ཤར་ཕྱོགས་ཁུག་རྟ།
སྲིད་སྐྱོང་མཆོག་ཆིབས་ཞབས་སུ་ཕེབས་དགོས་དང་མི་དགོས་དེ་ད་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཀྱང་དགོངས་བཞེས་ཤིག་གནང་དགོས་པ་འདྲ། སྲིད་སྐྱོང་གི་ལས་ཡུན་ཆ་ཚང་༸གོང་ས་ཆེན་པོའི་ཆིབས་ཞབས་སུ་འབྲངས་ནས་ངོ་སྤྲད་དེ་འདུག་དགོས་ཤར་ཚེ། མི་མང་ལ་སྲིད་འགན་རྩིས་སྤྲོད་གནང་བ་དེ་ཏག་ཏག་ཅིག་འཁྱོག་གི་མེད་པའི་རྟགས་རེད། ༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་༸གོང་ས་མཆོག་གིས་མ་གནང་ཐབས་མེད་རིགས་ཕུད་༸གོང་ས་ཆེན་པོར་རྒྱབ་བསྙེས་ནས་འདུག་སྟངས་འདི་ཡག་པོ་མ་རེད་ལ། མི་མང་ནང་དུའང་འདི་ལ་མཐོང་ཚུལ་སྣ་ཚོགས་པ་ཡོང་གི་ཡོད་པ་དེ་༸གོང་ས་ཆེན་པོར་ཅི་ནས་ཀྱང་སྙན་གསེང་ཞུ་དགོས་ཀྱི་འདུག
སྲིད་སྐྱོང་མཆོག་མགོ་སྟོད་ཆིབས་ཞབས་སུ་སྐད་བཏང་སྟེ་མི་གསར་པ་ཡིན་སྟབས་ངོ་སྤྲོད་གནང་བ་དེ་༸གོང་ས་མཆོག་རང་གིས་དགོངས་པ་བཞེས་ཏེ་ཐུགས་ཐག་བཅད་པ་རེད། ཡིན་ནའང། དེང་སང་སྲིད་སྐྱོང་གི་དུས་ཡུན་ལོ་གསུམ་རྫོགས་ལ་ཉེ་སྐབས་ད་དུང་ངོ་སྤྲོད་བྱས་ཏེ་༸གོང་ས་ཆེན་པོར་རྒྱབ་བསྙེས་ཏེ་འདུག་པ་འདི་ཡག་པོ་ཁྱོན་ནས་མ་རེད་སྙམ།
མང་གཙོའི་འགྲོ་ལུགས་ནང་སྐབས་རྗེས་མའི་སྲིད་སྐྱོང་ལ་དམིགས་ནས་༸གོང་ས་ཆེན་པོའི་ཆིབས་ཞབས་བེད་སྤྱོད་ཀྱིས། ༸གོང་ས་ཆེན་པོས་བསྟོད་བསྔགས་རེ་ཨེ་གནང་བསམས། མི་མང་ནང་བག་ཆགས་རེ་འཇོག་ཨེ་ཐུབ་དགོངས། ངོ་ཐོག་རྩ་དོན་ཐོག་ཅི་གང་བསྟན་རྒྱུ་མེད་པར་བསྡད་ན་རི་བོང་རྡི་བརྫུས་རང་རེད་འདུག་ལ། རྒྱལ་སྤྱི་དང་རྒྱ་ནག་ཕྱོགས་ནས་ཀྱང་༸གོང་ས་ཆེན་པོའི་སྲིད་འགན་རྩིས་སྤྲོད་ལྷག་བསམ་རྣམ་དག་ཡིན་མིན་ལ་ཁ་དཀྲི་ས་དང་སྐྱོན་བརྗོད་བྱེད་གཞི་ཞིག་ཀྱང་ཆགས་ཉེན་འདུག་པ་མ་ཟད། གཞིས་ལུས་རྒྱ་ཆེའི་མི་མང་ལའང་ལ་དག་གི་མེད་པས། འདི་རིགས་ད་ནས་བཟུང་མ་དགོས་པ་གཙོ་འདོན་གནང་རྒྱུ་དེ་གལ་ཆེན་རེད།
སོ་སོས་ཁས་བླངས་དམ་བཅས། གང་མིན་ཚད་བྱེད་ཀྱི་ཡིན་ཞེས་ཡར་སླེབས་པ་ཡིན་སྟབས། ད་བྱེད་རྒྱུ་མེད་ན་མ་གཏོགས་བྱེད་དགོས་པ་རེད། བྱེད་མི་ཐུབ་ས་ཞིག་དང་འཕྲད་ན་འབད་བརྩོན་བྱས་ཀྱང་བྱུང་མ་སོང་ཞེས་མི་མང་ལ་གསལ་བཤད་གནང་དགོས་པ་རེད། དེ་ལྟར་བྱས་ན་མི་ཞིག་གི་འགྲོ་སྟངས་ཏག་ཏག་ཆགས་ཀྱི་ཡོད་པ་རེད། དེ་མིན་ད་དུང་༸ཆིབས་ཞབས་སུ་བཙན་བཅར་གྱིས་༸གོང་ས་ཆེན་པོའི་འཁྲིས་ནས་རྐུབ་སྟེགས་ཤིག་ཨེ་རེག་ལྟ་བ་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱི་མིག་ལམ་དུ་ཁྲེལ་བའི་རྒྱུ་རུ་འགྱུར་རྒྱུ་གསལ་བོ་རེད་ལ། ༸གོང་ས་ཆེན་པོའི་ཐུགས་ལ་ག་རེ་དགོངས་ཀྱི་ཡོད་མེད་ལའང་བསམ་བློ་གཏོང་དགོས་པ་རེད།
སྲིད་སྐྱོང་གི་ལས་ཡུན་ནང་སྲིད་སྐྱོང་ཐོབ་མཁན་གང་ཟག་རང་ཉིད་ཆེན་པོ་རྫིག་པོ་དང་མ་འོངས་པའི་ལམ་ཁ་འདྲ་མིན་ལ་དམིགས་ནས་རང་ཉིད་གཙོ་བོ་ཡིན་པའི་ཕྱག་ལས་རྐྱང་རྐྱང་གནང་བསྡད་ན་༸གོང་ས་མཆོག་དང་བོད་མི་མང་གི་བཀའ་དྲིན་འོག་གནང་ཐུབ་ཀི་རེད་དེ། དེ་ལྟར་གནང་ན་བོད་གངས་ཅན་གྱི་ལྷ་མི་དམ་ཚིག་ཅན་ཕྱོགས་རིས་དང་བྲལ་བ། རྣམ་དཔྱོད་ལྡན་པ། སྤྱི་སེམས་ཅན་དག་གིས་ནམ་ཡང་ངོས་ལེན་མི་ཐུབ་པ་གསལ་བོ་ཡིན་སྟབས་ཕྱོགས་ཚང་མར་དགོངས་པ་ཡག་པོ་བཞེས་དགོས་ཀྱི་འདུག ༸གོང་ས་ཆེན་པོས་ཀྱང་རྗེས་མ་ནས་དམིགས་བསལ་ཅན་དང་མེད་ཐབས་མེད་རིགས་ཕུད་ཆིབས་ཞབས་སུ་མ་ཁྲིད་རོགས་ཞེས་ཀྱང་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང། སྲིད་སྐྱོང་མཆོག་གིས་ཀྱང་རྒྱ་ཆེའི་མི་མང་འདུ་འཛོམས་ཆེ་ས་དང་གསར་འགྱུར་རྒྱུད་ལམ་གྱི་མཐུན་རྐྱེན་ཡོད་ས་ཚང་མར་ཕྱི་དྲིལ་བཀའ་བློན་ཡང་སྲིད་སྐྱོང་རང་གིས་གནང། བདེ་སྲུང་བཀའ་བློན་ཡང་སྲིད་སྐྱོང་རང་གིས་གནང། ས་གནས་དོན་གཅོད་ཁག་ཀྱང་སྲིད་སྐྱོང་རང་གིས་གནང། ས་གནས་བོད་རིགས་ཚོགས་པ་ཁག་ཀྱང་སྲིད་སྐྱོང་རང་གིས་གནང་བསྡད་ན་ཉིན་ཞིག་རི་ལུགས་པ་ཐག་པས་མི་འདུམ་པ་ཞིག་ཏན་ཏན་ཡོང་ངེས་སྟབས་དགོངས་བཞེས་གནང་གལ་ཞེས་ཞུ་ཐལ་ཤོར་སོང།།
༢༠༡༤། ༣། ༩། དེ་རིང་ཕྱིར་བཞུགས་སྒར་དུ་ཆིབས་བསུ་གྲུབ་མཚམས་ཤར་མར་བྲིས།། གཟའ་ཉི་མར།།
དཔལ་ལྡན་སྲིད་སྐྱོང་མཆོག་ལ་༧གོང་ས་མཆོག་གིས་ཀྱང་ཡང་ཡང་བསྟོད་བསྔགས་གནང་བ་ཐེངས་ཁ་ཤས་ཞིག་ལ་གོ་མྱོང་། ང་རང་སྒེར་ངོས་ནས་ཀྱང་ཁོང་གི་ཕྱག་ལས་གནང་སྟངས་བརྟན་པོ་དང་སྒམ་པོ་ཁྲིམས་ལུགས་གཙོར་འདོན་བྱས་ནས་གནང་གི་ཡོད་པ་ལྟ་བུ་ཞིག་མཐོང་སོང་བས་སེམས་སྟེང་ནས་བསྔགས་བརྗོད་བྱེད་ཀི་ཡོད། ལྷག་པར་དུ་སྲིད་སྐྱོང་མཆོག་ལོ་འགའ་ཤས་རྗེས་བརྗེ་བོ་རྒྱག་ནས་འགྲོ་ཀི་རེད། འཇོན་ཐང་ཡོད་མཁན་སུས་ཀྱང་སླེབས་ཆོག་གི་རེད། དེར་བརྟེན་ང་ཚོའི་སྤྱི་ཚོགས་ནང་རྒྱལ་ཁབ་གཞན་གྱི་སྲིད་འཛིན་སྲིད་སྐྱོང་ལ་མཐོང་ཆེན་པོ་དང་གུས་ཞབས་ཧ་ཅང་ཆེན་པོ་གནང་བའི་གོམས་གཤིས་ཡོད་མོད་རང་རང་སོ་སོའི་དབུ་ཁྲིད་དང་སྲིད་སྐྱོང་ལ་དེ་འདྲའི་གོམས་གཤིས་མེད་པ་དེ་ཧ་ཅང་གི་ཐབས་སྐྱོ་བོ་ཞེ་དྲགས་རེད། སྐྱོན་དེ་རྐྱེན་གྱིས་ང་ཚོ་ལ་ད་ལྟའི་སྡུག་བསྔལ་འདི་བྱུང་བ་རེད། དེང་ཕྱིན་སྲིད་སྐྱོང་ལ་སུས་སླེབས་ཀྱང་སླེབས་ཚར་བའི་ཉིན་ནས་བཟུང་ལས་འགན་མ་རྫོགས་པར་དུ་ང་ཚོའི་རྒྱལ་བོ་ཟེར་ན་སྲིད་འཛིན་ཟེར་ན་སྲིད་སྐྱོང་ཟེར་ན་བོད་རྒྱལ་སྲོང་བཙན་སྒམ་པོ་ལྟ་བུའི་མཐོང་ཆེན་སྤྲད་ནས་གུས་ཞབས་བླ་མེད་གནང་བའི་གོམས་གཤིས་ཞིག་བྱུང་ན་ད་བཟོད་འགྱེལ་ས་ནས་ལངས་ཐུབ། ཤར་ཁུག་ལྟ་བུ་འགའ་ཤས་ཀྱིས་སྐད་ངན་རྒྱབ་ཆོག་ཀྱང་ཁ་སང་དེ་རིང་ལྟ་བུ་ལ་ཤིན་ཏུ་མི་འོས་ཀི་ཡ།དོལ་ཚོགས་ཀྱིས་སྐད་ངན་བརྒྱབ་པ་ཡང་ཧ་ལས་དགོས་མི་འདུག་ ཁོང་ཚོའི་གདོང་རས་ངོ་མ་ལྷང་ས་བུད་ན་ཏག་ཏག་རེད། ཁྱི་སྤྱང་ལག་སྦྲེལ་གྱི་གདོང་རས་བོད་ཆོལ་ཁ་གསུམ་ལ་ལྷང་ལ་བུད་ད་བུད་འཛམ་གླིང་མི་དམངས་མདུན་ལྷང་ལ་བུད་ཚར་རེད། ཞིབ་འཇུག་པ་ཚོས་ཞིབ་འཇུག་གནང་གི་རེད། དོལ་རྒྱལ་བསྟེན་ཡ་དེ་ཆོས་མ་རེད་ལྷ་གསོལ་ཀླུ་གསོལ་ཙམ་རེད་ཅེས་༧གོང་ས་མཆོག་གིས་གསུང་སོང་ང་། ད་དེའི་ཐོག་ལ་ཞིབ་འཇུག་གནང་ན་གནང་རིན་ཡོད་པ་རེད་དོ།།
ཁུག་རྟའི་ངན་པས་སྲིད་སྐྱོང་ལ་སྐྱོན་བརྗོད་མཚམས་བཞག་ན་ཡག་
༸གོང་ས་མཆོག་ག་བ་ཕེབས་ཕེབས་ས་ལ། སྲིད་སྐྱོང་མཆོག་ཕེབས་ནས། སྤྱི་དོན་ལེགས་པ་འོང་བགྱིད་ཡོད་ན། ངེས་པར་དུ། ག་ཚོད་ཐུབ་ཐུབ་༸གོང་ས་མཆོག་གོ་རྗེས་སུ་ཕེབས་རོགས་གནོངས། སྲིད་སྐྱོང་བློ་སེང་ལགས།
གང་ལྟར་སྲིད་སྐྱོང་གོང་ས་མཆོག་དང་མཉམ་དུ་འགྲོ་ཡི་འདུག་ཅེས་སྐྱོན་བརྗོད་བྱེད་པ་ནི་སྐྱོན་བརྗོད་གཞན་བྱེད་རྒྱུ་བརྙེད་པར་གང་བྱུང་གི་སྨྱོ་གཏམ་ཞིག་རེད། སྲིད་སྐྱོང་གོང་ས་མཆོག་གི་ཆིབ་ཞབས་སུ་བཅར་བར་སྐྱོན་ཅི་ཞིག་ཡོད་པ་རེད། གོང་ས་མཆོག་གི་ཆིབ་ཞབས་སུ་བཅར་བ་ཙམ་གྱིས་གོང་ས་མཆོག་ལ་རྒྱབ་སྙེས་པ་རེད་ཟེེར་ན་བདེན་པའི་གཏམ་ཞིག་མ་རེད་ལ། ལར་ནས་གོང་ས་མཆོག་ནི་ནམ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པས་ཁོང་ལ་རྒྱབ་སྙེས་མི་རུང་དོན་ཅི་ཡོད། གཞན་ཡང་སྲིད་སྐྱོང་གོང་ས་མཆོག་དང་ལྷན་དུ་སོང་ན་གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་བ་དེ་ལྷག་བསམ་རྣམ་དག་མིན་པ་ཇི་ལྟར་མཚོན་པ་རེད། ཁ་བྱང་དེ་ཡང་གོ་རྒྱུ་ཡོད་པ་ཞིག་འབྲི་ཤེས་མི་འདུག་པས་ད་དུང་སྲིད་སྐྱོང་ལ་ཅིག་བཤད་ཁུལ་བྱེད་པ་ནི་སྙིང་རྗའི་གནས་རེད།
དྲ་འབུ་རྟེན་འབྱུང་ཟེར་བ་དེས་ཉོན་ཨ། སྤྱིར་བཏང་གཞན་དག་གིས་ཀྱང་སོ་སོའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་དེ་ཚོས་བྱེད་སྟངས་མ་འགྲིག་པར་ལས་གནས་ནས་རྒྱང་ཕུད་བཏང་བ་བརྩིས་མི་ཐོན་པ་ཡོད་པས། སྐུ་ཉིད་ཀྱིས་«རྒྱལ་ཁབ་གཞན་གྱི་ནང་སྲིད་འཛིན་དང་སྲིད་སྐྱོང་ལ་མཐོང་ཆེན་པོ་དང་གུས་ཞབས་ཧ་ཅང་ཆེན་པོ་གནང་བའི་གོམས་གཤིས་ཡོད་མོད» ཅེས་བསྡོམས་ཚིག་བཀོད་པ་དེ་ཡང་ཏག་ཏག་ཅིག་བསྡད་མི་འདུག་ཅེས་ཞུ་འདོད་བྱུང་། མ་གཞི་དམངས་གཙོའི་གཞུང་གང་ཡིན་ཀྱང་ཡུལ་དེའི་མི་སེར་དཀྱུས་མ་ཡང་མ་དེ་ཚོས་ཀྱང་མགོ་སྲིད་འཛིན་ནས་བཟུང་སྟེ་སྐྱོན་བརྗོད་བྱེད་ཆོག་པ་འདི་དམངས་གཙོའི་གཞུང་གི་ཁྱད་ཆོས་བླ་ན་འབར་བ་ཞིག་རེད། ངེད་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་འདི་ལ་མཚོན་ནའང་དམངས་གཙོའི་གཞུང་ཞིག་ཡིན་པས། སྲིད་སྐྱོང་མཆོག་གི་ཅི་མཛད་ལེགས་མཐོང་དགོས་པའི་ཁྲིམས་ལུགས་དེ་འདྲ་ཡོད་ཚོད་མི་འདུག དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱག་ལས་མཛད་སྟངས་མ་འགྲིག་ན་ངེས་པར་དུ་སྐྱོན་བརྗོད་དགོས་པ་རེད། དེའི་དགོས་པ་ནི། སྔར་བྱས་ལ་འགྱོད་སེམས་དང་ངོས་ལེན་དགོས་པ་མ་ཟད། ཕྱིན་ཆད་དེ་རིགས་མི་འབྱུང་བའི་ཐབས་ལ་བརྩོན་དགོས་པའི་བསྐུལ་མ་ཐེབས་པའི་ཆེད་རེད། མཚམས་འདིར་སླེབས་དུས་ངས་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་བའི་སྐད་ཆ་དུམ་བུ་ཞིག་ཡིད་ལ་འཁོར་སོང་། དེ་ཡང་ཁོང་གིས་བཀའ་བློན་ཁྲི་བའི་ལས་ཡུན་མ་རྫོགས་པའི་ཉིན་ཤས་སྔོན་མང་ཚོགས་ལ་གཏམ་བཤད་ཅིག་གི་སྐབས་གསུང་དོན་”བཀའ་ཁྲིའི་ལས་ཡུན་རིང་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཐུགས་ཆེ་རྒྱུ་ཡིན། རྒྱུ་མཚན་ཁོང་ཚོས་ང་ལ་ཡིད་ཆེས་དང་གདེང་འཇོག་ཚད་མཐོན་པོ་བྱས་པར་བརྟེན་ལས་བྱེད་སྐབས་སྤོབས་པ་སྐྱེ་ཞིང་ལས་དོན་ལམ་ལྷོང་ཡོང་བར་ཞེ་དྲགས་ཕན་ཐོགས་ཀྱི་འདུག དེ་ལས་བཟློག་ཏེ་ང་ལ་སྐྱོན་བརྗོད་མཁན་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན། ཁོང་ཚོས་སྐྱོན་བརྗོད་བྱས་པ་ལྟར་ནོར་འཁྲུལ་ཤོར་ཡོད་ཚེ་མང་ཚོགས་ལ་དགོངས་སེལ་དང་སྐྱོན་ཡོ་བསྲང་བྱེད་རྒྱུ་བྱུང་ཞིང་། གལ་ཏེ་ནོར་འཁྲུལ་མེད་ནའང་མང་ཚོགས་ལ་གསལ་བཤད་བྱེད་རྒྱུའི་གོ་སྐབས་ཐོབ་ཀྱི་འདུག འོན་ཀྱང་བར་དུ་བཏང་སྙོམས་སུ་སྡོད་མཁན་ཚོར་ཐུགས་རྗེ་ཆེ་རྒྱུ་མིན། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་དགོས་པའི་རྒྱུ་མཚན་མ་མཐོང་།”ཞེས་གསུངས་པ་མི་་ནམ། འོན་ཀྱང་ངེད་ཚོའི་སྲིད་སྐྱོང་ཁོང་ལ་གཞན་གྱིས་སྐྱོན་བརྗོད་པ་ལྟར་འཇུག་མིན་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།
ཕ་མས་བུ་ལ་གཅེས་ན། དེ་ལ་སྐྱོན་ཞིག་དང་མཚང་ཞིག་གང་ན་ཡོད། བུ་ངོ་ཆེན་དང་རྒྱུ་ཆེན་ཞིག་གིས་ཆགས་ན། ཕ་མའི་རེ་བ་འགྲུབ་པ་མ་ཡིན་ནམ།
གོང་ས་མཆོག་གིས་ཁོང་རང་གི་ངོ་ཤེས་ཁ་རྟ་ཚོ་བོད་མི་ལ་ངོ་སྤྲོད་དང་ལས་བཅོལ་བྱས་ན་ཅི་མ་འགྲིག་པ་རེད། ང་ཚོས་མྱི་ངོ་རྐྱང་འཚོས་ནས་ད་ལྟ་བར་དུ་བསྡད་པ་ལས་ཆབ་སྲིད་གནད་དོན་རང་ཐོག་ལ་ལེན་ནིའི་དཔའ་བོ་ཞིག་གང་ན་འདུག། མེད་ཙང་། སྣེ་མོ་དང་འབྲེལ་ཐག་ཡོད་ས་ནས་བཟུང་ན་སྲལ་ནི་རེད།
དགྱ་ཁུག་འདི་ལ་ཕྲག་དོག་ཚ་བ་ལ། སྲིད་སྐྱོང་ཁོང་ལས་གནས་ནས་བཏོན་པ་དང་། ད་རུང་ཁོང་བོད་རེད། ཁོས་བོད་ལ་ཕན་ཐོག་པའི་ལས་ཀ་ལས་འི་ཡོད་རྒྱུ་རེད། མྱི་འདི་འདྲ་ལ་གོ་སྐབས་དང་ནུས་བ་ཡག་པ་རག་ན་བཟང་གི་མོ། བོད་ལ་མྱི་ཆེན་ངོ་ཆེན་མེད་པར་དཀའ་ངལ་ཡོད་པ་ལས། གངས་སྐྱིད་ན་ལྟོ་ཕོག་ལེན་ནི་མེད་པར་དཀའ་ངལ་ཡོད་པ་མ་རེད།
ར་མ་འཕགས་ན་ར་ཁང་རྫོག་ནི་མ་རེད་ཟེར། མི་རྫོག་ན་འཕག་རོགས་རེ་རྙེད་ན། ར་ཁང་གཏོར་བར་ཤུགས་རག་ན་ཐང་མོ། ངུ་འི་མ་འདུག། ༧གོང་ས་མཆོག་ཐུགས་རྗེ་ཆེ། སྲིད་སྐྱོང་གིས་རིག་པ་སྒྲིམ།
དགྱ་བྱའི་སྐད་ཆ་འདི་ལ་སྙང་བོ་མི་འདུག། ལྷ་ཁེར་མོ།
སྐུ་མདུན་ལ་རེ་མི་དགོས་ཟེར་ན་ཅི་རྫོ་་ལས་ཡིན་པ་རེད།
ངོ་དེབ་ནང་གི་དེ་འདི་དང་ཅུང་འདྲ་བོ་མི་འདུག༸གོང་ས་མཆོག ང་ཚོའི་སྲིད་སྐྱོང་ལགས་ཆིབས་ཞབས་པ་ཞིག་ཆགས་གྲབས་འདུག
ཤར་ཕྱོགས་ཁུག་རྟ།
སྲིད་སྐྱོང་མཆོག་ཆིབས་ཞབས་སུ་ཕེབས་དགོས་དང་མི་དགོས་དེ་ད་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཀྱང་དགོངས་བཞེས་ཤིག་གནང་དགོས་པ་འདྲ། སྲིད་སྐྱོང་གི་ལས་ཡུན་ཆ་ཚང་༸གོང་ས་ཆེན་པོའི་ཆིབས་ཞབས་སུ་འབྲངས་ནས་ངོ་སྤྲད་དེ་འདུག་དགོས་ཤར་ཚེ། མི་མང་ལ་སྲིད་འགན་རྩིས་སྤྲོད་གནང་བ་དེ་ཏག་ཏག་ཅིག་འཁྱོག་གི་མེད་པའི་རྟགས་རེད། ༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་༸གོང་ས་མཆོག་གིས་མ་གནང་ཐབས་མེད་རིགས་ཕུད་༸གོང་ས་ཆེན་པོར་རྒྱབ་བསྙེས་ནས་འདུག་སྟངས་འདི་ཡག་པོ་མ་རེད་ལ། མི་མང་ནང་དུའང་འདི་ལ་མཐོང་ཚུལ་སྣ་ཚོགས་པ་ཡོང་གི་ཡོད་པ་དེ་༸གོང་ས་ཆེན་པོར་ཅི་ནས་ཀྱང་སྙན་གསེང་ཞུ་དགོས་ཀྱི་འདུག
སྲིད་སྐྱོང་མཆོག་མགོ་སྟོད་ཆིབས་ཞབས་སུ་སྐད་བཏང་སྟེ་མི་གསར་པ་ཡིན་སྟབས་ངོ་སྤྲོད་གནང་བ་དེ་༸གོང་ས་མཆོག་རང་གིས་དགོངས་པ་བཞེས་ཏེ་ཐུགས་ཐག་བཅད་པ་རེད། ཡིན་ནའང། དེང་སང་སྲིད་སྐྱོང་གི་དུས་ཡུན་ལོ་གསུམ་རྫོགས་ལ་ཉེ་སྐབས་ད་དུང་ངོ་སྤྲོད་བྱས་ཏེ་༸གོང་ས་ཆེན་པོར་རྒྱབ་བསྙེས་ཏེ་འདུག་པ་འདི་ཡག་པོ་ཁྱོན་ནས་མ་རེད་སྙམ།
མང་གཙོའི་འགྲོ་ལུགས་ནང་སྐབས་རྗེས་མའི་སྲིད་སྐྱོང་ལ་དམིགས་ནས་༸གོང་ས་ཆེན་པོའི་ཆིབས་ཞབས་བེད་སྤྱོད་ཀྱིས། ༸གོང་ས་ཆེན་པོས་བསྟོད་བསྔགས་རེ་ཨེ་གནང་བསམས། མི་མང་ནང་བག་ཆགས་རེ་འཇོག་ཨེ་ཐུབ་དགོངས། ངོ་ཐོག་རྩ་དོན་ཐོག་ཅི་གང་བསྟན་རྒྱུ་མེད་པར་བསྡད་ན་རི་བོང་རྡི་བརྫུས་རང་རེད་འདུག་ལ། རྒྱལ་སྤྱི་དང་རྒྱ་ནག་ཕྱོགས་ནས་ཀྱང་༸གོང་ས་ཆེན་པོའི་སྲིད་འགན་རྩིས་སྤྲོད་ལྷག་བསམ་རྣམ་དག་ཡིན་མིན་ལ་ཁ་དཀྲི་ས་དང་སྐྱོན་བརྗོད་བྱེད་གཞི་ཞིག་ཀྱང་ཆགས་ཉེན་འདུག་པ་མ་ཟད། གཞིས་ལུས་རྒྱ་ཆེའི་མི་མང་ལའང་ལ་དག་གི་མེད་པས། འདི་རིགས་ད་ནས་བཟུང་མ་དགོས་པ་གཙོ་འདོན་གནང་རྒྱུ་དེ་གལ་ཆེན་རེད།
སོ་སོས་ཁས་བླངས་དམ་བཅས། གང་མིན་ཚད་བྱེད་ཀྱི་ཡིན་ཞེས་ཡར་སླེབས་པ་ཡིན་སྟབས། ད་བྱེད་རྒྱུ་མེད་ན་མ་གཏོགས་བྱེད་དགོས་པ་རེད། བྱེད་མི་ཐུབ་ས་ཞིག་དང་འཕྲད་ན་འབད་བརྩོན་བྱས་ཀྱང་བྱུང་མ་སོང་ཞེས་མི་མང་ལ་གསལ་བཤད་གནང་དགོས་པ་རེད། དེ་ལྟར་བྱས་ན་མི་ཞིག་གི་འགྲོ་སྟངས་ཏག་ཏག་ཆགས་ཀྱི་ཡོད་པ་རེད། དེ་མིན་ད་དུང་༸ཆིབས་ཞབས་སུ་བཙན་བཅར་གྱིས་༸གོང་ས་ཆེན་པོའི་འཁྲིས་ནས་རྐུབ་སྟེགས་ཤིག་ཨེ་རེག་ལྟ་བ་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱི་མིག་ལམ་དུ་ཁྲེལ་བའི་རྒྱུ་རུ་འགྱུར་རྒྱུ་གསལ་བོ་རེད་ལ། ༸གོང་ས་ཆེན་པོའི་ཐུགས་ལ་ག་རེ་དགོངས་ཀྱི་ཡོད་མེད་ལའང་བསམ་བློ་གཏོང་དགོས་པ་རེད།
སྲིད་སྐྱོང་གི་ལས་ཡུན་ནང་སྲིད་སྐྱོང་ཐོབ་མཁན་གང་ཟག་རང་ཉིད་ཆེན་པོ་རྫིག་པོ་དང་མ་འོངས་པའི་ལམ་ཁ་འདྲ་མིན་ལ་དམིགས་ནས་རང་ཉིད་གཙོ་བོ་ཡིན་པའི་ཕྱག་ལས་རྐྱང་རྐྱང་གནང་བསྡད་ན་༸གོང་ས་མཆོག་དང་བོད་མི་མང་གི་བཀའ་དྲིན་འོག་གནང་ཐུབ་ཀི་རེད་དེ། དེ་ལྟར་གནང་ན་བོད་གངས་ཅན་གྱི་ལྷ་མི་དམ་ཚིག་ཅན་ཕྱོགས་རིས་དང་བྲལ་བ། རྣམ་དཔྱོད་ལྡན་པ། སྤྱི་སེམས་ཅན་དག་གིས་ནམ་ཡང་ངོས་ལེན་མི་ཐུབ་པ་གསལ་བོ་ཡིན་སྟབས་ཕྱོགས་ཚང་མར་དགོངས་པ་ཡག་པོ་བཞེས་དགོས་ཀྱི་འདུག ༸གོང་ས་ཆེན་པོས་ཀྱང་རྗེས་མ་ནས་དམིགས་བསལ་ཅན་དང་མེད་ཐབས་མེད་རིགས་ཕུད་ཆིབས་ཞབས་སུ་མ་ཁྲིད་རོགས་ཞེས་ཀྱང་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང། སྲིད་སྐྱོང་མཆོག་གིས་ཀྱང་རྒྱ་ཆེའི་མི་མང་འདུ་འཛོམས་ཆེ་ས་དང་གསར་འགྱུར་རྒྱུད་ལམ་གྱི་མཐུན་རྐྱེན་ཡོད་ས་ཚང་མར་ཕྱི་དྲིལ་བཀའ་བློན་ཡང་སྲིད་སྐྱོང་རང་གིས་གནང། བདེ་སྲུང་བཀའ་བློན་ཡང་སྲིད་སྐྱོང་རང་གིས་གནང། ས་གནས་དོན་གཅོད་ཁག་ཀྱང་སྲིད་སྐྱོང་རང་གིས་གནང། ས་གནས་བོད་རིགས་ཚོགས་པ་ཁག་ཀྱང་སྲིད་སྐྱོང་རང་གིས་གནང་བསྡད་ན་ཉིན་ཞིག་རི་ལུགས་པ་ཐག་པས་མི་འདུམ་པ་ཞིག་ཏན་ཏན་ཡོང་ངེས་སྟབས་དགོངས་བཞེས་གནང་གལ་ཞེས་ཞུ་ཐལ་ཤོར་སོང།།
༢༠༡༤། ༣། ༩། དེ་རིང་ཕྱིར་བཞུགས་སྒར་དུ་ཆིབས་བསུ་གྲུབ་མཚམས་ཤར་མར་བྲིས།། གཟའ་ཉི་མར།
ཨ་རི་ལྟ་བུའི་གལ་ཆེའི་དཔོན་་རིགས་ལས་ལྷག་པའི་མི་ཐུག་ཡས་མེད་པས་དེར་ཕྱིན་པ་དེ་འགྲིགས་འདུག ཤར་ཁུག་དེ་ཕྲག་དོག་གདོན་གྱིས་ཟིན་ནས་སྨྱོ་ལབ་མ་རྒྱོབ། རྒྱ་ནག་གཞུང་བོད་པའི་སྲིད་སྐྱོང་དང་ཨ་རིའི་མགོ་པ་འབྲེལ་བ་བྱེད་དུས་ངོ་མ་འཇིགས་པར་བྱེད། དེ་བླུན་པོ་དོལ་རྒྱལ་བ་ཚོས་ཤེས་ཀྱི་འདུག ཁོང་རྣམ་ཐུག་འཕྲད་སྐབས་ལ་ལྷ་ས་གཙོས་གང་སར་དམག་མིས་སྐོར་སོང་། ཁ་པར་བཀག་སོང་། དྲ་རྒྱ་བཙིར་སོང་། དངངས་སྐྲག་སྤར་སོང་། གསར་འགྱུར་བསྟུངས་སོང་། འགྲུལ་སྐྱོད་བསྙུངས་སོང་། འབྲེལ་བ་སྟོར་སོང་། ཁ་བརྡུང་སྤེལ་སོང་། རྒྱུ་མཚན་ཨེ་ཤེས།
བོད་གཞིས་བྱེས་གཉིས་ཀྱིས་རེ་ལྟོས་བཅོལ་ས་དཔལ་ལྡན་སྲིད་སྐྱོང་མཆོག་ནམ་ཡང་གངས་ཅན་པ་ཡི་བདེན་དོན་འཚོལ་རོགས། བློ་ཆོས་སམ་ཁུག་རྟ་འདིས་བོད་མིའི་ཁ་རྗེ་དབང་ཐང་ལ་གེགས་གནོད་ཉག་མ་རེ་ལས་མ་ཐོན་ནའང་དུས་ཀུན་བོད་མིའི་དབུ་ཁྲིད་ལ་གཞི་མེད་སྐྱོན་འདོགས་བྱེད་པར་ངོ་མ་སྙིང་རྗེ། ད་དུང་ངོ་ཚ་ལ་བེམ་པོར་ཆགས་པའི་མི་རྫུན་འདིས་མདོ་སྨད་སྤྱི་མཐུན་སྐུབ་སྟེགས་ཨི་རག་བལྟས་དུས་རང་ལ་ཆེ་མཐོང་སུ་གང་གིས་མ་སྤྲད་དེ་རང་འཚང་སྦད་དེ་བསྟན་པ་མི་དྲན་ནམ།
ཡ་མ་ཚེ་རིང་ལ་རེད་ང་ཚོས་མང་གཙོ་ཡི་རང་དབང་ལོངས་སུ་སྤྱོད་དེ་འགོ་ཁྲིད་ལ་སྐྱོན་བརྗོད་གནང་ཆོག་གི་རེད།མ་ཟད་གོ་ས་ནས་བབ་ཡང་ཆོག་གི་རེད།འོན་ཀྱང་ཕྱག་ལས་ཡག་པོ་གནང་གི་ཡོད་ན་ཡང་ཕྱག་དོག་དང་སྒེར་གྱི་ན་ཚའི་དབང་གིས་གཞི་མེད་སྐྱོན་བརྗོད་གནང་ན་འགྲིག་གི་མི་འདུག་ཟེར་གྱི་ཡོད།ཁུག་རྟའི་བྱེད་སྟངས་ནི་སྔར་གྱི་འཁོན་དབང་གིས་ཡིན་པ་ལོ་ཆུང་བྱིས་པའི་ཀྱང་ཧ་གོ་ཀི་རེད།
ལྷག་པར་དུ་བོད་མི་ཚང་མས་སྲིད་སྐྱོང་ལ་སྲིད་སྐྱོང་གི་མཐོང་སྤྲད་དེ་སྤྱི་ཚོགས་ནང་གོམས་གཤིས་འཇགས་པར་གནང་དགོས་ཟེར་གྱི་ཡོད།གཞིས་སྡོད་བོད་མིས་སྲིད་སྐྱོང་གི་པར་དང་བསྟོད་གླུ་བཏང་བར་ཕྲོག་དོག་དང་བློ་མིག་ཁབ་མིག་ལས་དོག་པ་ཁ་ཤས་སྐད་ངན་ཤོར་བ་དེ་འདྲ་མ་བྱེད་ཟེར་གྱི་ཡོད།
ད་རེས་དོན་གཅོད་གྱི་ངེས་ནས་ལས་ཀ་ཡག་པོ་བྱེས་མ་བྱུང། ༧ གོང་ས་མཆོག་གི་ཨ་རི་ནང་གི་ཉིན་མཐའ་མ་དེ་ཟླ་གསུམ་པའི་ཚེས་བདུན་རེད། དེས་ཞོགས་པ་(National Cathedral in Washington DC) མི་མང་ལ་འཛམ་གླིང་ཞི་བདེ་བསྐོར་ལ་གསུངས་བཤད་གནང་སྐབས་དོལ་རྒྱལ་རྗེས་འབྲངས་བ་ཞིག་ཚོགས་ཁང་ནང་དུ་ཡོངས་ནས་༧ གོང་ས་མཆོག་ལ་ངོ་རྒོལ་བྱེད་སོང། ཁྱེད་གྱི་རྫུན་མ་མ་ཤོད་ཟེར་ནས་དུས་ཡུན་རིང་པོ་འགྲོ་སོང་བའི། བདེ་འཇེགས་མི་རྣ་སླེབས་ནས་ཁོང་ཕྱི་ལ་འཁྲིད་སོང། རྫེས་སུ་ཁོང་གང་འདྲ་བྱེས་ནས་ཚོགས་ཁང་ནང་དུ་ཡོངས་འདུག་བསམ་ནས་ཞིབ་འཇུགས་བྱེད་སྐབས། ཁོང་ལ་འཛིན་བྱུང་གསེར་པོ་ཞིག་རག་འདུག། འཛིན་བྱུང་གསེར་པོ་དེ་ཨ་རི་དིན་གཅོད་ཁང་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་གི་ལས་བྱེད་ཚོ་རིན་མེད་ཐོག་སྤྲད་འདུག། གནས་ཚུལ་འདི་གསལ་པོ་ཡིན།
ད་རེས་ཤར་ཁུག་ལགས་ཀྱིས་ཏོག་ཙམ་ཐལ་དྲག་པ་འདྲ། ༧གོང་ས་མཆོག་ནུབ་ཕྱོགས་སུ་ཕེབས་སྐབས་ཆེས་མཐཽའི་དཔོན་རིགས་མི་ཉུང་བ་ཞིག་ལ་མཇལ་འཕྲད་གནང་གི་ཡོད་པ་རེད། མཇལ་འཕྲད་གནང་ཡུལ་མི་ཉུང་བ་ཞིག་ཆབ་སྲིད་མི་སྣ་ཡིན་ཙང་། མཇལ་འཕྲད་དེ་དག་རང་བཞིན་གྱི་ཆབ་སྲིད་ཀྱི་ངོ་བོར་གྱུར་ཚར་བ་རེད། དེར་བརྟེན། ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བོད་དོན་འབྲེལ་བརྗོད་བྱེད་སྐབས་དེང་སང་སྲིད་སྐྱོང་ཆགས་ཟིན་པ་རེད། དེའི་དབང་གིས། ༧གོང་ས་མཆཽག་དང་དཔོན་རིགས་དེ་དག་བཀའ་མོལ་གནང་སྐབས་ཆབ་སྲིད་ཀྱི་གནད་དོན་རྣམས་སྲིད་སྐྱོང་ལ་རྩིས་སྤྲོད་གནང་ཆོག་ཆོག་གཅིག་ཡོད་པ་རེད། དེ་ནི། འོས་ཤིང་མཚམས་ལ་ཞོར་དུ་སྲིད་སྐྱོང་ཡང་ངོ་སྤྲོད་གནང་ཐུབ་ཀྱི་ཡོད། གང་ལྟར། སྲིད་སྐྱོང་༧གོང་ས་མཆཽག་གི་རྗེས་སུ་འབྲངས་ནས་ནུབ་ཕྱོགས་སུ་ཕེབས་པ་ཚང་མ་ཁོང་ངོ་སྤྲོད་གནང་ཆེད་ཙམ་མིན་པར་དེ་བས་ཆབ་སྲིད་ཀྱི་འབྲེལ་བརྗོད་བྱེད་པ་ཕེབས་པ་དེ་རེད། དེ་ནི་གནད་འགག་གཅིག་རེད།
ངས་རྩོམ་ཡིག་སྔ་མར་སྤེལ་བའི་མཆན་འདི་ངོ་དེབ་སྟེང་བཞག་ཡོད། ཁྱེད་ཚོས་གཟིགས་དང། ༸གོང་ས་མཆོག་གིས་མཛོ་གཡག་གི་སྣ་ཁྲིད་ཁྲིད་བྱས་ཏེ་ཆབ་སྲིད་མི་སྣར་ཐུག་གི་འཇུག་གི་ཡོད་ཚུལ་བསམས་པ་དེ་ཁྱེད་རྣམས་པས་༸གོང་ས་མཆོག་གི་མཛད་འཕྲིན་སྐྱོང་སྟངས་ལ་རྒྱུས་མངའ་ཞིབ་ཚགས་མ་གནང་བས་རྐྱེན་རེད། ཆབ་སྲིད་དང་འབྲེལ་བའི་སྐོར་༸བཀའ་འདྲི་གནང་ན་༸གོང་ས་མཆོག་གིས་གསུང་མ་ཆོག་པ་གང་ཡང་ཡོད་པ་མ་རེད། ༸གོང་ས་མཆོག་གིས་ཀྱང་བཀའ་ཕེབས་གྲུབ་ཟིན་པ་རེད། ༸ཁོང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་ལན་གནང་མ་ཆོག་པ་ག་རེ་ཡོད་པ་རེད། གལ་སྲིད་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ནས་དྲི་བ་ཡོད་ན་ས་གནས་དོན་གཅོད་ཡོད་པ་རེད་ཝ། དེས་འཁྲུན་ཐག་མ་ཆོད་པ་ཞིག་ཡིན་ན་ཕྱི་དྲིལ་བཀའ་བློན་ཡོད་པ་རེད་ཝ། དེ་ནས་རིམ་པར་སྲིད་སྐྱོང་མཆོག་ཕེབས་དགོས་པ་རེད་ཝ། དེ་གཅིག་ཡིན། གཉིས་པ་དེ་བོད་རིགས་ཚོགས་པ་ཁག་གིས་བཀའ་སློབ་སྐབས་སྲིད་སྐྱོང་མཆོག་མཉམ་བཅར་དགོས་ཀྱི་འདུག་ཅེས་ཡར་སྙན་གསེང་ཞུ་གི་ཡོད་པ་མ་རེད། ཁོང་ཚོས་ངྷ་རམ་ས་ལར་བཞུགས་ནས་ཕྱག་ལས་གནང་ན་བསམས་ཀྱི་ཡོད་པ་རེད། གང་ལྟར་མདོ་དོན་བོད་ཀྱི་རྩ་དོན་དང་བོད་ཀྱི་སྲིད་སྐྱོང་གི་ཆེ་མཐོང་བཟོ་ཐབས་གཉིས་ཀ་དགོངས་པ་བཞེས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་དགོས་པ་རེད་མ་གཏོགས། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གཙོ་བོ་ཡིན་པའི་ཕྱོགས་བསྐྱོད་རྐྱང་རྐྱང་གནང་གི་བསྡད་ན་དེ་ཏག་ཏག་བསྡད་ཡོད་པ་མ་རེད། གཞུང་གི་ལས་དོན་བྱེད་ཕྱོགས་ཟེར་པ་དེ་བྱ་སྤུ་ནོན་གྱི་སྒྲིག་འཛུགས་ཞེས་དབུས་ནས་ས་གནས་བར་རིམ་པར་ལས་བགོས་བརྒྱབས་ནས་བཞག་ཡོད་པ་རེད། དེའི་རྐྱེན་ངས་སྲིད་སྐྱོང་གིས་སྲིད་སྐྱོང་གི་མཚན་ཐོངས་གཟི་བརྗིད་དང་འབྲེལ་བའི་ཕྱག་ལས་གནང་ཐུབ་ན་ཡག་པོ་རེད་ཅེས་ཞུ་ཡ་གཙོ་བོ་དེ་ཡིན།།
ངས་གོང་དུ་ཞུས་པ་དེ་འཛིན་སྐྱོང་དང་ད་ལྟའི་རྩ་དོན་གྱི་གནས་བབ་གང་དུ་སླེབས་ཡོད་མེད་མི་མཁྱེན་མཁན་ཚོས་ཅུང་འཇུ་ཐུབ་མིན་ཁག་པོ་རེད། ཡིན་ནའང། བསམ་ཚུལ་སྤེལ་དུས་མ་གོ་བ་མ་གོ་བ་རང་རེད། གང་ལྟར་དོན་དག་གོ་ནས་བསམ་ཚུལ་སྤེལ་སྤྱི་བའི་རྩ་དོན་ལ་ཕན་གི་རེད། དེ་ཡང་ཞོར་དུ་ཞུས་བཞག་ན་བསམས།
འོས་ཤོག་སྲིད་སྐྱོང་གིས་འཕྲོག་སོང་བ་འདྲ་་་་་་ཧཧཧ
གཡུ་ཐོག་ལགས་ཀྱི་བཀའ་མོལ་ལ་ནུས་པ་འདུག དངོས་གནས་རང་བོད་དོན་དེ་༧རྒྱལ་བ་རིན་པོ་ཆེར་ཐུག་པ་རེད་ཅེས་པ་བཞིན། མི་མང་གི་ཤུགས་ལྡབ་གྱུར་རྒྱག་ན་མ་གཏོགས། བོད་ཀྱི་ཏཱ་ལའི་བླ་མ་ཞེས་མི་བརྗོད་པར་ཏཱ་ལའི་བླ་མའི་བོད་ཅེས་ཁོང་གི་མཚན་གྱིས་འདྲུད་ཤུལ་ནས་བོད་ཀྱི་འཐབ་རྩོད་ལ་ནུས་ཤུགས་ཆེ་ཤོས་ཐེབས་ཀྱི་ཡོད་པས། ཆོས་ཀྱིས་བོད་པ་གོང་མཐོར་བཏེགས་པ་ལས། སྲིད་དོན་ཐོག་ནས་བོད་པ་ད་དུང་བྱིས་པའི་སྐབས་རང་ཡིན་བཟོ་མི་འདུག་གམ།
༧གོང་ས་མཆོག་དང་སྲིད་སྐྱོང་ཟུང་འབྲེལ་གྱིས་བོད་ཀྱི་རྩ་དོན་རྩོད་ན། བོད་དོན་ལ་གནོད་ཡས་གང་ཡང་མ་མཐོང་ངོ་།།
ཤར་ཕྱོགས་ཁུག་རྟ་ཟེར་མཁན་ཞིག་ཁ་བརྡའི་སྡོང་རྩེར་བབ་ཡོང་དུས་ག་དུས་ཡིན་ན་སྲིད་སྐྱོང་མཆོག་གི་མགོ་ལ་མཆུ་ཏོག་ཞིག་རྒྱག་མ་ཐུབ་རུང་སྐྱགས་པ་ཞིག་བཏང་འེ་ཐུབ་བལྟ་མཁན་རེད་འདུག ཡང་སྙིང་ཁོ་གཉིས་བར་ལ་སྒེར་ནད་ཞིག་ཡོད་པ་རེད་དམ་ཡང་ན་
སྤྱི་དོན་ཞིག་རེད། ཉེས་སྔོན་ཨ་མདོ་བ་ལ་ཨ་གསར་འདུག་ཞེས་དྲི་བ་དྲི་ལན་སྐབས་སྲིད་སྐྱོང་མཆོག་གི་སྐྱོན་འདི་དང་ནོར་འཁྲུལ་འདི་བྱས་སོང་ཞེས་ཁ་གསལ་བོ་བཤད་མ་སོང་ལ་འདྲི་མཁན་གྱིས་ཀྱང་དྲིས་མ་སོང་། དེ་ནི་གསང་བ་ཞིག་ཡིན་ན་དྲུང་ཡིག་མཛེས་མ་དེའི་
ཆེད་ཡིན་ཡང་སྲིད། ཧ་ ཧ་ ཧ་རྩེ་མོ་ཡིན།
ཨ་རྒྱ་བྱ་འདིའི་བྱ་གཙོག་གི་རེད། འོས་དགོས་ན་སྲིད་སྐྱོང་ལ་རྒོལ་བས་ཕན་གི་རེད་བསམ་ན་རྨོངས་རྟགས་རེད། དེ་ལས་བློ་ཁོག་ཡོད་ན་མདོ་སྨད་པའི་ཕྱི་འབྱོར་བ་ཚོར་གསེར་རྟ་བརྩད་ནས་མ་འདུག་བོད་ནང་གི་མེར་བསྲེག་དཔའ་རྒོད་ཚོར་ངོ་གནང་དགོས་པའི་ལས་ཀ་རེད་དེ་ལས་ང་ལ་འོས་བླུགས་དང་རྗེས་ནས་ཁྲག་དར་འཕྱར་ན་ཡུམ་དུམ་པ་བརྫོ་རོ། ཀླ་སེ་ཀློའི་སེ་བོ།
ནམ་ནམ་ཞར་ལ་ཞར་སྲིད་སྐྱོང་མཆོག་ལ་ཅིག་བརྫོ་འི་མ་འདུག སྒོར་མོ་ལྔ་བཅུ་ང་དྲུག་གོ་སྤྲད་བཞག་ནི་མང་ནི་རེད།
མདོར་བསྡུས་ནས་བཤད་ན་༧སྐུ་མདུན་སྐུ་འཕྲེང་རིམ་བྱུང་གི་གཅེས་ཕྲུག་དང་བོད་མི་ཡོངས་ཀྱི་རེ་བའི་མིག་འབྲས་ནང་ཐལ་མ་བླུགས། ཨ་མདོའི་དམྱིག་རྫོད་སྐུ་ཞབས་ཁུག་རྟ་ལགས། ཚོད་ཡོད་ནི་བྱོས།
ཨང་རྩིས་ཤེས་མཁན་ཞིག་ཡིན་ན། ཤར་ཁུག་གི་རྩོམ་འདིའི་རིན་ཐང་འདི་རེད།
སྲིད་སྐྱོང་འདེམ་མཁན་མི་དམངས་རེད། སྲིད་སྐྱོང་x དང་མི་དམངས་Y
མི་དམངས་ཀྱི་མངོན་འདོད་Y+དང་དེ་ལ་གོང་ས་མཆོག་གིས་དང་ལེན་གནང་བ་དེ་z+
ཤར་ཁུག་Fལ་རྩིས། དཀྲུག་ཤིང་ལ་A རྩིས། སྡང་སེམས་ལ་Bརྩིས། ཕུང་དཀྲུག་ལ་cརྩིས་དང་།
x((f,-b/(x,-y-))-(y+-z+,)(x,-y)
f= ______________________
༷ E(=f-b-a-b)2/E(f+ab+abc+cc)
f=+a(b+c)
f=-y-z-(y+)-(z+)
(x,y,y)+(+z+y)
ཚན་རིག་གི་རྩིས་འདིར་ལྟར་ན། ཤར་ཁུག་གི་རིན་ཐང་ནི་དཀྲུག་ཤིང་། སྡང་སེམས། ཕུག་དཀྲུག་སོགས་དང་མཚུངས་པར་བྱེད། དེའི་ལྡོག་ཕྱོགས་ནི། གོང་ས་མཆོག། བོད་མི་དམངས། སྲིད་སྐྱོང་སོགས་མཚོན་པར་བྱེད།
དགྱ་བྱ་ཡིན་ན་རེད་བོད་བྱ་ཡིན་ན་རེད་རྡོག་རྡོག་པོ་བོད་སྐད་བཤད་ཀྱི་འདུག སྤྱིར་ཡིན་ན་བཀའ་ཁྲི་མཆོག་ལ་མི་དགའ་བྱེད་དགོས་དོན་ཞིག་ག་ནས་བཟང་རུང་ངན་རུང་རང་གི་དཔོན་རེད། ཡིན་ཡང་མང་གཙོའི་སྤྱི་ཚོགས་ཤིག་གི་ཐོབ་ཐང་བེད་སྤྱད་ནས་ཚིག་འགའ་བཤད་ན་འུ་ཚོའི་བཀའ་ཁྲི་ལ་རྡ་ས་འདི་འཕྲོད་གི་ཡོད་ས་མ་རེད། དེ་བཞིན་ཕྱི་རྒྱལ་གྱི་དོན་གཅོད་ཁང་དག་བེད་སྤྱོད་མི་འདུག ཕྱི་སྲིད་བཀའ་བློན་ལ་ལས་ཀ་མི་འདུག ད་ཡིན་ན་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོགས་པ་ཚོས་བཀའ་ཁྲི་ཕྱོགས་བསྐྱོད་སྐབས་ཕེབས་བསུ་བྱེད་སྤྱད་དུ་རླངས་འཁོར་ཡག་པོ་འགའ་ཉོ་དགོས་འདུག ངས་ཀྱང་དང་བླངས་ཀྱིས་མིག་ཤེལ་ནག་པོ་མིང་རྟགས་ཡོད་པ་ཞིག་གི་སྦྱིན་བདག་བྱེད་ཀྱི་ཡིན།
ཤར་ཁུག་ལགས་ཀྱི་དགོངས་ཚུལ་ལ་མོས་མཐུན་ཡོད། སྔོན་མ་རྒྱ་ནག་ནས་མངོན་པར་མི་གསལ་བའི་རང་བཙན་ལབ་སྡད་པ་བཞིན། རྒྱལ་བ་རིན་པོ་ཆེར་ཡང་མངོན་པར་མི་གསལ་བའི་ཆབ་སྲིད་དབུ་ཁྲིད་ཞེས་ཞུས་དང་ཞུ་བཞིན་པ་ཐོས་མྱོང་། སྐབས་རེ་ང་ཚོའི་རྩོད་པ་རྒྱག་དུས་ལན་ཡང་ཁག་པོ་ཆགས་འགྲོ་ཡི་འདུག རྒྱུ་མཚན་གཙོ་བོ་ནི། སྲིད་སྐྱོང་འཆིབ་ཞབས་སུ་བཅར་དང་གཅར་བཞིན་པ་དེ་དང་། སྲིད་སྐྱོང་ནས་ཀྱང་གསུང་བཤད་ཕལ་ཆེར་ལ་༧གོང་ས་མཆོག་ལག་པ་ཕྱིད་བཞིན་པ་དེ་དག་རེད།
སྲོད་སྐྱོང་ལ་རྒྱབ་གཉེར་གནང་མི་ཚོར་ཡང་དྲང་བདེན་དགོས་པ་རེད། གཙང་མ་དགོས་པ་རེད། སྲིད་སྐྱོང་ལ་ནོར་འཕྲུལ་མེད་པ་མི་སྲིད། དེ་ཚང་མའི་ངོས་ལེན་ཡོད་པ་རེད། འོན་ཀྱང་ནོར་འཕྲུལ་གཡོ་སང་བྱེད་པ་ལ་སྐྱོན་མི་ཟེར། དེ་རྒྱལ་ཁབ་ཚང་མའི་ནང་ཡོད་ལ། མི་མང་གི་ཐོབ་འཐང་དང་ལས་འགན་ཡང་རེད།
ཁོང་རང་ན་གཞོན་ནང་བཙན་བྱོལ་ན་མིག་དཔེ་དང་པོ་ཡིན་དུས་གཟབ་དགོས་པ་གལ་ཆེ། ཚེ་གཅིག་ནས་འཆུག་ན་གནམ་གང་བར་ཟེར་བའི་དཔེ་ལྟར་མ་སོང་བ་དགོས་གལ་ཆེ།
ཤར་ཁུག་གིས་བཏབ་པའི་མཆན་ནང་གི་དོན་གཅིག་དེ་ཙམ་མོས་མཐུན་མེད། ༧གོང་ས་ཆོག་ཕེབས་སྐབས་སྲིད་སྐྱོང་མ་ཕེབས་པར་དེ་བས་སྒྲིག་འཛུགས་དང་འབྲེལ་བའི་གནད་དོན་ཡོད་ན། ཕྱི་འབྲེལ་བཀའ་དང་རིམ་པས་སྲིད་སྐྱོང་རིམ་ཅན་དུ་རྒྱུད་དགོས་ལུགས་གསུངས་པ་དེ་ཅུང་མཚམས་པོ་ཞིག་མཐོང་མ་སོང་། སྤྱིར་རང་བཙན་རྒྱལ་ཁབ་གཅིག་ཡིན་ན། ང་ཚོས་རྒྱུད་ལམ་རིམ་ཅན་དུ་རྒྱུད་ནས་གནད་དོན་སེལ་ཀྲོལ་བྱེད་ཆོག་གི་རེད། འོན་ཀྱང་། ད་ལྟའི་ཆར། ང་ཚོས་ནུབ་ཕྱོགས་ནས། རྒྱ་སྐྱོར་འཚོལ་དགོས་ཀྱི་ཡོད། རྒྱབ་སྐྱོར་འཚོལ་བར་མི་སྣ་ཆེན་པོ་རིགས་ཐུག་རྒྱུ་དེ་གལ་ཆེན་རེད། སྲིད་སྐྱོང་ངམ་ཡང་ན། ཕྱི་འབྲེལ་བཀའ་བློན་ལྟ་བུར་ནུབ་ཕྱོགས་པའི་དཔོན་རིགས་དེ་དག་ལ་འབྲེལ་མོལ་བྱ་རྒྱུའི་གོ་སྐབས་རག་རྒྱུ་ཅུང་ཁག་པོ་རེད། འོན་ཀྱང་། ནུབ་ཕྱོགས་ཀྱི་དཔོན་རིགས་མང་པོས་དགོས་པའི་དབང་གིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་གི་ཡོད་པ་རེད། སྲིད་སྐྱོང་གི་ངོས་ནས་བཤད་ན། དེ་གོ་སྐབས་ཅིག་རེད། དེ་ལྟ་བུའི་གོ་སྐབས་དེ་རག་རྒྱུ་ཁག་པོ་ཡིན་ཙང་། སྲིད་སྐྱོང་༧གོང་ས་མཆོག་གི་མཉམ་དུ་བཅར་རྒྱུ་གལ་ཆེན་པོར་མཐོང་གི་ཡོད།
དེ་ནས་ཟུར་ཏུ་ཞུ་རྒྱུར། ཤར་ཁུག་ལགས་ཀྱི་རྩོམ་ཡིག་ལ་རིན་ཐང་དུ་མཐོང་གི་ཡོད་ལ་ཀློག་གི་འང་ཡོད། འོན་ཀྱང་། ཁྱེད་རང་གིས་ཆབ་སྲིད་དཔྱད་སྤྱོད་འདི་རིགས་འབྲི་སྐབས། ཕྱོགས་ཡོངས་ལ་གཟིགས་ནས་བྲིས་ན་ཡག་པོ་ཡོད་ས་རེད་ལ་ཁྱེད་རང་གི་རྩོམ་གི་རིན་ཐང་དང་ནུས་པའང་ཆེ་རུ་འགྲོ་གི་རེད། ད་བར་ཁྱེད་རང་གིས་སྲིད་སྐྱོང་སྐོར་ལ་བྲིས་པའི་རྩོམ་ཡིག་ཕལ་མོ་ཆེ་ལྡོག་ཕྱོགས་ཁོ་ནར་ལངས་ནས་བྲིས་པ་མ་གཏོགས་དྲང་ཕྱོགས་ནས་བྲིས་པ་ཅང་མཐོང་མ་སོང་། ངའི་ངོས་ནས་བརྗོད་ན། སྲིད་སྐྱོང་ལ་དགེ་སྐྱོན་གཉིས་ཀ་ཡོད་པ་འདོད་ཀྱི་ཡོད། དེར་བརྟེན། ང་ཚོས་ཁོང་གི་དགེ་སྐྱོན་གཉིས་ཀ་ནས་གླེང་དགོས་པ་རེད། ལྷག་པར་དུ། སྲིད་སྐྱོང་དང་། ཁྱེད་རང་གཉིས་ཀྱི་རྩ་བའི་ཆབ་སྲིད་ཀྱི་བལྟ་བ་གཅིག་རེད། དེ་དབུ་མ་རེད། དེས་ན། ཁྱེད་གཉིས་དབར་ལ་གཞི་མཐུན་གྱི་ཆ་ཡོད་པ་རང་གྲུབ་རེད། དེས་ན། དགག་སྒྲུབ་གཉིས་ནས་རྩོམ་ཡིག་སྤེལ་རྒྱུ་དེ་གཅིག་ནས་རྩོམ་པ་པོའི་དྲང་ཚུགས་མངོན་པ་རེད་ལ་གཉིས་ནས། རྩོམ་གྱི་ནུས་པའང་ཆེ་གི་རེད། ལྷག་པར་དུ། ད་ལྟའི་སྐབས་སུ་སྲིད་སྐྱོང་ལ་སྐྱོན་བརྗོད་ཁོ་ན་བྱས་ཏེ་ཁོང་གི་དགེ་མཚན་རིགས་མ་གླེང་ཚེ། མི་མང་པོ་ཞིག་གིས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བརླག་པའི་ཉེན་ཁ་ཡོད། དེས་ན། དགེ་སྐྱོན་གཉིས་ཐད་ནས་བློ་ཟུར་བོར་གླེང་རྒྱུ་དེ་གལ་ཆེར་མཐོང་སོང་། དེ་ནི་ང་སྒེར་གྱི་བསམ་ཚུལ་ཡིན།
དང་པོ། གཞུང་སྒེར་གཉིས་ནས་སྐུ་མདུན་སྐུ་ཕྱཱར་གཟབ་ནན་གནང་རོགས། གཉིས་པ་ངས་སྲིད་སྐྱོང་གི་བོད་རྒྱ་འབྲེལ་མོལ་བཀའ་ལན་ལ་སྒུག་བསྡད་ཡོད། རྒྱ་ནག་མི་མང་ཚོགས་ཆེན་ཚོགས་ཆེན་ཚར་སོང་ང་།
ཤར་ཁུག་ཀྱིས་བསམ་ཚུལ་བཏོན་པ་སྟེ་ནོར་འཁྲུལ་ཅན་ཞིག་དང་རྒྱུ་མཚན་མེད་པ་ཞིག་མ་རེད། ཡིན་ནའང་༧གོང་ས་མཆོག་ནུབ་ཕྱོགས་ཀྱི་སྲིད་དོན་པ་དང་ཁྲིམས་བཟོ་པ། མི་སྣ་གལ་ཆེན་སུ་དང་ལྷན་དུ་མཇལ་འཕྲད་གནང་སྐབས། གོ་སྐབས་དེ་སྲིད་སྐྱོང་ལགས་ཀྱིས་འཐུས་ཤོར་ཏུ་རྩ་བ་ནས་གཏོང་མི་རུང་། བོད་དོན་ཆེད་འབྲེལ་ལམ་གང་ཐད་ནས་བཟུང་དགོས། གོ་སྐབས་འདི་ ༧ གོང་ས་མཆོག་གི་བཀའ་དྲིན་ལས་སྲིད་སྐྱོང་རང་ཉིད་ཀྱི་ནུས་འཇོན་ཞིག་མིན་པ་ཤེས་ན། དེ་ཙམ་གྱིས་སྲིད་སྐྱོང་གིས་རང་སོ་ཟིན་པའི་རང་རྟགས་མངོན་ཅིང་། བོད་མི་དམངས་ཀྱིས་ཀྱང་དེ་ལྟར་ ཁོང་ལ་འདེངས་འཇོག་བྱེད་ཐུབ། སྤྱིར་སྲིད་དོན་པ་ལ་བྱ་བ་སྒྲུབ་ཕྱོགས་ཐད་ཀྱི་གླེང་བྱ་དང་བསམ་འཆར་བཤད་པ་ཁ་གཏོང་པ་གཏན་ནས་མིན། དེ་ནི་མང་གཙོའི་བརྒྱུད་རིམ་ཁྲོད་ཀྱི་སྤྱི་འབངས་ཀྱི་ལས་དོན་ཞིག་རེད། གོང་རིམ་པའི་བྱ་བ་སྒྲུབ་སྟངས་ལ་ཐེ་གཏོགས་མ་བྱས་ཚེ། རང་སྣང་གང་དྲན་གྱི་བྱ་སྤྱོད་སུས་ཀྱང་སྤེལ་སྲིད་པས་མང་གཙོ་ཕན་མེད་ནུས་མེད་དུ་འགྲོ་ཉེན་ཆེ།
གཡུ་ཐོག་བུ་ལགས། སྲིད་སྐྱོང་གི་ལོ་རྒྱུས་འབྲི་གི་ཡོད་པ་མ་རེད། གནད་དོན་བྱེ་བྲག་པ། ལས་དོན་གནང་ཕྱོགས་བྱེ་བྲག་པ་གཅིག་གླེང་གི་ཡོད་པ་རེད།།
དགོངས་དག་མིང་ནོར་བདུག གཡུ་ཐོག་རྒྱལ་བོ་ལ་ཡིན།
ཤར་ཕྱོགས་ཁུག་རྟ་ལགས་ལས་མེད་ཡིན་བདེན་པ་རེད་འདུག། བཤད་རྒྱུ་དང་འབྲི་རྒྱུ་རྫོགས་སོང་ནི་འདྲ།
ཁྱུང་ཆེན་ལགས། སྲིད་སྐྱོང་གི་ལོ་རྒྱུས་འབྲི་བའི་དུས་སྐབས་ཤར་དུས། སྲིད་སྐྱོང་ལ་ལེགས་ཉེས་ཅི་ཞིག་གླེང་ཀྱང་དེ་ཙམ་གྱིས་བོད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་མི་སྲིད། རེད་དེ། ད་ལྟ་སྲིད་སྐྱོང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཞ་མོ་གྱོན་ཡོད་སྟབས། ཁོང་གིས་གྱོན་པའི་སྲིད་སྐྱོང་གི་ཞ་མོ་དེ་བོད་པར་མཚོན་ན། གདུགས་རེད། གདུགས་དེའི་ནང་འཚོ་བའི་ང་ཚོ་ཚང་མས། དེའི་དགེ་མཚན་དང་། དེར་ཁུང་བུ་ཡོད་མིན། ཁུ་བུ་ཡོད་ན། མཛུབ་མོ་བཙུགས་ཏེ་བཟོ་བཅོས་རྒྱག་དགོས་པ་དང་། དེའི་འོག་བསིལ་འཇམ་གྱི་ཚོར་བ་ཡོད་ན་གླེང་དགོ་ས་པ་རེད། དེ་ལྟར་བྱས་ན། གདུགས་དེའི་ནང་འཛུལ་མཁན་མང་བ་ཡོང་གི་རེད། དེ་མིན། གདུགས་དེའི་ཁུང་བུ་གཅིག་པོ་དེ་ཆེན་པོར་བཟོས་ཏེ་གཞན་ལ་བརྗོད་ན། མི་ཚང་མ་འདྲོགས་ཀྱི་རེད། དེ་ནི་ངའི་སེམས་ཚོར་ཡིན། ངས་སྤྱི་ཡོངས་ཀྱི་ཆ་ནས་ཤོད་ཀྱི་ཡོད་དུས། སྲིད་སྐྱོང་གི་སྲིད་སྐྱོང་ལུགས་སྤྱི་ཡོངས་ཀྱི་ཆ་ཤས་ནས་གླེང་དགོས་ལུགས་ཟེར་གྱི་ཡོད།
དྲན་དཀར་དཔལ་ཡོན་ནས
༼ནམ་ནམ་ཞར་ལ་ཞར་སྲིད་སྐྱོང་མཆོག་ལ་ཅིག་བརྫོ་འི་མ་འདུག སྒོར་མོ་ལྔ་བཅུ་ང་དྲུག་གོ་སྤྲད་བཞག་ནི་མང་ནི་རེད༽
ཁུག་སྐྱོང་གཉིས་ཀྱི་འཁྲུག་རྐྱེན་ལོ་གསུམ་བཞི་སྔོན་སྲིད་སྐྱོང་ཁྲི་ལ་བཞུགས་རྗེས་བྱུང་མ་ཐག་ཡིན་སྐད།
འཁྲུག་རྐྱེན་ཅི་ཡིན་ཤེས་མཁན་ཡོད་ན་ཅིག་གསུང་རོགས་གནང་། དེ་ནས་སུ་ལ་བདེན་པ་འདུག་ཞིབ་འཇུག་བྱས་ཆོག་གི་རེད།
དྲན་དཀར་ནས་གསུང་ན་སྒོར་ལྔ་ཅུ་ང་དྲུག་ཞིག་གི་ཆེད་རེད་ཟེར། སྒོར་དེ་ཙམ་གྱི་ཆེད་སྐྱོང་ལ་དགྲ་འཛིན་གི་ཡོད་ན་ཁུག་ཅོལ་ཆུང་རེད། ཡིན་ཡང་ལམ་དབུ་མར་ཞུགས་ཞིང་༧གོང་ས་མཆོག་ལ་གུས་བཀུར་ཞུ་བ་ནི་དྲན་ཆེན་ལ་དྲན་དུ་གོ་མཁན་ཞིག་རེད་འདུག
རྗེས་སུ་ཡི་རང་ཡོད། རང་བཙན་དྲ་འབུ་རྣམས་ཀྱིས་རྒྱ་ལ་ལག་གདངས་སྦྲེལ་ནས་དོལ་འདྲེ་བ་དང་ལྷན་དཔུང་པ་མཉམ་གཤིབ་གྱིས་
དྲན་ཆེན་ལ་དྲན་ལོག་བྱེད་མཁན་ཞིག་རེད་མི་འདུག
ཤར་ཁུག་ལགས། ཁྱོད་རང་སྐད་ཅོར་ག་ཚོད་བརྒྱབ་ཀྱང་སྲིད་སྐྱོང་ནས་ཁྱོད་ལ་ལས་དཀའ་ཞིག་གནང་ཐབས་མེད། དེ་ནི་ཁྱོད་རང་རྒྱ་མིའི་ཁྲག་དར་དམར་པོ་མགོ་ལ་གྱོན་པས་བོད་མི་དམངས་ཀྱི་སེམས་ལ་་ནག་ཐིག་ཆེན་པོ་ཞིག་རྒྱབ་པས་ཡིན། མ་ཟད་ཁྱོད་ཀྱི་མགོ་སྐོར་འོག་གླིང་ཚའི་དཀའ་ལས་དང་ལུས་ལོངས་སྤྱོད་བཅས་པ་བོད་མི་དམངས་ཀྱི་ཆེད་དུ་ཕུལ་བ་ལ་དོག་ཕོག་ཆེན་པོ་གཏང་སོང། ང་རང་སྒེར་ནས་ཁྱོད་རང་མཐོང་མྱོང་མེད་ལ་རྒྱུས་ཡང་མེད། ཁྱོད་རང་ནས་རྒྱ་འདྲེའི་ཁྲག་དར་གནམ་ལ་འཕྱར་ནས་བཟུང་ངས་ཁྱོད་རྒྱ་འདྲེའི་རྒྱུག་ཁྱི་དམར་པོ་ཞིག་དང་བོད་མི་ས་ཡ་གཅིག་ལྷག་ཙམ་དམར་གསོད་གཏང་བའི་རྒྱ་འདྲེའི་ཁྲག་དར་མགོ་ཡར་བཏེགས་མཁན་ཞིག་ཡིན་དུས་མི་འདི་ཁྱི་ལས་དམན་པ་རེད་བསམ་བཞིན་ཡོད།
རང་དབང་དང་དམངས་གཙོ་ལོངས་སུ་སྤྱོད་ཀྱིན་པའི་རྒྱལ་ཁབ་དང་། ཚོགས་པ་གང་ཡིན་ཀྱང་ལས་ཀྱི་མགོ་བྱེད་མཁན་དང་། བྱ་བའི་ཁུར་འཆིང་མཁན་ཚོར། ཡུལ་དེ་གའི་མི་སེར་ཆེས་དཀྱུས་མ་དེ་ཚོས་ཀྱང་སྐྱོན་བརྗོད་བྱེད་ཆོག་ཅིང་། ཁ་རྡུང་གཏོང་ཆོག་པ་ལྟར། སྐབས་བཅུ་གསུམ་པའི་བཀའ་ཤག་ལ་གཞན་གྱིས་སྐྱོན་བརྗོད་བྱས་པ་ཐུགས་རྗེ་ཆེའི་རང་བཞིན་ཡིན་ན། སྐབས་བཅུ་བཞི་བའི་བཀའ་ཤག་རྗེས་འབྲངས་དང་བཅས་པར་སྐྱོན་བརྗོད་ཏིལ་ཙམ་ཡང་གཏང་མི་ཉན་པ་འདི་ཅི་ཞིག་གིས་ལན་པ་རེད། ཁོང་ཚོར་རང་དབང་དང་དམངས་གཙོའི་ལེགས་བྱང་གིས་མ་འདང་བ་མིན་ནམ། དམངས་གཙོའི་ཁྲིམས་ལུགས་ནང་ཕན་ཚུན་སྐྱོན་བརྗོད་བྱེད་ཆོག་པ་མ་ཚོར་བ་མིན་ནམ།
ཡང་གཅིག་ཞུས་ན། རྣམ་པ་ཚོས་སྲིད་སྐྱོང་ཁོང་ལ་རྒྱབ་སྐྱོར་བྱས་པར་རྗེས་སུ་ཡི་རངས་ཡོད། འོན་ཀྱང་། རྒྱབ་སྐྱོར་བྱེད་སྟངས་དེ་ཅུང་ཁྱད་མཚར་ཞིག་རེད། སྲིད་སྐྱོང་ལ་མི་ཚོས་ཉེས་འཛུགས་བགྱིས་པ་དེ་ཚོ་རེ་རེ་བྱས་ནས་དག་སེལ་ཞུ་རྒྱུ་མེད་པར། རྒྱུ་མཚན་དང་། གཏན་ཚིགས་ཏིལ་ཙམ་མེད་པར་སྐྱོན་བརྗོད་བྱེད་མཁན་ཁོང་གིས་སྒེར་གྱི་ནད་མ་ཐེག་པ་དང་། ཕྲག་དོག་གིས་མ་བཟོད་པ། ཁོང་རྒྱ་མིའི་རྒྱུག་ཁྱི་ཡིན་རབས་སོགས་བཤད་ཡོང་བ་འདི་རེད། དངོས་གནས་དྲང་གནས་སྲིད་སྐྱོང་ཁོང་ལ་གཞན་གྱིས་བརྗོད་བྱས་པ་དེ་ཚོ་གཅིག་ཀྱང་མེད་ན། ཉེས་འཛུགས་ཀྱི་འབྲུ་དོན་དེ་ཚོ་རེ་རེ་བཞིན་གཏན་ཚིགས་ཀྱི་ལམ་ནས་དག་སེལ་གནོངས་དང་། དངོས་ལེན་གཙང་མ་ཡོད། དེ་འདྲ་མིན་ན། ཁོང་གི་ཕྱག་ལས་ཚང་མ་ཅི་མཛད་ལེགས་མཐོང་དགོས་དོན་ཅི་ཡིན། ཁོང་གི་བོད་དོན་འཐབ་རྩོད་ཀྱི་ཕྱག་ལས་འདིའི་ཁྲོད་སྐྱོན་ཏིལ་ཙམ་མི་འདུག་གམ། ཅི་སྟེ་བྱས་ཉེས་རེ་མཆིས་ན། སྐྱོན་ལ་སྐྱོན་དུ་བལྟས་ནས་བརྗོད་མི་ཆོག་པ་གང་ཡིན་ནམ།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པར། །
མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །
སྲིད་སྐྱོང་ལ་སྐྱོན་དང་ནོར་འཁྲུལ་འདུག་ན་འདི་དང་འདི་ཞེས་གནས་ལུགས་རྒྱུ་མཚན་ལྡན་པའི་ཐོག་ནས་སྟོན་དགོས་པ་རེད། དེ་མིན་དམངས་གཙོའི་སྤྱི་ཚོགས་ནང་ལ་སྐྱོན་བརྗོད་བྱེད་ཆོག་པ་རྒྱུནམཚན་དུ་བཟུང་ནས། གཞི་མེད་སྐྱོན་བརྗོད་བྱེད་པ་ནི་དམངས་གཙོའི་གོ་རྟོག་མེད་པའི་རྟགས་རེད། དངོས་གནས་བྱས་ན་དམངས་གཙོའི་སྤྱི་ཚོགས་ནང་ལ་ཐོབ་ཐང་ལས་འགན་ཁུར་གལ་ཆེ་བ་རེད། འགན་ཁུར་མེད་པའི་དམངས་གཙོ་ཞིག་ཡོད་ཀྱང་སྤྱི་ཚོགས་ལ་བདེ་སྐྱིད་གཏན་ནས་ཡོང་མི་སྲིད་པ་རེད། དེ་ཅིག་ཡིན། གཉིས་ནས་སྲིད་སྐྱོང་རྡ་སར་མང་ཙམ་བཞུགས་དགོས་རབས་བཤད་མཁན་ཚོས་འཛམ་གླིང་གི་ཆབ་སྲིད་འགྲོ་སྟངས་མ་ཤེས་པའི་རྟགས་རེད། འཛམ་གླིང་འདི་ད་ལྟའི་དུས་སུ་གཅིག་ལ་གཅིག་རྟེན་ཆགས་ཡོད་པས་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད། ཁྱེད་ཚོས་ལྟོས་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་དུས་ཚོད་མང་ཤོས་ཤིག་ཕྱིའི་རྒྱལ་ཁབ་ལ་འཚམ་འདྲི་གཟིགས་སྐོར་ལ་བཏང་གི་ཡོད་པ་མ་མཐོང་ངམ། ཁྱོད་ཚོས་བོད་པ་ཚང་ད་དུང་ཡང་ལྔ་བཅུ་ང་དགུ་ལོའི་ཡར་སྔོན་བཞིན་དུ་ཕྱི་ཕྱོགས་ལ་སྒོ་རྒྱག་ནས་སྡད་དགོས་པ་རེད་ཟེར་བ་ཨེ་ཡིན།
ཨ་རིར་ཉེ་སྔོན་དོལ་རྒྱལ་རྗེས་འབྲངས་པ་མགོ་སེར་ཨ་ནེ་ཞིག་༧གོང་ས་མཆོག་གི་སྐུ་གམ་དུ་བཅར་བ་དེ་དང་། འདི་ཟླའི་ཕྱི་ཚེས་༧ཉིན་དོལ་རྒྱལ་རྗེས་འབྲངས་པ་མགོ་སེར་གཉིས་༧གོང་ས་མཆོག་གིས་མི་མང་ལ་བཀའ་སློབ་གནང་སའི་ཚོགས་ཁང་ནང་མངོན་གསལ་དུ་བཅར་ཐུབ་བྱུང་བ་དེ་བཅས་ནི། སྲིད་སྐྱོང་གིས་ཐད་བསྐོས་བྱས་པའི་ཨ་རིའི་དོན་གཅོད་གསར་པའི་སྐབས་ཐོག་འདིར་དངོས་སུ་བྱུང་བ་རེད། གནས་ཚུལ་དེ་ནི་འབྲེལ་ཡོད་ལས་སྣེའི་ངོས་ནས་བཤད་ན་ཧ་ཅང་གི་ཚབས་ཆེའི་ལས་དོན་འཐུས་ཤོར་ཞིག་ཡིན་པ་བརྗོད་མ་དགོས།
འབྲེལ་ཡོད་ལས་སྣེའི་ངོས་ནས་མིག་སྔར་མངོན་གསལ་དུ་བྱུང་བའི་ལས་དོན་འཐུས་ཤོར་བྱུང་བ་དེ་འདྲ་ལ་ཡང་གསལ་བཤད་ཙམ་ཡང་མེད་པར། ད་དུང་ང་ཚོས་ཞེན་ཁོག་སྐམ་པོ་གཅིག་བུར་བལྟས་ནས་སྐྱོན་ལ་སྐྱོན་དུ་མཐོང་བའི་དངོས་དོན་བརྗོད་མ་ཆོག་པ་དེ་ནི་ཧ་ཅང་གི་ཡ་མཚན་སྐྱེ་གཞི་ཞིག་རེད། གཞན་དུ་ན་བོད་བསྟན་སྲིད་ཀྱི་ཆེད་དུ་༧གོང་ས་མཆོག་ལ་མ་གཏོགས། དོལ་རྒྱལ་གྱི་རྙོག་ཟིང་སྐོར་དེར་འབྲེལ་ཡོད་ལས་ཀྱི་སྣེ་མོར་གཏོགས་པ་ཚོ་ལ་རང་བཞིན་གྱིས་འགན་འཁྲི་ཤུགས་ཆེན་ཞིག་མེད་པ་ཡིན་ནམ།
གནས་ཚུལ་དེའི་ཟུར་ཞིག་གོང་དུ་མཆན་༡༢ པའི་ནང་དུ་པད་མ་འཕྲིན་ལས་ལགས་ཀྱིས་”རྫེས་སུ་ཁོང་གང་འདྲ་བྱེས་ནས་ཚོགས་ཁང་ནང་དུ་ཡོངས་འདུག་བསམ་ནས་ཞིབ་འཇུགས་བྱེད་སྐབས། ཁོང་ལ་འཛིན་བྱུང་གསེར་པོ་ཞིག་རག་འདུག། འཛིན་བྱུང་གསེར་པོ་དེ་ཨ་རི་དིན་གཅོད་ཁང་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་གི་ལས་བྱེད་ཚོ་རིན་མེད་ཐོག་སྤྲད་འདུག། གནས་ཚུལ་འདི་གསལ་པོ་ཡིན།”ཞེས་བརྗོད་འདུག་པ་དེ་ལྟར་རེད།
ཁུག་རྟས་བདེན་པ་རང་བརྗོད་འདུག
རྒྱབ་བསྐྱོར་ཡོད།
ང་ཚོས་ཨ་རིའི་དོན་གཅོད་ལ་ངེས་བར་དུ་ཚ་འད།ྲི་བྱེད་རེམ་འདུག གདོང་འབག་གྱོན་མཁན་ཞིག་དང་རྐང་པ་གཅིག་པེ་ཅིན་གྱི་དངུལ་ཁང་ནང་ལ་བཙུགས་ཡོད་པ་འདྲ། དོགས་ཟོན་བྱོས། རླུང་འཕྲིན་ཁང་གི་ལས་བྱེད་རྣམས་ལ་ཡང་དོགས་ཟོག་བྱེད་དགོས། དེ་དག་ཚང་མ་དངུལ་མ་གཏོགས་སྤྱི་དོན་ཟེར་བ་ནི་རི་བོང་གི་རྭ་ཡིན་པ་གསལ་བོ་རེད།
# 12 པདྨ་འཕྲིན ལས།་ལགས་ཀྱིས་མཆན་བཏབ་པ།:
March 9th, 2014 at 11:59 AM
ད་རེས་དོན་གཅོད་གྱིས་གནས་གནས་ལས་ཀ་ཡག་པོ་བྱས་མ་བྱུང། ༧ གོང་ས་མཆོག་གི་་ཨ་རིའི་ནང་ཉིན་མཐའ་མ་དེ་ཟླ་གསུམ་པའི་ཚེས་བདུན་རེད། དེ་ཞོགས་པ་(National Cathedral in Washington DC) མི་མང་ལ་འཛམ་གླིང་ཞི་བདེ་བསྐོར་ལ་གསུངས་བཤད་གནང་སྐབས་དོལ་རྒྱལ་རྗེས་འབྲངས་བ་ཞིག་ཚོགས་ཁང་ནང་དུ་ཡོང་ནས་༧ གོང་ས་མཆོག་ལ་ངོ་རྒོལ་བྱས་སོང། ཁྱེད་གྱིས་རྫུན་མ་མ་ཤོད་ཟེར་ནས་དུས་ཡུན་རིང་པོ་འགྲོ་སོང་བས། བདེ་འཇགས་མི་སྣ་སླེབས་ནས་ཁོ་ཕྱི་ལ་འཁྲིད་སོང། རྫེས་སུ་ཁོ་གང་འདྲ་བྱས་་ནས་ཚོགས་ཁང་ནང་དུ་ཡོང་འདུག་བསམ་ནས་ཞིབ་འཇུག་བྱེད་སྐབས། ཁོང་ལ་འཛིན་བྱུང་སེར་པོ་ཞིག་རེག་འདུག། འཛིན་བྱུང་སེར་པོ་དེ་ཨ་རིའི་དོན་གཅོད་ཁང་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་གི་ལས་བྱེད་ཚོ་རིན་མེད་ཐོག་སྤྲད་འདུག། གནས་ཚུལ་འདི་གསལ་པོ་ཡིན
ལྷ་བྱ་འཕུར་གསར་འགོན་པ་ལ། ཡིན་པ་འདྲ་འདྲ་བོ་མ་ལབ། དུས་བབ་ནང་ཁུངས་ཡོད་ན་ཁྱེར་ཞོག
པདྨ་མ་འཕྲིན་ལས་ཀྱི་སྐད་ཆར་ནམ་ཡང་ཡིད་ཆེས་མེད། མི་འདི་ནི་ནམ་ཡིན་ཡང་རང་གཞུང་གི་དབུ་ཁྲིད་ཚོའི་མགོ་ལ་སྐྱག་པ་གཏོང་ཨེ་ཐུབ་ལྟ་མཁན་ཞིག་རེད། དོལ་ཚོགས་ཀྱི་ངོ་རྒོལ་ནི་སྔར་ནས་ཡོད་ཡོད་པ་རེད་ལ། དེ་རིང་གི་གནས་ཚུལ་འདི་ངོ་རྒོལ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྣམ་པ་ཞིག་རེད། འདིས་རྒྱུ་མཚན་ཡང་ཉེ་ཆར་དགེ་ལུགས་པ་སྤྱི་ནས་ཤུགས་ལྡན་གྱི་སྐོར་ལ་ལེགས་ཉེས་རྣམ་འབྱེད་ཀྱི་དེབ་ཆེན་པོ་ཞིག་བཏོན་ཡོད་པ་དེའི་སྡུག་ནད་མ་ཐེག་པས་རེད། དེས་ན་འདི་ལ་ཡ་མཚན་སྐྱེ་དགོས་པ་ཅི་ཡང་མེད། ཡ་མཚན་སྐྱེ་དགོས་པ་ངོ་མ་ནི་འདིས་ནང་གི་སེམས་ཁུར་ཡོད་མདོག་སྟོན་པའི་དྲྭ་འབུ་འགའ་རེས། ངོ་རྒོལ་བྱེས་དགོས་ས་དོལ་ཚོགས་ལ་ངོ་རྒོལ་མ་བྱས་པར་རང་གཞུང་སྐུ་ཚབ་དོན་གཅོད་ལ་ངོ་རྒོལ་བྱེད་པ་འདི་རེད།
ཇི་སྐད་དུ། ཁ་ཏྭས་མི་གཙང་ཟོས་པའི་མཆུ།།ས་གཙང་གཞན་ལ་འབད་ནས་འཕྱིད།། ཞེས་དང་།
ཁྱི་དང་བྱི་ལ་འགྲངས་ན་ཡང་།།ངོ་ཚ་བོར་བའི་རྣམ་ཐར་ཡིན།། ཞེས་སོགས་ལྟར། ད་དུང་ཨ་རིའི་དོན་གཅོད་ལ་འགན་དང་ནོངས་མེད་མདོག་གི་སྐྱག་བསྟོད་ཅིག་འབྲེལ་ཐག་འདི་ན་འདུག
http://www.tibettimes.net/news.php?id=8630
དེ་བཞིན་འཛམ་གླིང་ཁྱོན་གྱི་སྐྱེ་བོས་གུས་བཀུར་ཐོབ་པའི་༧གོང་ས་མཆོག་ལ་ཡང་སྤྱན་བསལ་མི་དགོས་བཞིན་དུ། རང་གི་རིག་གཞུང་ལ་ཀུན་ནས་རྨོངས་པའི་ལས་སྣེ་འདི་རིགས་ལ་སྤྱན་བསལ་ཞིག་དགོས་པ་ནི་རྨོངས་སྤྱོད་རང་རེད། དཔོན་ཉམས་ཆེ་ཉམས་ལ་ཇི་འདྲའི་མོས་པ་ལ་ཨང་་་་་་་་
ཤར་ཕྱོགས་ཁུགས་རྟ་ཟེར་བའི་མི་འདི་ངེད་མདོ་སྨད་པ་ཚང་གི་ཞབས་འདྲེན་ཞུ་མཁན་ཞིག་རེད། མི་འདི་གྲས་ངེད་ཚང་ལ་མེད་པ་ཧྲག་གི། ངོ་མ་ཡིན།