གཡང་འཛོམས།
རྡོར་གླིང་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་ཆུང་གིས་འདི་ལོ་བོད་མིའི་སྐྱབས་མགོན་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་ལ་ཆེད་དུ་དམིགས་ཏེ་ཉིན་གསུམ་རིང་འཁྲུངས་སྐར་རྒྱས་པ་ཞིག་སྲུང་བརྩི་གོ་སྒྲིག་ཞུ་འཆར་ཡོད་པ་དང་། སྲུང་བརྩི་སྔོན་འགྲོའི་ལས་གཞི་ཁག་ལས་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་བརྟན་བཞུགས་དང་། ༸རྒྱལ་བའི་ཐུགས་དགོངས་བོད་ཀྱི་བདེན་མཐའ་སེལ་ཞིང་འཛམ་གླིང་ཞི་བདེ་ཡོང་ཐབས་བཅས་ཀྱི་ཆེད་དུ། འབུམ་དང་བསྟན་འགྱུར་དག་སྒྲོག་གི་ལས་འགུལ་དེ་བཞིན་དེ་རིང་ཕྱི་ཚེས་ ༡ རེས་གཟའ་ལྷག་པ་སྟེ་༸གོང་ས་མཆོག་གི་སྐུའི་བླ་གཟའ་ཉིན་མོ་དང་སྟབས་བསྟུན་དབུ་འཛུགས་ཞུས་ཡོད་འདུག
ད་རེས་ཀྱི་རྒྱལ་བའི་སྐུ་ཕྱྭའི་ཞབས་བསྟན་གྱི་བསྟན་འགྱུར་དག་སྒྲོག་ཁོངས་སུ་རྡོར་གླིང་ཁུལ་གྱི་རྙིང་མ་བཀའ་འགྱུར་དགོན་དང་། ཚེས་བཅུ་དགོན། གུམ་གུ་རུ་ས་སྐྱ་དགོན། འབྲུག་གསང་སྔགས་ཆོས་གླིང་དགོན། སོ་ནཱ་དར་བཀའ་རྒྱུད་དགོན། གུམ་ཡིད་དགའ་ཆོས་གླིང་དགོན། སོའུ་ཀེ་ཀིརྟིའི་དགོན་པ་བཅས་ཀྱི་ཁྱོན་བསྡོམས་དགེ་འདུན་པ་ཞལ་གྲངས་བརྒྱ་དང་ལྔ་བཅུ་ལྷག་མཉམ་ཞུགས་གནང་ཡོད་པ་དང་། དུས་ཡུན་བདུན་ཕྲག་གཅིག་ལྷག་གི་རིང་བསྟན་འགྱུར་དག་སྒྲོག་གནང་རྒྱུ་ཡིན་འདུག
་་་་་་་་་ ་བོད་ཀྱི་བདེན་མཐའ་སེལ་ཞིང་་་་་་་་་་་
འདི།
་བོད་ཀྱི་བདེན་མཐའ་གསལ་ཞིང་་་་་ ཞེས།
དགོས།
་་་་་་་་སྐུ་ཕྱྭའི་ཞབས་༼བསྟན་༽གྱི་བསྟན་འགྱུར་དག་སྒྲོག་་་་་་
འདི།
སྐུ་ཕྱྭའི་ཞབས་༼བརྟན་༽གྱི་བསྟན་འགྱུར་དག་སྒྲོག་
ལ་བཅོས་དགོས།
ཡག་པོ་འདུག རང་སོ་སོ་ཐད་ནས་གང་ནུས་ཅི་ནུས་བྱས་པ་བཟང་།
ཡག་བྱུང་ཀ་རྡོ་ལགས། ལས་བྲེལ་གྱིས་ཞབས་བརྟན་ལ་ཞབས་བསྟན་དུ་གཏགས་འདུག དེ་ལྟར་བཅོ་རོགས།
ད་ལྟའི་ཆར་ང་ཚོའི་ཆ་ནས་དཀའ་ངལ་དེ་བདེན་པའི་མཐའ་དེ་ཆགས་ཡོད། དེ་སེལ་ཐུབ་མེད་སྟབས། བདེན་མཐའ་སེལ་ཞེས་བྲིས་ཀྱང་མ་འགྲིག་པ་ཨེ་ཡོད། བདེན་མཐའ་གསལ་མ་གསལ་གྱི་དབང་དུ་བྱས་ནས་གསལ་ཡོད། གང་ཡིན་ཞེ་ན་ང་ཚོར་བདེན་པ་ཡོད་དེ་རེད། རྒྱ་ནག་ལ་མེད་པ་དེ་མིན་ནམ། ཧ་ཧ་ཧ་མགོ་རྙོག་ཅིག
རྒྱའི་བཙན་གནོན་དབང་གིས། ང་ཚོར་བདེན་པ་ཡོད་ན་ཡང་། དེ་མེད་པར་བཙན་དབང་བཏང་བས། དེའི་མཐའ་མཐའ་འཇུག་བསལ་ཟེར་ན་སེལ་ཞེས་འཇུག་ཀྱང་།
ང་ཚོར་བདེན་པ་ཡོད་པ་དག་རྒྱའི་གཡོ་བྱུས་འོག་ལ་གནན་ནས་མུན་ནག་ལྟ་བུ་དེ། དེ་ཀུན་གྱི་ཡིད་ངོར་མ་གསལ་བས་ན། ང་ཚོའི་བདེན་མཐའ་གསལ་དགོས་ཞེས་ཀྱང་། སྐབས་ཐོབ་ཀྱི་བརྗོད་འདོད་ལ་ཤིནད་ཏུ་རག་ལས་པ་འདྲ། འདི་ནི་བསམ་འཆར་ཙམ་མོ།།