ཨ་རིའི་མངའ་སྡེ་པེན་སལ་ཝེ་ནི་ཡར་རྟེན་གཞི་བྱས་པའི་ཇོན་ཊེམ་པེ་ལེ་ཊོན་ཐེབས་རྩ་ཁང་ནས་དེ་གའི་ཆེས་སྙན་གྲགས་ཅན་གྱི་ ༢༠༡༢ ལོའི་ཊེམ་པེ་ལེ་ཊོན་གཟེངས་རྟགས་འདི་བཞིན་བོད་མིའི་ཆོས་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་གཏན་འཁེལ་བ་ལྟར་དེ་རིང་ཚེས་ ༡༤་ཉིན་སནཊ་པོལ་ཡེ་ཤུའི་ལྷ་ཁང་ནང་དངོས་སུ་འབུལ་བཞེས་གནང་ཡོད་པ་རེད།
སྐྱབས་སུ་མཆི། ༜གོང་ས་མཆོག་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ལོ།
༧ གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་། བོད་མིའི་བདེན་དོན་མྱུར་དུ་གསལ་བར་ཤོག
ང་ཡི་ཉི་མ། ང་ཡི་སྟོན་པ། ང་ཡི་ཐམས་ཆད་མཁྱེན་པ་ཁྱེད། ངེད་བོད་པ་ཚང་གི་ཆེད་དུ་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པར་དང་། བོད་མིའི་འདོད་དོན་མྱུར་དུ་འགྲུབ་པར་ཤོག
བླ་མ་བདག་ཉིད་ཆེན་པོར་སྐྱབས་སུ་མཆི། སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག །
བདག་བསོད་ནམས་ཅན་ བདག་སྐལ་བ་ཅན་ སྤྱན་རས་གཟིགས་ཀྱི་རྣམ་སྤྲཱུལ༧་རྒྱལ་དབང་བསྟན་འཇིན་རྒྱ་མཚོའི་ཞལ་མཇལ་ གསུང་ཐོས་ བྱང་སེམས་ཀྱི་སྡོམ་པ་ཞུས་པ་སོགས་སྐལ་བཟང་གི་གོ་སྐབས་མང་དུ་ཐོབ་པ་རྣམས་ཡིད་ལ་དྲན་དུས་ དགའ་ཚོར་དཔག་མེད་རྒྱཱུད་ལ་སྐྱེས་ ལྷག་པར་བསྟན་པ་དང་འགྲོ་བའི་དོན བོད་ཀྱི་རང་དབང་ཆེད་སྐུ་ངལ་དཔག་ཏུ་མེད་པར་སྐྱོན་གྱི་ཡོད་པར་ལོང་བས་བལྟས་ན་ཡང་ཤེས་ཚོད་རེད་ འོན་ཀྱང་རྒྱ་དམར་གཙོས་བལྟ་ལོག་ཅན་རྣམས་ཀྱི་སྙིང་ལ་ན་ཟུག་ཡོད་པ་ཐག་ཆོད་ ཤ་ཚ་ བདག་ཅག་རྣམས་ནི་ཚེ་རབས་ནས་ཚེ་རབས་ཀུན་བླ་མ་བཀའ་དྲིན་ཅན་དེའི་རྗེས་སུ་བཟུང་དུ་གསོལ ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་་་་
༧བསྟན་འཛིན་རྒྱལ་མཚོ་མཆོག་གི་སྐད་གྲགས་ཅན་གྱི་གཟེངས་རྟགས་བཞེས་པ་ལ་གུས་རང་གི་འཚམ་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད་་་་་་བོད་རྒྱལ་ལོ།
དངོས་གནས་དགའ་འོས་པའི་དོན་བཟང་ཞིག་རེད། ཁོང་གི་འཕྲིན་ལས་རྒྱས་ན་བོད་པ་ཚང་ཇེ་སྐྱིད་ཇེ་ཡག་རེད་།
ད་བར་དུ་༧གོང་ས་མཆོག་ལ་དགའ་རྟགས་གྲངས་ལས་འདས་པ་གང་ས་གང་ནས་གནང་སོང་བར་གུས་བཀུར་ལོས་ཡོད་་་་་་་ཡིན་ཡང་དགའ་རྟགས་ཀྱི་རིན་ཐང་ངོ་མ་སྟེ་དགའ་རྟགས་འབུལ་མཁན་ཚོས་ཁ་ཡོད་ལག་ཡོད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་བསྒྲགས་རྒྱུ་དེ་རེད། དེ་མིན་༧་གོང་ས་མཆོག་ལ་མཇལ་དུས་ཡོད་ནི་འདྲ་བོ་་་་་དེ་མིནཅི་ཡང་བོད་དོན་གླེང་བར་གོ་རྒྱུ་མེད་དུས་ཡག་པོར་མཐོང་གི་མེད། མ་མཐའ་ཡང་དགའ་རྟགས་གནང་མཁན་ཚོས་འགྲོ་བ་མའི་ཐོབ་ཐང་དང་་་་ལྷག་པར་དུ་བོད་མིའི་ཐོག་ལ་རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་འཛིན་སྟངས་མི་འགྲིག་པ་དེ་ཚོགས་སྒྱུར་བཅོས་དགོས་པའི་འབོད་སྐུལ་གནང་རྒྱུའི་དགོས་འདུན་ཁག་ཅིག་རང་གཞུང་གིས་བཏོན་དགོས་པའི་དུས་ལ་བབས་ཡོད་པ་འདྲ།
ཡེ་ཤེས་སྤྱན་ཀྱིས་མི་གཟིགས་ས་དང་།།
རྫུ་འཕྲུལ་ཞགས་པས་མི་ཐེབས་ས་མེད།།
ཐམས་ཅད་མཁྱེན་པ་ཁྱེད་ཚང་མཁྱེན།།
སྐུ་ཚེ་ཡུན་ཏུ་བརྟན་པར་ཤོག།
ས་སྒང་གི་སེམས་དཔའ་ཆེན་པོ།།
ས་ཁ་ཐག་ཞབས་ཀྱིས་བཅགས་ནས།།
ས་མཐའ་རུ་ཆོས་འཁོར་སྐོར་གི །
ས་ལམ་གྱི་ས་བོན་བསྐྲུན་གི །
མགོན་སྐྱབས་གཅིག་བསྟན་འཛིན་རྒྱ་མཚོ།།
དུས་སྙིགས་མའི་རང་གཤིས་རྡོལ་དུས།།
ངེད་ཐ་མལ་འགྲོ་བ་ཡོངས་ཀྱི།།
དཔུང་གཉེན་དུ་བསྐལ་བརྒྱར་བཞུགས་རོགས།།
ས་སྒང་གི་སེམས་དཔའ་ཆེན་པོ།།
མ་ཁ་ཐག་ཞབས་ཀྱིས་བཅགས་ནས།།
ས་མཐའ་རུ་ཆོས་འཁོར་སྐོར་གི །
ས་ལམ་གྱི་ས་བོན་བསྐྲུན་གི །
མགོན་སྐྱབས་གཅིག་བསྟན་འཛིན་རྒྱ་མཚོ།།
དུས་སྙིགས་མའི་རང་གཤིས་རྡོལ་དུས།།
ངེད་ཐ་མལ་འགྲོ་བ་ཡོངས་ཀྱི།།
དཔུང་གཉེན་དུ་བསྐལ་བརྒྱར་བཞུགས་རོགས།།
འཚམ་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། ང་ཡི་བླ་མ། ང་ཡི་ཉི་མ། བོད་རྒྱལ་ལོ།
༧བླ་མ་ཕྱག་ན་པདྨོས་ཊེམ་པེ་ལེ་ཊོན་གཟེངས་རྟགས་བཞེས་པར་སྙིང་ནས་རྟེན་འབྲེལ་ཞུ།
གོང་ས་མཆོག་ལ་གཟེངས་རྟགས་འབུལ་བའི་སྐོར་ལ་གནས་ཚུལ་ཞིབ་ཅིང་ཕྲ་བ་འདི་ན་འདུག
http://www.telegraph.co.uk/news/religion/9265311/Dalai-Lama-thought-English-law-abiding-before-the-riots.html
གངས་ཅན་པ་ཡོངས་ཀྱི་ཁོག་པའི་སྙིང། བདག་གི་དྲིན་ཅན་རྩ་བའི་བླ་མ་བཀའ་དྲིན་གསུམ་ལྡན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་འགྲུབ་པའི་སྨོན་འདུན་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།
བརྩེ་ཆེན་ཆུ་མཐོང་དྭངས་མའི་མེ་ལོང་ལས།།
འཛད་མེད་བྱིན་རླབས་སྣང་བའི་མཁའ་ནོར་ཆེ།།
འཛམ་གླིང་འགྲོ་བའི་སྙིང་གི་མུན་སེལ་སྒྲོན།།
བསྟན་འཛིན་རྒྱ་མཚོས་བྱང་ཆུབ་བར་དུ་སྐྱོངས།།
འདིར་གཟེངས་རྟགས་ཀྱི་རྒྱབ་ལྗོངས་དང་། གོང་ས་མཆོག་གི་གསུངས་བཤད་སོགས་ཀྱི་དྲ་བརྙན་འདུག་གོ
http://www.youtube.com/watch?v=DP5q3mKp5A8&feature=player_embedded
གོང་ས་རྒྱལ་བའི་དབང་པོས།།
འཛམ་གླིང་ཞབས་ཀྱི་བསྐྱང་ཏེ།།
ཞི་བདེའི་ལམ་སྣ་འདེགས་བཞིན།།
སེམས་ཀྱི་བདེ་སྐྱིད་བསྐྲུན་བཞིན།།
འགྲོ་ལ་བརྩེ་བ་ཟབ་པ།།
སྲིད་འདིར་བདེ་ལ་བཀོད་མཁས།།
ཞི་བའི་དེད་དཔོན་ཆེན་པོ།།
གཟེང་རྟགས་གིས་འདང་ངེས་རེད་ མང་མ་དྲགས་ན་མི་ཉུང་ ད་ནི་གཟེང་རྟགས་མ་བཞེས་ན་གཟི་བརྗིད་ཆེ་བ་།
༧དགོས་ས་མཆོག་ལ་གཟེང་བརྟགས་འབུལ་རྒྱུ་ལོས་ཡིན། ༧དགོས་ས་མཆོག་ལྟ་བུའི་སྐྱེ་བུ་དམ་པ་མང་ཙམ་བྱོན་ན་འཛམ་གླིང་ཞི་བདེ་དང། འགྲོ་བ་མ་ལུས་བདེ་ནས་བདེ་བར་འགྱུར་ངེས། བདག་གི་ལུས་ངག་ཡིད་གསུམ་ཀྱང་ཁྱེད་ལ་འབུལ་ལོ།
སྐྱེ་དགུ་འཛུམ་གྱིས་བསུ་བའི་འཇིག་རྟེན་མགོན།།
འདོད་ལྡན་སྡིག་ལས་སྐྱོབ་པའི་བསིལ་བྱིན་མཆོག།
ཉིན་མཚན་བརྗེས་ནས་ཤར་ནུབ་གང་ས་རུ།།
ཞི་བདེ་སྟེར་མཛད་ས་སྟེང་འདི་ན་གཅིག།
འཛམས་གླིང་གཞི་བདེའི་དེད་དཔོན་ བོད་མིའི་འདི་ཕྱིའི་སྐྱབས་གནས་ ༧སྐྱབས་མགོན་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་སླར་ཡང་ཟེངས་རྟགས་སྙན་གྲགས་ཅན་འདི་གསོལ་བར་དགའ་བསུའི་བཀྲིས་བདེ་ལེགས་ཞུ་ཞིང་ རྒྱལ་བའི་སྐུ་ཚེ་ཡུན་དུ་རྟན་པ་དང་ མཛད་འཕྲིན་དར་ཞིང་རྒྱས་ལ་ ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་གསོལ་སྨོན་རྩེ་གཅིག་དུ་འདེབས་ལགས་སོ་།
ངའི་བླ་མ་ལགས། ཁྱོད་སྐུ་ཚེ་སྲིད་མཐར་བརྟན་དང་། འུ་ཅག་གངས་ཅན་པ་ཡོངས་ཀྱི་སྙིང་ཚིལ་ནི་ཁྱོད་ཡིན། གངས་ལྗོངས་མེ་ཡིས་བསྐོར་ཏེ་མཆིས་རུང་ཁྱོད་ཀྱི་བཀའ་བཞིན་ལ་རྒྱའི་སེང་ཕྲུག་དེ་ནས་བྲལ་བ་མེད། བཞེས་ཤིག་ཨ་ཕ་ལགས། གླིང་འདིའི་གཟེངས་རྟགས་ཀྱིས་ཉེར་མཚོན། ངེད་ཀྱིས་སྐལ་དོན་དུ་སོང་བའི་ལྷ་ཀླུ་སོགས་ཀྱིས་ཕུལ་བའི་ཚེ་བསོད་དབང་ཐང་སོགས་ངེས་པར་མཆིས་ན་ཁྱོད་ནི་འཛམ་གླིང་སྤྱི་དང་ལྷག་པར་ངེད་གངས་ཅན་པ་ཡོངས་ཀྱི་ཚེ་འདི་ཕྱིའི་སྐྱབས་གནས་ཉག་ཅིག་ཏུ་མ་བརྗེད་པར་བཞེས་ཤིག དྲན་བྱུང་ཨ་ཕ། སྙིང་གི་ནོར། ང་ཡི་བླ་མ།
༸སྐུ་ཚེ་ཡུན་བརྟན་ཤོག །
ཁོང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན།
ཡུ་རོབ་གླིང་སོགས་གླིང་ཕྲན་མ་ལུས་ན། །
མ་ཤི་ཀ་དང་མོ་ཧྭ་མད་སོགས་ཀྱི། །
རྗེས་འབྲང་འགྲོ་བ་རྣམས་ཀྱང་མོས་གུས་ཀྱིས། །
གང་གི་ཞབས་པད་གུས་པས་ཕྱག་བགྱིའོ། །
སྐད་ཅིག་གཅིག་ལ་འགྲོ་བ་བདེ་བའི་སླད། །
ཁྱོད་ནི་ཅུང་ཟད་ཙམ་ཡང་ངལ་བ་མེད། །
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་བཀའ་དྲིན་ལ། །
ཡོན་ཏན་བརྗོད་ལ་ནམ་ཡང་ངལ་མ་གྱུར། །