སྒོམ་སྡེ་ལྷ་རམས་པ།
བོད་ཀྱི་ལོ་ཙཱ་བ་ཆེན་པོ་དག་གིས་ལེགས་སྦྱར་གྱི་“व”དང་“ब”གཉིས་དཀའ་ཚེགས་མི་དགོས་པར་དབྱེ་བསལ་བྱེད་ཆོག་ཆོག་ཡོད་ནའང་། དེ་ལྟར་མ་མཛད་པར་“ཝ་དང་”གཉིས་ཉ་ཉུང་མཉམ་བསྲེ་བྱས་ཏེ་ང་ཚོ་ལེགས་སྦྱར་མི་ཤེས་མཁན་ཚོར་འཐོམ་ཞྭ་ནག་པོ་ཆེན་པོ་དེ་ཅིའི་ཕྱིར་གཡོགས།
ལེགས་སྦྱར་གྱི་“व”ལ“ཝ”དང་། “ब”ལ་“བ”ཞེས་ཅིའི་ཕྱིར་མ་བྲིས། ཅི་སྟེ་དེ་ལྟར་བྲིས་ཡོད་ན་ད་ལྟའི་མགོ་རྙོག་དེ་དག་འོང་དོན་མེད། དཔེར་ན། དབྱིག་གཉེན་ལ་“ཝ་སུ་བནྡྷུ”ཞེས་འབྲི་རིགས་པ་ལས་“བ་སུ་བནྡྷུ”ཞེས་ཅིའི་ཕྱིར་བྲིས། “དེ་ཝ”ལྷ་ལ་“དེ་བ”ཞེས་ཅིའི་ཕྱིར་བྲིས། དབྱིག་གཉེན་ལ་“བ་སུ་བནྡྷུ”ཞེས་བྲིས་པའི་ཉེས་པས་ཀློག་པའི་ཚེ། “འབའ་སུ་བནྡྷུ”ཞེས་ཀློག་ཉེས་པ་དེ་བྱུང་བ་རེད། གལ་ཏེ་“ཝ་སུ་བནྡྷུ”ཞེས་བྲིས་ཡོད་ན་འབྲི་ཀློག་ཉེས་པའི་སྐྱོན་དེ་དག་རྩ་བ་ནས་འོང་དོན་མེད་དོ། །ད་ལྟའི་ཆར་ཀློག་པ་པོ་རྣམས་སཾ་བོད་སྐད་གཉིས་ཤན་སྦྱར་གྱི་ཝའི་སྡེ་ཚན་ནམ་ཝའི་མ་ཚིག་གི་སྐོར་ཐམས་ཅད་“व”དང་“ब”གང་ཡིན་མ་ངེས་ཤིང་། དབྱེ་བསལ་མ་ཐུབ་པའི་ཐེ་ཚོམ་གྱི་འཕྱང་ཐག་རིང་པོ་དེར་མི་རབས་ནས་མི་རབས་ཀྱི་བར་འཕྱང་བཞིན་དུ་གནས་ཤིང་། ད་དུང་ཡང་དུས་ཡུན་རིང་པོའི་བར་དེ་ལྟར་དུ་གནས་པར་ངེས་སོ། །དེས་ན་དེ་འདྲ་མི་འོང་བའི་ཐབས་སུ་བྱུང་ན་སྐད་གཉིས་སྨྲ་བའི་དབང་པོ་རྣམས་ནས་ཕྱིན་ཆད་སཾ་བོད་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་གསར་དུ་རྩོམ་པའམ། སྔར་བརྩམས་ཟིན་པ་རྣམས་ལ་ལེགས་བཅོས་གནང་སྟེ་དུས་རབས་དང་མཐུན་པའི་བལྟ་བདེ་གོ་བདེ་ཞིག་བཟོ་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་བ་འདུག་གོ།
༼ལེགས་སྦྱར་གྱི་ཡི་གེ་དང་དེའི་དོད༽
इ उ ऍ ओ
ཨི། ཨུ། ཨེ། ཨོ།
क ख ग घ ङा
ཀ་ ཁ་ ག་ གྷ་ ང་།
च छ ज झ ञा ा
ཙ་ ཚ་ ཛ་ ཛྷ་ ཉ།
ट ठ ड ढ ण ा
ཊ་ ཋ་ ཌ་ ཌྷ་ ཎ།
त थ द ध न ा
ཏ་ ཐ་ ད་ དྷ་ ན།
प फ ब भ म ा
པ་ ཕ་ བ་ བྷ་ མ།
य र ल व ा
ཡ་ ར་ ལ་ ཝ།
श ष स ह ा
ཤ་ ཥ་ ས་ ཧ།
क्ष
ཀྵ།
क+ष=क्ष
ཀ+ཥ=ཀྵ།
དབྱིག་གཉེན་ལ་“བ་སུ་བནྡྷུ” ཡང་། ཅ་ཡོད་བཞིན་དུ། ཙནདྲ་ཀིརྟི། ཙནདྲ་གོ་མི་སོགས་བྲིས་འདུག བཅོས་འོས་སུ་སྣང་། ལྷ་ལ་རྒྱ་སྐད་དུ། དེ་བ། འབྲི་ཚུལ་དེ་ཡི་ཁུངས་བཅོལ་ས་ནི། བདེ་བ་དང་། ཁ་བ་དང་ཀ་བ་བཅས། བ་དེ། ཝ་ཕྱེད་དུ་ཀློག་སྟངས་རྙོག་དྲ་ཅན་དེའི་དབང་དུ་བཏང་བ་འདྲ། དེང་དུས་སྤྱི་སྐད་དུ། ཁྱེད་རང་ ག་ཝ་ ཕེབས་ཀེ ཞེས་བྲིས་ན་རྟོགས་སླ་ལ་ཕན་ཐོགས་ཆེ།
སྒོམ་སྡེ། ཁྱོད་ད་དུང་རང་གི་ཟིན་བྲིས་སུ་ཕྱིར་ཡོང་རྒྱུ་མིན་ནམ། ང་ཚོ་མི་ཁག་ཅིག་གིས་ཁྱེད་ཧ་ཅང་དྲན་གི་ཡ། ལྷག་པར་དུ་ཁྱེད་ཀྱིས་བོད་ལ་དགེ་ལུགས་མ་གཏོགས་པའི་ཆོས་ལུགས་གཞན་མེད་ན་ཡག་ཚུལ་སོགས་ཀྱི་བཀའ་སློབ་ཟབ་མོ་གནང་བ་རྣམས་རྣ་ལམ་ནས་ཡལ་རྒྱུ་ཞིག་མེད་ཀི ངོ་ལ་ཁྱེད་མི་ལྷག་བསམ་ཅན་དང་མཁྱེན་རྒྱ་ཅན་ཟེར་ནོ་ཡིན་ཡ།
ཨ་མདོ་བ་ཞིག་གིས་བསུབནྡྷུ་ཀློག་པའི་ཚེ་འབའ་སུ་འབན་སྡུ་ཞེས་མི་ཀློག་པར་ཝ་སུ་སྦན་སྡུ་ཞེས་ཀློག་པས་སྐྱོན་མི་འདུག བསམ་བློ་གཞན་ཞིག་ནི་སྔོན་གྱི་པཎ་གྲུབ་ཚོའི་དུས་ཀྱི་རྒྱ་གར་ཡི་གེ་འབྲི་སྟངས་དང་དེང་སང་གི་རྒྱ་ཡིག་གཉིས་ལ་ཁྱད་པར་ཡོད་སྲིད་དེ། ལོ་ངོ་སྟོང་ཕྲག་གི་རིང་ལ་འཛམ་གླིང་ཡིག་རིགས་ཀུན་གྱི་འབྲི་སྟངས་ལ་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་པས་སོ།། དཔེར་ན་སྔོན་གྱི་པཎ་གྲུབ་ཚོའི་རིང་བོད་དུ་དར་བའི་ལནྩྪ་དང་ཝརྟུ་འདི་རིགས་དེང་སང་རྒྱ་གར་དུ་ཕར་ཁྱེར་ན་རྒྱ་གར་བ་ཁོ་རང་ཚོའི་ཁྲོད་དུ་ཀློག་མཁན་དཀོན་པོ་ཡིན་པ་མིག་མཐོང་ལག་ཟིན་མིན་ནམ། འདི་ལ་དམིགས་ནས་དགེ་ཆོས་ཀྱིས། ལེགས་སྦྱར་སྐད་དང་སུམ་རྐང་དེ་ལས་རིང་། །གསུངས་པ་རེད། དེང་སང་བལ་ཡུལ་སོགས་སུ་ཚོང་བ་ཚོས་ཤོག་བུ་ལེབ་མོ་རེའི་ངོས་སུ་བོད་ཡིག་གི་གཟུངས་སྔགས་ཡིན་ཟེར་བ་ང་ཚོས་ཀློག་ཏུ་མི་བཏུབ་པ་གང་དྲན་ཞིག་བྲིས་ནས་ཕྱི་གླིང་བ་ཚོར་མགོ་སྐོར་གྱིས་འཚོང་གིན་ཡོད་པ་བཞིན། ང་ཚོའི་ལེགས་སྦྱར་འབྲི་སྟངས་དང་ཀློག་སྟངས་དག་ཀྱང་རང་མགོ་རང་གཡོག་ཅིག་ལས་ཨེ་ཡོད་དམ།
ཨམ་སྐད་ལྟར་ཡིན་ན། སྒྱུར་ཚུལ་དེ་ཏག་ཏག་རེད། བ་སྒྲ་(wa)ལྷ་སའི་ཝ་སྒྲ་ལྟར་ཀློག། བ་སྒྲ་དང་ཝ་སྒྲ་གཉིས་ཀྱི་སྒྲ་ཉེ་ནའང་སྐྱེ་གནས་རྩ་ནས་མི་མཐུན། ཨམ་སྐད་ལྟར་ན། ཝ་དེ་ཧྥ་སྐད་ཀྱི་ roi དང་སྒྲ་འདྲ་པོ་ཡོད་པ་རེད།
འགོས་ཆོས་གྲུབ་ཀྱིས་ཀྱང་། ཝ་ར་ན་སི་ལའང་བྰ་ར་ཎྰ་སི་ཞེས་ཐེངས་གཅིག་མིན་དུ་བྲིས་འདུག
སྒོམ་སྡེ་ལགས་ལ་དྲི་བ་གཉིས་ཡོད།
༡ སྤྱིར་བཏང་ལེགས་སྦྱར་དང་བོད་ཡིག་གཉིས་ཀྱི་གསལ་བྱེད་གོ་རིམ་སྒྲིག་སྟངས་གཅིག་པ་ལྟ་བུར་མཐོང་། དེ་ལྟར་ན། ཀ་ཁ་ག་ངའི་རྗེས་སུ་ཅ་ཆ་ཇ་ཉ་ཡོང་དགོས་རྒྱུ་ལ། གོང་དུ་དེ་ལྟར་མ་ཡོང་བའི་རྒྱུ་མཚན་ཅི་རེད།
ཙ་ཚ་ཛ་རྣམས་པ་ཕ་བ་མའི་རྗེས་སུ་ཡོང་དགོས་རྒྱུ་ལ་དེ་ལྟར་མ་ཡོང་བར་ཡར་བསྣུར་ནས་ཅ་ཆ་ཇ་གསུམ་གྱི་ཚབ་ལ་བཅུག་དགོས་དོན་ག་རེ་རེད།
༢ ལེགས་སྦྱར་ལྟར་ན། བ་ཡིག་འདི་ཇི་ལྟར་ཀློག་དགོས་པ་རེད། waལྟར་ཀློག་དགོས་པ་རེད་དམ། ཡང་ན ba དང་ཉེ་བར་ཀློག་དགོས་པ་རེད།
ལེགས་སྦྱར་གྱི་དབྱངས་ཡིག་བཅུ་བཞི་ཀློག་འདོད་ན་གཤམ་དུ་སོངས།
http://www.youtube.com/watch?v=Z6sskNd1SqA
ལེགས་སྦྱར་གྱི་གསལ་བྱེད་སོ་གཉིས་ཀློག་འདོད་ན་གཤམ་དུ་སོངས།
http://www.youtube.com/watch?v=vC8pka6J8ew&feature=related
ལེགས་སྦྱར་ནང་བ་ཡིག་འདི་baབཞིན་ཀློག་དགོས། བྷ་ནི་bhaབྷཧ་ཞེས་ཀློག་དགོས།
ལེགས་སྦྱར་ཁྲོད་ཀྱི་ཝ་ཡིག་དེ་དབྱིན་ཡིག་གི་vaབཞིན་ཀློག་དགོས།
གོང་གི་ངའི་མཆན་བུ་དྲུག་པ་དེ་ལ་དག་མཆན་ཐོབ་དགོས་པའི་རྒྱུ་མཚན་ཅི་ཡིན། དེའི་ནང་དུ་ལེགས་སྦྱར་གྱི་དབྱངས་དང་གསལ་བྱེད་ཀློག་དུས་ཀྱི་སྒྲ་གདངས་ཤིག་ལས་ཅི་ཡང་མེད།
མགོན་ཕྱག་ལགས།
ངས་གོང་དུ་བཤད་པ་དེ་སྒྲ་འབོད་སྟངས་གཅིག་པུ་མ་རེད། དཔེར་ན་ལེགས་སྦྱར་གྱི་ ब ནི་དབྱིན་ཇིའི་bདང་སྒྲ་གདངས་མཚུངས་ལ། ལེགས་སྦྱར་གྱི་“व”ནི་དབྱིན་ཇིའི་vདང་སྒྲ་གདངས་མཚུངས་པ་རེད། འོན་ཀྱང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་དེ་གཉིས་དབྱེ་འབྱེད་མ་མཛད་པར། बདང་“व”གཉིས་ཀ་“བ”ཡིག་གིས་མཚོན་པར་བྱས་ཡོད། དེ་ལ་སྐྱོན་འདུག་ཟེར་གྱི་ཡོད། དེ་ལ་བརྟེན་ནས་ནོར་འཁྲུལ་བྱུང་བ་རེད། ཨ་མདོ་བས། “བ”ལ་“ཝ”ཞེས་ཀློག་རྐྱང་བྱེད་ཀྱི་རེད། དེ་ལ་ཁྱད་པར་ཆེར་མི་འདུག འོན་ཀྱང་ལེགས་སྦྱར་གྱི་“ब”ལ་“ཝ”ཞེས་བཀླགས་ན་ནོར་བ་རེད། དེ་ལ་ངེས་པར་དབྱིན་ཇིའི་b སྒྲ་གདངས་ཐོན་པ་དགོས་རེད།
མདོར་བསྡུས་ན།
བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་“ब”bདང་། “व” vགཉིས་དབྱེ་འབྱེད་གནང་མི་འདུག་ཅེས་སྐྱོན་བརྗོད་ཞུ་གི་ཡོད།
མགོན་ཕྱག་ལགས།
ཁྱེད་ཀྱི་དྲི་བ་གཉིས་པའི་ལན་དངོས་ནི། “ཙ་ཚ་ཛ”སོགས་ནི། “ཅ་ཆ་ཇ”སོགས་ཀྱི་དོད་ཡིན་པས། དེའི་ཕྱིར་པ་སྡེའི་སྔོན་ལ་བཞག་པ་རེད་ལགས།
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས། རྒྱ་གར་བའི་ཁ་རྒྱུན་ལ། ཅ་ཆ་ཇ་ཞེས་བརྗོད་པ་ལྟར་མ་བཞག་པར། ཙ་ཚ་ཛ་སོགས་ཅིའི་ཕྱིར་བྲིས། ཁོང་ཅག་ལ་དཀའ་ངལ་ཅི་ཞིག་འཕྲད་ནས་དེ་འདྲ་བཟོས་པ་ཡིན་ནམ་སྙམ།
དཔེར་ན་རྒྱ་གར་བས། དུས་འཁོར་ལ་ཀཱ་ལ་ཅཀྲ་Kalachakra ཞེས་འབོད་པ་ལས། ཀཱ་ལ་ཙཀྲ་Kalatsakraཞེས་མི་འབོད་པ་བཞིན་ནོ། །
མགོ་རུལ་ལགས།
ཁྱེད་ཀྱིས་གོང་དུ་དྲངས་པའི་ཡུ་ཊུབ་དྲ་རྒྱ་གཉིས་པ་དེ་རིན་ཐང་ཅན་ཞིག་འདུག ང་ལའང་བློ་སྐྱེད་ཆེན་པོ་བྱུང་། ངས་སྔོན་མ་བོད་ཡིག་གི་སྡེ་པ་ཕྱེད་དང་བརྒྱད་པོ་དེ། སྡེ་ཚན་སྡེ་ཚན་དུ་བསྒྲིགས་པའི་རྒྱུ་མཚན་ལམ་ཙམ་མ་གཏོགས་ཤེས་ཀྱི་མེད། འོན་ཀྱང་ད་རེས་གསལ་པོ་ཤེས་སོང་། དེར་བརྟེན་ཚང་མས་གོང་གི་ཡུ་ཊུབ་ལ་ཕེབས་ནས་གཟིགས་ཙམ་གནང་ན་བློ་སྐྱེད་འདུག
འདི་འདྲའི་གླེང་སློང་གི་སྐབས་སུ་སློབ་སྦྱོང་རག་གི་འདུག རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ།
སྐུ་ཞབས་སྒོམ་སྡེ་ལྷ་རམས་པ་ལགས། ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ནས་བཏོན་པའི་གནད་དོན་འདིར་རང་རིགས་ཤེས་ཡོན་ཅན་རྣམས་ནས་ངེས་པར་དུ་གྲོས་གླེང་ཞིག་བྱེད་དགོས་གལ་ཆེ། གུས་པའི་བསམ་པར་རྙོག་དྲ་དེ་དག་ལོ་པཎ་ཚོས་མཁྱེན་ནས་དམིགས་སུ་བཟོས་གནང་བ་ཞིག་རྩ་བ་ནས་མ་རེད་སྙམ། དེ་ལས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་སཾ་སྐད་ཤེས་མཁན་ཆེས་ཉུང་བ་དང་གཅིག དེ་ནས་རྒྱ་གར་གྱི་བཀའ་བསྟན་བཅོས་རྣམས་བོད་ཡིག་གི་དཔར་ཤིང་ཐོག་སྐབས་བརྐོས་མཁན་ཚོས་གཟབ་ནན་མི་བྱུང་བར་དག་ཆ་ལ་ནོར་འཁྲུལ་ཤོར་བ་དང་གཉིས། བླ་མ་དགེ་བཤེས་དང་བོད་ཀྱི་མཁས་པ་རྣམས་ནས་དེ་མ་ཐག་ཏུ་ནོར་བཅོས་སམ་གཅོས་སྒྲིག་མི་གནང་བར་རང་སོར་བཞག་པ་དང་གསུམ། ཆོས་ལུགས་ཕན་ཚུན་འབྲེལ་ལམ་དམ་པོ་མེད་པ་དང་བཞི། དེ་བཞིན་བོད་མི་གནས་སྡོད་བྱེད་ཡུལ་གྱི་ས་གནས་ཁ་ཐོར་ཡིན་པས་ད་བར་བོད་མི་ཚོའི་ཁ་རྒྱུན་དུ་མི་དག་རྒྱུན་འཇགས་སུ་ལུས་པ་ལ་སོགས་སྤྱི་ཚོགས་ཡོངས་གྱི་འགན་ཁུར་ཡོད་པ་རེད། ད་ཆ་ནོར་སྐྱོན་དེ་རྣམས་ལ་ཚད་ལྡན་གྱི་གཞུང་ལུགས་ཤིག་བཟོ་རྒྱུའི་དུས་ལ་སླེབ་ཤག
སྒོམ་སྡེ་ལགས།
དེ་ཡིན་ན། བོད་ཡིག་ནང་ཅ་ཆ་ཇ་གསུམ་གསར་བཟོ་བྱེད་སྐབས། གསར་བཟོ་བྱས་པའི་ཡི་གེ་གཞན་པ་ཞ་ཟ་འ་གསུམ་མཉམ་དུ་མ་བཞག་པར། ཡིན་གཅིག་མིན་གཅིག ཙ་ཚ་ཛ་གསུམ་མར་འཐེན། དེའི་ཚབ་ཏུ་ཅ་ཆ་ཇ་གསུམ་བཞག་ནས་གོ་རིམ་དཀྲུག་ནས་འཇོག་དགོས་དོན་ཅི་ཡིན་ནམ།
དགེ་ཆོས་ལྟར་ན། གསར་བཟོ་གནང་བའི་ཡི་གེ། ཙ་ཚ་ཛ་ཞ་ཟ་འ་ཝ་རྣམས་ཡིན་པ་བཤད།
༡ གསར་དུ་བཟོས་པའི་ཡི་གེའི་མགོར་རྟགས་བཏབ་ནས་ཡོད་ཟེར། ཡིག་རྙིང་ནང་། འ་དང་ཞ་ཡི་མགོར་ཡང་རྟགས་བཏབ་ཡོད་ཟེར། ཝ་དེ་ཡང་ལ་དང་བ་གཉིས་བརྩེགས་པ་མིན་པར་འ་དང་བ་གཉིས་བརྩེགས་པ་ལ་ལ་ཡི་རྐང་པ་དེ་རྟགས་བཏབ་པའི་རྟགས་ཡིན་ཟེར། ཝ་ཡིག་གི་དབུ་མེད་འབྲི་སྟངས་ལ་བལྟས་ན་དེ་ལྟར་ཡིན་པ་ཤེས་ཐུབ་ཟེར། ཟ་ཡིག་ལ་རྟགས་བཏབ་པ་མ་མཐོང་ཡང་སྔོན་གྱི་དུས་སུ་ཡོད་ངེས་ཟེར།
༢ གོ་རིམ་ཡང་། ཀ་ནས་མ་བར་རང་འཇགས་བཞག་ཡོད་ཟེར། དེ་ནས་གསར་བཟོས་ཡི་གེ་རྣམས་མཉམ་གཅིག་ཏུ་བཞག་པ་ཡིན་ཟེར། མཐའ་མཇུག་ཧ་གཅིག་པོ་གྲོགས་མེད་དུ་ལུས་པ་ལ་ཨ་མགོ་རུ་མ་བཞག་པར་ཧ་མཉམ་བཞག་པ་ཡིན་ཟེར།
༣ ལེགས་སྦྱར་ནང་། སྡེ་བ་རེའི་ཡི་གེ་ལྔ་པོ་སྒྲའི་སྐྱེ་གནས་ཉེ་མཚུངས་སུ་ཡོད་ཟེར། ཅ་ཆ་ཇ་ཉ་རྣམས་སྒྲའི་སྐྱེ་གནས་ཉེ་མཚུངས་སུ་ཡོད་པ་ལས་ཙ་ཚ་ཛ་ཉ་རྣམས་དེ་ལྟར་མིན་ཟེར།
༤ རྒྱ་གར་གྱི་སྐད་ནང་། ཅ་ཆ་ཇ་གསུམ་གྱི་སྒྲ་ཡོད་པ་ལས་ཙ་ཚ་ཛ་གསུམ་གྱི་སྒྲ་མེད་ཚུལ་ཟེར།
དགེ་ཆོས་ཀྱི་གསུང་རྩོམ་པོད་དང་པོ། ཤོག་གྲངས ༢༤༧ བརྒྱད་པ། སྔོན་དང་ད་ལྟའི་བར་ཡུལ་སོ་སོའི་ཡིག་རིགས ཞེས་པའི་ནང་གནའ་བོའི་ཡིག་རིགས་སོགས་ཀྱི་སྐོར་རྒྱས་བཤད་དང་། རི་མོའི་ལམ་ནས་དཔེ་སྟོན་ཡང་གནང་འདུག ངས་གོང་དུ་བཀོད་པའི་ཚིག་འདི་དག་དགེ་ཆོས་ཀྱི་སྐད་ཆ་ཇི་བཞིན་མིན།
ཙ་ཚ་ཛ་དང་། ཝ། ཞ་ཟ་འ། ཙ་ལག་ལྟར། ཕྱི་མ་བཞི་ལའང་། ཝ་ལག་དང་། ཞ་ལག ཟ་ལག འ་ལག་བཅས་ཡིག་རྙིང་དག་ལ་ཡོད་དགོས་པས། ལག་པའི་རྟགས་ཅན་གྱི་ཡིག་གེ་དེ་དག སྔར་སྲོང་བཙན་སྔོན་ལ་བོད་ལ་ཡི་གེ་ཞིག་ཡོད་ནས་ཞང་ཞུང་ཡི་གེ་སོར་བཞག་བྱས་སམ། ཐོན་མི་བཀའ་དྲིན་ཅན་གྱིས་གསར་བཟོ་གནང་བ་གང་ཡིན་པ་འདི་ནི་བསྒྲུབ་བྱའམ་དཔྱད་གཞི་རེད་དོ། ཙ་ཚ་ཛ་ཝ། ཞ་ཟ་འ་་་། སྒྲིག་སྟངས་ལ་བལྟས་ན་རྒྱ་གར་གྱི་ཡི་གེ་ལས་ཞང་ཞུང་གི་གསལ་བྱེད་གོ་རིམ་དང་ཉེ་བར་འདུག དེ་ཡང་དཔྱད་པར་མཛོད་ཅིག
གཅིག་དགུ་གོ་བཞི་ལོའི་ཟླ་གཉིས་པའིནང་། མཚོ་སྔོན་གྱི་བོད་ཡི་གསར་འགྱུར་ཞིག་ནང་། འདི་ལྟར་བཀོད་ཡོད་པ་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ཁྲིད་སྟོནཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ཀྱི་ཝ་རྒྱུན་དུ་ལྷགས་པའི སྨར་ཡིག་ གི་འབྱུང་གནས་གནའ་བོའི་ཞང་ཞུང་རྒྱལ་པོའི་རྒྱལ་ཁབ་སྟེ་ད་ལྟའི་མངའ་རིས་ས་ཁུལ་ནས་བྲག་ངོས་རི་མོའི་ནང་དུ་ སྨར་ཡིག གི་རྗེས་ཤུལ་རྙེད་བྱུང་། བྲག་ངོས་ཀྱི་རི་མོ་དེ་དག་གི་ནང་གི་ལ་ལ་ནི། སྤྱི་ལོ་སྔོན་གྱི་མི་ལོ་ཆིག་སྟོང་ཡར་སྔོན་གྱི་རི་མོ་རེད། གསར་རྙེད་འདིས་བོད་ཀྱི་ཡི་གེ་བྱུང་ལོ་དེ་མི་ལོ་སྟོང་ཚོ་གཉིས་ཙམ་སྔ་སྣུར་བྱས་ཡོད་ཟེར་ནས་བཀོད་ཡོད་ཚུལ་ བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རྰ་གའི་ལྡེ་མིག་ཏུ་གསལ།
ནུབ་ཕྱོགས་པ་ཞིག་ནས། བོད་ཀྱི་ཡི་གེ་ལི་ཡུལ་གྱི་ཡི་གེ་ནས་བླངས་པ་ཡིན་ཟེར།
ལི་ཡིག་ཡིན་ན། ཁ་ཆེའི་ཡི་གེ་ཡིན་ན། སྨར་ཡིག་ཡིན་ན། བོད་ཡིག་ཡིན་ན་གང་ཡིན་ཡང་། དེ་ཚང་མ་སྡོང་བོ་ལ་ཡལ་གའི་ཚུལ་དུ་གནའ་སྔ་མོའི་རྒྱ་གར་གྱི་ཡི་གེ་གཅིག་ལས་སོ་སོར་གྱེས་པ་ཡིན་པ་འདྲ།
སྒོམ་སྡེ་ལགས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཁ་ཤས་ནས་འདི་ལྟར་བརྗོད། ཝ་ཕྱེད་བ་རུ་འབོད་པ་ཡིན་ཞེས་དང་ཡང་ཝ་ནི་མེད་ཀྱང་རུང་བའི་ཡི་གེ་ཟེར་བའང་ཡོད་པས།
གནད་དེས་སྤྱིར་ཝ་ཡིག་བེད་སྤྱད་ཉུང་བ་དང། ཝ་ཡིག་གི་ཚབ་ཏུ་བ་ཡིག་སྦྱར་ན་འཐུས་པས་གནད་བསྟན།
འོན་ཀྱང་དེ་ལྟར་བྱེད་ཆོག་མིན་ཐད་ཞིབ་འཇུག་བྱེད་སའི་གནས་མང་བོ་ཡོད། སྤྱིར་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་གཞུང་ལུགས་ལ་འདྲིས་ཆ་གཏིང་ཟབ་ཅིག་ཡོད་ཞིབ་འཇུག་བྱེད་འཐུས་དེ་མིན་གོལ་སར་འགྲོ་འོ།
ཨ་མདོའི་དྲ་གྲོགས་རྣམས་ལ་ཀུ་རེའི་ཚུལ་དུ་དྲི་བ་ཞིག་ཡོད།
ཁྱེད་ཅག་གིས་ Bollywood ལ་“འབོ་ལི་འུཊ”གསུང་གི་ཡོད་དམ། “ཝོ་ལི་འུཊ”གསུང་གི་ཡོད། དེ་བཞིན་དུ་ Boy ལ་“འབོ་ཡེ”གསུང་གི་ཡོད་དམ། “ཝོ་ཡེ”གསུང་གི་ཡོད།
གལ་ཏེ་ Bollywood ལ་“འབོ་ལི་འུཊ”དང་། Boy ལ་“འབོ་ཡེ”གསུང་གི་ཡོད་ན། བ་ཕྱུགས་ལ། ཝ་ཕྱུགས་དང་། བུམ་པ་ལ། ཝུམ་པ་ཅིའི་ཕྱིར་གསུང་།
ཨ་མདོ་བ་རྣམས་ལ་དབྱིན་ཇིའི་“B”ཡིག་མཚོན་པའི་བོད་ཀྱི་ཡི་གེ་ཞིག་ཡོད་དམ་མེད་ཅེས་དྲིས་ན་དེ་ལ་ལན་འདེབས་ཇི་ལྟར་བྱེད་དམ་ཞེས་དོགས་འདྲི་ཞུའོ། །
མི་རིགས་སོ་སོའི་བྱུང་བ་མི་འདྲ་བ་བཞིན་དུ་སྐད་དང་ཡི་གེའི་སྒྲ་གདངས་མི་འདྲ། བརྡ་སྤྲོད་ཀྱི་གཞུང་དེ་ལས་ཀྱང་མི་འདྲ། ཤེས་མཁན་ཞིག་གིས་འདི་ལྟར་བཤད་ན། མི་ཤེས་མཁན་ཞིག་གིས་ཇི་ལྟར་བཤད།
རྩ་བ་ལས། ཕོ་ཡིས་ཕོ་ཡིས་མིང་མཐའ་དྲངས། མོ་ཡིས་མོ་ཡིས་མིང་མཐའ་དྲངས། མ་ནིང་གིས་ནི་མ་ནིང་ངོ་།
ཞེས་པའི་མརྡ་སྤྲོད་ཀྱི་གཞུང་དང་ག་ཚད་མཐུན་ན་ག་ཚད་ཡག་གི་རེད།
ཡང་ཡུལ་སོ་སོའི་ཡིག་རིགས་སོ་སོར་ཡི་གེའི་སྒྲ་འབྱིན་ཚུལ་གྱི་སྐྱེས་གནས་མི་འདྲ་བ་རེ་ཡོད་པ་ལྟར་རང་རེའི་ག་མད་སུམ་བཅུ་ཐམ་པ་ལ་ཡང་དེ་ལྟར་ཡོད།
གཞན་རྣམས་ཞུ་མ་དགོས་པ་བྱས། ཡི་གེ་བ་ཡིག་གི་སྒྲ་འབྱིན་ཚུལ་ནི། ཡས་སོ་མས་མཆུ་སྟེང་དུ་རེག་སྟེ་ཕུ་སྒྲ་འབྱིན་དགོས་ཞེས་བོད་ཀྱི་མཁས་པ་ཆེན་པོ་སྣར་ཐང་ལོ་ཙ་བས་གསུངས་ཡོད།
དེས་ན་སྒོམ་སྡེ་ཁྱོད་ཀྱིས་རང་རེའི་བོད་ཡིག་འདི་བཞིན་དབྱིན་ཡིག་དང་ཧིན་ཡིག་སོགས་དང་ཉ་ཉུང་མཉམ་བསྲེས་བྱས་ནས་ཁོངས་བསྐྱལ་དགོས་བསམ་གྱིན་ཡོད་ན། དེ་ལྟར་པ་ཡིག་དང་། བ་ཡིག ཝ་ཡིག་གསུམ་གྱི་སྒྲ་འབྱིན་ཚུལ་མ་ནོར་བར་ཁྱད་པར་འབྱེད་དང་། ཨ་མའི་བུ་ཡིན། དེ་དེ་བཞིན་དུ་ལགས་སོ་ཞུས་ཆོག
ང་ཡིན་ན། སྦོ་ལིའི་ཝུ་ཌི། སྦོ་ཡེ། ཡང་ན། བྷོ་ལིའི་ཝུ་ཌི། བྷོ་ཡེ། ཟེར་ནས་འབྲི་ས་རེད།
འབོ་བྲིས་ན་སྒྲ་ཤུགས་ཆེ་དྲགས་པ་རེད། ཨ་མདོའི་འབོ་སྒྲ་དེ་དབྱིན་སྐད་ནང་ལ་རྩ་ནས་མེད། ཨ་མདོའི་སྐད་ལ་སྔོན་འཇུག་ཡོད་མེད་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། གཙང་སྐད་ཀྱི་འབེ་མི་འབེ་ཟེར་བའི་སྒྲ་ལྟར་འབོ་ཟེར་ནས་ན་རོ་སྦྱར་ནས་ཀློག་ན་ཨམ་སྐད་ཀྱི་འབོ་སྒྲ་དེ་ཁྱེད་ཀྱིས་ལྕེ་ཡིས་ཁྲོལ་ན་ཐང་།
ཨམ་སྐད་དེ་ཇི་བཞིན་བཤད་ཐུབ་པ་ཞིག་རྒྱ་མི་རྣམས་ཕར་ཞོག ཐ་ན་བོད་ནང་ཁུལ་གྱི་ས་ཆ་གཞན་པ་ཚོས་ཀྱང་ཁག་པོ་ཡོད་པ་རེད། ཨ་མདོ་དང་ས་འབྲེལ་གྱི་ཁམས་པ་ཚོར་ཨམ་སྐད་ཀྱི་སྒྲ་ཡོང་གི་ཡོད་ན་ཐང་།