༼ཁྱེད་ལ་འབུལ།༽ ཞེས་པའི་གཞས་གསར། Posted on 2014-01-302014-01-30 By ཁ་བརྡ་ 11 Comments on ༼ཁྱེད་ལ་འབུལ།༽ ཞེས་པའི་གཞས་གསར། ལེན་མཁན། ཚེ་དབང་ལྷ་མོ། གླུ་གཞས།
གཞས་མ་ཚེ་དབང་ལྷ་མོ་ལགས། ཁྱེད་ནི་དབྱར་གྱི་ཁུ་བྱུག་ཅིག་དང་འདྲ་སྟེ། བོད་མདོ་དབུས་ཁམས་གསུམ་དུ་སྙན་འཇེབས་སྒྲོག ། རྟ་བདུན་གྱི་དབང་པོ་ཤར་ཐེངས་རེར། ཁྱེད་ཀྱི་གླུ་དབྱངས་ཀྱི་དྲི་བསུང་འཐུལ་བཞིན་མཆིས།།
༼ཚེ་དབང་ལྷ་མོའི་གཞས་ཚིག༽ ཡིད་བཞིན་ནོར་བུ།།དད་པའི་གླུ་ཆུང་སྙན་མོ་འདི།།སྟོད་ཀྱི་མངའ་རིས་སྐོར་གསུམ་ནས།།ཁྱོད་ལ་བསྐུར་བའི་གསོལ་འདེབས་ཡིན།།ཐུགས་རྗེ་བྱིན་རླབས་འཇུག་པར་ཤོག།ཡིད་བཞིན་ནོར་བུ།།དུང་བ་ཟབ་མོའི་རྒྱང་འབོད་འདི།།བར་གྱི་དབུས་གཙང་རུ་བཞི་ནས།།ཁྱོད་ལ་ཕུལ་བའི་ལེགས་སྐྱེས་ཡིན།།ཞལ་རིས་མྱུར་དུ་མཇལ་བར་ཤོག།ཡིད་བཞིན་ནོར་བུ།།འགྱུར་བ་མེད་པའི་དམ་བཅའ་འདི།།སྨད་ཀྱི་མདོ་ཁམས་སྒང་དྲུག་ནས།།ཁྱོད་ལ་ཕུལ་བའི་ཞབས་བརྟན་ཡིན།།སྐུ་ཚེ་རྡོ་རྗེ་བྲག་ལྟར་ཤོག།ཡིན་བཞིན་ནོར་བུ།།
ཨ་རོ་ཡེ་བུ་མོ་དེ་མཛེས་གསུང་སྐད་དེ་དེ་བས་སྙན་ལ་གཞས་ཚིག་ནི་དེ་བས་གཟབ། མོ་དང་ཉིན་གཅིག་དགའ་པོ་བྱེད་རྒྱུ་རག་ན་ངས་མི་ཚེ་དེ་ནས་འཇུག་བསྡུས་ཀྱང་འགྱོད་པར་མི་སེམས། མ་ནི་ང་གཅིག་པུ་ཡིན་གྱི་མ་རེད་བོད་བཙན་པོའི་སྟག་ཤར་ཤིག་ཡིན་ན་ཚང་མའི་དེ་ལྟར་བསམ་ནས་ཉལ་གྱི་ཡོད་ཀྱི་རེད། ཨ་རོགས་ཚོ་མོ་ལ་ཨེ་དགའ།
གཟའ་ཟླ་བའི་ཉིན་༧གོང་ས་མཆོག་གིས་བར་ལམ་བོད་ནང་གི་ལི་ཐང་དགོན་ཆེན་དང་གསེར་རྟ་བླ་རུང་ཆོས་སྒར། རྒྱལ་ཐང་བཅས་སུ་མེ་སྐྱོན་བྱུང་བའི་ཐད་ཐུཊ་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་འདུག ༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། བར་ལམ་ལི་ཐང་དགོན་ཆེན་དང་། གསེར་རྟ་བླ་རུང་ཆོས་སྒར། རྒྱལ་ཐང་བཅས་པར་སྔ་རྗེས་སུ་མེ་སྐྱོན་ཚབས་ཆེ་བྱུང་སྟེ་རྩ་ཆེའི་རིག་དངོས་ཀྱིས་མཚོན་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བར་བློ་ཕམ་ཅི་ཆེ་བྱུང་ཡང་། མཆོག་གསུམ་༧རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་ལས་གཞན་བྱ་ཐབས་དབེན།ད་དུང་ཡང་ས་ཁུལ་གཞན་ལ་དེ་ལྟའི་གནས་ཚུལ་མི་ཡོང་བའི་ངེས་པ་མེད་པས་གཙོ་ཆེར་སེར་སྐྱ་མང་ཚོགས་ཚང་མ་འཆམ་མཐུན་ཕུ་ནུའི་འདུ་ཤེས་ཀྱིས་ནང་རྩོད་དམེ་འཁྲུག་རིགས་ནམ་ཡང་མི་བྱེད་ངོས། ཕྱིའི་ཞབས་རིམ་ཡུལ་ཁག་སོ་སོའི་ཡུལ་དགོན་སྤྱི་ནས་ཐུབ་པའི་མཚན་སྔགས་དང་། ཡིག་དྲུག སྒྲོལ་མའི་གཟུངས་སྔགས། སྒྲོལ་བསྟོད། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་ཀྱི་གསོལ་འདེབས་འབད་སྒྲུབ་ཐོག རྣམ་ཀུན་གློག་དང་། མཆོད་མེ། མེ་ཐབ་སོགས་མེ་སྟག་རིགས་ལ་གཟབ་ནན་གང་ཆེས་སྔོན་འགོག་དང་འབྲེལ་དེང་རབས་ཀྱི་མེ་གསོད་འཕྲུལ་ཆས་གྲ་སྒྲིག་ཚད་ལྡན་ཡོང་ཐབས་འབྲེལ་ཡོད་ལ་ཞུ་བསྐུལ་བྱེད་གལ། འདི་ནས་སེམས་གསོའི་འཚམས་འདྲི་དང་། རྗེས་འཛིན་སྐྱབས་སྨོན་བཅས། རྒྱ་གར་འཕགས་པའི་ཡུལ་ནས་ཤྰཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏྰ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཟླ་ ༡༡ ཚེས་ ༢༦ ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༧ ལ།། ཞེས་འཁོད་འདུག
གཞས་ཚིག་འདི་ཅི་འདྲའི་སྙན་པ་ལ་ཨང་། དཀར་པོ་དུང་གི་ལྕགས་རི་ཅན་པོ། །ཁྱེད་ཀྱིས་བཤད་ན་གནས་མཆོག་གང་རེད། ། དཀར་པོ་དུང་གི་ལྕགས་རི་ཅན་པོ། །གངས་རིས་བསྐོར་བའི་བོད་པའི་ཞིང་རེད། ། སེར་པོ་གསེར་གྱི་ན་བཟའ་ཅན་པོ། །ཁྱེད་ཀྱིས་བཤད་ན་སྐྱེས་བུ་སུ་རེད། ། སེར་པོ་གསེར་གྱི་ན་བཟའ་ཅན་པོ། །ཕན་བདེ་བསྐྲུན་པའི་སྐྱེས་བུ་དེ་རེད། ། དྲང་མོ་མདའ་ཡི་རང་གཤིས་ཅན་པོ། །ཁྱེད་ཀྱིས་བཤད་ན་མི་བརྒྱུད་གང་རེད། ། དྲང་མོ་མདའ་ཡི་རང་གཤིས་ཅན་པོ། །སྤྱན་རས་གཟིགས་ཀྱི་རྗེས་བཟུང་བོད་རེད། ། འཚེ་མེད་ཞི་བའི་རང་ལུགས་ཅན་པོ། །ཁྱེད་ཀྱིས་བཤད་ན་སུ་དང་གང་རེད། ། འཚེ་མེད་ཞི་བའི་རང་ལུགས་ཅན་པོ། །ཕན་བདེ་བསྐྲུན་པའི་སྐྱེས་བུའི་ཚོགས་རེད། ། འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། །ཁྱེད་ཀྱིས་བཤད་ན་སུ་དང་གང་རེད། ། འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། །ཀ་ཁའི་ཞབས་པད་བརྟན་པ་དེ་རེད། །
ཡིད་བཞིན་ནོར་བུ།།དད་པའི་གླུ་ཆུང་སྙན་མོ་འདི།།སྟོད་ཀྱི་མངའ་རིས་སྐོར་གསུམ་ནས།།ཁྱེད་ལ་བསྐུར་བའི་གསོལ་འདེབས་ཡིན།།ཐུགས་རྗེའི་བྱིན་རླབས་འཇུག་པར་ཤོག། ཡིད་བཞིན་ནོར་བུ།།དུང་བ་ཟབ་མོའི་རྒྱང་འབོད་འདི།།བར་གྱི་དབུས་གཙང་རུ་བཞི་ནས།།ཁྱེད་ལ་ཕུལ་བའི་ལེགས་སྐྱེས་ཡིན།།ཞལ་རས་མྱུར་དུ་མཇལ་བར་ཤོག། ཡིད་བཞིན་ནོར་བུ།།འགྱུར་བ་མེད་པའི་དམ་བཅའ་འདི།།ཁམས་ཀྱི་ཆུ་བཞི་སྒང་དྲུག་ནས།།ཁྱེད་ལ་ཕུལ་བའི་ཞབས་བརྟན་ཡིན།།སྐུ་ཚེ་རྡོ་རྗེའི་བྲག་ལྟར་ཤོག། ཡིན་བཞིན་ནོར་བུ།། ལྷག་བསམ་དཀར་བའི་དད་མོས་འདི།། སྨད་ཀྱི་ཨ་མདོ་རྒྱལ་རོང་ནས།། ཁྱེད་ལ་བཅོལ་བའི་དམ་ཚིག་ཡིན།།གཞི་བྱེས་མྱུར་དུ་འཛོམས་བར་ཤོག།
ཡིད་བཞིན་ནོར་བུ།།དད་པའི་གླུ་ཆུང་སྙན་མོ་འདི།།སྟོད་ཀྱི་མངའ་རིས་སྐོར་གསུམ་ནས།།ཁྱེད་ལ་བསྐུར་བའི་གསོལ་འདེབས་ཡིན།།ཐུགས་རྗེའི་བྱིན་རླབས་འཇུག་པར་ཤོག། ཡིད་བཞིན་ནོར་བུ།།དུང་བ་ཟབ་མོའི་རྒྱང་འབོད་འདི།།བར་གྱི་དབུས་གཙང་རུ་བཞི་ནས།།ཁྱེད་ལ་ཕུལ་བའི་ལེགས་སྐྱེས་ཡིན།།ཞལ་རས་མྱུར་དུ་མཇལ་བར་ཤོག། ཡིད་བཞིན་ནོར་བུ།།འགྱུར་བ་མེད་པའི་དམ་བཅའ་འདི།།ཁམས་ཀྱི་ཆུ་བཞི་སྒང་དྲུག་ནས།།ཁྱེད་ལ་ཕུལ་བའི་ཞབས་བརྟན་ཡིན།།སྐུ་ཚེ་རྡོ་རྗེའི་བྲག་ལྟར་ཤོག། ཡིད་བཞིན་ནོར་བུ།། ལྷག་བསམ་དཀར་བའི་དད་མོས་འདི།། སྨད་ཀྱི་ཨ་མདོ་རྒྱལ་རོང་ནས།། ཁྱེད་ལ་བཅོལ་བའི་དམ་ཚིག་ཡིན།།གཞིས་བྱེས་མྱུར་དུ་འཛོམས་བར་ཤོག།
གཞས་མ་ཚེ་དབང་ལྷ་མོ་ལགས།
ཁྱེད་ནི་དབྱར་གྱི་ཁུ་བྱུག་ཅིག་དང་འདྲ་སྟེ།
བོད་མདོ་དབུས་ཁམས་གསུམ་དུ་སྙན་འཇེབས་སྒྲོག །
རྟ་བདུན་གྱི་དབང་པོ་ཤར་ཐེངས་རེར།
ཁྱེད་ཀྱི་གླུ་དབྱངས་ཀྱི་དྲི་བསུང་འཐུལ་བཞིན་མཆིས།།
སྙན་པོ་འདུག མཛེས་མ་འདུག
སྙན་མཛེས་ལ་དཔེ་མེད་རེད་འདུག།
མེ་ཏོག་མོ་མོ་ཧྲེང་རེད་ཟེར། དགོས་ནི་ཡོད་ན་བསུ་རན་རེད།
༼ཚེ་དབང་ལྷ་མོའི་གཞས་ཚིག༽ ཡིད་བཞིན་ནོར་བུ།།དད་པའི་གླུ་ཆུང་སྙན་མོ་འདི།།སྟོད་ཀྱི་མངའ་རིས་སྐོར་གསུམ་ནས།།ཁྱོད་ལ་བསྐུར་བའི་གསོལ་འདེབས་ཡིན།།ཐུགས་རྗེ་བྱིན་རླབས་འཇུག་པར་ཤོག།ཡིད་བཞིན་ནོར་བུ།།དུང་བ་ཟབ་མོའི་རྒྱང་འབོད་འདི།།བར་གྱི་དབུས་གཙང་རུ་བཞི་ནས།།ཁྱོད་ལ་ཕུལ་བའི་ལེགས་སྐྱེས་ཡིན།།ཞལ་རིས་མྱུར་དུ་མཇལ་བར་ཤོག།ཡིད་བཞིན་ནོར་བུ།།འགྱུར་བ་མེད་པའི་དམ་བཅའ་འདི།།སྨད་ཀྱི་མདོ་ཁམས་སྒང་དྲུག་ནས།།ཁྱོད་ལ་ཕུལ་བའི་ཞབས་བརྟན་ཡིན།།སྐུ་ཚེ་རྡོ་རྗེ་བྲག་ལྟར་ཤོག།ཡིན་བཞིན་ནོར་བུ།།
ཨ་རོ་ཡེ་བུ་མོ་དེ་མཛེས་གསུང་སྐད་དེ་དེ་བས་སྙན་ལ་གཞས་ཚིག་ནི་དེ་བས་གཟབ། མོ་དང་ཉིན་གཅིག་དགའ་པོ་བྱེད་རྒྱུ་རག་ན་ངས་མི་ཚེ་དེ་ནས་འཇུག་བསྡུས་ཀྱང་འགྱོད་པར་མི་སེམས། མ་ནི་ང་གཅིག་པུ་ཡིན་གྱི་མ་རེད་བོད་བཙན་པོའི་སྟག་ཤར་ཤིག་ཡིན་ན་ཚང་མའི་དེ་ལྟར་བསམ་ནས་ཉལ་གྱི་ཡོད་ཀྱི་རེད། ཨ་རོགས་ཚོ་མོ་ལ་ཨེ་དགའ།
ཡག་གི
གཟའ་ཟླ་བའི་ཉིན་༧གོང་ས་མཆོག་གིས་བར་ལམ་བོད་ནང་གི་ལི་ཐང་དགོན་ཆེན་དང་གསེར་རྟ་བླ་རུང་ཆོས་སྒར། རྒྱལ་ཐང་བཅས་སུ་མེ་སྐྱོན་བྱུང་བའི་ཐད་ཐུཊ་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་འདུག
༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། བར་ལམ་ལི་ཐང་དགོན་ཆེན་དང་། གསེར་རྟ་བླ་རུང་ཆོས་སྒར། རྒྱལ་ཐང་བཅས་པར་སྔ་རྗེས་སུ་མེ་སྐྱོན་ཚབས་ཆེ་བྱུང་སྟེ་རྩ་ཆེའི་རིག་དངོས་ཀྱིས་མཚོན་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བར་བློ་ཕམ་ཅི་ཆེ་བྱུང་ཡང་། མཆོག་གསུམ་༧རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་ལས་གཞན་བྱ་ཐབས་དབེན།ད་དུང་ཡང་ས་ཁུལ་གཞན་ལ་དེ་ལྟའི་གནས་ཚུལ་མི་ཡོང་བའི་ངེས་པ་མེད་པས་གཙོ་ཆེར་སེར་སྐྱ་མང་ཚོགས་ཚང་མ་འཆམ་མཐུན་ཕུ་ནུའི་འདུ་ཤེས་ཀྱིས་ནང་རྩོད་དམེ་འཁྲུག་རིགས་ནམ་ཡང་མི་བྱེད་ངོས། ཕྱིའི་ཞབས་རིམ་ཡུལ་ཁག་སོ་སོའི་ཡུལ་དགོན་སྤྱི་ནས་ཐུབ་པའི་མཚན་སྔགས་དང་། ཡིག་དྲུག སྒྲོལ་མའི་གཟུངས་སྔགས། སྒྲོལ་བསྟོད། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་ཀྱི་གསོལ་འདེབས་འབད་སྒྲུབ་ཐོག རྣམ་ཀུན་གློག་དང་། མཆོད་མེ། མེ་ཐབ་སོགས་མེ་སྟག་རིགས་ལ་གཟབ་ནན་གང་ཆེས་སྔོན་འགོག་དང་འབྲེལ་དེང་རབས་ཀྱི་མེ་གསོད་འཕྲུལ་ཆས་གྲ་སྒྲིག་ཚད་ལྡན་ཡོང་ཐབས་འབྲེལ་ཡོད་ལ་ཞུ་བསྐུལ་བྱེད་གལ། འདི་ནས་སེམས་གསོའི་འཚམས་འདྲི་དང་། རྗེས་འཛིན་སྐྱབས་སྨོན་བཅས། རྒྱ་གར་འཕགས་པའི་ཡུལ་ནས་ཤྰཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏྰ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཟླ་ ༡༡ ཚེས་ ༢༦ ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༧ ལ།། ཞེས་འཁོད་འདུག
གཞས་ཚིག་འདི་ཅི་འདྲའི་སྙན་པ་ལ་ཨང་།
དཀར་པོ་དུང་གི་ལྕགས་རི་ཅན་པོ། །ཁྱེད་ཀྱིས་བཤད་ན་གནས་མཆོག་གང་རེད། །
དཀར་པོ་དུང་གི་ལྕགས་རི་ཅན་པོ། །གངས་རིས་བསྐོར་བའི་བོད་པའི་ཞིང་རེད། །
སེར་པོ་གསེར་གྱི་ན་བཟའ་ཅན་པོ། །ཁྱེད་ཀྱིས་བཤད་ན་སྐྱེས་བུ་སུ་རེད། །
སེར་པོ་གསེར་གྱི་ན་བཟའ་ཅན་པོ། །ཕན་བདེ་བསྐྲུན་པའི་སྐྱེས་བུ་དེ་རེད། །
དྲང་མོ་མདའ་ཡི་རང་གཤིས་ཅན་པོ། །ཁྱེད་ཀྱིས་བཤད་ན་མི་བརྒྱུད་གང་རེད། །
དྲང་མོ་མདའ་ཡི་རང་གཤིས་ཅན་པོ། །སྤྱན་རས་གཟིགས་ཀྱི་རྗེས་བཟུང་བོད་རེད། །
འཚེ་མེད་ཞི་བའི་རང་ལུགས་ཅན་པོ། །ཁྱེད་ཀྱིས་བཤད་ན་སུ་དང་གང་རེད། །
འཚེ་མེད་ཞི་བའི་རང་ལུགས་ཅན་པོ། །ཕན་བདེ་བསྐྲུན་པའི་སྐྱེས་བུའི་ཚོགས་རེད། །
འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། །ཁྱེད་ཀྱིས་བཤད་ན་སུ་དང་གང་རེད། །
འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། །ཀ་ཁའི་ཞབས་པད་བརྟན་པ་དེ་རེད། །
ཡིད་བཞིན་ནོར་བུ།།དད་པའི་གླུ་ཆུང་སྙན་མོ་འདི།།སྟོད་ཀྱི་མངའ་རིས་སྐོར་གསུམ་ནས།།ཁྱེད་ལ་བསྐུར་བའི་གསོལ་འདེབས་ཡིན།།ཐུགས་རྗེའི་བྱིན་རླབས་འཇུག་པར་ཤོག།
ཡིད་བཞིན་ནོར་བུ།།དུང་བ་ཟབ་མོའི་རྒྱང་འབོད་འདི།།བར་གྱི་དབུས་གཙང་རུ་བཞི་ནས།།ཁྱེད་ལ་ཕུལ་བའི་ལེགས་སྐྱེས་ཡིན།།ཞལ་རས་མྱུར་དུ་མཇལ་བར་ཤོག།
ཡིད་བཞིན་ནོར་བུ།།འགྱུར་བ་མེད་པའི་དམ་བཅའ་འདི།།ཁམས་ཀྱི་ཆུ་བཞི་སྒང་དྲུག་ནས།།ཁྱེད་ལ་ཕུལ་བའི་ཞབས་བརྟན་ཡིན།།སྐུ་ཚེ་རྡོ་རྗེའི་བྲག་ལྟར་ཤོག།
ཡིན་བཞིན་ནོར་བུ།། ལྷག་བསམ་དཀར་བའི་དད་མོས་འདི།། སྨད་ཀྱི་ཨ་མདོ་རྒྱལ་རོང་ནས།། ཁྱེད་ལ་བཅོལ་བའི་དམ་ཚིག་ཡིན།།གཞི་བྱེས་མྱུར་དུ་འཛོམས་བར་ཤོག།
ཡིད་བཞིན་ནོར་བུ།།དད་པའི་གླུ་ཆུང་སྙན་མོ་འདི།།སྟོད་ཀྱི་མངའ་རིས་སྐོར་གསུམ་ནས།།ཁྱེད་ལ་བསྐུར་བའི་གསོལ་འདེབས་ཡིན།།ཐུགས་རྗེའི་བྱིན་རླབས་འཇུག་པར་ཤོག།
ཡིད་བཞིན་ནོར་བུ།།དུང་བ་ཟབ་མོའི་རྒྱང་འབོད་འདི།།བར་གྱི་དབུས་གཙང་རུ་བཞི་ནས།།ཁྱེད་ལ་ཕུལ་བའི་ལེགས་སྐྱེས་ཡིན།།ཞལ་རས་མྱུར་དུ་མཇལ་བར་ཤོག།
ཡིད་བཞིན་ནོར་བུ།།འགྱུར་བ་མེད་པའི་དམ་བཅའ་འདི།།ཁམས་ཀྱི་ཆུ་བཞི་སྒང་དྲུག་ནས།།ཁྱེད་ལ་ཕུལ་བའི་ཞབས་བརྟན་ཡིན།།སྐུ་ཚེ་རྡོ་རྗེའི་བྲག་ལྟར་ཤོག།
ཡིད་བཞིན་ནོར་བུ།། ལྷག་བསམ་དཀར་བའི་དད་མོས་འདི།། སྨད་ཀྱི་ཨ་མདོ་རྒྱལ་རོང་ནས།། ཁྱེད་ལ་བཅོལ་བའི་དམ་ཚིག་ཡིན།།གཞིས་བྱེས་མྱུར་དུ་འཛོམས་བར་ཤོག།