བློ་གྲོས་རབ་བརྟན།
ཟླ་དང་པོའི་ཚེས་༡༠ ཉིན་གྱི་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་ཀུན་གླེང་ལ་བལྟས། ནམ་རྒྱུན་བལྟ་ཡི་མེད་ཅེས་བཤད་ན་འགྲིག འོན་ཏེ་མཚམས་རེ་ལ་བརྗོད་གཞིའི་ཐད་ནས་བལྟ་དགོས་པ་ཆགས་ཀྱིན་འདུག ཟླ་འདིའི་ཚེས་༡༠ ཉིན་གྱི་བརྗོད་གཞི་ནི་དེའི་གྲས་རེད། རེད་དེ་ང་ལ་འདོད་པ་མ་ཁེངས་པ་མང་པོ་བྱུང་བས། གཤམ་དུ་ཚིག་ཁ་ཤས་ཞུ་རྒྱུ།
༡༽ བརྗོད་མི་དགོས་པ་བརྗོད་པ། བརྗོད་གཞི་རྒྱའི་བཙོན་འོག་ཏུ་ཚུད་པའི་གཞས་པ་དག་རེད། དེ་དག་གླེང་ན་འགྲིག་གི་རེད་དེ། དེ་དང་མཉམ་དུ་གླེང་མི་དགོས་པའམ་གླེང་བ། དཔེར་ན་གཞས་པ་ཤེེར་བསྟན་དང་ཀུན་དགའ་ལྟ་བུ་གླེང་ནས་ཅི་བྱེད། ཁོང་དག་ཇི་འདྲ་ཡིན་པ་བོད་མིའི་སེམས་ན་གསལ་ཐེང་ངེར་རེད། ཁོང་དག་གི་གནས་སྟངས་ནི་རྒྱ་གཞུང་གིས་མ་བཟུང་ཙམ་རེད་ལ་། ལྟ་རྟོག་དང་སུན་བཙེར་འོག་འགྲོ་འདུག་གི་རང་དབང་ལའང་ཚད་བཀག་ངེས་ཅན་ཡོད། གནས་སྟངས་དེ་འདྲའི་རིགས་གླེང་སྟེ། ཁོང་དག་ཧ་ལས་པ་རེད་མདོག་མདོག་གླེང་བསྡད་ན། དེས་རྒྱ་གཞུང་ལ་ཁོང་དག་གི་སྟེང་ལ་དོ་སྣང་སྣོན་མ་ཡོང་བར་སྐུར་ལྕག་གཏོང་གི་ཡོད།
༢༽ རྒྱའི་བཙོན་འོག་གི་གཞས་པ་དག་གླེང་བཞིན་རྟའུ་བློ་བཟང་དཔལ་ལྡན་གྱི་གཞས་ཀྱི་ཐད་ནས་འདས་མ་ལྟ་གསུམ་གླེང་སྟེ་ཆུ་ཚོད་ངེས་ཅན་ཞིག་ཁོ་ལ་སྤྲད་སོང་། སྐབས་ཐོག་གི་བརྗོད་གཞི་བློ་དཔལ་གྱི་གཞས་ཀྱི་སྐོར་མ་རེད་ལ། བློ་དཔལ་རྒྱའི་བཙོན་འོག་ཏུ་ཚུད་པའི་གཞས་པ་དག་གི་ཁྱད་ཆོས་དང་ནུས་པའི་ཐད་ནས་དགོངས་ཚུལ་བརྗོད་དེ། གཞས་པ་དེ་དག་གི་ནུས་རྩལ་གསལ་སྟོན་ལ་རོགས་འདེགས་བྱེད་མཁན་ལས་བརྗོད་གཞི་བློ་དཔལ་མིན་པ་དེ་གཙོ་སྐྱོང་བས་ཤེས་མི་འདུག་ཅིང་། ད་དུང་ཆུ་ཚོད་སྤྲོད་སྟངས་ནས་གཞས་པ་རྟ་མགྲིན་ཚེ་བརྟན་ཟུར་དུ་ལྷག་སོང་།
༣༽ རྒྱབ་ཀྱི་བརྙན་ཡོལ་སྒྲིག་སྦྱོར་ལ་མཚོན་ནའང་གཞས་པ་ཁ་ཤས་ཀྱི་གཞས་བླངས་བ་ཞིག་སྔོན་ལ་བསྟན་སོང་ལ། དེ་ནས་གང་འཚམས་སོང་རྗེས་ཁ་པར་ལས་མི་ཞིག་གིས་གཞས་པ་ཞིག་སྐོར་གསལ་བཤད་བྱས་ཡོང་དུས། གཙོ་སྐྱོང་བས་ཁོའི་སྐོར་འདི་ན་གྲ་སྒྲིག་ཡོད་ཟེར་ནས་ཅིག་བསྟན་སོང་། དངོས་གནས་བྱས་ན་གཞས་པ་དག་གི་གཞས་བླངས་པ་ཚན་པ་རེ་མཉམ་དུ་བསྟན་ན་གླེང་བདེ་བ་དང་། དུས་ཚོད་གྲོན་ཆུང་། འདྲ་མཉམ་དང་མཐོང་བདེ་བའི་ཁྱད་པར་ཡོད་ཅིང་། བརྗོད་གཞི་དེ་ལྟ་མཁན་དག་ལ་ཆ་ཚང་བ་དང་གསལ་བོ་ཆགས་པར་གཙོ་སྐྱོང་བ་གཅིག་པུས་མི་ཡོང་ལ། རྒྱབ་ཀྱི་བརྙན་ཡོལ་སྒྲིག་སྦྱོར་བཟང་ངན་གྱི་ནུས་པ་ངེས་ཅན་འཐོན་གྱི་ཡོད།
ཨ་རིའི་རླུང་འཕྲིན་གྱི་བོད་སྐད་ཚན་པར་མཚོན་ན་ལོ་གང་འཚམ་སོང་ཚར། ཡིན་ནའང་ཡར་རྒྱས་ཀྱི་རྣམ་པ་མཐོང་དཀའ། ཨ་རིའི་ལུང་པ་འདིར་མིག་དཔེ་ལྟ་སའི་གསར་ལས་ཁང་མང་པོ་རེད་ལ། གསར་གཏོད་ཀྱི་ནུས་པ་མེད་ཀྱང་ངེས་པར་དུ་ལད་ཟློས་བྱེད་ཤེས་དགོས་རེད། ལད་ཟློས་ཡག་པོ་བྱེད་ཤེས་ན། དེས་ང་ཚོ་ལ་འཐུས་པར་འདོད།
གནས་ལུགས་འདུག
དེ་འདྲ་བྲིས་ན་རྫོགས་ས་མ་རེད། རྫོགས་མེད་བཤད་ན་ཁ་ཚུམས་ཟེར་གི དེ་ལོས་ཟེར་ཁོང་ཚོའི་འདོད་པ་རེད་དྲ། འདོད་ཚད་དྲན་ཚད་བཤད་གི་བཅུགས་ན། འུ་ཚང་གི་མདོ་འཛིན་པ་ཚོ་རུལ་འགྲོ་ས་རེད། སྤྱིར་མདོ་འཛིན་པ་ལ་མིག་དགོས་ཀི མིག་ཡོད་པས་མི་ཆོག་ཕར་ནང་མཐོང་ནི་ཟིག་དགོས་ཀི དེའི་ཐོག་ག་དགོ་ནོ་ཡག་རེད། ཡག་མེད་ཀྱང་སྔོན་གྱི་ལས་རེད་མོད། ཡག་ཡོད་ནོ་བཙལ་ན་རྙེད་ནི་རྙེད་ཀ་ཟེར་རྒྱུ། ཡ་དེའི་ཐོག་ག་མདོ་འཛིན་པ་ལ་ལྕེ་དགོས་ཀི ལྕེ་མ་ཆད་པ་ཟིག་ཟེར་གི་མེད་དྲ། ལྕེ་ཡོད་ཚད་ཚང་མས་མདོ་འཛིན་མི་ཐུབ་ནོ་ཀུན་གི་མཐོང་ས་ནས་ཚང་མས་རིག་ག་བཟས། དེའི་འཕྲོ་ནས་མདོ་འཛིན་པ་ལ་རིག་པ་དགོ་གི རིག་པ་དེ་མ་ཤི་ནི་ཟིག་ཟེར་གི་མེད་མོད། དྲི་བ་གཏོང་སྟངས་ལ་བལྟས་དུས། ཀླད་པ་དེའི་ནང་ལ་རིག་པའི་ཚབ་ལ་འཕྲུལ་ཆས་སྒྲིག་བཞག་ནས་ལོས་ཡོད་འདོད་ཀ། དེའི་ཆ་ནས་འུ་ཚང་གི་མདོ་འཛིན་པ་ཚོར་ཅང་བཤད་མཁན་ཡོད་ནི་མ་རེད། བཤད་ནས་གོ་ནི་ཡོད་པ་མ་རེད། མིན་གཡས་ལྟ་གཡོན་ལྟ། རྒྱབ་ལྟ་མདུན་ལྟ་ཟིག་ཡས་ན། སི་སི་ཏྲི་ཝི་ཚང་གི་མདོ་འཛིན་པ་ལྷ་མོ་འདྲ་བོ། སྦི་སྦི་སི་ཚང་གི་མདོ་འཛིན་པ་གེ་སར་འདྲ་བོ། ཨུན་སྒྲིན་ཏྲི་ཝི་ཚང་གི་མདོ་འཛིན་པ་ཨ་ཅེ་ཐམས་ཅད་མཁྱེན་པ་འདྲ་བོ་མང་ནི་མང་འགའ།།
ད་མ་འཛིང་སྙིང་རྗེ་་་་འཛིང་རུང་ཡར་རྒྱས་ལ་འགྲོ་རྒྱུ་ཡོད་ནི་མ་རེད་་་་དེ་ལས་ལམ་སྟོན་རེ་གནང་ཨེ་ཐུབ་ལྟོས་་་ལོ་་
ཁུག་རྟ་ ལུང་ཁུག་གི་སྐད་རྒྱབ་ནས་བྲིས་ན་སུས་གོ་ཡི་རེདདམ་ ཡིག་སྐད་རྒྱོབ་ཤོག་ ཁུག་རྟ་རང་རེད་
༡)
ཀུན་གླེང་གི་དཀའ་ངལ་འདི་གསར་འགོད་པ་སྒེར་བའི་དཀའ་ངལ་མ་རེད། འདི་ཚོགས་པའི་སྒྲིག་གཞི་དང་འགོ་འཁྲིད་ཀྱི་བྱེད་སྟངས་དང་འབྲེལ་བའི་དཀའ་ངལ་རེད།
༢)
བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སུ་གཞུང་སྒེར་གྱི་ཚོགས་པ་མང་པོ་ཡོད་། འོན་ཀྱང་། མི་སྒེར་བའི་ཤེས་ཡོན་དང་ཉམས་མྱོང་། ཆེད་ལས་གསུམ་སོགས་གང་ལ་ཡང་མི་བལྟ་བར། ཚོགས་ཁོངས་སུ་བསྡུ་མཁན་དེ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་ཡིན། ལས་ཁུངས་འདི་གཉིས་ཀྱིས་ཨ་རིའི་གཞུང་གི་དངུལ་ཟ་བཞིན་ལས་མི་དག་རང་གི་གྲོགས་པོ་དང་ངོ་ཤེས། ཉེ་འབྲེལ་རྐྱང་བསྡུ་བཞིན་ཡོད་།
༣)
བཙན་བྱོལ་དུ་སྐུ་དྲག་ཟེར་བ་དང་དེ་ཚོའི་དབང་ཆ་དང་གོ་ཐོབ་སོགས་མཇུག་རྫོགས་བཞིན་ཡོད་མོད་། ད་དུང་ཡང་རེ་གཉིས་ལྷག་ནས་ཡོད་ལ་དེའི་ཁོངས་སུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བློ་བཟང་རྒྱ་མཚོ་གཉིས་ཚུད་ཡོད་།
༤)
ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་ཀྱི་ལས་བྱེད་བསྡུ་སྟངས་ཀྱི་སྐྱུགས་བྲོ་བའི་བྱེད་སྟངས་དེར་འགྱུར་བ་མ་ཕྱིན་བར་དུ་ཚོགས་པ་འདི་གཉིས་ལ་ཡར་རྒྱས་ཀྱང་འབྱུང་དཀའ།
༥)
ཚོགས་པ་འདི་གཉིས་ཡར་རྒྱས་གཏོང་བར་བྱེད་སྟངས་རིམ་པ་གཉིས་ཡོད་། གཅིག་དེ་སྒང་གི་འགོ་འཁྲིད་ཀྱིས་ཞོལ་གྱི་ལས་བྱེད་ལ་འགྱུར་བ་གཏོང་དགོས། དེ་ནི་ཡོང་མི་སྲིད་པ་ཞིག་ཡིན།
གཞན་དེ་ནི་མང་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་སུ་གནད་དོན་འདིའི་སྐོར་ལ་ཡིག་ངག་གཉིས་ཀྱིས་འབོད་སྐུལ་བྱེད་རྒྱུ་དེ་ཡིན། འདི་བྱེད་ཐུབ་པ་ཞིག་ཡིན་ལ་བྱེད་བདེ་བ་ཡང་ཡིན།
ཉེ་སྔོན་ངའི་གྲོགས་པོ་ཞིག་གིས་ཀྱང་འདི་ལྟར་བཤད་སོང་། སྔོན་ཆད་ཁོ་རང་ལ་དགྱ་གཞུང་གིས་འདྲི་རྟོག་ཅིག་གི་དུས་སྐབས་དེར་ཁོས་ཁས་ལེན་མ་བྱས་པ་མང་པོ་ཞིག་གི་རྗེས་སུ། དགྱ་གཞུང་གིས་ཨེ་རླུང་ཚང་གིས་བཏོན་པའི་ཁོ་ཡི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་བཅས་པའི་ཡིག་ཆ་ཞིག་བསྟན་སོང་བས་ཁོ་བོ་ཅི་བྱེད་འདི་བྱེད་མེད་པར་གྱུར་ཅིང་། དེའི་བྱས་འབྲས་སུ་བརྗོད་དཀའི་དཀའ་ངལ་འཕར་མ་མང་པོ་ཞིག་རིམ་བཞིན་དུ་བྱུང་སོང་ཟེར།
འདི་ནི་གོང་གསལ་ལྟར་གསར་འགྱུར་སྒྲོག་སྟངས་མ་འགྲིག་པའི་དཔེར་མཚོན་ཙམ་དུ་བརྗོད་པ་ཡིན།
སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་ཀྱང་མི་ཆོད་ཟེར་བའི་གཏམ་དཔེ་འདི་ནི་སྲིད་པ་རྒད་པོའི་ཉམས་མྱོང་གི་སྡོམ་ཚིག་ཡང་དག་ཅིག་རེད།
ཀུན་གླེང་ལས་མང་བ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ཉན་ལྟ་མང་བ་བྱེད་བགྱིད་ཡོད། ཨེ་རླུང་ནང་གི དབུས་པའི་སྒ་གདངས་པས། འདི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་རེད། ཅེས་པའི་རེད་འདི། དག་པ་འདུག འོན་ཀྱང་ཁམས་སྐད་སྒྲ་གདངས་པས། འདི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ཡིན། ཞེས་པའི་ཡིན་འདི་། མ་དག་མིན་ནམ་སྙམ་ལགས།
ཡང་གོང་དུ་ཤར་ཁུག་གིས། ་་་ སྤྱིར་མདོ་འཛིན་པ་ལ་མིག་དགོས་ཀི མིག་ཡོད་པས་མི་ཆོག་ཕར་ནང་མཐོང་ནི་ཟིག་དགོས་ཀི ་་་
འདི་།
སྤྱིར་མདོ་འཛིན་པ་ལ་མིག་དགོས་བགྱིད་འདུག མིག་ཡོད་པས་མི་ཆོག་ཕར་ནང་མཐོང་ནི་ཟིག་དགོས་བགྱིད་འདུག ཅེས་བྲིས་ན་དུས་ལྟ་བར་སྟོན་པར་ཕན་ཐོགས་ཆེ།
ཀུན་གླེང་ཟེར་ན་མི་གླེང་རྒྱུའི་སྐོར་ཞིག་མེད་ཟེར་གི་ཡོད་པ་མ་རེད་དམ། དེ་འདྲ་ཡིན་ན། ཀུན་གླེང་ཁང་མེད་པར་མ་བཟོས་བར་དུ། དེའི་ནང་གི་ཁ་ཏྭ་སྐྱ་ཀ་ཆོ་ཆི་ཁག། དགོས་མི་དགོས་སར་གྱག་གི་འདུག་ནི་རེད།
ཀ་རྡོར་རྐང་ཆག་ལགས་ཀྱིས་ཁུག་རྟ་ལག་ཆག་ལགས་ལ་དག་བཅོས་བྱེད་ཚུལ་ནི། ཁ་ཤོ་ཞིག་གིས་སྣ་ཤོ་ཞིག་ལ་འཕྱ་ལད་བརྒྱབས་པ་དང་གཅིག་པ་རེད། ཧ་ཧ་ཧ།
ཨ་རིའི་རླུང་འཕྲིན་དང་བརྙན་འཕྲིན་གཉིས་ནས་གཟབ་དགོས་ས་ཧ་ཅང་མང་གི། ཅིག་གླེང་བཞིན་གླེང་བཞིན་ཉོག་འགྲོ་གི ཕར་ནང་གི་མིའི་བདེ་འཇགས་ལ་གཟབ་མི་ཤེས། དཔེར་ན་ཤེར་བསྟན་དང་ཀུན་དགའ་གླེང་བ་ལྟ་བུ་རེད། དེར་མ་ཟད་བཙན་བྱོལ་དུ་ཡོད་པའི་གཞུང་དང་ཚོགས་པ་ག་གེ་མོ་དག་བོད་ནང་གི་གནས་ཚུལ་ཅི་བྱུང་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཅི་ཐུབ་བྱེད་པ་འདི་ལ་དགེ་མཚན་ཡོད་མེད་ལ་བལྟ་བའི་བློ་རྒྱ་དེ་ཙམ་ཡང་མི་འདུག དཔེར་ན་བོད་ནང་དུ་ལྷག་དཀར་སྲུང་བརྩི་བྱེད་བཞིན་པ་དེ་འདི་ཕྱོགས་ནས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་ད་སྐབས་འདི་ཆབ་སྲིད་ཀྱི་བྱེད་ཉེས་ཤིག་ཏུ་ཆགས་ཡོད། དེ་བཞིན་ཉེ་སྔོན་ཨ་མདོའི་”གཡུ་འབྲུག་སྡེ་ཚན་”གྱི་གཞས་ཤིག་ལ་”བོད་རང་དབང་སློབ་ཕྲུག་ཚོགས་པས”བྱ་དགའ་ཞིག་སྤྲད་པ་ལྟ་བུ་རེད། འདི་ལྟ་བུའི་མུན་ནག་མདའ་འཕེན་གྱི་བྱེད་ལས་སྐྱུག་བྲོ་འདིས་ཚོས་རེ་བ་ཁེངས་བའི་གཞིས་ལུས་བ་གང་མང་མང་ཞིག་གི་མདུན་ལམ་ལ་ས་འདེད་ཀྱི་འདུག
ཀ་རྡོར་རྐང་ཆག་ལགས་ཀྱིས་ཁུག་རྟ་ལག་ཆག་ལགས་ལ་དག་བཅོས་བྱེད་ཚུལ་གསུངས་ན། སྤྱི་སྐད་ལ་མི་ཕན་ནམ། གནམ་ལགས།
རང་དབང་ཡུལ་ནས་སྐད་ཆ་བཤད་སྟངས་དང་ལས་འགུལ་སྤེལ་སྟངས་སྐོར་ནས་ལོ་སྔོན་མར་༧ གོང་ས་མཆོག་ནས་གང་ཅིའི་ཐོག་ནས་གཟབ་གཟབ་མ་བྱས་ན་འདི་གར་སྐད་རྒྱབ་པའི་མཇུག་འབྲས་སུ་དཀའ་ངལ་བོད་ནང་ལ་འཕྲད་ཡོང་གི་འདུག་ཅེས་བཀའ་སློབ་གནང་སོང་ང་། རེད། སྐབས་དེའི་ཀུན་གླེང་ཚང་གིས་ཉོག་སོང་།
བློ་གྲོས་རབ་བརྟན་ལགས་ནས་ཡི་གེ་མ་འབྲི་སྔོན་ལ་བསམས་བློ་ཞོམ་མོ་ཐོངས། གངས་ལགས་ཞེས་ན་ཤེར་བསྟན་ལགས་དང་ཀུན་དགའ་སོགས་སྐོར་བཤད་དགོས་རེད། རྒྱུ་མཚན་ནི་ཁོང་གཉིས་ནི་བོད་པའི་གཞས་པའི་ཁྲོད་ནུས་ཤུགས་ཆེ་ཤོས་ལྟ་བུ་ཡིན། དྲི་བ་ནི་གཞས་ནུས་ཤུགས་ག་ཚོད་ཡོད་མེད་དེ་རེད། ད་དུང་བློ་དཔལ་མཆོག་ལ་དུས་ཚོད་མང་པོ་སྤྲད་སོང་ཟེར། དེ་ནི་ཁྱེ་རང་གིས་ཚོར་སྣང་ཞིག་རེད། ཁོང་གཉིས་ལ་དྲི་བ་ཐེངས་བཞི་འདྲ་མཉམ་གཏོང་སོང་། མ་གཞི་ནས་བློ་དཔལ་མཆོག་ལ་དུས་ཚོད་མང་བ་སྤྲོད་པའི་དབང་དུ་བཏང་ཀྱང་དེ་ནི་འོད་དང་འཚམས་པ་ཞིག་ཡིན། ཁོང་ནི་མི་བྱས་བརྗེ་ཅན་ཞིག་ཡིན་པ་ཚང་མའི་མཁྱེན་གསལ་ལྟར་རེད།
ཁྱུང་དཀར་ལགས་ཀྱིས་གསུངས་པ་རང་རེད།
བོད་ཕྱི་ལོགས་སུ་ཡོད་པའི་བོད་མི་མང་པོས་རང་དབང་ལུང་པའི་ནང་དུ་བསྡད་ནས།
སེམས་ལ་གང་ཤར་ཚང་མ་བཤད་རྐྱང་བྱས། འདི་རང་དབང་ལུང་པའི་ནང་བསྡད་ཡོད་པའི་ཁུལ་ཡིན་འགྲོ།
ཁུག་རྟས་སྐད་ག་རེ་རྒྱབ་གི་ཡོད་རེད། གོ་ཡ་གང་ཡང་མིན་འདུག
འདི་ནི་གསར་འགོད་པའི་ཁྱད་ཆོས་ཡིན་པས་གསར་འགོད་པ་དང་ཆབ་སྲིད་པ་གཉིས་ཐ་དད་རེད། བརྗོད་མི་ཉན་པའི་གནད་དོན་ཞིག་ཡོད་ན་གསར་འགོད་པ་ལ་སྒེར་ངོས་ནས་གནས་ཚུལ་འཁོད་སྤྲོད་མི་བྱེད་རྒྱུ་གནད་དུ་མཐོང་བ་ལས་གསར་འགོད་པས་བརྗོད་པའི་གནད་དོན་ཡོད་ཚད་བདེན་པ་ཡིན་པའི་ངེས་བའང་མེད་ལ། ཁོང་ཚོས་ཤེས་ཟིན་པའི་གནད་དོན་ཀུན་དགོས་བའི་ཆེད་དུ་མི་སྒྲོགས་རྒྱུའི་ངེས་བ་དེ་བས་མེད། ཁོང་ཚོ་ནི་གསར་འགོད་པ་ཡིན་པས་གསར་འགྱུར་འགོད་རྒྱུ་ནི་ཁོང་ཚོའི་ལས་ཀ་དང་འཚོ་བ་ཡིན་པས་གནས་ཚུལ་གསར་བ་ཞིག་ཐོབ་ན་སྤྱང་ཀི་ཤ་ལ་རྔམ་པ་ལྟར་བརྗོད་རྒྱུ་ཁོ་ཚོའི་ལས་འགན་རེད། དེ་བརྟེན། གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་ངོས་ནས་གཟབ་གལ་ཆེ་བ་མཐོང་།
འདས་ད་ལྟ་མ་འོངས་གོ་རིམ་བཞིན།
སྐྱེས་བུ་དང་པོར།
༡༽ངས།
་་་པ་ཡིན།
་་་་བགྱིད་ཡོད།
་་་་བགྱི་ཡིན།
སྐྱེས་བུ་གཉིས་པར།
༢༽ཁྱོད་ཀྱིས།
་་་པ་རེད།
་་བགྱིད་རེད།
་་་་བགྱི་རེད།
སྐྱེས་བུ་གསུམ་པར།
༣༽ཁོས་དང་མོས།
་་་་པ་རེད།
་་་བགྱིད་རེད།
་་་་བགྱི་རེད།
ཡིན་མིན། རེད་མ་རེད།
ང་ཡིན། ང་མིན།
ཁྱོད་རེད། ཁྱོད་མ་རེད།
ཁོ་རེད། ཁོ་མ་རེད།
འདི་རེད། འདི་མ་རེད།
ཡོད་མེད་དང་། འདུག་མི་འདུག
ང་ལ་ཡོད། ང་ལ་མེད།
ཁྱོད་ལ་འདུག ཁྱོད་ལ་མི་འདུག
ཁོ་ལ་འདུག ཁོ་ལ་མི་འདུག
དེ་ལ་འདུག དེ་ལ་མི་འདུག
འདས་ད་ལྟ་མ་འོངས་གསུམ་ལ།
༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
༢༽ འདི་རིང་ ངས་ ཤིང་ གཅོད་བགྱིན་ ཡོད།
༣༽ སང་ཉིན་ ངས་ ཤིང་ གཅད་བགྱི་ ཡིན།
ངའི་མཆན་བུ་༡༦པ་འདི་ནི།
མདོ་དབུས་ཁམས་གསུམ་དང་ཡང་བརྒལ་ནས། བོད་རིགས་ཡོངས་རྫོགས་ལ། སྤྱི་སྐད་སྤྱི་མཚུངས་ཅིག་འོངས་པ་ལ། ཁ་སྐད་ཡིག་སྐད་དུ་བྲིས་ཚེ་དག་ཆ་འདི་ལྟ་བུ་ཅིག་བྱུང་ན། མི་ལེགས་སམ་སྙམ་ནས་བསམ་འཆར་དང་། གྲོས་གཞིར་བཀོད་པ་ཡིན་པས། འདི་ལ་དགག་གཞག་སྤོངས་གསུམ་གནང་ན་དགའ་བསུ་ཡོད་ལགས།
སྐད་ཡིག་གི་སྐོར་ལ།
http://www.tibettimes.net/news.php?showfooter=1&id=8470
http://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D
http://www.wikipedia.org/
ཨ་ནི་ཐང་གིས་བཤད་པ་བདེ་པ་བདེན་རྐྱང་རེད་། ཆབ་སྲིད་པ་དང་ཤེས་ཡོན་པ་ཡིན་ཟེར་བའི་ལུང་ཁུག་་གི་མྱི་དེ་ཚོའི་འདོད་པར་ཡོད་ཚད་གང་ནས་བསྟུན་ཐུབ་།
ཕྱག་ལགས་ལ་ཕྱག་འཚལ་ལོ། ཁ་སང་ངས་པག་ལེབ་ཟ་བ་ཡིན། ད་ལྟ་ངས་འབྲས་ཟ་བགྱིན་ཡོད། སང་ཉིན་ངས་མོག་མོག་ཟ་བགྱི་ཡིན། ང་གྲྭ་བ་ཡིན། ཁྱེད་གྲྭ་བ་རེད་པས། ནམ་ལགས་གྲྭ་བ་རེད་པས། དྲི་བ་ཞིག ང་ཁ་སང་ཁྲོམ་པ་ཕྱིན་པ་ཡིན་པ། འདི་དྲི་ཚིག་རེད་པས། འདི་འདྲ་བའི་ཚིག་ཁ་ཤས་ངའི་རྣ་བའི་བུ་གར་ཁྱོན་ནས་འགྲོ་ཡི་མི་འདུག ཡང་། ཁོང་འགྲོ་‚‚གི་‚‚འདུག ཡང་ན། ཁོང་འགྲོ་‚‚ཡི‚‚འདུག ཡང་ན། ཁོང་འགྲོ་བགྱི་འདུག འདི་གསུམ་གང་ཐད་པ་ཡིན།
དྲི་བ་ཞིག ང་ཁ་སང་ཁྲོམ་པ་ཕྱིན་པ་ཡིན་པ། འདི་དྲི་ཚིག་རེད་པས། འདི་འདྲ་བའི་ཚིག་ཁ་ཤས་ངའི་རྣ་བའི་བུ་གར་ཁྱོན་ནས་འགྲོ་ཡི་མི་འདུག ཡང་། ཁོང་འགྲོ་‚‚གི་‚‚འདུག ཡང་ན། ཁོང་འགྲོ་‚‚ཡི‚‚འདུག ཡང་ན། ཁོང་འགྲོ་བགྱི་འདུག འདི་གསུམ་གང་ཐད་པ་ཡིན།
ལན།
ང་ ཁ་སང་ ཁྲོམ་ལ་ ཕྱིན་པ་ ཡིན་པ། ཞེས་པ་ནོར་བ་ཡིན་ཏེ།
ཁྱེད་རང་ ཁ་སང་ ཁྲོམ་ལ་ ཕྱིན་པ་ ཡིན་པ།
དང་།
ཁོང་ གདང་ ཁྲོམ་ལ་ ཕྱིན་པ་ རེད་པ།
འདི་དག་པ་མ་གཏོགས།
སྐྱེས་བུ་དང་པོར། ང་་ གདང་ ཁྲོམ་ལ་ ཕྱིན་པ་ ཡིན་པ། ལབ་སྟངས་འདི་ཤིན་ཏུ་ནོར་བ་ཆེན་པོ་རེད།
ཡང་།
ཁོང་འགྲོ་‚‚གི་‚‚འདུག འདི་འབྲེལ་སྒྲ་གི་སྦྱར་བ་ལྟ་བུས་ནོར་བ་འདྲ།
ཁོང་འགྲོ་‚‚ཡི‚‚འདུག འདི། ཕྲད་གཞན་དབང་ཅན་མཐའ་མེད་རྗེས་ལ་ཡི་བྲིས་ཁུལ་བྱས་ཀྱང་། ཁ་སྐད་དང་མི་མཐུན།
ཁོང་ ཕེབས་བགྱིད་ འདུག ཁོ་ འགྲོ་བགྱིད་འདུག འདི་བགྱིད་ཀྱིས་དག་ཆ་རང་ནས་དུས་ད་ལྟ་བ་ཡིན་པ་སྟོན་ཐུབ་ལགས།
གདང་ མདང་ལ་ བཅོས་རོགས།
རྒྱལ་རབས་ནང་ལ། མདང་སྐྱེས་ཀྱི་བུ་སོ་ནི་སྐྱེས་འདུག གསུངས་པ་ལྟར་རོ།
ལས་རིམ་དེ་ལ་བསམ་ཚུལ་མ་བཤད་གོང་ལ་ཡག་པོ་ཉན་རོགས་གནང་།
བློ་གྲོས་རབ་བརྟན་ལགས་ཀྱིས་དེ་ཉིན་གྱི་ཀུན་གླེང་ལས་རིམ་གྱི་བརྗོད་གཞི་གསལ་པོ་ཤེས་ཡོད་ས་མ་རེད་སྙམ།
ངས་བལྟས་ན་ དེ་ཉིན་གྱི་བརྗོད་གཞི་ནི་ཉེ་འཆར་རྒྱ་ནག་གཞུང་ནས་བོད་པའི་གཞས་གཏོང་མཁན་མང་པོ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོག་ནས་བོད་ཕྱི་ནང་དུ་གཞས་ཀྱིས་ནུས་པ་གང་ཙམ་འཐོན་ཡོད་མིན་གླེང་སོང་། བོད་ནང་གི་གཞས་པ་བཙོན་འོག་ཏུ་ཡོད་པ་ཚོའི་གཞས་ཚིག་གི་ནང་དོན་དང་གནས་ཚུལ་ཞིབ་ཕྲ་གླེང་ན་ཉེན་ཁ་ཆེ་བས་ ཞིབ་ཕྲ་མ་གླེང་བར་ གཞས་ཀྱི་ནུས་པ་གླེང་བ་དེས་གཞས་པ་ཚོའི་བྱས་རྗེས་མཚོན་ཐུབ་པའི་ལས་རིམ་ཡང་པོ་ཞིག་བྱུང་བ་དང་བློ་བཟང་དཔལ་ལྡན་གྱིས་ཨ་རིའི་གླུ་གཞས་ཀྱིས་ང་ཚོར་རྒྱལ་ཁ་ཐོབ་ཀྱི་རེད་ཟེར་བ་དེས་འཛམ་གླིང་ཐོག་ནུས་པ་ཇི་འཐོན་དཔེར་དྲངས་པ་སོགས་ཧ་ཅང་ཡག་པོ་གསུང་སོང།
བསམ་འཆར་སྙིང་དོན་།
ངས་བོད་སྤྱི་ལ་ཁྱབ་ཐུབ་པའི་ཕན་ཐོགས་ཅན་གྱི་ཁ་སྐད་ཅིག ཡིག་ཐོག་ལ་ཕབ་ཐུབ་པ་བྱུང་ན་སྙམ་ནས་འབད་བཞིན་ཡོད་པའི་སྤྱི་སྐད་དེ་ནི།
༡༽ ཐུ་མི་སྔོན་གྱི་ཁ་སྐད་དེ་ཙམ་ཡང་མིན།
༢༽ སྲོང་བཙན་ནས་ང་དགུའི་བར་གྱི་དབུས་གཙང་པ་དང་། ཁམས་པ། ཨ་མདོ་པའི་ཁ་སྐད་དེ་ཙམ་ཡང་་མིན།
༣༽ འོ་ན་གང་ཡིན་ཞེ་ན། ད་ལྟའི་ལྷ་སའི་ཁ་སྐད་དེ་ཤེས་པའི་ཐོག་ནས། སུམ་རྟགས་དང་མི་མཐུན་དག གཙང་བསལ་ཐོག ང་དགུ་ནས་ཉི་སྟོང་དགུའི་བར་དྷ་སར་ཆོལ་གསུལ་བོད་རིགས་ཡོད་མང་པོ་རང་བཞིན་གྱིས་འཛོམས་ནས། ལོ་ངོ་༥༠བར་ཉམས་མྱོང་གསར་གསོག་གིས་གསར་ཐོན་འདི། གཞིར་བཞག་ནས་ཁ་སྐད་ཚད་ལྡན་ཅིག ཡིག་ཐོག་ལ་གཅིག་འགྱུར་ཕབ་པ་ཅིག་བྱུང་ན་སྙམ་པ་དང་། དེ་ཡང་།
༤ ༽ རྒན་འཇམ་དཔལ་ལགས་ཀྱིས་གཟབ་ནན་སྐུ་ངལ་གནང་བ་བཞིན། བཀའ་བསྟན་ནང་གསལ་གྱི་མིང་ཚིག་སྤྱི་མཚུངས་ཅིག་བྱུང་ན། ཁ་སྐད་ཤེས་པས། བཀའ་བསྟན་ཤེས་པ་ལ་ཕན་པ་དང་། བཀའ་བསྟན་སྤྱི་མཚུངས་ལྟར། མིང་ཚིག་ཀྱང་མ་འོངས་ཆོལ་གསུམ་བོད་རིགས་ཡོངས་རྫོགས་སྤྱི་མཚུངས་སུ་གྱུར་པ། འོནད་ཀྱང།
༥༽ ཁ་སྐད་ནང་གི གི་ཀྱི་གི་ཡི་འི། འབྲེལ་སྒྲ་མིན་པར་འབྲེལ་སྒྲའི་ཕྲད་བྲིས་མི་དགོས་པར། འདས་མ་འོངས་གསལ་སྟོན་སྔར་ཡོད་༼བགྱི་༽དང་༼བགྱིད་༽བྲིས་པ་དང་། གིན་ཀྱིན་གྱིན་སོགས་ཕྲད་གཞན་ཅན་མིན་བཞིན་དུ། རྗོད་བདེ་མང་པོ་འདྲེན་མི་དགོས་པར། ཁ་སྐད་དང་ཏག་ཏག་མཚུངས་པ་༼བགྱིན་༽ཞེས་པའི་ཚིག་གཅིག་གིས་འཐུས་པ་བྱུང་ན་ཁ་སྐད་ཀྱང་འབྲི་སླ་རུ་སོང་བ་སྙམ་པ་སོགས་ནི། དགོས་དོན་མཐོང་ན་དམིགས་བསལ་བྱུང་ན་སྙམ་པ་ལགས།