བཀྲ་ཤིས་ལྡིང་བཟང། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་༦ཀ རང་ལོ། ༡༢
སྤྱི་ལོ་སོ་ལྔར་འཁྲུངས་པའི་༸གོང་ས་མཆོག།
ཡོད་ཚད་བློས་བཏང་ཆོས་སྲིད་འགན་འཁྲི་བཞེས།།
ཉམས་ཆུང་བོད་མི་རྣམས་ལ་བདེ་སྐྱིད་བསྐྲུན།།
ཉིན་མཚན་གང་བོར་གཞན་ཆེད་སྐུ་ལས་བསྐྱོན།།
ཆ་རྒྱུས་མེད་པའི་རྒྱ་གར་འཕགས་པའི་ཡུལ།།
བོད་མི་སྟོང་ཕྲག་མང་པོ་སྐྱབས་བཅོལ་གནས།།
རྒྱལ་བའི་དྲིན་གིས་ཟས་གོས་སྡོད་གསུམ་ཐོབ།།
ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་གསར་དུ་བསྐྲུན།།
འགྲོ་བ་མི་འབོར་ཐེར་འབུམ་མང་པོའི་ཁྲོད།།
ང་ཚོ་བོད་མི་རྒྱ་མཚོའི་ཆུ་ཐིགས་ཙམ།།
རྒྱལ་བའི་དྲིན་གྱིས་ང་ཚོ་འཛམ་བུ་གླིང་འདིར།།
ང་ཚོ་བོད་རིགས་མིང་དེ་ཡོངས་སུ་ཁྱབ།།
ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས།།
ཡུལ་དེའི་ཡུལ་མིས་གུས་བརྩི་ཞུས་པ་ནི།།
རྒྱལ་བའི་མཛད་འཕྲིན་བཟང་པོའི་འབྲས་བུ་ལས།།
རང་བཞིན་བྱུང་བའི་འབྲས་བུ་གང་ནས་ཡིན།།
རྒྱ་དམར་གཞུང་གིས་ཆོས་དང་རིག་གཞུང་རྣམས།།
རྩ་མེད་གཏོང་བའི་ཐབས་ཤེས་ཡོད་རྒུ་བརྩམས།།
འོན་ཀྱང་རྒྱལ་བའི་དྲིན་གྱིས་ཆོས་རིག་རྣམས།།
སྔར་ལས་ལྷག་པ་གོང་དུ་འཕེལ་བཞིན་ཡོད།།
ཕ་མའི་མི་ཚེ་ཕྲུ་གུའི་ཆེད་དུ་བཏང།།
ཁོང་གིས་སྐུ་ཚེ་བོད་མིའི་ཆེད་དུ་བཏང།།
རྒྱལ་བའི་དྲིན་ནི་བརྗོད་ཀྱང་བརྗོད་ཐབས་བྲལ།།
ཁྱེད་ནི་ང་ཚོའི་ཕ་མའི་ཕ་མ་ཡིན།།
ཁྱེད་ནི་ང་ཚོའི་ལྟ་བའི་མིག་དང་མཚུངས།།
ཁྱེད་ནི་ང་ཚོའི་གསོན་གནས་དབུངས་དང་མཚུངས།།
ཁྱེད་ནི་དྲོ་སྐྱིད་ཉི་མའི་འོད་དང་འདྲ།།
རྒྱལ་བ་ཁྱེད་ནི་བོད་མིའི་སྐྱབས་གནས་ཡིན།།