(མགར་མི་ལགས། ཉིན་འདི་ཚོའི་རིང་ངས་ཡང་བསྐྱར་ཁྱེད་རང་སེམས་བསམ་པའི་གཏིང་ནས་ཀློག་གིན་ཡོད། )
ཐེ་བོ་ཤེས་རབ་རྒྱ་མཚོ།
༼ དུས་རབས་ཀྱི་ང༽འི་རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ་༼མགར་མིའམ་ཙ་ཡུས་ཙི་དམར ༽ནི། 1996ལོའི་དགུན་ཁ་རྡ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཐོ་སློབ་ནས་ཕྱིར་ཕ་ཡུལ་དུ་ བསྐྱོད་ཡོད་པ་དང་། ཕ་ཡུལ་དུ་ཕྱིར་བསླེབས་ནས་ཡུན་རིང་མ་བགོར་བར་བསང་ཆུ་རྫོང་ཉེན་རྟོག་པས་རྨ་ཆུ་ རྫོང་དང་རྔ་བ་རྫོང་སོགས་སུ་ཐེངས་གཉིས་ཙམ་བདའ་འདེད་ཀྱིས་སུན་གཙེར་ཡང་ཡང་བྱས། སྤྱི་ལོ་ 2006 ལོར་ྋགོང་ས་མཆོག་གི་ཨ་མར་ཝ་ཏི་ནས་དུས་འཁོར་དབང་ཆེན་ཞུ་རུ་འོངས་པའི་གཞིས་ ལུས་བོད་མི་ཚོར་པགས་རིགས་ཀྱི་རྒྱན་གོས་གོན་མཚམས་འཇོག་པའི་འབོད་སྐུལ་བྱས་མ་ ཐག རྔ་བ་ནས་སྐལ་བཟང་སྦྱིན་པ་དང་ཇོ་ལེབ་ཟླ་བ་སོགས་ཀྱིས་པགས་རིགས་མེར་སྲེག་གི་ ལས་འགུལ་གྱི་སྣེ་ཁྲིད་བྱས་པར་བརྟེན་སྐལ་བཟང་སྦྱིན་པ་དང་ཇོ་ལེབ་ཟླ་བ་སོགས་ རྔ་བ་རྫོང་གི་ཉེན་རྟོག་པས་དངོས་སུ་འཛིན་བཟུང་ཐེངས་དང་པོ་བྱས་པར་བུད་མེད་ རྩོམ་པ་པོ་གྲགས་ཅན་འོད་ཟེར་གྱིས་༼ བོད་མིའི་རིག་གནས་དྲ་བ ༽འི་སྟེང་རྒྱ་ནག་གི་བྱེད་སྟངས་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་པར་མ་ཟད། སྐུ་ཞབས་ཞོགས་དུང་གིས་ཀྱང་༼ ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་ཁྱོད་ཚོ ༽ཞེས་པའི་རྩོམ་ཡིག་སྤེལ་ནས་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས། སྤྱི་ལོ་ 2008 ལོའི་ས་བྱི་ཞི་རྒོལ་ཆེན་མོ་སྐབས་ཀྱི་སྤྱི་ཟླ་3 ནང་རྔ་བ་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་མ་བྱུང་གོང་གི་ཉིན་འགའི་སྔོན་ལ་སྐལ་ བཟང་སྦྱིན་པ་དང་ཇོ་ལེབ་ཟླ་བ་སོགས་འཛིན་བཟུང་ཐེངས་གཉིས་པ་བྱས། སྤྱི་ལོ་ 2010 ལོའི་སྤྱི་ཟླ 7 ཚེས་19ཉིན་གྱི་ཞོགས་ཀ་ཆུ་ཚོད་དགུ་པའི་གཡས་གཡོན་ལ་རྔ་བ་རྫོང་གི་ཉེན་རྟོག་པས་ སྐལ་བཟང་སྦྱིན་པ་འཛིན་བཟུང་ཐེངས་གསུམ་པ་བྱས་རྗེས་ཤར་དུང་རིའི་དུས་དེབ་སྟེང་ མི་རིགས་ཁ་བྲལ་གྱི་རྩོམ་ཡིག་སྤེལ་བར་བསྙད་ནས། སྤྱི་ལོ་ 2010ཟླ་ 12 ཚེས་ 31ཉིན་རྔ་བ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་དང་ འཇང་རྩེ་དོན་ཁོ་དང་བུད་ངྷ་གཉིས་ལ་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པ་རེད།
བཙན་འཛུལ་རྒྱ་དམར་ཇག་པ་དམར་པོ་དེས།
བསིལ་ལྡན་ལྗོངས་འདིའི་སྣོད་བཅུད་ལ་བདོ་བར།
ལྡོག་མེད་སྙིང་སྟོབས་གོ་ཆ་བཙན་པོ་ཡིས།
འགྲན་པའི་དཔའ་རྒོད་ཚོགས་ལ་ཡིད་རེ་སྨོན།
སྐྱབས་དང་མགོན་ཞེས་རྟོགས་པའི་མཐོ་ས་ན།།
དག་སྣང་ངེས་ཤེས་འབར་བའི་ཡུལ་མཆིས་སྐད།།
དབང་ཆུང་མྱི་ཡི་འཁོར་རྒྱུགས་དོག་ས་ན།།
མྱི་ཡི་རིགས་འདི་འཚོ་གནས་འཆའ་ས་ན།།
ཁྱེད་ཚོས་མི་རིགས་སྐྱོབ་པའི་ཆོད་སེམས་དེར།།
སྐད་ཆ་སྐམ་པོ་ཞིག་གིས་ཅི་ཕན་ཡང།།
སེམས་པ་སྐད་ཆར་བརྒྱུས་ནས་རྗེས་དྲན་ཞུ།།