སྒོམ་སྡེ་ལྷ་རམས་པ།
པུར་རྒྱལ་ནི།
༡༽ བོད་རྒྱ་ཚིག་མཛོད་ཆེན་མོར། སྔར་བོད་ཡུལ་གྱི་མིང་ཞེས་གསལ། ༢༽ དག་གསར་ལས།
བོད་རིགས་ས་ཆའམ་བོད་རིགས་ལ་གནའ་དུས་སུ་པུར་རྒྱལ་ཞེས་བྱ་ཞེས་འབྱུང་། ༣༽
དུང་དཀར་ཚིག་མཛོད་ལས། འདི་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་།
བོད་ཀྱི་བཙན་པོ་གྲི་གུམ་གྱི་སྲས་བྱ་ཁྲིས་བློན་པོ་ལོ་ངམ་བཏུལ་ནས་བོད་ཀྱི་སྲིད་དབང་བཟུང་རྗེས་མཚན་ལ་པུ་དེ་གུང་རྒྱལ་དུ་ཐོགས་པ་དང་།
ཁོང་གི་མངའ་འོག་ཏུ་ཡོད་པའི་ས་ཆ་རྣམས་ལ་སྤུར་རྒྱལ་བོད་ཅེས་འབོད་པ་ཡིན་ནམ་བརྟག ཅེས་གསུངས།
ཁོ་བོས་བལྟས་ན་གོང་གི་ཚིག་མཛོད་གྲགས་ཅན་དེ་དག་གང་གིས་ཀྱང་“པུར”གྱི་གོ་དོན་དཔྱིས་ཕྱིན་པའམ་གནད་ལ་ཁེལ་བ་ཞིག་གསུངས་ཐུབ་མི་འདུག
“པུར”ནི་ལེགས་སྦྱར་གྱི་पूर्व“པཱུརྦ”འམ་“པཱུར་ཝ”ཞེས་པའི་ཚིག་བསྡུས་པ་ཡིན་ལ།
དེ་ནི་རྙིང་པ། སྔོན། གནའ། མེས་སོགས་ལ་འཇུག་པས། དེས་ན་“པུར་རྒྱལ”ནི་མེས་རྒྱལ་ཞེས་པ་སྟེ།
འདི་ལ་གོ་རྒྱུ་གཉིས་ཡོད། ཕ་མེས་ཀྱི་རྒྱལ་ཁབ་ཅེས་པ་དང་།
ཕ་མེས་ཀྱི་རྒྱལ་པོ་ཞེས་པའི་གོ་དོན་གཉིས་ཡོད་པར་འདོད་དོ།
།དཔེར་ན་ལེགས་སྦྱར་ལ་“པཱུརཝ་པུརུཥཿ”पूर्वपुरुषः ancestor
ཞེས་པ་སྔོན་གྱི་སྐྱེས་བུའམ་མེས་པོའི་དོན་ཡིན་པ་བཞིན་ནོ།
།ངེད་ནས་ཚིག་འདི་ལ་ལོ་མང་རིང་བསམ་གཞིག་བྱས་ཀྱང་བློ་ལ་འབབ་པོ་ཞིག་ད་རེས་ཀྱི་འདི་མ་གཏོགས་རྩ་བ་ནས་མ་བྱུང་།
གལ་ཏེ་འདི་ལ་ངེས་པ་སྟེར་ངེས་ཀྱི་བློ་སྐྱེད་དང་གནོད་བྱེད་ཡོད་ན་དགའ་བསུ་ཡོད།
ཉེ་ཆར་གྱི་བར་ཁོ་བོས་ཀྱང་“པུར་རྒྱལ”ཞེས་པའི་“པུར”བོད་ལ་ངོས་འཛིན་བྱེད་ཀྱི་ཡོད།
དེ་ནོར་འདུགདེས་ན། “པུར་རྒྱལ”ནི་མེས་རྒྱལ་ཏེ། ❶ ཕ་མེས་ཀྱི་རྒྱལ་ཁབ། ❷ ཡང་ན།
ཕ་མེས་ཀྱི་རྒྱལ་པོའི་དོན་ནོ། །གསལ་བཤད།
ཁོ་བོས་ནི་སྔར་ལན་གྲངས་དུ་མར་ཞུས་པ་ལྟར་ད་རེས་ཀྱང་ཞུ་གི་ཡིན།
ངས་ནི་ལེགས་སྦྱར་ཤེས་ཀྱི་མེད་དོ།
།གོང་དུ་བཤད་པ་དེ་ནི་“དེ་ཕོ་མེད་སར་བོང་བུས་ནམ་ཚོད”ཀྱི་དཔེ་ལྟར་ཡིན་ནོ། །
ཨ་ལེ།
སྒོམ་སྡེ་ལགས་ཀྱིས་ཁ་སང་གཉའ་ཁྲི་བཙན་པོ་རྒྱ་གར་བ་ཡིན་ཚུལ་འབད་པས་སྒྲུབ། དེ་རིང་ཡང་བསྐྱར་པུར་རྒྱལ་ཞེས་པའི་ཐ་སྙད་ལེགས་སྦྱར་དང་བཙན་དུ་བསྒྲུབ། སང་ཉིན་ག་རེ་ཞིག་རྒྱ་གར་ལ་ཁུངས་གཏུགས་བྲོ་ཡོད་ན།
ལྷ་རམས་པ། པུར་རྒྱལ་ཞེས་པའི་ཚིག་དེ་པུ་དེ་གུང་རྒྱལ་གྱི་བསྡུས་ཚིག་ཡིན་པ་བཞིན་དེ་ལ་འགྲེལ་ཚུལ་གཞན་ཞིག་ཡོད་པ་ཁྱེད་ཀྱིས་ཐོས་ཡོད་ཤག གལ་ཏེ་ལོ་ཚོད་ཀྱིས་དྲན་པ་སོས་པར་མ་གྱུར་པའི་དབང་དུ་སོང་ཡོད་ན། འདི་ལྟར། པུ་དེ་གུང་རྒྱལ་ནི་བུ་དེ་ཀུན་རྒྱལ་ཞེས་པའི་ཚིག་ལས་ཟུར་ཆགས་པ་དང་། དེ་ཡང་ཁོང་ཉིད་འཁྲུངས་མ་ཐག་རང་གི་ཨ་མས་རྟེན་འབྲེལ་ཀུན་བསྒྲིག་གི་ཚུལ་དུ་དེ་ལྟར་བརྗོད་པར་རྗེས་སུ་མཚན་ལ་ཐོགས་པར་གྲགས།
དེ་བཞིན་དུ་གཉའ་ཁྲི་བཙན་པོ་ནི་རྒྱ་གར་བ་མིན་པར་རང་རེའི་ཉང་ཁྲི་ཡུལ་གྱི་རྒྱལ་པོའམ་བཙན་པོ་ཡིན་པས་ན་མིང
མཆན་བྲིས་མ་ཚར་གོང་ལག་པ་ཐལ་སོང་བས་དགོངས་དག
སྒོམ་སྡེ་ལགས།
ངེས་པ་དོན་གྱི་བོད་ཀྱི་ལོ་རྒྱུས་དང་བརྡ་དང་མིང་མཛོད་སོགས་ལ་བྱང་ཆེ་བའི་མཁས་པ་དེ་དག་གིས་གནད་དཀྲོལ་མ་ཐུབ་པ་ཞིག་ཁྱེད་ཀྱིས་རྙེད་པ་ཡ་མཚན་ནོ། ངོ་མ་ཁྱེད་ཀྱིས་སྟོབས་བཟང་གི་པུར་ལེགས་སྦྱར་དུ་འདོད་པ་དང་རྒྱལ་བོད་སྐད་དུ་འདོད་ན། རྒྱ་བོད་གཉིས་མཉམ་སྤྲེལ་བྱས་ནས་མིང་གཅིག་བཟོ་པའི་རིག་པ་སྔར་ན་མ་གྲུབ་ཞིག་ཁྱེད་ཀྱིས་རྙེད་ཡོད་འདུག ད་ངས་མཐོང་མ་མྱོང་བའི་ཁྱེད་ཀྱི་ཚིག་མཛོད་དེ་ཡང་ག་འདྲ་ཞིག་ཡིན་པ་དཔོགས་ཐུབ་ཀྱི་འདུག
སྤྱིར་བོད་ཀྱི་ཐ་སྙད་ཁྲོད་དུ་ལེགས་སྦྱར་ཡོད་ཀྱང་མིང་གཅིག་གི་ཕྱེད་བོད་དང་ལེགས་སྦྱར་བྱས་ན་བཀོད་ཡོད་པ་དེ་སྔ་མཐོང་མེད་ལ་ཕལ་ཆེར་སྐད་ཡིག་གཞན་ནའང་དེ་ལྟར་ཡོད་སྲིད་རྒྱུ་མ་རེད་སྙམ།
ལྷ་རམས་པ་ལགས། ཁྱེད་ཀྱིས་སྔོན་དུ་སུ་ཀྱང་མ་བཤད་པ་ཞིག་བཤད་དགོས་བསམ་གྱི་ཡོད་ན་ད་དུང་སློབ་སྦྱོངས་མང་ཙམ་བྱོས་རོགས་དེ་མིན་སྨྱོན་གཏམ་འདྲ་བ་འདི་གང་ཡང་ཁུངས་འཁྱོལ་གྱི་མ་རེད་ཡ། མིང་གི་ལྷ་རམས་པ་ཆགས་ཀྱི་རེད་ཡ། མཐར་བོད་དུ་ཡོད་ཚད་རྒྱ་གར་ནས་ཡིན་དགོས་པ་མེད།
བཅོས་རོགས། ཁྱེད་ཀྱི་རིག་སྟོབས་
ཕྱེད་བོད་དང་ཕྱེད་ལེགས་སྦྱར་ཐ་སྙད་
གལ་ཏེ་ཡིད་མི་ཆེས་ན་གཞམ་གྱི་མིང་འདི་དག་གི་སྒྲ་བཤད་དང་ངག་རྒྱུན་ལ་བརྟག་ན་དཔོག་ཐུབ།
དཔེར་ན། སྲོང་བཙན་སྒམ་པོ། ཁྲི་རལ་བ་ཅན། གླང་དར་མ་སོགས་རེ་རེར་སྒྲ་བཤད་གོ་དོན་དང་ལྡན་པ་རེ་ཡོད་པས་མཚོན། དེ་ཙམ་གྱིས་ཆོག་པར་བྱ།
གཞམ། གཤམ་ལ་བཅོས་རོགས།
ཁ་སང།།
བསླབ་བྱ་གནད་དུ་མ་སོང་བས།།
བསླབ་པ་ཉམས་པའི་ལྷ་རམས་པས།།
གངས་ཅན་བོད་ཀྱི་པུར་རྒྱལ་དེ།།
རྒྱ་གར་རྒད་པོར་ངེས་པ་རྙེད།།
དེ་རིང།
པུར་རྒྱལ་བོད་ཀྱི་མིང་ཚིག་དེ།།
བརྡ་དག་མཁན་པོ་དག་གིས་ཀྱང།།།
ལོགས་པར་དཀྲོལ་ཅེས་སྨྲ་དང་ལྷན།།
ལེགས་བོད་འདྲེས་མ་རེད་ཅེས་བཤད།།
སང་ཉིན། ???????????????????????
ད་རེས་ཡིན་ན་སྒོམ་སྡེ་ལ་མ་རེད་ཟེར་བ་མི་འདུག རེད་ཟེར་བའང་མི་འདུག སྐད་ཆ་བཤད་པ་ལ་གཞི་རྩ་ཅུང་ཟད་འདུག ཡིན་ནའང་འདི་ལེགས་སྦྱར་སྐད་རེད་ཟེར་བ་དེ་ཁས་ལེན་ཐུབ་པའི་སྐད་ཆ་ཞིག་མ་རེད་ལ། རང་གིས་ཀྱང་འདི་རེད་ཟེར་ནས་བཤད་མི་ཤེས་པ་ཞིག་རེད།
ཁྱོད་ཀྱིས་བཤད་པ་ལྟར། ལེགས་སྦྱར་ལ་“པཱུརཝ་པུརུཥཿ”पूर्वपुरुषः ancestor
ཞེས་པ་སྔོན་གྱི་སྐྱེས་བུའམ་མེས་པོའི་དོན་ཡིན་ཟེར་བ་ལྟར། རྒྱ་སྐད་དུའང་། སྤོ་སྤོའམ་པུ་པུ་མེས་པོའི་དོན་ཡིན་པ་དང་། བོད་ཡུལ་དབུས་ཀྱི་སྐད་ནང་ཡང་། ཨ་མདོ་དང་མི་འདྲ་བར། སྤོ་བོའམ་སྤུ་བོ་ཟེར་བ་མེས་པོའི་དོན་དུ་བཤད་དུ་ཡོད་པ་ཚང་མ་ཕལ་ཆེར་གཅིག་ལས་གཅིག་ལ་ཟུར་ཆག་པ་ལྟ་བུ་ཞིག་ཡིན་མི་སྲིད་པ་མིན་པ་ལྟ་བུ་ཞིག་རེད། ཞིབ་ཏུ་དཔྱད་ན། རྒྱ་གར་ནག་བོད་གསུམ་གྱི་སྐད་ནང་། གཅིག་གིས་གཅིག་ལ་ཤན་ཞུགས་པ་མང་པོ་ཞིག་རྙེད་དུ་ཡོད་པ་རེད། ད་རུང་ཌུར་ཀི་དང་སོག་པོ་སོགས་ཀྱི་སྐད་ནང་ཡང་ངེས་པར་ཡོད་འོས་པ་ཞིག་རེད།
ཡིན་ནའང་། ཤེས་དགོས་པ་ཞིག་ལ། ཡི་གེ་ལས་སྐད་དང་པོར་བྱུང་ཡོད་པ་རེད། དེ་བས་སྐད་གང་ཞིག་མི་རིགས་གང་ཞིག་གི་ཐོག་མའི་མཆེད་ཚུལ་ལ་འབྲེལ་བ་ཡོད་པ་དེ་ངེས་པར་དཔྱད་དགོས་པ་ཞིག་རེད། རྒྱ་གར་གྱི་གནའ་སྔ་མོའི་གྲངས་ཀ གཅིག་གཉིས་གསུམ་གྱི་ཡིག་གཟུགས་དེ། རྒྱ་ནག་གི་ཡས་ཨར་སན་ཡིན་པ་དེས་ཀྱང་ང་ཚོའི་བསམ་བློ་གཏོང་ཕྱོགས་ལ་བློ་སྒོ་ཞིག་འབྱེད་པ་རེད། དེ་ནས། རྒྱ་ནག་དང་བོད་ཀྱི་སྐད་གཉིས་བར་ཞིབ་ཏུ་དཔྱད་ན། རྦད་དེ་འདྲ་བ། ཆ་ཙམ་འདྲ་བ། ཅུང་ཟད་འདྲ་བ། འདྲ་སེ་ཡོད་པ། མིང་གི་ཐོག་མའི་མཆེད་ཁུངས་གཅིག་ཡིན་སྲིད་པ། དེ་འདྲ་མང་པོ་ཞིག་ཡོད་པ་རེད། དེ་ནི་ཕལ་ཆེར་ཁྱེད་ཀྱིས་བཤད་པ་ལྟར་ན། རྒྱ་གར་གྱི་སྐད་དང་ཡང་གཅིག་ཡིན་སྲིད།
དེས་ན། སྐད་གང་ཞིག་གཞི་རྩ་ཡིོན་པར་དཔྱད་རྒྱུ་དེ་གལ་ཆེ་བར་མཐོང་།
དཔེ་གཅིག་བཞག་ན། རྒྱ་ནག་གི་ཡི་གེ་ལ་མཚོན་ན། བོད་སྐད་དང་འདྲ་བ་མང་པོ་ཞིག་རྙེད་གི་འདུག དེ་ཕལ་ཆེར་ད་ལྟའི་མི་ཞིག་ལ་མཚོན་ན། དེ་རྒྱ་ནག་ནས་ཟུར་ཆག་པ་རེད་ཟེར་སྲིད། རྒྱུ་མཚན་ནི། རྒྱ་ནག་གི་ཡིག་ཐོག་ལོ་རྒྱུས་དེ་བོད་ལས་རིང་བ་ཡོད་པའི་བག་ཆགས་དེ་ཁོ་ཚོའི་སེམས་ངོར་གཏིང་ཟབ་པོ་བྱས་ནས་འགོས་བསྡད་ཡོད་པ་རེད། དོན་དམ་དུ། རྒྱ་སྐད་ནང་། ཡོད། མེད། རེད། མ་རེད་ལྟ་བུ་ཉུང་ཤས་ཤིག་མ་གཏོགས་ཡོད་མ་རེད། བོད་སྐད་ནང་། ཡོད་མེད། རེད། མ་རེད། ཡིན། མིན། འདུག མི་འདུག འགུ མི་འགུ ཡོད་ཀི་ མེད་ཀི འབེ། མི་འབེ་སོགས་རྒྱ་ནག་ལས་ཁྱབ་རྒྱ་ཆེན་པོ་ཡིན་པ་རེད། ནུབ་ཕྱོགས་དང་ཡོ་རོབ་ལ་བསྡུར་ན།། འདི་ནི་རྒྱལ་ཁབ་མི་འདྲ་བ་ཁ་ཤས་ཀྱི་ཡི་གེ་རེད་ཅེས་བརྗོད་ཆོག་པ་ཙམ་རེད དེས་ན། གང་ཞིག་གང་ལས་ཟུར་ཆག་པ་རེད་ཟེར་བ་འདི་བཤད་མི་ཐུབ་པའི་སྐད་ཆ་ཞིག་རེད།
རང་བྱུང་ས་ཁམས་ཀྱི་དཔྱད་བརྗོད་ཅིག་ནང་། རྒྱ་གར་གྱི་མི་རིགས་ནི། ལོ་ས་ཡ་ཕྱེད་ཀའི་སྔོན། བོད་ལས་ཆད་པ་ཡིན་སྲིད་པར་བརྗོད་ཡོད་པ་དང་། རྒྱ་ནག་གི་ལོ་རྒྱུས་སྨྲ་བ་འགའ་རེས། བོད་ཀྱི་རྨ་ཆུའིམགོ་སྟོད་དེ། བོད་མིའི་འབྱུང་ཁུངས་ཡིན་པ་མ་ཟད་རྒྱ་ནག་མི་རིགས་ཀྱི་འབྱུང་ཁུངས་གལ་ཆེན་པོ་ཞིག་ཡིན་པར་བརྗོད་ཀྱི་ཡོད་པ་རེད།
ད་ག་རེ་ཡིན་ན་མིན་ན། ང་ཚོས་གཞན་གྱི་ཚན་རིག་ཚོད་ལྟ་དང་ཉམས་ཞིབ་ཀྱི་གྲུབ་འབྲས་ལ་སྒུག་བསྡད་ནས། སྐྱར་བཤུ། སྐྱར་བཤུ། སྐྱར་བཤུ། ཐོག་འཇོག ཐོག་འཇོག ཐོགའཇོག མཐོ་བཤད། མཐོ་བཤད། མཐོ་བཤད། ཐོལ་བཤད ཐོལ་བཤད། ཐོལ་བཤད། ཐལ་བཤད། ཐལ་བཤད། ཐལ་བཤད། ཟུར་བཤད། ཟུར་བཤད། ཟུར་བཤད། ཉུང་བཤད། ཉུང་བཤད། ཉུང་བཤད། རྐུ་བཤད། རྐུ་བཤད། རྐུ་བཤད་སོགས་བྱེད་པ་ལས་གཞན་རིགས་པའི་ལེགས་སྐྱེས་ནི་རྙེད་ཁག་ཙམ་གདའ་འོ། དོན་མེད་ཀྱི་དུས་ཚོད་ནི་མང་ཙམ་ཤོར་འགྲོའོ། ཨ་ཁ་ཁ། ཨ་ཙ་མ། མི་ལས་ངན་ལ། སྡུག་པོ་དགུ་རྩེགས་ཟེར་བ་འདི་འདྲ་ཡིན་རྒྱུ་རེད།
ད་སྤུ་རྒྱལ་དེ་ལ། སྤུ་བོ་ནས་ཡོང་བའི་རྒྱལ་པོ་ཡིན་པས་སྤུ་རྒྱལ་ཟེར་ཆོག ཡིན་ན་ཡང་། སྤོ་བོ་དང་རྒྱལ་བོ་གཉིས་ལ་འབྲེལ་བ་ཞིག་ཡོད་སྲིད་ཀྱང་དེ་གཉིས་མཐུད་པའི་བློ་ཁོག་དེ་ཁོ་བོར་མ་མཆིས་སོ།
པུར་ཞེས་པའི་ཚིག་འདི་ནི་འཕུར་ཞེས་པའི་ཚིག་འདི་ལས་བྱུང་བ་རེད། རྒྱུ་མཚན་ནི་གནམ་གྱི་ཁྲི་བདུན་སོགས་གཤེགས་དུས་སུ་གནམ་ལ་འཕུར་བར་གྲགས་པས། དང་པོར་རྒྱལ་པོ་ཚོར་འཕུར་རྒྱལ་ཞེས་འབོད་པ་དང་། རིམ་གྱིས་རྒྱལ་པོ་ཕྱི་མ་དག་གནམ་ལ་འཕུར་མ་ཐུབ་པར་སྐུ་གྲོངས་དུས་སུ་སྐུ་ཕུང་ངམ་སྐུ་པུར་དུར་དུ་འཇུག་སྲོལ་དར་བས་པུར་རྒྱལ་ཞེས་བོས་པ་རེད། འདི་མི་བདེན་ཟེར་ནི་ཡོད་ན་རྡུང་གི་ཡིན། གཉོག་གི་ཡིན།
ཅི་ཞིག་བཀོལ་ནས་རྡུང་གི་ཡིན་དང་གཉོག་གི་ཡིན་ཞེས་འདྲི་ན་རྣམ་དཔྱོད་ཀྱི་འགྲམ་ལྕག་གཞུ་གི་ཡིན། གཏན་ཚིགས་ཀྱི་རྒྱུགས་པས་རྡུང་གི་ཡིན།
རོ་སྒམ་ལ་པུར་སྒམ་ཟེར་བ་འདིས་ཁྱེད་ཅག་གཉིད་ལས་སངས་པའི་རེ་བ་ཡོད།
པུར་དང་སྤུར་གཉིས་གོ་དོན་གཅིག་པའི་དུས་ཡོད་པ་འདི་སེམས་ལ་ཟུངས།
བོད་སྐད་དུ་སྤུ་བོ་ནི་གནའ་པོའམ་མེས་པོ། རྒྱ་སྐད་དུ་པཱུར་ཝ་སྟེ་མེས་པོའ་གནའ་བོ། རྒྱ་ནག་སྐད་དུ་ཐུ་བྷོའམ་ཐུ་ཧྥན་སྟེ་གདོད་མའི་མི་རྒོད་དམ་ས་གནས་བདག་པོ། གང་ནས་གཞལ་ཡང་བོད་ཀྱི་ལོ་རྒྱུས་རིང་མོའི་རྒྱབ་སྐྱོར་དུ་འགྱུར་ངེས། འགལ་བ་ཡོད་པ་བྱས་ན་ཡོད་དེ། མེད་པ་བྱས་ན་དོན་གྱི་བབས་ས་གཅིག་རེད་མི་འདུག་གམ། ཆེས་སྔ་བའི་མི་རིགས་དེའི་མ་འོངས་པ་ཇི་ལྟར་བྱ། འདས་པའི་ལོ་རྒྱུས་སྨྲ་བའི་ཚེ་སླར་ཡང་བློ་ཁ་མ་འོངས་པར་ཕྱོགས།
མིང་གི་རྣམས་གྲངས་སུ་སྤོ་ བོའི་ཡུལ་གྱི་བྱ་མོ་བཙུན་དང་། སྤོ་ཡུལ་མོ་བཙུན་གུང་རྒྱལ་ལམ་ཡུམ་ཁྲི་རྒྱལ་བ་དང་། ཡབ་དྲི་མུ་ཏྲི་བཙན་གྱི་སྲས་སུ་གཉའ་ཁྲིའམ་ཁྲི་ཉག་ཁྲི་འཁྲུངས་ཤིང་། ཡབ་དེ་ཡང་རྒྱལ་ཕྲན་ཅིག་གི་མངའ་བདག་ཡིན་ངེས་སོ།
སྒོམ་སྡེ་ལགས།
མཧྰ་བྷྰ་རཏ་འོད་སྡེར་ལྟ་ཡ་ཚབ། །
བོད་ཀྱི་རྒྱལ་རབས་ཡིག་རྙིང་ཀློག་རོགས་གནང་། །
ཡང་ན་ཨརྗུན་སྐོར་ལ་འབྲི་རོགས་གནང་། །
བྱུང་ན་གཉའ་ཁྲིའི་སྐོར་ལ་མ་གླེང་ཅིག །
ཡང་བཤད་སྲོལ་ཞིག་ལ། པུར་ནི་འབུར་གྱི་ཚིག་ནས་ཟུར་ཆགས་པ་རེད། ས་ཕྱོགས་གཞན་ལས་མཐོ་ཞིང་འབུར་དུ་ཐོན་པའི་རྒྱལ་ཁབ་ལ་པུར་རྒྱལ་ཞེས་ཟེར།
པུར་རྒྱལ་ལ་བསམ་བློ་གཏོང་ས་གཞན་ཞིག་ནི། སྲོང་བཙན་དང་དུས་མཉམ་པའི་གནའ་བོའི་རྒྱ་ནག་གི་ཡི་གེ་མང་ཆེ་བར་བོད་ཀྱི་སྐད་དོད་དུ་ཐུ་ཧྥན་ཞེས་བྲིས་འདུག དེང་དུས་ཀྱི་པེ་ཅིན་སྒྲ་གདངས་སུ་ཐོས་ཧྥན་ལྟ་བུར་འབོད། ཐུ་ནི་ས་ཡི་སྐད་དོད་དང་། ཧྥན་ནི་ས་སྟོང་ངམ་དུར་ཁྲོད་དུ་འཇུག་པའི་སྐབས་ཀྱང་ཡོད། དེ་གཉིས་མཉམ་པོར་སྦྱར་ན་དམུ་རྒོད་དང་གདོད་མའི་མི་ཡི་དམིགས་བསལ་གྱི་འབོད་སྟངས་ཞིག་ཡིན། དེ་བཞིན་གོ་བ་ལོག་པའི་རྐྱེན་གྱིས་ཇག་པ་དང་། རིག་གཞུང་མེད་པ། མི་གཏུམ་པོ། དྲག་ཤུལ་ཅན་ལའང་ཐུ་ཧྥན་ཟེར། ཐང་རྒྱལ་རབས་སྐབས་སུ་བོད་དམག་ཤུགས་ཆེ་བ་དང་། རྒྱུ་འབྲས་རྩིས་མེད་ཏུ་གཏོང་བས་མིང་གོ་ནའང་འཇིགས་སྣང་སྐྱེ་དགོས་པ་ཞིག་ཡིན་ཚུལ་དམངས་ཁྲོད་ཀྱི་སྒྲུང་གཏམ་དུ་ཡོངས་སུ་གྲགས། དེའི་རྐྱེན་གྱིས་ད་ལྟའི་སྐབས་སུའང་སྒྲུང་གཏམ་དང་དེའི་ཞོར་འབྱུང་གནའ་རབས་གློག་བརྙན་ཕལ་ཆེ་བའི་ནང་བོད་པའི་བླ་མ་ནི། གླེན་པ་ཨུ་ཚུགས་མཁན། རྫུ་འཕྲུལ་ཡོད་པ། ཤ་ཆང་དང་བུད་མེད་ལ་དགའ་བ། སྙིང་སྟོབས་ཆེ་བ། དྲག་རྩལ་ལ་མཁས་པ། དམག་ཇག་གི་འགོ་ཁྲིད། གོས་ཀྱང་ར་མ་ལུག སྤྱོད་ལམ་ཡ་མ་ཟུང་། སྐད་ཆ་བདེན་མ་རྫུན་བཤད་མཁན་ཞིག་འཁྲབ་ཡོད། སྐྱོ་བ་ཞིག་ལ་འགྲན་ཟླ་མེད་པའི་བོད་པའི་དྲག་རྩལ་བ་རྣམས་མཐར་རྒྱ་མིའི་གཡོ་རྒྱུའམ་མཚོན་འོག་ལས་ཐར་མི་སྲིད་པ་ཞིག་ཡིན། སྤྱིར་རྒྱ་ནག་གི་རིག་གཞུང་དུ་གཡོ་རྒྱུ་མཁན་ནི་མཁས་པའི་ཡང་རྩེར་འཇོག་པ་ཆོས་ཉིད་ཡིན་པས། དེའི་ཆེ་བ་འདོན་པ་ཡིན་ཡང་སྲིད། དཔེར་ན་དམག་འཇུས་མཁས་པ་ཁོན་མཻན་དང་། ཀྲོས་ཀི་ལེང་སོགས་ནང་པ་སངས་རྒྱས་པ་དང་བོད་པའི་མི་ཆོས་ཀྱི་ངོས་ནས་གཞལ་ན་ཁྲམ་པ་དང་མི་ངན་ཐ་ཆད་ཞིག་ཡིན་མོད། རྒྱ་ནག་གི་མཁས་པ་དང་སློབ་སྦྱོང་བྱེད་ས་གཙོ་བོའི་གྲས་ཡིན། དེ་ཕྱིར་བོད་དང་འབྲེལ་བའི་གློག་བརྙན་དང་། བོད་ལ་ཐུ་ཧྥན་དུ་འབོད་པའང་ངན་དུ་སྨྲས་པར་དོན་འབྱུང་མིན་མ་འཚལ་ལོ། །