གནས་ཚུལ་མཁོ་གཏོང་བ། ཁང་སྨིན་གྲོལ་རྒྱ་མཚོ།
སི་པན་ས་སྐྱ་བཀྲ་ཤིས་གླིང་འདུས་སྤྱི་ནས་གསོལ་འདེབས་ཞུས་པ་བཞིན་འདི་ཟླའི་ཚེས་ ༡༧ གྱི་ཉིན་གུང་ཆུ་ཚོད་༡༢། དང་སྐར་མ། ༡༠། ཐོག་བཀའ་ཁྲི་ཟུར་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བྷར་སི་ལོ་ནར་ཕེབས་ཡོད་པ་དང་། དེ་གར་ས་སྐྱ་བཀྲ་ཤིས་གླིང་གི་བླ་མ་འཇམ་དབྱངས་བཀྲ་ཤིས་རྡོ་རྗེས་གཙོས་པའི་ལས་བྱེད་ཆེ་ཁག་དང་། བྷར་སི་ལོ་ན་བོར་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། རིག་གཞུང་འགན་འཛིན། དྲུང་ཆེ་སོགས་གནད་ཡོད་མི་སྣ་ཁག་ཅིག་ཕེབས་བསུར་བཅར་ཡོད།
ས་སྐྱ་བཀྲ་ཤིས་གི་དྲུང་ཆེ་ལུ་ཡིས་སི་ལགས་ཀྱིས་འགྲེལ་བཤད་གནང་བ་ལྟར་ན། རིན་པོ་ཆེ་མཆོག་འདི་གར་ཉིན་གསུམ་རིང་གི་མཛད་འཆར་ཡོད་པ་དང་། ཉིན་དང་པོའི་དགོང་དྲོར་ས་སྐྱ་བཀྲ་ཤིས་གླིང་དུ་ཞི་གནས་དང་འབྲེལ་བའི་གསུང་ཆོས་བཀའ་དྲིན་བསྐྱངས་པ་དང་། ཉིན་གཉིས་པར་ས་སྐྱ་བཀྲ་ཤིས་གླིང་གིས་གོ་སྒྲིག་བྱས་པ་ལྟར་བྷར་སི་ལོ་ན་གཙུག་ལག་སློབ་ཆེན་གྱི་ཚོགས་ཁང་དུ་<<མཐོ་རིམ་སློབ་མའི་ཤེས་ཡོན་གྱི་རིན་ཐང་>>ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་འབྲེལ་ཡོད་དྲི་བ་ཁག་ཅིག་ལ་བཀའ་ལན་བསྩལ།
ཉིན་གསུམ་པར་ས་སྐྱ་བཀྲ་ཤིས་གླིང་གི་མ་འོངས་པའི་གལ་ཆེའི་ལས་འཆར་ཁག་གཅིག་གི་ཐད་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་དུ་ཚོགས་འདུ་ཤིག་བསྡུས་པ་དེའི་ཚོགས་མགོན་དུ་ཕེབས་པ་དང་། དེ་རྗེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གསོལ་འདེབས་ཞུས་པ་ལྟར་ཕྱི་དྲོའི་ཆུ་ཚོད་ ༧། ༢༠ ། བྷར་སི་ལོ་ནའི་བོད་ཁང་དུ་ན་ཆུང་ཚོ་བོད་རིགས་གཙང་མ་ཞིག་ཡོང་ཐབས་སུ་ཕ་མས་ཁྱིམ་དུ་རང་སྐད་གཙང་མ་སྤྱོད་དགོས་པ་སོགས་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་འབྲེལ་བའི་བཀའ་སློབ་གནང་ལམ་སྟོན་གནང་ཡོད་པ་དང་། དེ་རིང་སྟེ་ཕྱི་ཚེས་༢༠ ཉིན་ཨོ་སི་ཁྲི་རིཡར་ཕེབས་ཡོད་པ་རེད།
སི་པན་ནས་ཁང་སྨིན་གྲོལ་རྒྱ་མཚོས།
རིན་པོ་ཆེའི་མཛད་འཕྲིན་སྔར་ལས་ཀྱང་རྒྱས་པར་ཤོག་ཅིག་གུ
ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ཞི་གནས་དང་འབྲེལ་བའི་བཀའ་ཆོས་གནང་བ་ནི་ཁོང་གི་གཟི་བརྗིད་ངོ་མ་དང་འོས་འགན་ཉག་ཅིག་དེ་རེད། ཉིན་གཅིག་ལྷག་མཐོང་དང་འབྲེལ་བའི་གསུང་ཆོས་གནང་གི་འདུག་ཟེར་བའི་གཏམ་བཟང་ལ་སྒུག་ཡོད་ད།
འོ་ལགས་སོ། བླ་རྒན་ཡོ་རོབ་ལ་སླེབས་དུས་ང་རྒྱ་གར་ནང་གནས་སྐོར་ལ་སླེབ་སོང་། གཞན་ཁོང་ལ་སྐད་ཆ་འགའ་འདྲི་རྒྱུ་ཡོད་ཐལ།
སྐུ་ངོ་ཟམ་གདོང་རིན་པོ་ཆེས་ཞི་གནས་བཤད་གི་འདུག་ཟེར་བས་ཧ་མི་ལས་ཀྱང་ཞི་གནས་སྒོམ་གི་འདུག་ཟེར་བ་གོ་ན་ང་ཧང་སངས་ངེས་རེད། རི་བོ་དགེ་ལྡན་པ་ཚང་ལ་བླ་མ་གངས་རྒྱན་འདྲ་མ་གཏོགས་སྔགས་པ་གོས་དཀར་ཅན་མེད་བསམ་ན་ཡང་ད་སི་ཕེན་ན་སྐུ་ངོ་སྔགས་པའི་འཁོར་གྱིས་བསྐོར་ནས་འགྲོ་སྟངས་ལ་བལྟས་ན་སྔགས་ཤུགས་ཆེན་པོ་ཞིག་ཆགས་ཡོང་གིན་ཡོད་པ་མིན་ནམ།།
གསོལ་འདེབས་ཞུ་ཉན་ས་སྐྱའི་ཆོས་ཚོགས་ཡིན་པས་སོ་ རིན་པོ་ཆེ་སྐུ་ཁམས་བདེ་ཐང་དང་སྐུ་ཚེ་བརྒྱ་ཕྲག་བཞུགས་པའི་སྨོན་འདུན་ཞུ།