང་མེད་པར་བཟོས་པར་བསྒྲགས་པ་ལ་དེ་ལ་རྒོལ་ལན་ཆེད་དུ་ཡིན་ཞེས་བྲིས་གནང་འདུག
ཡོངས་ཁྱབ་ཀྱི་གསལ་བསྒྲགས་དེ་དུས་ད་ལྟ་བར་དུ་མུ་མཐུད་ནས་གནས་ཡོད། བཙན་བྱོལ་བོད་གཞུང་འདི་བོད་མི་སྐྱབས་བཅོལ་བའི་སྲིད་གཞུང་ཁོ་ན་མ་ཡིན་པར། བོད་གཞུང་ངོ་མ་ཚད་ལྡན་ཡང་རེད། བྱས་ཙང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་མཚན་གནས་དང་དམ་ཕྲུག་དུས་ད་ལྟ་བུ་དུ་ཉར་ཚགས་སྲུང་སྐྱོབ་གནང་བ་མ་ཟད། གལ་ཆེ་ཤོས་ནི་༸གོང་ས་མཆོག་དབུ་ཁྲིད་ལ་མུ་མཐུད་ཡོད་བཞིན་པ་དེ་རེད། དེ་འདྲ་མེད་ཚེ་བཙན་བྱོལ་གཞུང་དེ་བོད་གཞུང་ཚད་ལྡན་ཞིག་ཏུ་མཚོན་པར་བཤད་པ་དེ་༸གོང་ས་མཆོག་འཚོ་བཞུགས་སྐབས་སུ་ཡང་རྒྱལ་སྤྱིའི་སྟེང་དུ་སོར་གནས་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པར་མ་ཟད། མ་འོངས་པར་ཡང་མུ་མཐུད་གནད་མི་སྲིད། འོས་བསྡུའི་ལམ་ནས་བཙན་བྱོལ་གཞུང་འདེམས་པ་དེ་ཡང་བོད་ཕྱི་ལ་གནས་པའི་བོད་པའི་གཞུང་ཞིག་འདེམས་པ་ཞིག་ཏུ་འགྱུར་རྒྱུ་རེད།
༣༽ དེ་ནས་གནད་དོན་གཞན་ནི་བོད་ནང་གི་བོད་མིའི་གནས་སྟངས་སྐོར་རེད། བོད་ནང་དུ་སྐད་འབོད་ནང་འབོད་ཚིག་གཉིས་ཡང་སེ་འབྱུང་བཞིན་པ་ནི། ༸གོང་ས་མཆོག་བོད་ལ་ཕྱིར་ལོག་དགོས། ཞེས་པ་དང་། བོད་ལ་རང་བཙན་དགོས་ཞེས་པ་འདི་གཉིས་ཡིན། ཁོ་བོས་དགོས་འདུན་གྱི་འབོད་ཚིག་འདི་གཉིས་སྟབས་གཅིག་ཏུ་མ་སྒྲིག་འཁེལ་བ་ཞིག་ཏུ་ཡིད་ཆེས་བྱེད་ཀྱིན་མེད། རྒྱ་དམར་གྱི་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་འོག་ཏུ་ལོ་ངོ་བཅུ་ཕྲག་ནས་བཅུ་ཕྲག་དང་། ལ་རེ་ནས་ལོ་རེ་དང་། ཟླ་བ་ནས་ཟླ་བ་དང་། ཉིན་རེ་ནས་ཉིན་རེ་ལ་གསོན་པོར་འཚོ་ཐབས་བརྩོན་བཞིན་པ་རྣམས་ལ་མཚོན་ན། ༸གོང་ས་མཆོག་ནི་ཆོས་ཕྱོགས་ནས་བླ་མ་ཇི་སྙེད་ཅིག་ཡོད་པའི་ཁྲོད་ནས་རྩ་བའི་བླ་མ་ཙམ་དུ་མ་ཟད། ᨮᨕᩏ་᪄ᨑ་རང་དབང་གངས་ལྗོངས་ཀྱི་རྩོད་མེད་དབུ་ཁྲིད་དང་། གསོན་གནས་ཀྱི་མཚོན་རྟགས་ཡིན་པས། ཉིན་གཅིག་ལྗོངས་དེར་ཁོང་ཕྱིར་ལོག་ཡོང་བའི་ཡིད་ཆེས་བརྟན་པོ་ངང་གནས་ཡོད་པ་རེད།
ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༢༨ ཉིན།
ལྷན་ཐབས་ཟུར་མཆན།
༡༽ ༸གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ཤོག་གྲངས་ ༣༢༠
དེ་རྗེས་རྫོང་གི་ཚོམས་ཆེན་ནང་སེར་སྐྱ་དཔོན་རིགས་དང་། ས་གནས་ཀྱི་འགོ་བྱེད། གཞན་དག་མང་པོས་ཆོས་སྲིད་ཀྱི་དགོས་མཁོ་རྣམས་དང་བཅས་འཛོམས་ཐོག །ང་ཚོས་གནས་སྐབས་ཀྱི་གཞུང་གསར་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་རྣམས་བྱས་ཤིང་། གྲྭ་རིགས་ཚོས་ང་ཚོའི་སྔར་གྱི་ལུགས་སྲོལ་ལྟར་དབང་ཆའི་ལུང་རྟགས་རྣམས་སྤྲད་སོན་ཐོག །ཡོངས་འཛིན་རྣམ་གཉིས་ཀྱིས་དབུས་བླ་མ་ཚོས་མཛད་སྒོའི་སར་དགེ་ཞིང་ཤིས་པའི་ཆོས་ཀྱི་ཚིགས་བཅད་རྣམས་གསུངས། ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་ཟིན་བསྟུན་བཀའ་བློན་ཚོ་དང་། ས་གནས་ཀྱི་འགོ་ཁྲིད་ཚོ་ཚང་འཛོམས་སར་གནས་སྐབས་ཀྱི་གཞུང་གསར་པ་བཙུགས་པའི་ཁྱབ་བསྒྲགས་ཀྱི་ཡི་གེ་བཀླགས་ཁྱབ་བྱས་ཤིང་། དེའི་ངོ་བཤུས་བོད་ཀྱི་ས་ཁུལ་ཁག་ཏུ་གཏོང་རྒྱུར་ངོས་ཀྱི་དམ་ཕྲུག་ཕབ། མཇུག་ཏུ་ཁུལ་དེའི་བོད་མི་རྣམས་ནས་ང་ཚོའི་རྟེན་འབྲེལ་གྱི་ཟློས་གར་བྲོ་གཞས་འཁྲབ་སྟོན་གྱིས་མཛད་སྒོ་གྲོལ། ཞེས་འཁོད།
༢༽ ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་ཤོག་གྲངས་ ༥༣༩
སྡེ་སྲིད་སྣེ་གདོང་པའི་རྒྱལ་ཕྲན་དུ་གཏོགས་པ། བྱ་ཡུལ་༸གོང་མ་བསྟན་འཛིན་ནོར་བུ་དང་། ༸མི་དབང་མཚོ་སྐྱེས་རྡོ་རྗེའི་ཕོ་བྲང་གཡུལ་རྒྱལ་ལྷུན་རྩེ་རྫོང་ཞེས་སྙན་གྲགས་ཅན་དེར་ཟླ་ ༠༢ ཚེས་ ༡༧ ༼ཕྱི་ལོ་༡༩༥༩ ཟླ་ ༠༣ ཚེས་ ༢༦༽ཉིན་ཆིབས་བསྒྱུར་གྱིས་ལྷ་སར་རྒྱ་དམག་ནས་དགའ་ལྡན་ཕོ་བྲང་པའི་གཞུང་རྩ་མེད་བཟོས་ཚུལ་ཁྱབ་བསྒྲགས་བྱས་པར་བརྟེན་བོད་མི་མང་གི་སེམས་ཀྱི་རྟེན་གསོ་ལྟ་བུར་གནས་སྐབས་ཀྱི་གཞུང་ཞིག་གསར་འཛུགས་གནང་བར། ལྷུན་རྩེ་རྫོང་ཤོད་དྲུང་འབྱོར་རྒྱས་པ་གཉིས་ནས་རྩོལ་བ་ཆེན་པོས་བཞུགས་ཁྲི་ཁྲི་ཆས་དང་། སྟོན་ཆེན་དཀར་སྤྲོ་སྤམ་མཐོ། སེར་སྦྲེང་སོགས་གྲོང་གསེབ་ལུང་ཁུག་ལ་དཔག་པས་མཛད་སྒོའི་ཉེར་བསྡོགས་མ་ཚང་བ་མེད་པ་བསྒྲིགས་བཤོམས་བསྟར་བའི་ཚོམས་ཆེན་དུ་གཞུང་སྲོལ་མཛད་སྒོ་གནང་སྟེ་༸སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ནས་༸གོང་ས་ཆེན་པོར་བརྟན་བཞུགས་ཞབས་བརྟན་དང་འབྲེལ་བས་མཎྜལ་ལྗགས་བཤད་དང་། བདེན་ཚིག་ཤིས་སྨོན་རྒྱས་པར་མཛད་རྗེས། མི་མང་འདུ་འཛོམས་སར་བཀའི་ཕྱིང་སང་རྣམས་ནས་བར་ལམ་གྱི་ཡོང་རྐྱེན་གསལ་བཤད་ཐོག་ནས་གནས་སྐབས་དགའ་ལྡན་ཕོ་བྲང་པའི་གཞུང་གསར་འཛུགས་དང་། ཞི་དྲག་གི་བྱེད་སྒོ་རྣམས་ཁྱབ་བསྒྲགས་གནང་བ་དང་ཆབས་གཅིག་བོད་ལྗོངས་རྒྱ་ཁྱབ་ཡོངས་ལ་བཀའ་ཤག་ནས་དྲིལ་བསྒྲགས་བཀོད་རྒྱ་འདི་འདྲ་ཞིག་འགྲེམས་སྤེལ་མཛད་འདུག ཅེས་འཁོད།
ཕབ་སྒྱུར་བས། ཁོ་བོས་སྙིང་སྟོབས་ལྡན་པའི་ཉམས་ཞིབ་པ་དང་འཐབ་རྩོད་པ་འཇམ་དབྱངས་ནོར་བུའི་དཔྱད་རྩོམ་ཞིག་ལས་ཟུར་འདོན་གྱིས་ཕབ་བསྒྱུར་ཞུས་དགོས་དོན་ནི། དེང་སང་ང་ཚོ་བོད་རིགས་མང་ཆེ་བ་རྩ་ཁྲིམས་བསྒྱུར་བཅོས་སྐོར་ལ་ཚ་ཚ་འུར་འུར་བསམ་ཚུལ་སྤེལ་བཞིན་པ་ལ་དམིགས་པ་མ་ཟད། ཁོང་གི་དཔྱད་རྩོམ་མང་ཆེ་བ་ནི་ཨིན་ཡིག་ཐོག་ཡོད་ཅིང་། དེར་བགྲོ་གླེང་ཞིག་བྱེད་ཐུབ་ན་བསམས་ཏེ་བསྒྱུར་བ་ཡིན་གྱི། བྲིས་རྩོམ་གྱི་ནང་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པའི་ཐོག་ནས་བྲིས་པ་ཞིག་མིན་ཞེས་ཐོག་མ་ནས་གསལ་བཤད་ཞུ་རྒྱུ་ཡིན། བོད་རིགས་དང་མི་རིགས་གཞན་གྱི་བྲིས་རྩོམ་སྐད་ཡིག་འདྲ་མིན་ནང་ཡོད་པ་ཕབ་སྒྱུར་གྱིས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱེད་པ་ནི་དེང་གི་དུས་སུ་འབྲེལ་ཟམ་ལྟ་བུར་གྱུར་པར་མཐོང་ནས་རྩོམ་རིགས་འདྲ་མིན་སྒྱུར་ཐབས་ལ་བརྩོན་བཞིན་ཡོད།
༢༠༡༡་༠༥་༡༥ ཉིན་ལྡན་མ་བྱམས་པ་ཆོས་དབང་གིས་བྲིས་པའོ། །
བོད་ཀྱི་རྩོམ་པ་པོ་ཞིག་གི་མིང་ཐོག་ནས་རང་གི་བསམ་ཚུལ་གནད་འགག་གི་སྐབས་སུ་བཏོན་པ་བཟང་གི ད་ཐེངས་ཀྱི་དཔྱད་གཏམ་འདིའི་ནང་དུ་ཁ་ཚ་དགོས་གཏུག་ལྟ་བུའི་ཚིག་ཁ་ཤས་འདུག གཞན་རྩོམ་ཡིག་འདི་ཁོ་རང་གིས་བྲིས་པ་དང་རང་གི་སྐད་ཡིག་ཐོག་ནས་སྤེལ་བ་ཡིན་ནམ། གང་ལྟར་ནང་དུ་ཡིག་ནོར་རམ་གཏགས་ནོར་ཁག་ཅིག་འདུག་པས་ལབ་ཡིན།
༄༅། །མཁས་དབང་འཇམ་དབྱངས་ནོར་བུ་མཆོག་གིས་དུས་ཐོག་གནད་དུ་འཁེལ་བའི་དགོངས་འཆར་ལྷུག་པོར་གནང་བ་ནི་བོད་དང་བོད་མི་རིགས་ལ་ཤ་ཚ་དང་དུང་ཞེན་ཡོད་པའི་རྟགས་སུ་ཆེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འཇམ་དབྱངས་ནོར་བུ་མཆོག་གིས་ “གལ་སྲིད་ང་ཚོས་ཁོང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ཀྱི་འགན་བཞེས་རྒྱུའི་འབོད་བསྐུལ་དེ་འགྲུབ་མ་ཐུབ་ཚེ། ཁོ་བོའི་བསམ་པར་བཙན་བྱོལ་བོད་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཙམ་དུ་མ་ཟད། རང་བཞིན་གྱི་དཀའ་ངལ་ཞིག་འཕྲད་རྒྱུ་རེད། དཀའ་ངལ་འགའ་ཤས་ནི་བོད་ནང་དུ་ཙམ་མ་ཟད་བོད་ཀྱི་འཐབ་རྩོད་ལ་ཡང་གནོད་སྐྱོན་ཐེབས་ངེས་རེད།” ཅེས་པའི་སྡོམ་ཚིག་འདི་ཧ་ཅང་གནད་འགག་ཆེ་བས། བོད་མི་ཡིན་ནོ་ཅོག་དང་ལྷག་དོན་འཚོགས་ལ་ཉེ་བའི་ཚོགས་ཆེན་དུ་བཅར་མཁན་དང་། འབྲེལ་ཡོད་བཀའ་སྤྱི་ལྷན་རྒྱས་སོགས་ནས། ད་རེས་ཅིས་ཀྱང་ཐག་གཅོད་མ་ནོར་བ་ཞིག་བྱེད་མ་ཐུབ་ཚེ། མ་འོངས་པའི་བོད་མི་རིགས་ཀྱི་གནས་སྟངས་ཅི་འདྲ་ཞིག་ཆགས་མིན་ཉེན་ཁའི་གནས་སུ་མཐོང་།
ལོ་ཙཱ་བ་བྱམས་པ་ཆོས་དབང་གིས་མཁས་པ་འཇམ་དབྱངས་ནོར་བུ་ལགས་ཀྱི་ཆེད་རྩོམ་དུས་ཐོག་ཕབས་བསྒྱུར་གནང་པར་བཀའ་དྲིན་ཆེ་ཞུ། ད་དུང་དུས་ཁོམ་བྱུང་ན་རྩོམ་ཡིག་གཞན་པ་རེ་ཡང་སྒྱུར་གནང་བའི་རེ་བ་སྙིང་ནས་ཞུ།
༥༩དང་༧༩བར་གྱི་ལོ་རྒྱུས་གླེང་ན་དེང་འདིར་མི་འཚམ་ལ། ཆབ་སྲིད་ཀྱི་གོ་གནས་བཞག་ཚར་ནས་རྒྱལ་ཁབ་ཀྱི་དབུ་འཁྲིད་དུ་དགོས་ཚུལ་བཏོན། རྒྱལ་ཁབ་ཀྱི་དབུ་འཁྲིད་གནང་དུས་ཆོས་དད་ལོག་ནས་བེད་མེད་རྐྱང་རྐྱང་བྱས་ནས་བསྡད་པ་མ་རེད་པེ། ལགས།
༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་ནས་མང་མོས་འོས་འདེམས་བྱུང་བའི་འགོ་ཁྲིད་ཚོར་གསོལ་རས་བསྩལ་རྒྱུའི་སྐོར་ལ་འཇམ་དབྱངས་ནོར་བུ་ལགས་ནས་བཀའ་སྤྱི་གཉིས་ལ་དགོངས་འཆར་གསུངས་པའི་ནང་བོད་མི་མང་ལ་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་དོན་ཚན་ཡང་འགའ་ཤས་འདུག འོན་ཀྱང་ཁོང་གིས་ཨིན་ཇི་ནང་བྲིས་པ་མི་གཞན་ཞིག་གིས་བོད་ཡིག་ནང་བསྒྱུར་དགོས་ནྱུང་འདུག་པ་སྟབས་མ་ལེགས། འགྱུར་ཡིག་འདིའི་མིང་བྱང་ལ་(༸གོང་ས་མཆོག་རྩ་དགོངས་ཞུས་པ་ལས་འཕྲོས་པའི་)ཞེས་ཐ་སྙད་བེད་སྤྱོད་བྱས་པ་ནི་དེ་བས་ཀྱང་ཐབས་རྡུགས། ༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་ནས་བཟུང་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ནི་སྲིད་པས་བསྐོས་པའི་བོད་རྒྱལ་ཁབ་དང་མི་མང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་དེ་ཡིན་སྟབས་སུ་ལའང་དགོངས་པ་ཞུ་དགོས་པ་མེད་། སྲིད་པས་བསྐོས་པའི་ཆབ་ཀྱི་འགན་དབང་དེ་དགོས་པ་གལ་ཆེའི་དབང་གིས་མི་མང་གིས་བདམས་པའི་འགོ་ཁྲིད་ལ་གསོལ་རས་གནང་གི་ཡིན་ཞེས་གསུང་གནང་མཛད་པ་ལ་དགོངས་ཞུའི་ཐ་སྙད་སྦྱོར་མི་རུང་ཞེས་ཞུ།
མཁས་དབང་འཇམ་དབྱངས་ནོར་བུ་མཆོག་གིས་དགག་རྩའི་དུས་འདིར་དགོངས་ཚུལ་རྩོམ་ཡིག་འདི་ལྟར་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེས་མི་མང་པོའི་བློ་ཁ་འབྱེད་རྒྱུར་ཕན་ཐོག་ཡོང་ངེས་དང་། རྗེས་སུ་རྩོམ་ཡིག་འདྲ་གང་མང་སྤེལ་གནང་ཡོང་བ་ཞུ།
རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་མཆོག་གིས་དགག་རྩའི་དུས་སྐབས་དེར་བདག་ཚོར་དཔྱད་གཞི་འདི་འདྲ་ཞིག་གནང་བར་བཀའ་དྲིན་ཆེ།
མཁས་དབང་འཇམ་དབྱངས་ནོར་བུ་ལགས་ནས་ལོ་རྒྱུས་ཀྱི་གནད་བཀག་དང་་མི་མང་ལ་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་དཔྱད་རྩོམ་ལེགས་པོ་ཞིག་ངོ་སྤྲོད་བྱས་པར་བཀའ་དྲིན་ ཆེ་ཞུ་འདོད་བྱུང་། ང་ལྟ་བུ་ལ་འཕན་ཐོག་ཆིེན་པོ་འདུག་མུད་ཐུད་ནས་བོད་ཀྱི་རྒྱལ་རབ་སྐོར་གྱི་དཔྱད་ རྩོམ་གང་མང་དཔེལ་རོག་གནང།
འཇམ་དབྱངས་ནོར་བུས་རྩོམ་འདི་ཧ་ཅང་གི་གསར་བ་ཞིག་མ་རེད་ཟེར་རྒྱུ་དེ་ཡིན། གཅིག་ཧོར་གཙང་གིས་
གལ་སྲིད་གོང་མཆོག་མུ་མཐུད་དུ་བོད་མིའི་བློར་འདྲི་ས་མིན་ན་བོད་ཕྱི་ནང་གི་འབྲེལ་བ་དང་དཀའ་ངལ་གསར་བོ་བཤད་ཡོད། གཞན་༧གོང་ས་མཆོག་གིས་མུ་མཐུད་དུ་བོད་མིའི་དབུ་ཁྲིད་ཀྱི་མཚན་བཞེས་ཚུལ་སོགས་
གསལ་ལེ་རྒྱལ་སོགས་ཀྱིས་བྲིས་རྙིང་ཞིག་རེད་། དཔེར་ལེན་ས་དབྱུན་ཇི་རེད། འོན་ཀྱང་ཁྲིམས་ཀྱི་དབང་དུ་བཏང་ན་དབྱིན་ཇི་རྒྱལ་མོ་སྲིད་འཛིན་ལས་དབང་ཆེ་ཞེས་ཡིག་ཐོག་ལ་བཀོད་ཡོདཀྱང་དོན་ལ་སྲིད་འཛིན་གྱིས་ཐག་གཅོད་བྱེད་པ་ལས་རྒྱལ་མོ་དབང་ཆ་གང་ཡང་མེད། གཞན་དགའ་ལྡན་ཕོ་
བྲང་གི་མིང་འདི་ཡོད་ན་ཆོག་མེད་ན་རུང་བོད་ཕྱི་ནང་ལ་ཀུན་ལ་ཁྱད་པར་མེད། ངས་འཇམ་དབྱངས་ནོར་བུའི་
བཤད་པའི་རྩོམ་འདི་གོ་བ་གཅིག་ལོན་པ་ནི་༧གོང་ས་མཆོག་གི་མིང་འདི་བེད་སྤྱོད་མ་གཏོང་ན་བཙན་བྱོལ་གཞུང་འདི་བརྟན་པོ་མི་འོང་ཞེས་སྔོན་བརྡ་ཞིག་རེད་། དགོད་རྒྱུ་ཞིག་ལ་ལོ་མང་རིང་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ནས་དེ་རིང་འདིར་གོང་ས་མཆོག་ལ
དུང་དུང་གི་སྐད་ཆ་རེ་བཤད་པ་རང་སྐྱོན་ཁས་བླངས་པའི་མཁས་འདྲ་བོ་འདུག་་ལེགས་སོ
རྗེས་མའི་བཀའ་ཁྲི་འདིའི་་རིང་ལ་ཚོད་ལྟ་ཞོག་བྱོས། ད་ལྟ་རྒྱ་བ་རིན་པོ་ཆེ་མེད་པ་ནང་བཞིན་ལས་ཀ་བྱོས།
དེ་ནི་ང་ཚོའི་བཏམས་པ་རེད་ལ་མང་གཙོ་ཡང་རེད། རང་དབང་དང་འཇོན་ཐང་རང་གི་ལག་ན་ཡོད་པ་དེ་
བེད་སྤྱོད་གཏོང་དགོས། ལྷག་བསམ་དང་ཤེས་འཇོན་ཡོད་མཁན་གྱི་བཀའ་ཁྲི་ཡོད་བཞིན་དུ་རེ་བ་གཞན་
ལ་མ་བརྒྱབ་ན་བཟང་ངོ་། རང་རང་དགོད་འཆོར་གྱིན་འདུག།
གོ་སྐབས་རེ་ཤོར་བ་དང་མགོ་བསྐོར་རེ་ཐེབས་པ། བཙན་བྱོལ་གཞུང་གི་བཙའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་བཙའ་ཁྲིམས་ཟིན་བྲིས་ནང་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་གནས་དེའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་བཞེས་བཀོད་པ་ནས་བཟུང་བོད་མི་མང་པོ་ཞིག་གི་སེམས་ལ་རྨ་ཁ་དང་ཡིད་ནས་རེ་བལྟེས་བཅོལ་ཡུལ་མེད་པ་སྟོང་སྟོང་ལྷང་ལྷང་གི་འཚོ་བ་སྐྱུར་མོ་ཞིག་སྦྱིན་ཡོད་པ་ཀུན་གྱི་མཐོང་ཆོས་ཡིན།
རེད་ཡ་འདས་པའི་ལོ་རབས་དེ་དག་ལ་ཕྱིར་མིག་ཞིག་བལྟས་པ་ཡིན་ན་དངོས་སུ་མཐོང་བ་ནི་གོ་སྐབས་རེ་ཤོར་བ་དང་ལྷན་དུ་མགོ་བསྐོར་རེ་ཀྱང་ཐེབས་ཡོད་པ་མ་ཡིན་ནམ། གོ་སྐབས་ཤོར་མཁན་ནི་རྒྱལ་བོད་གཉིས་ཀ་ཡིན་ཀྱང་མགོ་བསྐོར་ཐེབས་མཁན་ནི་བཙན་བྱོལ་བ་ང་ཚོ་མིན་ནམ། ངས་འདས་པའི་ལོ་རྒྱུས་མང་པོ་མི་ཤེས་ཀྱང་ངེད་རང་བྱིས་པའི་སྐབས་ཞིག་ལ་རྒྱ་ནག་གི་དབུ་འཁྲིད་ཏེང་ཞོའོ་ཕིང་གིས་རང་བཙན་གྱི་སྐད་ཆ་མ་བཤད་ན་དེ་མིན་ག་རེ་བཤད་ཀྱང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཐུབ་ལུགས་ཞིག་བཤད་ཡོད།
གཅིག་བྱས་ན་དེ་ཡང་མགོ་བསྐོར་གཏོང་ཐབས་ཞིག་དང་བསླུ་ཁྲིད་བྱ་ཐབས་ཤིག་ཡིན་ངེས་ཀྱང་སྐབས་དེ་དུས་བཙན་བྱོལ་ནང་རང་བཙན་གཙང་མའི་ལངས་ཕྱོགས་ཞིག་བཟུང་ཡོད་པས་ཐ་ཀར་འབྲེལ་བ་བྱུང་མེད་པ་ནི་རྒྱ་བོད་གཉིས་ཀྱི་གྲོས་མོལ་གྱི་གོ་སྐབས་ཤིག་ཤོར་བ་རེད་སྙམ།
དེའི་དབང་ལས་བཙན་བྱོལ་ནང་ལྟ་སྒྲུབ་འདྲ་མིན་ཞིག་དར་མགོ་ཚུགས་དེ་ཡང་༼རང་བཙན་གཙང་མ་༽དང་། ༼རང་བདག་རང་གཅོད༽ ༼བདེན་པའི་དབུ་འཛུགས༽ ༼དབུ་མའི་ལམ་༽སོགས་མི་མང་ལ་འདེམས་ཀ་སྤྲད་པ་ཡིན། འོན་ཀྱང་སྐབས་དེ་དུས་ཀྱི་མི་མང་གིས་ཆབ་སྲིད་ཀྱི་གོ་མཐོར་ག་འདྲ་ཞིག་ཡོད་ངས་འགྲེལ་བརྗོད་བྱ་དགོས་མེད།
སེམས་ཤུགས་ནི་ད་ལྟ་ལས་ཆེ་བ་མེད་ནའང་ཆུང་བ་རྩ་བ་མེད། རིམ་པ་དེ་འདྲ་ཞིག་རྒྱུད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཐེབས་ནས་༼དབུ་མའི་ལམ་༽ནི་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ཞིག་ཏུ་གཏན་འབེབས་བྱས་པ་ནས་བཟུང་རྒྱལ་སྤྱིའི་ནང་ཕྱི་ཚུགས་ཀྱི་རྒྱབ་བསྐྱོར་མང་དག་ཞིག་ཐོབ་ཡོད་ཀྱང་རྩ་དོན་ལ་དམན་པའི་རྒྱབ་བསྐྱོར་ཞིག་ད་བར་དུ་རེག་མེད།
ཕྱི་ལོ་ ༡༩༩༥ གཡས་གཡོན་ནང་༼ལོ་དུས་གསལ་པོ་མ་ཤེས་༽ཡོ་རོབ་མཉམ་སྦྲེལ་ནས་རྒྱ་དམར་གནོན་ཤུགས་སྤྲད་དེས་དུས་ཚོད་ངེས་ཅན་ནང་བོད་ཀྱི་བདེ་དོན་ཆེད་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་བཀའ་མོས་མ་གནང་ན་བཙན་བྱོལ་གཞུང་དེ་ཁྲིམས་མཐུན་གྱི་གཞུང་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་བཤད་པས་རྒྱ་དམར་ལམ་སེང་གོ་སྐབས་དམ་འཛིན་བགྱིས་ནས་བཙན་བྱོལ་གཞུང་དང་འབྲེལ་བ་བྱས།
བཙན་བྱོལ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་གཞུང་གི་བཤད་པ་ལྟར་གྲོས་མོས་ཐེངས་དགུ་བར་རྒྱུད་ནས་གོ་སྐབས་དེ་ཤོར་དུ་བཅུགས་པ་མ་ཟད་མི་ལོ་མང་པོ་ཞིག་རིང་མགོ་བསྐོར་བཏང་ཡོད། འདི་ལོའི་བོད་གཞུང་གི་མཚན་བརྗེ་སྒྱུར་གྱི་བྱ་བ་དེ་ཡང་ངས་བལྟས་ན་ཡང་བསྐྱར་མགོ་བསྐོར་ཞིག་ཐེབས་ཀྱི་མེད་དམ་སྙམ་ནས་སེམས་པ་སྐྱོ་ཞིང་སྐྱོ་ཞིང་ཟིན་བྲིས་འདི་ཉིད་སྤེལ་བ་ཡིན་པས་ནོར་འཇོལ་ཡོད་ན་བཟོད་པར་མཛོད་ཅིག
ཨ་རོགས་བོད་པ་ཚང་།
ཁྱེད་བླུན་རྟགས་ཀྱི་སྐད་མ་ཤོད།
མཁས་དབང་འཇམ་དབྱངས་ནོར་བུ་མཆོག་གིས་བོད་མི་རིགས་ཀྱི་བདེན་དོན་བསམ་གཞིགས་ཀྱི་རྩོམ་ཡིག་འདི་བྲིས་པ་ལས་དགོངས་སེལ་དང་དུང་དུང་གི་སྐད་ཆ་མ་རེད།
ད་ལྟའི་ཆགས་འཇིགས་ཀྱི་གནས་སྟངས་འདི་ལས་སྐྱོབ་ཐབས་གནང་རྒྱུ་བོད་མི་སྤྱི་བོ་གནམ་སྟེང་ཡོངས་ལ་འོས་འགན་ཡོད་རེད།
བོད་པ་འགའ་ཞིག་གིས་བལྟས་ཚོ་ལ་འཇམ་དབྱངས་ནོར་བུ་དང་། ལྷ་བཟང་ཚེ་རིང་དང་། བསྟན་འཛིན་བརྩོན་འགྲུས་དང་། ཀླུ་མཁར་བྱམས་སོགས་ཀྱིས་བསམ་ཚུལ་བཏོན་སྐབས་ལམ་སེང་སྒྲོགས་རྐྱང་བྱེད་ནས་ནང་དོན་བདེན་པ་ཡོད་མེད་ལ་མ་ལྟོས་པར་ལམ་སེང་སྐྱོན་འཛུགས་བྱེད་པ་ནི་མི་རིགས་སྙམ། མཆན་འདེབས་པ་གཅིག་གིས་འཇམ་དབྱངས་ནོར་བུའི་རྩོམ་གྱི་བསམ་འཆར་དེ་གསར་པ་ཞིག་མིན་སྐད་གསུངས་འདུག གཅིག་བྱས་ན་དེ་ཡིན་ཤས་ཆེ། འོན་ཀྱང་ཁོང་གི་རྩོམ་དེ་ནི་ད་ལོ་ཕྱི་ཟླ་གསུམ་པའི་ནང་༸གོང་ས་མཆོག་གིས་དགོངས་ཞུའི་སྐོར་ལ་བཀའ་སློབ་གནང་མ་ཐག་ཏུ་ཁོང་གི་དབྱིན་ཡིག་ནང་དུ་དཔྱད་རྩོམ་བྲིས་པ་༼ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༢༦ ཉིན་བྲིས་༽ཞིག་ཡིན་པས་ཁྱེད་ཀྱིས་ཐད་ཀར་ཁོང་གི་དྲ་ཚིགས་ལ་ཐད་ཀར་བལྟས་ན་ཤེས་གསལ་རེད།
༸གོང་ས་མཆོག་ད་དགོངས་ཞུའི་་གནང
དགོངས་ཞུའི་་གནང དགོངས་ཞུའི་་གནང དགོངས་ཞུའི་་གནང ད་ནི་༸གོང་ས་མཆོག་་དཀའ་ངལ་་བོད་མི་རིགས་
དགོངས་ཞུའི་་གནང དགོངས་ཞུའི་་གནང དགོངས་ཞུའི་་གནང
དགོངས་ཞུའི་་གནང དགོངས་ཞུའི་་གནང དགོངས་ཞུའི་་གནང
དགོངས་ཞུའི་་གནང དགོངས་ཞུའི་་གནང དགོངས་ཞུའི་་གནང
དགོངས་ཞུའི་་གནང དགོངས་ཞུའི་་གནང དགོངས་ཞུའི་་གནང
ནོར་བུ་མཆོག་གིས་བོད་མི་རིགས་ཀྱི་བདེན་དོན་བསམ་གཞིགས་ཀྱི་རྩོམ་
འཇམ་དབྱང་ནོར་བུའི་འགྱུར་བ་འདི་ནི་ད་ལོའི་བཀའ་ཁྲིའི་འོས་བསྡུས་གྲུབ་འབྲས་དང་འབྲེལ་བ་མེད་དམ་བསམ།
འཇམ་དབྱངས་ནོར་བུའི་གོང་གི་བསམ་ཚུལ་ངས་ལོ་གཉིས་ཀྱི་ཡར་སྔོན་ནས་རིག་སོང་། གཞན་པ་ཁག་གཅིག་
གིས་ངས་འཇམ་ནོར་གྱི་བསམ་ཚུལ་གསར་བ་མ་རེད་ཟེར་བའི་གོ་དོན་ཁོང་ལ་སྐྱོན་བརྗོད་རེད་གསུང་གིན་འདུག་་་རང་བཙན་ཡང་འཇམ་ནོར་གྱི་ལྟ་བ་གསར་བ་ཞིག་རེད་ཅེས་གསུང་མཁན་སུུ་ཡིན་ན་བདེན་པ་མ་རེད།
བོད་རིགས་ལ་དུངས་པ་ཡོད་མེད་རྩོམ་གཅིག་དང་གཏམ་རེ་ཟུང་གིས་ཐག་གཅོད་མི་ཐུབ་སྙམ།
གཞུང་ཞེས་པའི་གོ་དོན་དབྱིན་ཐོག་ཇི་བཞིན་བྲི་ཐུབ་ན་བཟང་ཡང་རྒྱ་གར་གཞུང་ལ་མི་བརྟེན་རང་བརྟེན་རེད་
སྐྱོན་འདི་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་གང་རུང་གི་ཐོག་གཡུགས་ན་མི་འོས་པ་ཤེས་དགོས།
ཞོར་དུ་ཤེས་དགོས་པ་ཞིག་ལ་བོད་ཀྱི་རང་དབང་དང་འགྲོ་བ་མི་ཐོབ་ཐང་སོགས་གཙོ་བོར་བྱས་ནས་བོད་རང་
བཙན་ཤུགས་ཆེར་མ་གླེང་བ་ཡང་་གནད་དོན་འདི་ན་ཡོད་། ཁ་ནས་ཅི་ཡོང་དང་ལག་གི་གང་བྲི་ནུབ་ཕྱོགས་ན་ཡང་་རང་དབང་མིན། དེ་ཙམ་རེད།
གོང་དུ་མཆན་འདེབས་པོ་ཞིག་གིས་འགྱུར་གྱི་འགོ་བརྗོད་བཀོད་སྟངས་མི་འགྲིག་པ་གསུངས། ཡིན་ན་ཡང་། འཇམ་བྱངས་ནོར་བུ་རང་གི་དྲ་ཚིག་ནང་ལ་འདི་ལྟར་བཀོད་འདུག Resolving the Dalai Lama resignation Crisis
བྱམས་པ་ཆོས་དབང་ལགས། ཁྱེད་ཀྱིས་སྒྱུར་རྩོམ་སྐོར་གྱི་གནས་ཚུལ་ཁ་བརྡ་དྲ་བ་བརྒྱུད་ཤེས་རྟོགས་བྱུང་ཡང་། སྒྱུར་རྩོམ་ཐེངས་དང་པོ་དེ་རིང་བཀླགས་པ་ཡིན། ཁ་སྔོན་ཁ་བརྡ་དྲ་བའི་སྟེང་ཁྱེད་ཀྱིས་ཚན་རིག་ཤེས་བྱའི་འགྱུར་རྩོམ་ཡོད་པ་མཐོང་ལམ་དུ་གྱུར་ཀྱང། ད་བར་དུ་དཔེ་དེབ་ལག་ཏུ་མ་སོན་པར་ལུས། འོ་ན་ཁྱེད་ཀྱི་ཐབས་ལམ་གང་ཞིག་བེད་སྤྱད་བཞིན་ཡོད་དམ།