མཁོ་གཏོང་བ། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།
ཕྱི་ཚེས་༦ ཉིན་གྱི་སྔ་དྲོ་འབྱོར་བ་དང་མངའ་སྡེ་གཞུང་གི་མགྲོན་ཁང་དུ་སྣེ་ལེན་ཞུས། དེ་ནི་ཆེ་མཐོང་མཚོན་ཆེད་དུ་ཡིན་འདུག ཆུ་ཚོད་༡༡.༣༠ ཐོག་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་(Mr Vajubhai Vala)མཆོག་དང་མཇལ། ཐོག་མར་ཚོགས་དྲུང་མཆོག་གིསདབུས་ལས་བྱེད་ཁག་གཅིག་གིས་སྣེ་ལེན་གྱིས་གྲོས་ཚོགས་ཚོགས་ཁང་དང་། གྲོས་ཚོགས་འགྲེམ་སྟོན་ཁང་། དཔེ་མཛོད་ཁང་བཅས་ལ་གཟིགས་སྐོར་དུ་ཁྲིད་པར་མ་ཟད། བོད་མི་མང་སྤྱི་འཐུས་རྣམས་ཚོགས་གཙོའི་ཕེབས་སྒོ་ནས་གྲོས་ཚོགས་ཚོགས་ཁང་དུ་གདན་འདྲེན་ཞུས། དེ་ནི་ཆེ་མཐོང་མཚོན་ཆེད་ཡིན་པར་འགྲེལ་བཤད་གནང་།
ཚོགས་གཙོ་མཆོག་དང་མཇལ་སྐབས་མཇལ་དར་དང་ལག་རྟགས་སོགས་ཕུལ་བ་དང་། བོད་དོན་ངོ་སྤྲོད་དང་འབྲེལ་རྒྱབ་སྐྱོར་ཡོང་རེ་ཞུས། ཁོང་གིས་ཏཱ་ལའི་བླ་མ་དང་བོད་ནི་ང་ཚོའི་རྒྱལ་ཁབ་ཀྱི་སྐུ་མགྲོན་གལ་ཆེན་ཡིན་ལ། ལོ་རྒྱུས་ཐོག་ང་ཚོའི་རྒྱལ་ཁབ་མགྲོན་ལ་བརྩི་བཀུར་ཆེན་པོ་ཡོད། མ་འོངས་པར་ང་ཚོ་ཕར་མགྲོན་པོར་ཡོང་དུས་ཁྱེད་རང་ཚོས་ཀྱང་བརྩི་མཐོང་ཆེན་པོ་གནང་གི་རེད། དེ་བཞིན་བོད་དོན་འཐབ་རྩོད་བྱེད་པར་སེམས་ཤུགས་ཆེན་པོ་དགོས་རེད། སྔོན་ཇིའུ་མི་རིགས་ཁྱེེད་རང་ཚོ་ནང་བཞིན་འཛམ་གླིང་གང་སར་ཁ་འཐོར་ནས་ལོ་སྟོང་ཕྲག་མང་པོ་གནས་ཀྱང་། མཐར་རང་དབང་ཐོབ་ནས་ད་ལྟ་རྒྱལ་ཁབ་ཆེན་པོ་ཆགས་ཡོད། ཁྱེད་རང་ཚོས་འཐབ་རྩོད་སྐབས་སྙིང་སྟོབས་ཆེན་པོ་དང་། རྡོག་རྩ་གཅིག་སྒྲིལ་དགོས་པ་གལ་ཆེན་རེད་ཅེས་དང་། ཇིའུ་ཚོས་འཐབ་རྩོད་སྐབས་ལོ་རྗེས་མ་ཕ་ཡུལ་ནས་ཡིན་ཟེར་སྲོལ་ཡོད་རེད། ཁྱེད་རང་ཚོས་ཀྱང་ལོ་རྗེས་མ་ཕ་ཡུལ་ནས་ཡིན་གདའ་ཅེས་གསུངས་ནས་རྒྱབ་སྐྱོར་དང་ལམ་སྟོན་གནང་།
དེའི་རྗེས་ཆུ་ཚོད་༡.༣༠ ཐོག་མངའ་སྡེའི་སྲིད་སྐྱོང་འབུམ་རམས་པ་(Kamala Beniwal)མཆོག་དང་མཇལ། ཁོང་གིས་བོད་མི་རིགས་ཀྱིས་དཀའ་སྡུག་ཆེན་པོ་འདི་འདྲ་ཞིག་གི་འོག་ནས་བཟོད་བསྲན་གྱིས་སྙིང་སྟོབས་ཆེན་པོས་རྩ་དོན་འཐབ་རྩོད་བྱས་པ་ནི་ཧ་ཅང་གི་གཟི་བརྗིད་རེད། ངས་བསྔགས་བརྗོད་ཞུ་བ་དང་། ཁྱེད་རང་ཚོའི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཡོད། རྒྱ་ནག་གཞུང་ནི་ཡ་ང་དང་ཀུན་སྤྱོད་མེད་པའི་གཞུང་ཞིག་རེད། འོན་ཀྱང་ཁྱེད་རང་ཚོས་སེམས་ཤུགས་མ་ཆགས་པར་མུ་མཐུད་ནས་འཐབ་རྩོད་གནང་ན་བདེན་པ་ལ་མཐའ་མར་རྒྱལ་ཁ་ཡོད་རེད་ཅེས་གསུངས།
དེའི་རྗེས་ཆུ་ཚོད་༥.༡༥ ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། ཡོང་ལ་ཉེ་བའི་རྒྱ་གར་སྲིད་བློན་གྱི་འོས་མི་(Mr Narendra Mmodi)མཆོག་དང་མཇལ། བོད་མི་མང་སྤྱི་འཐུས་རྣམས་ལ་ཆེ་མཐོང་ཆེན་པོའི་སྣེ་ལེན་གྱིས་མཇལ་དར་ཕུལ་བ་སོགས་གྲུབ་མཚམས་གོང་བཞིན་བོད་དོན་ངོ་སྤྲོད་ཞུ་སྐབས། ང་ཧེ་མ་ཅལ་མངའ་སྡེ་ནས་ལོ་ལྔ་ལ་བསྡད་པ་ཡིན། བོད་ཀྱི་གནས་དོན་ཡག་པོ་ཤེས་ཀྱི་ཡོད། ལོ་མང་པོའི་སྔོན་ནས་ཁྱེད་རང་ཚོ་ལ་རྒྱབ་སྐྱོར་ཞུས་པ་ཡིན་ལ་ད་ལྟ་ཡང་རྒྱབ་སྐྱོར་ཡོད། ང་བོད་ལ་གངས་རིན་པོ་ཆེར་མཇལ་དུ་སོང་མྱོང་། དེ་དུས་བོད་ནང་གི་བོད་མི་ཚོར་ཐུག་གི་རེད་བསམ་ནས་༸གོང་ས་མཆོག་གི་སྐུ་པར་ཁྱེར་བ་ཡིན། ངའི་རོགས་པོ་ལས་བྱེད་ཚོས་ཉེན་ཁ་ཆེ་བ་གསུངས་བྱུང་ཡང་ངས་མི་མངོན་པར་འཁྱེར་བ་ཡིན། བོད་མི་ཚོ་ལ་སྤྲོད་སྐབས་དགའ་པོ་གནང་གི་འདུག་པས་ངས་ལག་རྟགས་ཡག་ཤོས་ཆགས་སོང་ཅེས་དང་། མཐར་ཁོང་གིས་༸ཏཱ་ལའི་བླ་མ་ལ་ངའི་འཚམས་འདྲི་ཞུ་རོགས་ཅེས་གསུངས་བྱུང་བ་སོགས་ཀྱི་གནས་ཚུལ་མདོར་བསྡུས་སུ། ལྷོ་ཕྱོགས་མངའ་སྡེའི་ཞུ་གཏུག་ཚོགས་ཆུང་ནས།
འབྲེལ་བ་ཞུ་ཡུལ། 8628858376 ཡང་ན་ 8679329912
ཨོ་ཡ་ཡག་གི་ཡ་་་་
མཐུས་མི་རྣམ་པ་ཚོ་བཀའ་དྲིན་ཆེ་ཨ། འོས་བསྡུ་རྗེས་མ་དེ་ཁ་བ་ཅན་ཕ་ཡུལ་ནས་ཡིན་ད་ལགས། ཞེ་དྲག་ཞེ་དྲག་ཡུན་རིང་པོར་མ་རེད།