ས་དྷཱ་ཧཀ ཨཱཡེ་ཏེ་རཀ ༼ང་ཚོའི་ཐོབ་ཐང་། དེ་ག་རང་ན་འཇོག་རོགས།༽
འཛམ་གླིང་འདིའི་ནང་གནས་པའི་མི་མང་།
མི་མང་རྣམས་ཀྱིས་གོམ་པ་ཇི་འདྲ་སྤོས་རུང་།
ངོས་རང་གིས་ཐོབ་ཐང་སྤྱོད་ནས་ཇི་འདྲ་བཤད་རུང་།
ཁྱེད་ཀྱིས་ནོར་ཡོད་རབས་བཤད།
གལ་སྲིད་ངོས་རང་ནོར་ཡོད་ན། ད་འོ་ན་སུ་འགྲིག་ཡོད།
ངོས་རང་ནས་འགྲོ་བ་ཡོངས་རྫོགས་ལ་འབྱིན་འདོད་པ་ནི་རང་གི་འདོད་མོས་ལྟར་དུ་གནས་ཐུབ་པ་དེ་རང་ཡིན།
འདིའི་དོན་ནི། ཁྱེད་རྣམས་ཀྱི་ཐོབ་ཐང་ནི་ང་རང་སྒེར་གྱི་ཐོབ་ཐང་ལས་ལྷག་ཞེས་པ་དེ་རེད།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
ངོས་རང་ནི་སྤྱི་ཚོགས་གྲས་སུ་ཚུད་པའི་ཁྱད་ཆོས་མི་ལྡན་མཁན་ཞིག་ཡིན།
ངོས་རང་ནི་སྲང་ལམ་དོག་པོ་ནས་འཚར་ལོངས་བྱུང་མཁན་ཞིག་ཡིན།
བྱས་ཙང་། བག་ཡོད་དང་ངོ་ཚ་མེད་མཁན་ཞིག་ཡིན།
འཇིག་རྟེན་ཡོངས་རྫོགས་ཁྱེད་རང་གི་དགྲ་རུ་འགྱུར་བ་དེའི་ཚེ་རང་སེམས་ཀྱིས་ཁྱེད་ཀྱི་འཚོ་བའི་ལམ་སྟོན་གྱི་སློབ་གསོ་སྟེར་རྒྱུ་རེད།
རྒྱུས་མེད་དང་གསར་པའི་ཁོར་ཡུག་གི་གནས་སྟངས་སྐབས་སུ་རང་སེམས་ཀྱིས་ངར་ཤུགས་སློང་རྒྱུ་རེད།
དེའི་ཚེ་རང་སེམས་དང་ལྷན་དུ་འཇུག་རྒྱུའམ་ཡང་ན་འཆི་རྒྱུ་གང་རུང་འདམ་རྒྱུ་རེད།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
ཀྱེ། རང་བྱུང་གི་གྲོགས་དན། རང་བྱུང་སྲུང་སྐྱོབ་པ།
ང་ཡང་རང་བྱུང་ཞིག་ཡིན།
ཅིའི་ཕྱིར། ཤོ་ཁྲལ་ལས་ཁུངས་དང་ཚོགས་སྡེ་ཁག་གིས་ཁོ་བོ་གཏུབ་པ་དང་དུམ་བུར་གཏོང་གིན་ཡོད་དམ།
ཨོ།
ཁྱེད་རྣམས་ཀྱིས་དྲང་བདེན་གྱི་གནས་ལུགས་ཉན་འདོད་མེད་ན།
གཞན་ལ་དྲང་བདེན་སྐོར་ལ་ཅིའི་ཕྱིར་སློབ་གསོ་སྟེར་བཞིན་ཡོད་དམ།
གལ་སྲིད་འགའ་ཞིག་གིས་དྲང་བདེན་སྐོར་བཤད་པ་དེའི་ཚེ།
ཁྱེད་ཀྱིས་ཁྲིམས་དང་སྒྲིག་འཛུགས་སྐོར་གྱི་རྒྱུ་མཚན་བགྲང་བཞིན་འདུག
ཁྱེད་རང་གི་ཐོབ་ཐང་དང་། ཁྱེད་རང་གི་བརྩེ་བ། ཁྱེད་རང་གི་འདོད་མོས་སོགས་བགྲང་བཞིན་འདུག
དེ་དག་ཁྱོད་རང་ཟུངས་ཅིག ཚེ་ཐུང།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
ང་ཚོའི་ཐོབ་ཐང། དེ་ག་རང་ན་འཇོག་རོགས།
གཞས་ཚིག་འདི་ནི་ཉིན་གཅིག་གི་སྔོན་དུ་འགྲེམ་སྤེལ་བྱས་པའི་གློག་བརྙན་ རོཀ་སི་ཊར་ ཞེས་པ་དེའི་ནང་དུ་བོད་རྒྱལ་དར་དང་བོད་རང་བཙན་གྱི་སྒྲ་གཉིས་པོ་དེ་རྒྱ་གར་རྒྱལ་ཡོངས་ལ་བསྒྲགས་པའི་གཞས་ཚིག་ཡིན་ཞིང་། འདི་ནི་ངོ་མ་གཡོ་འགུལ་༼རོཀ་༽ཐེབས་པ་ཞིག་འདུག སྒྱུར་གྱི་ཐད་ལ་ནོར་འཕྲུལ་ཡོད་ཚེ་དགོངས་སེལ་ཞུ། འདི་ནི་གློ་བུར་གྱི་བྱ་བ་རང་ཡིན།
བྱམས་པ་ཆོས་དབང་ནས་ཕྱི་ལོ་༢༠༡༡ ཟླ་ ༡༡ ཚེས་ ༡༢ རེས་གཟའ་པ་སངས་སྟེ་རོཀ་སི་ཊར་གྱི་གློག་བརྙན་འགྲེམ་སྤེལ་གྱི་ཉིན།
सद्दा हक ऐठे रख
सद्दा हक ऐठे रख
सद्दा हक ऐठे रख
सद्दा हक ऐठे रख
न न न ..
ओ इको फ्रेंडली नातुरे के रक्षक
मैं भी हूँ नातुरे
रिवाजों से समाजों से क्यूँ …..
तू काटे मुझे
क्यूँ बाते मुझे इस तरह
हो हो ..
क्यों सच का सबक सिखाये
जब सच सुन्न भी ना पाए
सच कोई बोले ततो तू नियम कानून बताये
तेरा डर , तेरा प्यार , तेरी वह
तू ही रख रख साला
( सद्दा हक ऐठे रख
सद्दा हक ऐठे रख
सद्दा हक ऐठे रख
सद्दा हक ऐठे रख — 2 )
http://www.tibettimes.net/blogs.php?id=197&post_id=18050&&comment_mode=done
འབྲེལ་ཐག་འདིར་སོང་དང་ཧིནྡཱི་ལས་ཇི་མ་ཇི་བཞིན་བསྒྱུར་ཡོད།
ཧིནྡྷི་མི་ཤེས་པས་བྱ་ཐབས་བྲལ། འོན་ཀྱང་བོད་འགྱུར་དེས་ཀྱང་ཅི་ཞིག་ཤོད་ཀྱི་ཡོད་པ་མ་ཤེས་ཐལ། དགོངས་དག གཅིག་བྱས་ན་ཐད་བསྒྱུར་ཡིན་པས་མིན་འགྲོ། དོན་བསྒྱུར་རེ་བྱ་ཐུབ་ན་འདྲ་ཞིག་ཡིན་རྒྱུ་མ་རེད་འདོད་ཀི ཡིག་ནོར་ཁ་ཤས་འདུག་ཀྱང་བྲེལ་བའི་དབང་གིས་ཟུར་འདོན་བྱ་མ་ཐུབ་ཐལ། ཕལ་ཆེར་ཨ་རིགས་དང་འབའ་སྲས་གཉིས་ཐོན་ལ་ཡོད་ཀྱི་རེད་འདོད།
Sada Haq Aithe Rakh
oh eco friendly , nature ke rakshaq
mein bhi hoon nature
riwazonse samazonose
kyooooooonnn………………………..
tu kaate mujhe ,kyun baate mujhe is tarah
oh ……..
kyun sach ka sabak sikhayein ,
jab sach sun bhi na paayein ……
sach koi bole toh tu ..niyam , kanoon batayein …
tera darr , tera pyaar teri wah ,,,,,,tu hi rakh …..saaaaallaa
saadda haq,aithe rakh [4times]
aithe aithe rakh
saadda haq,aithe rakh [8times]
saadda haq …………………………….aithe rakh
saadda haq …………………………….aithe rakh
Sada Haq Aithe Rakh
Tum logon ki, is duniyan mein,
har kadam pe ,insaan galat,
mein sahi samajh ke, jo bhi kahoon ,
tum kehte ho – galat ,
mein galat hoon, toh phir kaun sahi (..2 times)
marzi se jeene ki bhi mein , kya tum sabko marzi doon
Matlab ki tum sabka mujhpe , mujhse bhi jyaada hakh hain
saadda haq …………………………….aithe rakh
saadda haq,aithe rakh [8times]
Na na ……..na na na nanan na ….na na na nananna
na na na nanan na
saadda haq,aithe rakh [4times]
hey …….In qataaron mein , ya udhaaron mein,
tum mere jeene ki adaat ka kyon ghoth rahein dum ?,
Besalika mein , us galli ka mein
Na jisme hayaa , na jisme he sharam,
Mann bole ke rasme jeene ka harjaana duniya dushman,
Sab begaana inhe aag lagana mann bole mann bole ,
Mann se jeena ya mar jaana haaaaannn ,
saadda haq,aithe rakh [8times]
Na na ……..na na na nanan na ….na na na nananna
na na na nanan na
oh eco friendly , nature ke rakshaq
mein bhi hoon nature
riwazonse samazonose
kyooooooonnn………………………..
tu kaate mujhe ,kyun baate mujhe is tarah
oh ……..
kyun sach ka sabak sikhayein ,
jab sach sun bhi na paayein ……
sach koi bole toh tu ..niyam , kanoon batayein …
tera darr , tera pyaar teri wah ,,,,,,tu hi rakh …..saaaaallaa
saadda haq,aithe rakh [4times]
aithe aithe rakh
saadda haq,aithe rakh [8times]
saadda haq …………………………….aithe rakh
saadda haq …………………………….aithe rakh
ཟླ་བའི་གཞོན་ནུ། ཁྱེད་ཀྱིས་བཀོད་པའི་གཞས་ཚིག་གི་ནང་དུ་ཚིག་མང་པོ་ཆད་འདུག གཞས་ཚིག་ངོ་མ་ནི་གོང་གི་དབྱིན་ཚིག་ནང་ཡོད་པ་དེ་ཡིན། ཁྱེད་ཀྱིས་གཞས་དེ་སླར་ཡང་གཅིག་ཉོན་དང་།
སྤྱིར་བཏང་གཞས་ཚིག་གི་ནང་དོན་ངོ་མ་ཤེས་པ་ལ་གློག་བརྙན་གྱི་ནང་དོན་ཤེས་དགོས་པ་གལ་ཆེན་པོ་རེད་འདུག དེ་མིན་གཞས་དེ་ཅིའི་ཕྱིར་ད་སྐབས་དུས་གང་འདྲ་ཞིག་ལ་གཏང་བ་ཡིན་མིན་ཤེས་ཁག
བོད་ཀྱི་བུ་ལགས།
ཁྱོད་ཀྱིས་འགྱུར་དེར་ཅི་ཞིག་བཤད་ཀྱིན་ཡོད་པ་མི་ཤེས་ན་ཁྱོད་ཀྱིས་རྒྱ་གར་གྱི་གཞས་ལ་ཉན་མ་ཤེས་ནི་རེད།
ང་རང་གིས་དོན་སྒྱུར་རང་བྱས་ཡོད། ཁྱོད་ཀྱི་དོན་སྒྱུར་ཟེར་བ་དེ་གང་འདྲ་ཞིག་རེད་དམ།
ཡིག་ནོར་ཡོད་ན་ཟུར་འདོན་བྱོས་དང་དགའ་ནི་ཡིན། ཡིག་ནོར་མ་ཡིན་པ་ལ་ཡིག་ནོར་དུ་ངོས་འཛིན་པ་ཡིན་ན་ནི་ང་ལ་བྱ་ཐབས་མེད་དོ།།
བཙན་བྱོལ་བ་ལགས།
http://www.youtube.com/watch?v=2V1WBx7e4Bs
ངས་བལྟས་པའི་གཞས་ནི་དེ་ག་རང་རེད་འདུག
ཁྱོད་རང་གིས་གསན་དང་། ཇི་མ་ཇི་བཞིན་ཡིན།
ཁྱོད་ཀྱིས་གཞས་ཚིག་དེ་ཡོད་པའི་གཞས་ཀྱང་འདིར་འཇོག་རོགས།
ང་རང་གིས་མཐོང་བ་དང་བལྟས་པ་ཆ་ཚང་དེ་ག་རང་རེད་འདུག
सद्दा हक ऐठे འདི་”ཨེ་སེ་”ཞེས་མེད་དམ་ཡང་བསྐྱར་ཅིག་གཟིགས་རོགས།रख
མ་བཅོས་རང་༼འགྲོ་བ་མིའི་ཐོབ་ཐང་༽དང་། རང་འཇགས་ཞོག
ཡང་།
न न न ..ནི། སྒྲ་གདངས་ཙམ་མིན་པར། མ་བྱེད་། མ་བྱེད་་་་དང་། མ་རེད། མ་རེད་་་་། ཅེས་་པའི་དོན་ལ་གོ་ཡང་།
འདིར། ༼ཁྲིམས་བཙན་པོས་༽མ་བཅོས། མ་བཅོས་་་་། ལ་གོ་དགོས།
གཞས་ཚར་གཅིག་ཉན་ནས་ད་ང་རྒད་པོ་འཆི་ཁར་མ་ཎི་འདྲེན་ནས་མ་བསྡད་པར་འདིར་བྱུས་གཏོགས་བྱས་པར་ལན་པོ་རང་མི་འདུག་ཀྱང་། གཞོན་སྐྱེས་ཀྱི་བསམ་བློ་ལ་དགའ་དྲགས་པ་དང་། དེང་གི་སྤྱི་སྐད་ལ་མ་བཟོད་ནས་བྱས། དོགས་སློང་འདྲ་བྱུང་ན། ད་དུང་མ་ཎི་འདྲེན་འཚམས་བཞག་ནས་འདིར་འོང་འདོད་ཡོད།
ཟླ་བ་གཞོན་ནུ་ལགས། ངོས་རང་གིས་གཞས་དེ་གོ་བ་ནི་ http://sound26.mp3pk.com/indian/rockstar/rockstar13%28www.songs.pk%29.mp3 དྲ་རྒྱ་འདིའི་ནང་ནས་བཤུས་པ་དེ་རང་ཡིན། ཁྱེད་ཀྱིས་རོག་སིཊར་གློག་བརྙན་ལ་གཟིགས་དང་། གཞས་རིང་པོ་ཞེ་དྲག་འདུག མཚམས་རེས། དྲ་རྒྱ་ཁག་གི་ནང་དུ་གཞས་དེ་མཚམས་བཅད་ནས་བཀོད་པ་དེ་འདྲ་མང་པོ་ཡོད།
བོད་ཀྱི་བུ་ལགས། གཞས་ཀྱི་ནང་དོན་ངོ་མ་ནི། ང་ཚོར་དབང་བའི་ཐོབ་ཐང་དེ་གཞན་གྱིས་བཙན་འཕྲོག་གིས་རྡོག་རོལ་དུ་གཏོང་མི་ཉན། ང་ཚོ་ལ་དབང་བའི་ཐོབ་ཐང་དེ་རང་འཇགས་ཞོག་དགོས། འགྲོ་བ་མིའི་ཐོང་ཐང་དེ་གང་ཟག་མཐོ་དམན་དང་དབང་ཆེ་ཆུང་གི་སྐད་ཆ་ཞིག་གཏན་ནས་མིན། ཞེས་དང་། དེར་མ་ཟད། སྤྱི་བདེ་ལས་ཁུངས་སོགས་ཀྱིས་མི་མང་ལ་ཁྲིམས་མནན་སྐབས་དྲང་བདེན་ལ་གཞི་བཅོལ་དགོས། དྲང་བདེན་གྱི་གྱོད་གཞི་ལ་བདག་པོ་རྒྱག་དགོས། ཟེར་བ་སོགས་རེད་འདུག
ཀ་རྡོ་རབ་འབྱམས་པ་ལགས།
ऐठे འདི་”ཨེ་སེ་ཞེས་པ་དེ་རེད་མི་འདུག ཨེ་ཋེ་རང་རེད་འདུག་ཤེས་ཚོད་ལྟར་ན་འདི་རུ་ཞེས་པའི་དོན་དུ་འདུག
ཇུས་གཏོགས་བྱེད་དགོས་སར་ངེས་པར་བྱེད་རྒྱུ་མཁྱེན། ད་དུང་དགོས་ངེས་ཀྱི་བསམ་འཆར་ངེས་སྩལ་ཡོང་བ་ཤོག
དེ་རིང་རྐང་བཙུགས་ནས་ལྟད་མོར་དེར་བལྟ་རུ་སོང་བ་ཡིན།
བོད་ཀྱི་རྒྱལ་དར་སྟོན་པའི་པར་གླིང་དེ་ནོར་གླིང་མཐོ་སློབ་ནས་འཁྲབ་པ་ཞིག་ཏུ་མཐོང་སོང་། དེར་གྲྭ་བ་གང་མང་ཞིག་ཀྱང་འདུག ད་དུང་པར་གླིང་ཞིག་ཏུ་ཁོང་གི་ཕྲག་པར་བོད་རང་བཙན་ཞེས་བོད་ཡིག་ཏུ་བྲིས་པ་ཞིག་གསལ་བོར་མཐོང་གི་འདུག རྒྱ་གར་ཞིབ་བཤེར་ཚན་པས་རང་བཙན་ཞེས་པའི་རྗེས་ཀྱི་བོད་ཅེས་པའི་དབྱིན་ཡིག་བསུབས་འདུག་ཀྱང་དབྱིན་ཡིག་གི་བོད་ཅེས་བྲིས་པ་ཡོད་པ་བལྟས་པ་ཙམ་གྱིས་ཤེས་ཐུབ་ཀྱི་འདུག
བཙན་བྱོལ་བ་ལགས།
ང་རང་གིས་བསྒྱུར་བ་དེ་ལྟད་མོ་དེར་དངོས་སུ་ཡོད་པའི་པར་གླིང་ཚན་པ་ཞིག་གི་གཞས་དེ་རེད་འདུག རྒྱ་གར་ལྟད་མོ་ཁ་ཤས་ལ་ལྟད་མོ་དེའི་ནང་དུ་གཞས་གང་ཡོད་པ་དེ་ཆ་ཚང་པང་གླིང་རང་དུ་མི་གཏོང་བ་དེ་འདྲ་ཡང་རྟག་པར་ཡོད།
ལྟད་མོ་འདིར་གཞོན་སྐྱེས་གླུ་བ་ཞིག་སྟེ། བརྩེ་བ་དང་དགའ་སྐྱོ་འདྲེས་མའི་འཚོ་བའི་ཁྲོད་དེང་དུས་ཀྱི་སྤྱི་ཚོགས་ལ་ཞེ་ལོག་པའི་སྣང་བརྙན་ཞིག་དཔེར་ན་གཞས་ཚིག་ཏུ་གསལ་བ་ལྟར། (ཅིའི་ཕྱིར་བདེན་པར་ཉན་ཡང་མི་ནུས་དུས
བདེན་པའི་སློབ་ཚན་བསླབས་པ་ཡིན
གལ་ཏེ་སུ་ཞིག་གིས་བདེན་པ་སྨྲས་ན
ཁྱོད་ཀྱིས་ངེས་སྲོལ་དང་ཁྲིམས་ལུགས་བཤད་པ་ཡིན)
ཁ་ནས་བདེན་པ་བདེན་པ་ཞེས་རྒྱུན་དུ་བཤད་ཀྱང་། དངོས་སུ་བདེན་པའི་གནས་ལུགས་བཤད་དུས་འདི་ངེས་སྲོལ་འདི་འདི་དང་ཁྲིམས་ལུགས་འདི་དང་བཅའ་ཁྲིམས་འདི་འདི་དང་འགལ་འདུག་ཅེས་འགྲེལ་བཤད་སྙིང་རྗེ་མོ་རྒྱག་པ་དེ་དག་མི་དགའ་བའི་རྣམ་འགྱུར་ཤུགས་ཆེར་སྟོན་གྱིན་འདུག
ད་དུང(་ཁྱོད་ཀྱི་འཇིགས་པ
ཁྱོད་ཀྱི་བརྩེ་བ
ཁྱོད་ཀྱི་རེ་བ
ཁྱོད་རང་ཉིད་ཆེད་དུ་ཞོགས ཟཱ་ལ) ཞེས་ཏེ་འདོད་པ་དམར་དམར་བོ་དེ་བཤད་འདུག
ལྟད་མོ་འདིར་མདོར་ན་དིང་དུས་ཀྱི་བཅའ་སྲོལ་ལས་སྲོལ། དིང་དུས་མིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་འདུག་སྟངས་དག་ལ་ཞེ་སུན་པའི་རྣམ་པ་ཤུགས་ཆེར་བསྟན་འདུག་ལ། ཐ་ན་དགའ་རོགས་སྒྲིག་སྟངས་ཀྱང་བག་ཡོད་ཚུལ་འཆོས་ཀྱི་ར་བ་ལས་ཡོངས་སུ་བརྒལ་འདོད་ཀྱི་འདུན་པའང་ཤུགས་ཆེར་སྟོན་གྱི་འདུག་སྙམ་པ་ཞིག་བྱུང་།
ངོས་རང་གི་མཐོང་ཚུལ་བྱས་ན། གློག་བརྙན་འདི་རྒྱ་གར་གྱི་ནང་དུ་ཚོང་རྒྱུག་པོ་རང་འགྲོ་གིན་མེད་པ་འདྲ། ཡིན་ན་ཡང་གཞོན་སྐྱེས་རྣམས་ཀྱིས་གློག་བརྙན་འདི་ལ་འདོད་མོས་ཆེན་པོ་བྱེད་ཀྱི་འདུག དམིགས་བསལ་དུ་སདྡྷ་ཧཱག་གི་གཞས་འདི་ནི་ཞེ་དྲག་གི་ཚོར་བ་རྣོན་པོ་མངོན་པའི་གཞས་ཞིག་ཏུ་ངོས་འཛིན་བཞིན་འདུག རེད་ཡ། གཞས་འདི་དྷ་སའི་ནོར་གླིང་དུ་འཁྲབ་པ་ཞིག་རེད་འདུག གཞས་འདིའི་ནང་གི་བོད་རྒྱལ་དར་དང་བོད་རང་བཙན་གྱི་ཡིག་རིས་དེར་རྒྱ་གར་གློག་བརྙན་ཞིབ་གཤེར་ཚན་པས་བཀག་འགོག་བྱེད་དགོས་པའི་བརྡ་ལན་སྤྲད་པ་ཞིག་བར་ལམ་གསར་འགྱུར་ཁག་ཏུ་ཐོན་ཡོད། དེར་གློག་བརྙན་བཟོ་བསྐྲུན་པ་ཨིམ་ཏེཛ་གྱིས། པར་རིས་འདི་དག་སྟོན་པ་དེས་རྙོག་དྲ་ཆེན་པོ་ཡོད་པར་ངོས་འཛིན་གྱིན་མེད། སྤྱིར་གློག་བརྙན་འདིས་གང་ཟག་བྱེ་བྲག་པ་ཞིག་གི་རང་དབང་དང་འབྲེལ་བ་ཞིག་ལས་སྤྱི་ཚོགས་ཀྱི་གནས་སྟངས་གསལ་བཤད་བྱེད་པའི་ཆེད་དུ་མིན་ཞེས་ལན་བཏབ་འདུག འོན་ཀྱང་རྗེས་སུ་རྒྱ་གར་ཞིབ་གཤེར་ཚན་པས་གསར་འགོད་པ་ལ་གསལ་བཤད་བྱེད་སྐབས། ཡིག་རིས་དེ་དག་ཕྱིར་བསྡུ་བྱེད་པ་ནི་གློག་བརྙན་བཟོ་བསྐྲུན་པ་སྒེར་རང་ཉིད་ཀྱིས་རང་དབང་ཐོག་བྱེད་པ་ཞིག་ལས་ཞིབ་གཤེར་ཚན་པས་བྱེད་པ་ཞིག་མིན་ཞེས་བཤད་འདུག གང་ལྟར་ག་རེ་བཤད་རུང་མ་བཤད་རུང་། བོད་རྒྱལ་དར་དང་བོད་རང་བཙན་གྱི་པར་རིས་ནི་གང་སར་མཐོང་རྒྱུ་འདུག དེ་ཡང་སྐར་ཆ་ཁ་ཤས་ཙམ་མ་ཡིན་པར་དུས་ཚོད་རིང་པོའི་བར་ལ་མཐོང་རྒྱུ་འདུག བོད་མི་རྣམས་ཀྱིས་གློག་བརྙན་འདི་བལྟ་ཐུབ་ན་ཡག་པོ་འདུག འདི་ནི་རྒྱབ་སྐྱོར་གྱི་རྣམ་པ་མཚོན་བྱེད་གཅིག་ཏུ་གྱུར་ངེས།
…………………….
सद्दा हक ऐठे रख
न न न ..
གཞས་འདི་ཧིན་སྐད་གཙང་མ་ཞིག་གཞིར་བྱས་ནས་འགྲེལ་པ་ཡིན་ཀྱང་། ང་ལས་ཧིན་སྐད་མཁས་པ་རང་གིས་བཟའ་ཟླར་དྲིས་དུས་འདི་པན་ཇབ་སྐད་རེད་ཟེར་སྟངས་ལ་བལྟས་ན། सद्दा དང་ऐठे འདི་པན་ཇ་རྦིའི་ཡུལ་སྐད་དང་མཉམ་བསྲེས་གནང་འདུག་པས། ང་ནོར་འདུག་དགོངས་དག
सद्दा हक ऐठे रख
ངའི་ རང་དབང་ རང་འཇགས་ ཞོག
ཞེས་པ་ལྟ་བུའི་སྒྲ་གདངས་རང་འཇགས་བཞག་ཐུབ་པ་ཅིག་བསྒྱུར་ཐུབ་ན་བོད་སྐད་ནང་དུའང་གཏོང་ཐུབ་པ་ཅིག་བཟོ་ཐུབ་ངེས་འདུག་སྙམ་ཡང་། ངའི་མ་ཎི་གསོག་གྲངས་ཀྱི་ཕན་ཡོན་དང་འདི་གཉིས་གང་ལྕི་ཡང་འཇལ་བཞིན་ཡོད་ལགས།