—-འཇམ་གཅེས།
དཀའ་སྡུག་ཁྲི་མ་འབུམ་གྱི་ལོ་ཟླ་ལ།།
གཟུར་གནས་མིག་ཟུང་གཡོ་ཙམ་ནུས་གྱུར་ན།།
རྒྱལ་ཁབ་བསྐྱངས་པའི་ལོ་རྒྱུས་མེ་ལོང་ལས།།
བཙོངས་པའི་དེབ་ཐེར་ནག་པོ་གང་ཞིག་ཡོད།།
ཉེར་གཅིག་དུས་ཀྱི་དྲན་དབང་འབུམ་ཕྲག་གིས།།
ཁྱེད་ཉིད་ལམ་སྟོན་སྒྲོན་མེར་རེ་བའི་དུས།།
རང་རིགས་བླུན་པོ་ཚོགས་ཀྱི་སྙིང་དབུས་སུ།།
ཟུག་རྔུ་འབྱིན་འདི་ནད་ངན་གང་གིས་ནོངས།།
བཅུ་དྲུག་དུས་ནས་བགྲང་བྱ་བརྒྱད་ཅུའི་བར།།
མགོན་མེད་བོད་འབངས་རང་དབང་བདེན་དོན་སླད།།
ལག་ཟུང་ཐལ་མོ་ཕྱོགས་བཞི་མཚམས་བརྒྱད་སྦྱོར།།
མཐའ་མར་རྒྱལ་འཚོང་པ་ཡི་མིང་བྱང་གཡོགས།།
བསྟན་སྲིད་ལ་རྒྱ་ཁ་ཡི་རྩེ་མོར་འཁྱེར།།
རུལ་སུངས་ནད་རྙིང་བྱང་ཁོག་དབུས་སུ་གཅེས།།
ཁྱེད་ལ་གཙེས་པའི་སྐྱེ་བོར་མཐེ་བོང་ཀེར།།
འདི་ལྟར་དཀར་ནག་གོ་ལྡོག་ཀྱེ་མ་ཧུད།།
སྙིགས་ལྔའི་རྒུད་ཚོགས་རྒྱ་མཚོའི་རླབས་ལྟར་གཡོ།།
སྐྱེ་བོ་ཕལ་ཆེར་དུག་གསུམ་གདོན་གྱིས་སྨྱོས།།
འདི་དག་སྐྱོ་སེམས་ནམ་ཡང་མི་བཞེས་པར།།
མགོན་མེད་བོད་འབངས་སྐྱོངས་ཤིག་བླ་མ་ལགས།།
དེ་དེ་བཞིན་ནོ་རིགས་ཀྱི་བུ།
སྲིད་དོན་གྱི་སྙན་ངག་ནི་ཐུག་རྙོག་རྡི་རུ་འཐུ་བ་དང་གཅིག་པ་གཅིག་རྐྱང་རེད།
གུས་ནས་ཀྱང་། དེ་དེ་བཞིན་ནོ།། ཞུའོ།།
འཇམ་ཞིང་གཅེས་པའི་བོད་མི་རྩམ་གཟན་པ་ཁྱོད་ལེགས་སོ།། ལེགས་སོ།།
དཀར་ནག་གོ་ལྡོག་པའི་བོད་མི་རྩམ་གཟན་པ་གཅིག་ཡོད་ཀྱང་མང་དྲགས་པ་དང་། ཁྱེད་ལྟ་བུ་འབུམ་ཕྲག་མཆིས་ཀྱང་ཉུང་དྲགས་པའོ།། འོན་ཀྱང་རྒྱ་དམར་དང་དོལ་རྒྱལ་ཕོགས་གཟན་པ་རྣམས་སྙིང་རེ་རྗེ། རང་གི་བརྩེ་ཞིང་བཀའ་དྲིན་ཅན་ལ་དྲིན་ལོག་གིས་རང་ཉིད་དམྱལ་བར་སྐྱེ་བའི་རྒྱུ་རུ་སོང་ཡང་། ཀུན་དགའ་དོན་གྲུབ་ཀྱི་རྐུབ་ལ་རྒྱུག་རྒྱུ་བྱུང་ན་དེ་ཡང་ཆུང་། དེ་འདྲ་བའི་མི་ལ་ལ་རྒྱ་མེད། སོ་སོའི་ཚད་གཟུང་མེད། ངོ་ཚ་དང་ཁྲེལ་གྱི་གོས་དང་བྲལ། རང་ཉིད་ཀྱི་ཕ་མ་ལའང་དྲིན་ལོག་བྱེད་ཀྱི་ཡོད་པ་གདོན་མི་ཟའོ།།
དེང་སང་བཀའ་དྲིན་བརྗེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་འདྲ
གཟུར་གནས་ཅན་གྱི་དྲྭ་གྲོགས་རྣམས་ལ་སྙིང་ནས་གུས་བཀུར་ཞུ། ཁྱེད་ཚོས་དེ་ལྟར་གསུང་པ་ནི། ང་ལ་རྒྱབ་སྐྱོར་ཙམ་མིན་པར་དྲང་བདེན་དང་གནས་ལུགས་ལ་རྒྱབ་སྐྱོར་ཡིན་པར་ངོས་འཛིན་ཞུ།
དེང་སང་བཀྲིན་དྲན་ནའང་དད་ལོག་བེད་སྤྱོད་གཏོང་མཁན་མང་དུ་ཡོད།
བཀའ་དྲིན་ཆེ།
མི་སྐད་བཤད་པར་གུས་འདུད་ཡོད།
འོག་མྱི་འདི་གཉིས་ཀྱི་མ་འདྲ་ས།
བོད་རང་བཙན། ཀླུ་བྱམས་ཀྱིས།
བླ་མ་དང་ཕ་མའི་ཆེད་དུ་རང་བཙན་མི་དགོས་ཟེར། སྐུ་དྲག་དང་དཔོན་རྒྱུད་ཀྱི་ཆེད་དུ་རང་བཙན་མི་དགོས་ཟེར། བཟའ་ཟླ་དང་བུ་ཕྲུག་གི་ཆེད་དུ་རང་བཙན་མི་དགོས་ཟེར། དད་པ་ཅན་གྱི་བོད་མིའི་ཆེད་དུ་རང་བཙན་མི་དགོས་ཟེར།
ཆང་དང་ཀོཧྥེ་འཐུང་རོགས་ཀྱི་ལྡོམ་པོ་འགའ་ཡི་མདོད་འདུན་ཙམ་ཉེར་བས་སོ།
བོད་རང་བཙན། གནམ་གྱིས།
བླ་མ་དང་ཕ་མའི་ཆེད་དུ་རང་བཙན་དགོས་ཟེར། སྐུ་དྲག་དང་དཔོན་རྒྱུད་ཀྱི་ཆེད་དུ་རང་བཙན་དགོས་ཟེར བཟའ་ཟླ་དང་བུ་ཕྲུག་གི་ཆེད་དུ་རང་བཙན་དགོས་ཟེར། དད་པ་ཅན་གྱི་བོད་མིའི་ཆེད་དུ་རང་བཙན་དགོས་ཟེར།
བོད་མི་སྤྱི་བོ་གནམ་བསྟེན་གྱི་རེ་འདུན་མདོད་པ་དག་སྦྱིན་པས་སོ།
རིག་གསར་སྐབས་སུ་དར་བའི་ཐ་སྙད་དེ། དད་པ་ལོག་སྤྱོད་པ་ཟེར་བའི་ཐ་སྙད་འདི་ནི་ཆབ་སྲིད་ཀྱི་རྐུ་སྟེགས་ཤིག་ལ་དམིགས་ནས་ཆོས་དད་པ་དང་། ཆོས་ལུགས་མི་སྣས་རང་དབང་ལ་བརྒོལ་བརྡུང་བཏང་བྱེད་ཀྱི་ཐ་སྙད་ཞིག་ཡིན། དོན་དངོས་ཐོག་མི་རིགས་ཀྱི་བདེ་སྡུག་བསམ་ཤེས་བྱེད་མཁན་ཞིག་ཡིན་མིན་ནི། དགྲ་བོས་རང་རིགས་ལ་བེད་སྤྱོད་གཏང་བཞིན་པའི་དད་པ་ལོག་སྤྱོད་པ་དང་། ཁ་བྲལ་རིང་ལུགས་པ་ཟེར་བའི་ཐ་སྙད་འདི་དག་རེད། ཐ་སྙད་འདི་དག་གཅེས་འཛིན་བྱེད་པ་ཙམ་གྱིས་སོ་སོའི་རང་ཚུགས་ཤོར་བ་མ་ཡིན་ནམ། ཐ་སྙད་འདི་དག་ནི་རིགས་གསར་སྐབས་སུ་མ་འོ་ཙེ་ཏུང་སྲིད་གཞུང་ནས་བཟུང་སྟེ་ད་ལྟ་བར་དུ་གནས་མུས་ཡིན། ཆོས་ལྡན་ཁ་བ་ཅན་གྱི་དད་ལྡན་པ་ཚོ་ལ་སྤྱོད་པའི་ཐ་སྙད་འདི་བཞིན་དེང་སྐབས་བཙན་བྱོལ་བའི་ལ་རྒྱལ་ཅན་ཚོས་གཅེས་འཛིན་དང་། བསྐྱར་གསོ་ལྟ་བུ་བྱེད་ཀྱིན་ཡོད།
རིག་གནས་གསར་བརྗེ་སྐབས་སུ་བེད་སྤྱོད་གཏོང་བཞིན་པའི་ཐ་སྙད་རེ་འགའ་དང་དེང་སང་བོད་མིའི་སྤྱི་ཚོགས་ནང་དགོས་མཁོ་ཆེན་པོ་ཡོད་པས་ཚང་མ་དང་དོར་བྱ་ཨེ་ཡིན་ནམ།