གནས་ཚུལ་མཁོ་འདོན་པཿ དཔའ་ཁོ།
དབྱིན་ཡུལ་རྒྱལ་ས་ལོན་ཏོན་གྱི་Westminster གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཁག་གི་བཀོད་སྒྲིག་འོག ཟླ་བ་འདིའི་ཚེས་ ༢༢ ཉིན་གྱི་དགོང་དྲོའི་དབྱིན་ཡུལ་གྱི་ཆུ་ཚོད་ ༦ པ་ནས་བརྒྱད་དང་ཕྱེད་ཀ་བར། ༼ཏཱ་ལའི་བླ་མས་ནུབ་ཕྱོགས་ལ་གནོད་ཀྱི་འདུག་གམ༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྡུ་སྐོང་གནང་འཁེལ་འདུག
གཏམ་བཤད་གནང་མཁན།
Westminster གཙུག་ལས་སློབ་ཆེན་གྱི་དགེ་རྒན་ Dr Dibyesh Anand
Aberdeen གཙུག་ལག་སློབ་ཆེན་གྱི་དགེ་རྒན་ DrMartin A.Mills,
Birmingham གཙུག་ལག་སློབ་ཆེན་གྱི་དགེ་རྒན་འབུམ་རམས་པ་ཚེ་རིང་སྟོབས་རྒྱལ།
གསར་འགོད་རྩོམ་སྒྲིག་པ་དང་རྩོམ་པ་པོ Jonathan Mirsky དང་ Isabel Hilton
རྒྱ་རིགས་མཁས་པ་ Dr Shao Jiang སོགས་ཡིན།
གདན་ཞུའི་སྐུ་མགྲོན།
དབྱིན་ཇིའི་དཔལ་འབྱོར་བློན་ཆེན George Osborne
ལོན་ཏོན་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་ Boris Johnson.
རྒྱ་ནག་དང་། བལ་ཡུལ། རྒྱ་གར། སོག་པོའི་གཞུང་ཚབ་ཁག
དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད།
དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཕྱག་རོགས་སྤྱི་འཐུས་ཁག་ཅིག
ཚོགས་འདུའི་དུས་ཚོད།
ཕྱི་ཟླ་ ༡༡ ་པའི་ཚེས་ ༢༢ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ་ནས་ ༨ ་དང་ཕྱེད་ཀ་བར་ཡིན།
འཛམ་གླིང་ས་ཕྱོགས་ཀུན་ཀྱི་རྒྱ་ཆེ་བའི་ལྟ་མཁན་ཚོས་དྲ་ཐག་ www.tibetdiscussion.org བརྒྱུད་བགྲོ་གླེང་ཚོགས་འདུ་འདིའི་སྐོར་གྱི་ཐད་གཏོང་ལ་གཟིགས་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད། ཐུགས་སྣང་ཅན་དག་གིས་དུས་སྐབས་དེར་གཟིགས་གནང་ཡོང་བ་ཞུ།
གནས་ཚུལ་ཞིབ་ཕྲ་ཤེས་འདོད་ཡོད་ཚེ་གཤམ་གྱི་ཁ་པར་ཨང་གྲངས་ཐོག་འབྲེལ་བ་གནང་རོགས།
00447833107254 ཡང་ན་ campaign.manager@tibetancommunityuk.org ཡིག་འབྲེལ་གནང་རོགས།
གཤམ་གྱི་དྲ་ཐག་འདིར་བསྣུན་ན་དབྱིན་འགྱུར་མའི་གནས་ཚུལ་ལ་གཟིགས་ཐུབ།
http://www.eventbrite.com/e/is-the-dalai-lama-bad-for-the-west-a-roundtable-discussion-tickets-9266958723
ཧ་ཅང་གིས་གནད་དུ་འཁེལ་བའི་བརྗོད་གཞི་ཞིག་རེད་འདུག དེང་སྐབས་ནུབ་ཕྱོགས་སུ་དཔལ་འབྱོར་ཉམས་ཉེས་འགྲོ་བའི་དུས་འདིར་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་རྒྱ་ནག་ལ་ཚོང་འབྲེལ་གཏན་པོ་ཡོང་ཆེད་བོད་དོན་ལ་ཁ་མི་འཁྱེར་ལ། མ་ཟད་རྒྱལ་ཁབ་གང་དེའི་སྲིད་འཛིན་དང་གནད་ཡོད་མ་ི་སྣ་༧གོང་ས་མཆོག་ཐུགས་འཕྲད་དེ་རྒྱལ་ཁབ་དེ་དང་རྒྱ་ནག་གི་འབྲེལ་བ་ལ་གནོད་སྐྱོན་གྱི་གཞིར་ངོས་འཛིན་བྱེད་ཀྱི་འདུག བགྲོ་གླེང་བཀོད་པ་པར་ཐུགས་རྗེ་ཆེ་ཞུ།
ད་ཁ་བརྡའི་ནང་ལ་ཕེབས་མཁན་མཁས་དབང་རྣམས། ཕོ་ཁྱོ་ཁ་ངོ་མ་ཡིན་ན། ཁ་པར་གཏང་ནས་བགྲོ་གླེང་གྱིས།
གོང་གི་ཆུ་ཚོད་དེ་རྒྱ་གར་ཆུ་ཚོད་ཨེ་རེད།
གནོད་ཀི་ཟེར་ནས་གཏམ་བཤད་ཀི་ཡིན་ནམ། མི་གནོད་ཀི་ཟེར་ནས་གཏམ་བཤད་དམ། ཅིག་ཅིག་བཤད་མི་ཤེས་བའི་དུས་ཞིག་ཡིན་པ་འདྲ། དུས་དང་མི་མཐུན་པའི་བགྲོ་གླེང་རེད་འདོད། གནད་དོན་ཐག་གི་མི་ཆོད་པ་ཞིག་ཐག་གི་ཆོད་མདོག་གིས་ཤེས་ངོ་བྱས་ན། རང་གིས་རང་བཅུག་མི་བྱུང་ངམ་བསམ་པའི་སེམས་ཁྲུལ་ཞིག་ངང་གིས་སྐྱེས་སོང་། དཔྱོད་ལྡན་པ་ཚོས་བསམ་བློ་ཞིག་འཁོར་དང་། གནོད་ཀི་ཟེར་བ་འདི་ཡོད་ཀི་མདོག་མདོག་རེད། མི་གནོད་པ་ཞིག་ཡིན་ན། བགྲོ་གླེང་འདི་ཡང་བྱུང་གི་མ་རེད།
བརྗོད་གཞི་འདི་ནི་ཡག་རྟགས་ཞིག་མ་རེད། ནུབ་ཕྱོགས་ཡེ་ཤུའི་ཆོས་ལུགས་རྨོངས་ཞེན་པ་ཚོས་གོ་སྐབས་ལེན་སྲིད། ནུབ་ཕྱོགས་སྲིད་དོན་ཕྱོགས་འགལ་བ་ཚོས་གོ་སྐབས་ལེན་སྲིད། ནུབ་ཕྱོགས་ཚོང་རྫས་ཀྱིས་སྨྱོས་པའི་ཚོང་པ་ཚོས་གོ་སྐབས་ལེན་སྲིད། འདི་ཡི་རིགས་ལ་བགྲོ་གླང་མ་གནང་ན་ལེགས་ཤོས་རེད། རིམ་གྱིས་༧གོང་ས་མཆོག་གི་བཀའ་དགོངས་ཇི་ཡིན་མི་རྣམས་ཀྱིས་རྟོགས་ནས་ཉིན་གཅིག་བགྲོ་གླེང་བྱེད་མི་དགོས་པར་ཡོང་རྒྱུ་ཉག་གཅིག་རེད། འདི་ཡི་རིགས་ནི་དཀྲུགས་ཤིང་དུ་མི་འགྱུར་བའི་ངེས་པ་མེད།
བགྲོ་གླེང་འདི་བྲོ་བ་ཆེན་པོ་ཞིག་ཡིན་ས་རེད། ༧ཏཱ་ལའི་བླ་མས་ནུབ་ཕྱོགས་པར་གནོད་ཀྱི་འདུག་གམ་ཞེས་པ་དེ་མི་རྣམས་དོ་སྣང་སླེབས་སྤྱད་སྒྱུ་རྩལ་གྱི་སྐད་ཆ་ཞིག་ཡིན་བཟོ་འདུག དྲ་ཐོག་ནས་ཐད་ཀར་ཉན་ཨེ་ཐུབ་བལྟའོ།
འདི་ཉེན་་ཁ་ཅན་གྱི་གྲོས་གཞི་རེད། གལ་ཏེ་ཁ་བདེ་པོ་ཚོས་རྒྱུ་མཚན་འདྲ་མིན་་བཏོན་ནས་གོང་ས་མཆོག་གིས་ཁོང་ཚོའི་མདུན་ལམ་ལ་གནོད་སྐོར་བཤད། ཚོགས་འདུའི་མཇུག་སྡོམ་ལ་གོང་ས་མཆོག་ནུབ་ཕྱོགས་ལ་མ་གཏོང་ཟེར་ན་སྐུ་མཉེས་པོ་བཟོ་སྲིད། ཨིན་ལན་འདི་དོལ་རྒྱལ་ཚོགས་པའི་རྒྱལ་ས་གཉིས་པ་ལྟ་བུ་རེད། ད་ལོ་གོང་ས་མཆོག་ཨ་རིར་ཐེངས་འགའ་ཤས་ཕེབས་རུང་ཨ་རིའི་སྲིད་འཛིན་མི་ནག་འདིས་ཁ་ཡ་རྩ་བ་ནས་བྱས་མ་སོང་། འདི་ཡག་རྟགས་མ་རེད།
ཚོགས་འདུ་འདིའི་རྒྱབ་ལྗོངས་ན་ཅི་ཞིག་ཡོད་པ་འདྲ། མིང་འདི་གཅིག་པུའི་སྒང་ནས་བལྟས་ཀྱང་ཡག་རྟགས་ཤིག་མཐོང་མ་སོང་།
བརྗོད་གཞི་དེ་ཡག་པོ་རང་མཐོང་མ་སོང་། དེ་བས་”ཏཱ་ལའི་བླ་མས་རྒྱ་ནག་ལ་གནོད་ཀྱི་འདུག་གམ་”་ཞེས་པ་ལྟ་བུ་ཡིན་ན་སྐབས་བབ་དང་མཐུན་པ་ཞིག་རེད། དེ་འབྲེལ་སྤྱི་འཐུས་ཚོས་ཀྱང་འོས་བབ་མི་ཆེ་བའི་བརྗོད་གཞི་དེ་འདྲ་ཞིག་གི་ནང་ཆ་ཤས་ལེན་དགོས་དོན་མི་འདུག་བསམ།
བརྗོད་གཞི་འདི་ཡག་རྟགས་ཞིག་མིན་འདུག འོན་ཀྱང་གནས་ཚུལ་ཇི་ཡོངས་ཚེས་༢༢ ཉིན་མཐོང་གིས་རེད། བོད་དང་བོད་མི་རིགས་ལ་ཕན་པའི་གནས་ཚུལ་ཞིག་ཏུ་བསྒྱུར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ལས་གཞན་ཐབས་ཤེས་མེད་པ་འདྲ།
བརྗོད་གཞི་འདིའི་ཁ་གང་ལ་ཕྱོྱོྱོགས་ཡོད་པ་རེད། རྒྱ་ནག་རེད་དམ་ནུབ་ཕྱོགས་རེད།ཁ་བྱང་གཏན་འབེབས་གནང་ཕྱོགས་དེ་སྣང་བ་རང་འགྲོ་མ་སོང་།
སྔོན་མ་རྒྱ་རི་བློ་གྲོས་ལགས་ནས་ཨོ་བྷ་མ་ནས་སྲིད་འཛིན་བྷུ་ཤུ་ལས་ལྷག་ཅིག་ཡོང་གི་རེད་གསུངས་པ་རེད། ད་ཡིན་ན་གསཔ་པོ་ཤེས་ཡོང་ག བྷུ་ཤུས་གོང་ས་མཆོག་ལ་ཐེངས་4མཇལ་འཕྲད་གནང་བ་རེད། ཨོ་བྷ་མས་ད་བས་ཐེངས་གཅིག་མ་གཏོགས་གནང་མེད་མེད་ལ།གཅིག་པུ་དེ་ཡང་མངོན་གསལ་དོད་པོ་ཞིག་བྱུང་མེད།
ཏཱ་ལའི་བླ་མས་ནུབ་ཕྱོགས་ལ་གནོད་ཀྱི་འདུག་གམ་ཞེས་པའི་ཚབ་ལ་རྒྱ་ནག་ལ་གནོད་ཀྱི་འདུག་གམ་ཞེས་པའི་བརྗོད་གཞི་སྒང་ལ་བགྲོ་གླེང་ཞིག་བྱེད་ཐུབ་ན་ཅི་མ་རུང་།
ཁ་བྱང་དེ་ལ་དམིགས་གསལ་གྱི་རྒྱུ་རྩལ་འབུར་ཐོན་ཡོད་གི ཧྲག་གི
ཁ་བྱང་འདི་དབྱིན་ཇིའི་གཞུང་གིས་གཏན་འབེབ་མཛད་ཡོད་ན། དེའི་རྒྱབ་ལ་གཏན་གཏན་དགོས་པ་ནན་པོ་ཞིད་ཡོད་པར་མངོན། ལོ་ཤས་གོང་ལ་དབྱིན་ཇིའི་སྲིད་འཛིན་མཆོག་ནས་གོང་ས་མཆོག་ལ་མཇལ་ཁ་བཏང་བར་ཀླན་བ་བཙལ་ནས། རྒྱ་གཞུང་གིས་དབྱིན་ཇིའི་ཡུལ་གྲུ་ནས་རྒྱ་ནག་གི་དཔལ་འབྱོར་ཐོག་ལ་མ་རྩ་འཇོག་པ་དང་། དབྱིན་ཇིའི་ཚོང་རྒྱ་ནག་ལ་འདྲེན་པར་འགོག་རྐྱེན་ཆེན་པོ་སྤྲད་ནས། དབྱིན་ཇིའི་ཕྱོགས་གཏོགས་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཐེབས། ད་ལོ་ནས་འགོ་ཚུགས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ད་ལྟ་འདི་ལྟ་བུའི་གླེང་གཞིའི་སྟེང་ནས་བགྲོ་གླེང་མཛད་སྐབས། དམིགས་ཡུལ་དེ་བོད་ཕྱོགས་ལ་རོགས་པ་བྱེད་པ་མིན་པ་གསལ་པོ་རེད། དེས་ན། བོད་གཞུང་དང་བོད་མིའི་ཚོགས་པས་གནས་ཚུལ་དེའི་སྐོར་ལ་གསལ་པོ་ཤེས་པར་བྱས་ནས། རབ་བྱུང་ན་འདི་ལྟ་བུའི་བགྲོ་གླེང་མ་མཛད་ན་ལེགས།
གོང་དུ་མཆན་སྐྱོན་པ་པོ་ཞིག་གིས་གསུངས་པ་བཞིན། ཨ་རིའི་གཞུང་གིས་གོང་ས་མཆོག་ལ་མཇལ་ཁ་གཏོང་བ་དེ་བཀག་ཟིན་མོད། གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་གྱི་མཇལ་མ་མཐའ་མ་དེ་༢༠༡༡སྟེ། ལོ་གཉིས་ཙམ་གྱི་གོང་ལ་རེད། དེ་ནས་ད་བར་གོང་ས་མཆོག་ཨ་རིར་ལོརེར་ཐེངས་གཉིས་རེ་ཕེབས་རུང་ཨ་རིའི་གཞུང་གིས་མཇལ་ཁ་ལྟ་ཅི། རྣམ་འགྱུར་ཙམ་ཡང་མི་སྟོན་པ་གསལ་པོ་རེད།
ང་ཚོས་བོད་དང་གོང་ས་མཆོག་ལ་ཕན་པ་མེད་པའི་བགྲོ་གླེང་དེ་ཚོ་ལ་སྔོན་ཚུད་ནས་བཀག་ཐུབ་ན་ལེགས། དཔེར་ན། ཁ་ཆེའི་བླ་ཆེན་ག་གེ་མོ་ཞིག་ནུབ་ཕྱོགས་ལ་གནོད་པ་ཡོད་དམ་ཟེར་ནས་བགྲོ་གླེང་ཚུགས་ན་དེ་ལ་ཁ་ཆེ་ཚང་མས་ངོ་རྒོལ་བྱས་ནས་བགྲོ་གླེང་གི་མིང་ལ་སྒྱུར་བ་གཏོང་དགོས་པའི་རེ་འདུན་ཞུ་བར་བྱེད། ཅིའི་ཕྱིར་ང་ཚོ་བོད་པ་རྣམས་ལྐུགས་པའི་ཁའི་ནང་ལ་མངར་ཐོབ་པ་བཞིན་མིག་ལྷུ་རེར་བལྟས་ནས་ཇི་མི་སྨྲ་བ་ནི། ངོ་མ་བོད་གཞུང་ལས་བྱེད་པ་ནུས་མེད་ཚོའི་རང་གཤིས་ལས་མ་འདས།
ཏཱ་ལའི་བླ་མའི་ནུབ་ཕྱོགས་ལ་གནོད་ཀྱི་འདུག་གམ་ཞེས་པའི་བགྲོ་གླེང་འདི་མངོན་སམ་དོད་པོའི་ཆབ་སྲིད་ཀྱི་ལས་དོན་ཞིག་གི་དམིགས་ཡུལ་་ཡིན་པ་འདྲ། ང་རང་གི་ལྟ་ཚུལ་ཡིན་ན་ཁ་བྱང་འདི་ཆབ་སྲིད་པ་ཁ་ཤས་ཀྱི་ཆེད་དུ་བཟོས་པའི་ལས་དོན་ཞིག་ཏུ་མཐོང་སོང་། ཅི་ཞིག་ལ་ཏཱ་ལའི་བླ་མའི་རྒྱ་ནག་ལ་གནོད་ཀྱི་འདུག་གམ་ཞེས་པའི་བགྲོ་གླེང་བྱས་ན་མ་འགྲིག་པ་རེད གང་ལྟར་ང་ཚོའི་སང་ཉིན་མཐོང་གི་རེད་ང་རང་ཡང་ཞུགས་འདོད་ཡོད།
ཉི་མ་དེར་ངའི་རང་ཉིད་ཀྱི་གསང་བ་ཡོད་ཚད་ཁྱེད་ལ་ཤོར་། སྨྲ་མི་ཤེས་པའི་སེམས་འགུལ་ཆུང་ཆུང་ངོ་ཚ་དང་སྤྲོ་སྣང་ལ་སྦྲེལ་དུས། འཇིག་རྟེན་ན་རྨི་ལམ་ཡོད་པ་ཐེངས་ཤིག་ཚོར། ཡིད་ཆེས་དང་སྨོན་ལམ་དེ་ཙམ་མེད་ན་ཡང་འགྲུལ་བཞུད་པའི་ལམ་སྣེ་དེ་ནས་ངས་རྨི་ལམ་ལ་གསོལ་འདེབས་ཐེངས་ཤིག་ཤོར། ལྐོག་ལྟ་དང་ཕྱིར་མིག་གི་ཁྲོད་ནས་ངས་ན་མ་ཆུང་མ་མང་པོའི་མིག་ཆུ་གཏོར་མྱོང་ལ། སྙན་་ཚིག་དང་ལྐོག་གྱུར་མང་བས་གསང་ཚིག་དང་དམ་བཅའ་ལ་རྨ་ཁ་ཤོར་བ་དེ་ལས་ཀྱང་མང་མོད། འོན་ཀྱང་ཁྱེད་རང་གཞན་དང་མི་འདྲ་བས། ངའི་མི་ཚེ་ལ་སྡོམ་ཚིག་གསར་བ་ཞིག
སྙིང་ཉེ་མ། ང་ལ་ཡིད་ཆེས་དང་སྤོབ་པ་གནང་དང་། གལ་ཏེ་མི་རིང་བའི་སང་ཉིན་ཅིག་ཡོད་ན། ངས་རྨི་ལམ་ལ་གཤོག་པ་གཡར་ནས་ཐག་རིང་གི་ནམ་མཁའ་ལ་ཐེངས་ཤིག་རེག་ན་འདོོད།
དྲང་མོར་བཤད་ན། ལ་ཁའི་ཉི་གཞོན་བཞིན་དམར་ཆུང་གི་སེམས་པ་མཚམས་སྤྲིན་གྱིས་ཐོག་མར་བཀླུབས་དུས། ངས་ཁྱེད་ཀྱི་རྐང་རྗེས་ཕྲ་མོ་ཆེས་ཐོག་མའི་བྱང་སྐར་གྱི་མིག་མདའ་དང་མཉམ་དུ་སྒུག་ཡོད། དངུལ་མདོག་གི་བད་མོའི་ཐོག་ན་ཁྱེད་ཀྱི་འཛུམ་མདངས་ཟླ་འོད་དང་མཉམ་དུ་ལྷག་པར་མཛེས།
སྒོ་ཁྱིའི་གཟུག་སྐད་ནག་ཕྱུག་གི་སོ་སྒྲ་དང་མཉམ་དུ་སྒྲོག་དུས་འུ་གཉིས་ཀྱི་ལས་འཕྲོ་དང་ཁ་སང་གི་ཚིག་འཚམས་ཁྱེད་ཀྱི་མ་ལོའི་ངུར་སྒྲ་དང་མཉམ་དུ་བཞུར་སོང་།