གངས་སེང་།
བཀའ་ཆེམས་ཀ་ཁོལ་མ།༽ འདིའི་མཚན་ཆ་ཚང་ནི། ༼བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་འཕྲེང་བ་ཞེས་བྱ་བ།༽ ཞེས་བརྗོད། འདི་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་རྩོམ་ཆོས་དང་། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བའམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྟེ་བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བོད་རབ་བྱུང་དང་པོའི་བགྲང་བྱ་ཉེར་གཉིས་པ་ས་བྱི། སྤྱི་ལོ་༡༠༤༩ ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་མོའི་ཀ་བ་བུམ་པ་ཅན་ནས་གཏེར་དུ་དྲངས་པ་ཞིག་ཡིན། འདིའི་ནང་སྟོན་པ་གཤེན་རབ་མི་བོ་ཆེ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པར་བཞེད་འདུག
འདིས་ནི་བན་དེ་འགའ་ཤས་ཀྱིས་སྟོན་པ་གཤེན་རབ་འདྲེ་རེད་ཟེར་བ་དང་། འགའ་ཤས་ཀྱིས་སྟོན་པ་གཤེན་རབ་ཟེར་བ་ཞིག་ལོ་རྒྱུས་ཐོག་ཏུ་བྱུང་མྱོང་མེད་ཟེར་བ་དང་། འགའ་ཤས་ཀྱིས་བོན་པོ་ནང་པ་མིན་ཟེར་བ་སོགས་དེ་དག་བཤད་མཁན་ཚོ་ངོ་གནོང་དགོས་པ་ཞིག་བཟོས་ཡོད།
ངན་སེམས་ཅང་མཁན་ཚོར་ཕན་པོ་བྱུང་། ཡིན་ཡང་ཁོང་ཚོའི་ད་དུང་ཆ་བེ་ཆོ་བེ་བཤད་ཀྱི་རེད།
སྟོན་པ་གཤེན་རབ་ཐུགས་རྗེ་ཆེན་པོའི་སྤྲུལ་བར་བཤད་པའི་ལུང་ཙམ་གྱིས་བོན་པོ་ནང་པ་ཡིན་པ་སྒྲུབ་ཐུབ་ན བརྒྱ་བྱིན་སོགས་སངས་རྒྱས་ཀྱི་སྤྲུལ་བར་བཤད་པའི་ལུང་ཡང་ཡོད་པས་ག་འདྲ་ཆགས་ཡོང། གྲོགས་པོ་དྲིན་ཆེན་ད་དུང་ཁྱེད་རང་གིས་དྲངས་པའི་ལུང་དེ་ག་རང་ལས་(བར་སྐབས་དེར་ཆོས་ཀྱི་བསྟན་པ་གང་ཡང་མེད་པར)ཞེས་པའི་ཚིག་འདི་ཡིས་རང་མགོ་རང་གིས་གཅོག་པ་མ་ཡིན་ནམ།
སྟོན་པ་གཤེན་རབ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་སྲིད་པ་རེད།
སྟོན་པ་གཤེན་རབ་ཀྱི་རྗེས་འཇུག་པར་ཁས་འཆེ་བའི་བོན་པོ་ཁོ་རང་ཚོས་སྟོན་པ་གཤེན་རབ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པར་ཁས་ལེན་གྱི་ཨེ་ཡོད་ན།
སྟོན་པ་གཤེན་རབ་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པ་དང་སྤྲུལ་གཞི་གཅིག་རེད་ཟེར་བ་དང་།་སྟོན་པ་གཤེན་རབ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པར་བཤད་མཁན་འདུག ཡིན་ན་ཡང་། དཀའ་ངལ་གཅིག་ཡོད་པ་དེ་བོན་པོ་ཡིན་ཟེར་མཁན་ཚོས་སྟོན་པ་ཤཱཀྱ་ཐུབ་པ་དང་སྤྱན་རས་གཟིགས་ལ་སྐྱབས་སུ་མི་འགྲོ་བས་ན་བཤད་བཤད་ཚང་མ་སྟོང་པ་ཆགས་འགྲོ་གི་ཡོད་པ་རེད།
བཀའ་ཆེམས་ཀ་ཁོལ་མ་་་ཟེར་བའི་ཡིག་ཉོག་འདི་བན་དེ་ཚང་གིས་གློ་སྙིང་བྲང་གསུམ་གཏད་སའི་ཡིག་ཆ་ཡོད་ན་མེད་ན་དེ་མ་རེད་དམ། ད་བྱས་ན་སྤྱན་རས་གཟིགས་དེ་ཞང་ཞུང་དང་སྟོན་པ་གཤེན་རབ་ལ་འབྲེལ་བ་ཆེ་ཙམ་གྱི་ལྷ་ཞིག་ཡིན་མི་འདུག་གམ། ཨ་ཁ་ལས་པོ། །
བཀའ་ཆེམས་ཀ་ཁོལ་མ་ལྟ་ན། སྟོན་པ་གཤེན་རབ་ཞང་ཞུང་ཡུལ་དུ་སྐུ་འཁྲུངས་རབས་བཤད་མི་འདུག་གམ། །
ཧ་ཧ་་་སུ་སུའི་སྤྲུལ་པ་ཡིན་ན་ཡིན། སུ་སུའི་སྤྲུལ་གཞི་ཡིན་ན་ཡིན། དེ་གལ་ཆེན་པོ་མ་རེད། བོན་པོ་ནང་པ་ཡིན་ན་ཁེ་བཟང་ཞིག་དང་། མིན་ན་གྱོང་ཞིག་ཡོད་ཀྱི་མ་རེད། ནང་པ་ཞེས་པར་སོ་སོའི་མཚན་ཉིད་ཅིག་བཞག་དེ་ལ་མཚན་གཞི་ཞིག་བཞག་ནས་ཡོང་གི་ཡོད་རེད། ཤཀྱ་ཐུབ་པར་སྐྱབས་སུ་མ་སོང་ན་ནང་པ་མིན་པ་གཞུང་གང་ཞིག་ན་གསལ་འདུག སྤོབས་པས་ལན་ཐོབས། དེ་མིན་སྟོན་པ་གཤེན་རབ་ལ་སྐྱབས་སུ་སོང་ན་ནང་པ་མིན་པ་གང་ཞིག་ན་གསལ་འདུག མ་གཞི་འདིའི་རིགས་ལ་དགའ་པོ་མེད། བོད་པ་སྐྱབ་པ་སྒོག་པ་གསུམ་ཟེར་བ་དེ་རེད། རྩོད་ཀྱི་ཡང་དེ་ལས་ཅི་ཡོད།
སྟོན་པ་གཤེན་རབ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རེད་ཟེར་བས་ཡག་ཏུ་འགྲོ་རྒྱུ་ཞིག་དང་མ་རེད་ཟེར་པས་སྡུག་དུ་འགྲོ་རྒྱུ་ཞིག་མེད། མི་བདེན་སྙམ་ན་བོད་ཀྱི་བཙན་པོ་འགའ་ཞིག་དང་རྒྱལ་དབང་ལྔ་བ་སོགས་ལ་ལྟོས། ཡིག་ཆ་འདི་ཇོ་བོ་རྗེ་ཟེར་བའི་རྒྱ་གར་བ་དེའི་ཆབ་སྲིད་ཀྱི་ལག་ཆ་ཙམ་རེད། ལོ་རྒྱུས་གཟུ་བོར་སྨྲ་བ་ཚོས་འདི་ཉིད་གཙིགས་འཛིན་མི་བྱེད། བོད་བླུན་ཞེན་ཅན་ཚོས་གཅེས་གཅེས་དང་འཇིགས་འཇིགས་འདྲ་བྱེད་དེ་སྙིང་རྗེའི་ཡུལ་རེད།
སྤོབས་པ་མཐའ་ཡས་ལགས། བོན་པོའི་གཞུང་ལ་ཏོག་ཙམ་གཟིགས་ནས་སྐད་ཆ་བཤད་ན་དོན་སྙིང་ལྡན་པ་ཞིག་ཡོང་སྲིད། དེ་མིན་དེའི་སྐོར་གང་བཤད་འཆལ་གཏམ་ལས་མི་འདའ། ང་ཚོ་བོན་པོ་ཚང་མས་ཤཱཀྱ་ཐུབ་པ་སྟོན་པ་གཤེན་རབ་མི་བོའི་དགེ་ཕྲུག་མི་བརྗེད་གཟུངས་ལྡན་པའི་འཕགས་པ་ཞིག་འདོད་བཞིན་ཡོད། དེ་ལ་སྐྱབས་སུ་འགྲོ་དང་མི་འགྲོ་ཟེར་ན་གང་ཡིན་ནམ།
གངས་སེང་ལགས། བོན་པོའི་ཡིག་ཆ་གང་ག་ི་ནང་ན་སྟོན་པ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་འགྲོ་དགོས་ཚུལ་གསུངས་འདུག་ལགས།
དམུ་སྟེགས་ཀྱིས་གསུངས་པ་དེ་བདེན། སྟོན་པ་གཤེན་རབ་གཞི་མ་གྲུབ་དུས་འདི་ཅིག་ཅིག་གི་སྤྲུལ་པ་རེད་ཟེར་ནས་བཟང་ཡོང་རྒྱུ་དང་མ་རེད་ལབ་ན་སྡུག་ཡོང་རྒྱུ་མེད།
བཀའ་ཆེམ་ཀ་ཁོལ་མ་ནི་ཕྱིས་བྱུང་གི་ཡིག་ཆ་ཞིག་རེད། འདིའི་ནང་ན་དོན་དང་མཐུན་པ་མང་པོ་ཡོད་ལ་དོན་དངོས་ཡོད་དང་མི་མཐུན་པ་ཡང་མང་། བོན་པོའི་ཡིག་ཆ་ལེགས་བཤད་མཛོད་ཀྱི་ནང་ནཁ ཆེའི་ཡུལ་ནས་ཕར་བལྟས་ན་་སྟག་གཟིག་གི་ཡུལ་ན་གྲོག་མ་འབྲོང་འདྲ་བ་མཐོང་རྒྱུ་ཡོད་ཚུལ་སོགས་བཤད་ཡོད་པ་དང་བསྡུར་ན་གཞུང་འདིའི་ནང་ན་དེ་ཙམ་གྱི་ནོར་འཁྲུལ་མཐོང་རྒྱུ་མེད། ཡིན་ན་ཡང་ཡིག་ཆ་འདི་ནང་པ་སངས་རྒྱས་པ་ཚང་སྤྱིས་མཐོང་ཆེན་བྱེད་པ་ཕར་ཞོག་ནང་པ་སངས་རྒྱས་པ་བརྒྱ་ཆ་གཅིག་གིས་ཀྱང་གོ་མྱོང་ཡོད་གྱི་མ་རེད། འདིའི་ནང་ན་ཅིག་བཤད་ཡོད་པས་ནང་པ་སངས་རྒྱས་པས་ཁས་ལེན་དགོས་པའི་ངེས་པ་མེད།
སྤོབས་པ་བདེན། བོན་པོ་ཚོས་སྟོན་པ་གཤེན་རབ་སྤྱན་རས་ཀྱི་སྤྲུལ་བ་ཡིན་པར་འདོད་ཀྱི་མེད། འོན་ཀྱང་སྟོན་པ་གཤེན་རབ་དང་སྟོན་པ་ཤཀྱ་ཐུབ་པ་གཉིས་སྤྲུལ་གཞི་གཅིག་ཡིན་པར་འདོད་ཀྱི་ཡོད། འདི་ནི་བོན་པོ་ཚོས་ཁ་ནས་བཤད་ཚུལ་ཙམ་མ་ཡིན་པར་བཀའ་དང་བསྟན་བཅོས་ལས་གསུངས་ཡོད། དེར་མ་ཟད་བོན་པོའི་བཀའ་དང་བསྟན་བཅོས་གང་གི་ནང་ན་དམ་པའི་ཆོས་ལ་སྨད་པ་ནམ་ཡང་བཤད་མེད། ཐུགས་ཀྱི་སྟོན་པ་དྲན་པ་ནམ་མཁས་ཀྱང་འདི་ལྟར་གསུངས་ཡོད། བོན་ཆོས་གཉིས་ལ་ཆགས་སྡང་བྱེད་པ་དེ། དོན་དང་མི་མཐུན་ང་དང་རྒྱང་ཐག་རིང་ཞེས་གསུངས་ཡོད། བོན་གསར་རྙིང་གཉིས་ཀས་དྲན་པ་ནམ་མཁའ་ནི་ཐུགས་ཀྱི་སྟོན་པར་ངོས་འཛིན་བྱེད་བཞིན་ཡོད། །
སྤོབས་པ་མཐའ་ཡས་ལགས། ཁྱེད་བདེན་པ་རེད། ངས་བརྒྱ་ཆ་བརྒྱ་ཐམ་པ་ཁྱེད་ལ་རོགས་སྐྱོར་ཞུ་ཆོག བོད་ནང་གི་བན་དེའི་ཆོས་ཕལ་ཆེར་ཀ་ཁོལ་མ་ནང་བཞིན་རེད། བདེན་རྫུན་གང་ཡིན་དབྱེ་འབྱེད་མི་ཤེས་པ་དེ་འདྲ་རེད། སྟོན་པ་ཤཱཀྱའི་དབང་པོའི་རྗེས་འབྲེང་རྒྱ་གར་དང་འབར་མ་སོགས་ཤར་ནུབ་རྒྱབ་ཁབ་འདྲ་མིན་ནང་དུ་དུང་ཕྱུར་མང་པོ་ཡོད། འོན་ཀྱང་བོད་ནང་གི་བན་དེའི་ཆོས་འདི་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པར་ཁོ་ཚོ་སུས་ཀྱང་ཁས་རྩ་བ་ནས་ལེན་གྱི་མེད། དེར་མ་ཟད་ཁོ་ཚོས་བོད་ཀྱི་བན་དེ་འདི་ཚོ་ནང་པ་མ་རེད་ལབ་ཀྱི་འདུག དེ་ལ་རྒྱུ་མཚན་ཆེན་པོ་ཞིག་ཡོད་པ་འདྲ།
སྤོབས་པ་ལགས། སྟོན་པ་ཤཀྱ་ཐུབ་པ་ལ་བོན་གསར་རྙིང་གཉིས་ཀྱི་ལུགས་ལ་འདོད་ཚུལ་ཅུང་ཟད་ཅིག་མི་འདྲ། བོན་གསར་མའི་ལུགས་ལ་སྟོན་ཤཀྱ་ཐུབ་པ་གསུང་གི་སྟོན་པ་ངོས་འཛིན་བྱེད་བཞིན་ཡོད། རིགས་དྲུག་འདྲེན་པའི་ཐུབ་པ་དྲུག་གི་ནང་མཚན་ཡང་ཡིན། གཞན་ཡང་ས་བཅུ་སེམས་དཔའི་ཚུལ་བཟུང་སློབ་པུ་དམ་པ་དོག་དཀར་ཡིན་ཞེས་འདོད་ཚུལ་མི་འདྲ་བ་ཡོད། གང་ལྟར་ཀྱང་སངས་རྒྱས་ཀྱི་ཚུལ་བཟུང་ནས་སྐྱབས་སུ་འགྲོ་བ་དང་། ས་བཅུའི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས་སྐྱབས་སུ་འགྲོ་ཚུལ་མི་འདྲ་བ་ཡོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་རུང་ཚུལ་དུ་སྐྱབས་སུ་སོང་ན་དེས་མ་ཆོག་པ་ཅི་ཞིག་ཡོད། །
ད་ཡིན་ན་བོད་ཀྱི་བོན་ཁུངས་ནི་བརྡོལ་འཁྱར་བསྒྱུར་གསུམ་དང་། བོད་ཀྱི་བན་ཁུངས་ནི་ཧིན་བོན་ཆོས་གསུམ་ལ་ཐུག་པ་འདྲ། ཧཧཧ།
ས་ར་ཧར་པས་མཚོ་སྐམ་ཤུལ་ནང་དཔེ་མཛོད་ཁང་ཞིག་རྙེད་ཚུལ་དེ་ཁྱེད་ཚོའི་ཁས་ལེན་གྱི་ཡོད་བ། ཁྱེད་ཚོའི་མི་ལ་རས་པའི་རྣམ་ཐར་ནང་མི་འཐེ་བོང་ཙམ་ཞིག་ལ་མིག་ཕོར་པ་ཙམ་ཡོད་ཟེར་བ་འདི་ཚོ་ཧཧཧ
ཧ་ཧ་་་བདེན་པ་རེད། བོད་ཀྱི་བན་དེ་རྒན་པ་ཏཱ་ལ་ཡང་ཤཀ་ཐུབ་ཀྱི་རྗེས་འཛིན་དངོས་མ་མ་རེད་ཟེར་མཁན་བྱུང་འདུག དེ་གང་ཡིན། དེ་ལྟར་ཟེར་མཁན་ཡང་རྒྱ་གར་དང་འབར་མ་དང་ཐེ་སོགས་ཀྱི་དགེ་སློང་དེ་ཚོ་རེད་་་་་
ཡ་ཡ། གངས་སེང་ལགས། དེ་ཚོ་ང་ལ་མཚོན་ན་སྐད་ཆ་གསར་པ་རེད། འབར་མའི་གྲྭ་བ་སུ་ཞིག་གིས་དུས་ནམ་ཞིག་ལ་བོད་ཀྱི་བན་དེའི་ཆོས་དེ་སངས་རྒྱས་ཀྱི་ཆོས་མ་རེད་ཅེས་གསུངས་པ་རེད།
བོད་མིའི་ཁྲོད་ན་གཤེན་སྒྲུང་ཞང་སྒྲུང་བཟོས་ནས་རང་གཞན་མགོ་སྐོར་མཁན་མང་བས་དེ་འདྲ་བས་ཁོང་རྣམ་པར་འཁྲུལ་གཞི་བསྐྱེད་སོང་བ་ཡིན་སྲིད།
ཁ་སྔོན་ཆོས་རྒྱུད་བཞི་དང་གཡུང་དྲུང་བོན་ཇོ་ནང་བཅས་ཆོས་ཚོགས་ཐེངས་བཅུ་གཉིས་པའི་སྐབས་སུ་་་ས་སྐྱའི་མཁན་པོ་བསོད་ནམས་རྒྱ་མཚོ་ལགས་དང་་་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་སོགས་བན་དེའི་བླ་སྤྲུལ་མང་པོས། ཆོས་རིག་ལྷན་ཁང་ནས་ཐའི་ལཎཌ་སོགས་ཀྱི་ནང་པ་དང་མཉམ་འབྲེལ་བྱེད་དགོས་པའི་བགྲོས་གཞི་བཏོན་པར་ཆོས་ཚོགས་དེ་ནས་གྲོས་ཆོད་བཞག་མ་ཐུབ་པའི་རྒྱུ་མཚན་གོང་གསལ་མཁས་དབང་བླ་སྤྲུལ་ཚོས་གསུང་སོང་ཟེར། ཁོང་ཚོ་དང་བོད་རྒྱུད་ནང་བསྟན་དང་འབྲེལ་བ་བྱེད་རྒྱུ་ཕར་ཞོག་བོད་རྒྱུད་ནང་བསྟན་པའི་ཁྱིམ་ཚང་གི་ནང་ལའང་མི་འགྲོ་ཟེར་སོང་ཟེར། ད་དུང་མ་གོ་ན་མཁན་པོ་རྒྱ་མཚོ་དང་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་སོགས་ལ་འབྲེལ་བ་གནང་ན་གནས་ཚུལ་གསལ་པོར་མཁྱེན་ངེས་ཡིན་ས་རེད།
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱི་གསུང་པ་དེ་བདེན། དེ་ག་རང་ཡིན་ས་རེད། བོན་གྱི་ཞང་སྒྲུང་དང་གཤེན་སྒྲུང་། བན་གྱི་ལྷ་སྒྲུང་དང་ཀླུ་སྒྲུང་སོགས་འདྲེས་དྲགས་པའི་དབང་གིས་ཤཱཀྱའི་རྗེས་འབྲང་རྣལ་མ་རྣམས་ཀྱིས་དེ་ཚོ་ཁས་ལེན་བྱེད་ཀྱི་ཡོད་ས་མི་འདུག
ངའི་ངོ་ཤེས་ཞིབ་འཇུག་མཁན་ཤེས་ཡོན་པ་མང་ཆེ་བའི་འདོད་པ་འདི་ལྟར་རེད། ༡༽ཐེག་དམན་གྲྭ་བ་བརྒྱ་ཆའི་དགུ་བཅུ་ཙམ་གྱིས་ཐེག་ཆེན་གསང་སྔགས་བཅས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་ལས་ཕྱི་རོལ་ཏུ་གྱུར་པའི་རྒྱ་གར་ཆོས་ལུགས་ཡིན་པར་འདོད། ཐེག་དམན་དགེ་བསྙེན་དང་རབ་བྱུང་འགའ་ཞིག་གིས་སྐྱབས་འགྲོ་ཁས་ལེན་པ་ཡིན་ན་ཐུབ་པའི་ཆོས་ལུགས་ཡིན་དགོས་པར་སྨྲ། དེ་ནང་པའི་ལ་རྒྱ་འཛིན་པ་ལས་ཡིད་ཆེས་དང་དགའ་དད་བྱུང་བ་མ་རེད། ༢༽ཡང་གདོད་མའི་བོན་དང་ད་ལྟའི་བོན་པོ་གཉིས་ཐ་དད་ཡིན་པར་སྨྲ། གདོད་མའི་བོན་ནི་རང་བྱུང་ཁམས་ལ་དད་པ་བྱེད་མཁན། གཏོ་ཆོག་ཙམ་ལས་གཞུང་ལུགས་ཆེན་པོ་ཞིག་མེད་པར་འདོད། ད་ལྟའི་བོན་ནི་གདོད་མའི་བོན་རྩ་བར་བཞག་པའི་སྟེག་དུ་ཐུབ་པའི་ནང་ཆོས་དང་། རྒྱ་གར་ཆོས་ལུགས། རྒྱ་ནག་ཏོ་ཆོ། ཤ་མན་སོགས་གཅིག་ཏུ་དྲིལ་བ་ཞིག་ཡིན་པར་འདོད། ༣༽རང་ལུགས། དད་མོས་ཀྱི་ངོས་ནས་བཞག་ན། སྟོན་པ་བསམ་མི་ཁྱབ་པ་ཡིན་པས་དེའི་བསྟན་པའང་བསམ་མི་ཁྱབ་པ་ཡིན་པས་ཐེག་པ་གསུམ་ཐུབ་པའི་གསུང་རམ་མེད་པར་འདོད། བོན་ཀྱང་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པའི་འཕྲོ་ཞིག་གམ། བཀའ་ཆེམས་ཀ་ཁོལ་མའི་འདོད་པ་གཞིར་བཞག་ཡིན། ལོ་རྒྱུས་ཀྱི་ངོས་ནས་གཞལ་ན། ཐེག་པ་གསུམ་སྟོན་པ་རང་གིས་གསུང་ཡོད་པའི་ཁུངས་སྐབས་དེའི་ལོ་རྒྱུས་རྡོ་རིང་གང་ནའང་མེད། སྟོན་པའི་འཁྲུངས་སྐར་ལ་གཅིག་འགྱུར་མེད་པས་ཐུབ་པའི་བསྟན་པ་སྤྱི་ལ་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་ཡོད། ཐེག་གསུམ་ལོ་རྒྱུས་ངོས་ནས་ཡོད་མཉམ་མེད་མཉམ་ཡིན། བོན་པོ་ལ་དུས་རབས་བདུན་པའི་གོང་དུ་འགྲོ་ཐུབ་མཁན་གྱི་ལོ་རྒྱུས་འཐུས་ཚང་ཁུངས་ཕེར་བ་ཞིག་མེད། འོན་ཀྱང་དངོས་རྫས། ཡིག་ཐོག སྐབས་དེའི་ལྷ་སྒྲུང་། ངག་རྒྱུན་གང་ཡིན་ཡང་ལོ་རྒྱུས་ཀྱི་སྣེ་མང་ལ། བོན་ཟེར་བའི་གཞི་རྒྱ་ཆེན་པོ་ཞིག་ཡོད་པའི་བདེན་པ་གསུབ་ཐབས་གཏན་ནས་མེད་པ་ཞིག་རེད། འདི་འང་རྣམ་རྟོག་ཞིག་ཡིན། ཤེས་རབ་དམན་པས་ནོར་འཁྲུལ་ཡོད་ངེས། གལ་ཏེ་བདེན་པ་ལ་ངེས་པ་རྙེད། གོ་རྟོགས་ཅུང་ཟད་གོང་དུ་འཕེལ་བ་བྱུང་ན་བསམ་བློ་ལ་འགྱུར་བ་གཏོང་ཆོག བན་བོན་ཀུན་ལ་ཕོག་ཐུག་མི་འགྲོ་བའི་རེ་བ་ཡོད།
སྟོན་པ་བསམ་མི་ཁྱབ་པ་ཡིན་པས་དེའི་བསྟན་པའང་བསམ་མི་ཁྱབ་པ་ཡིན། ཐེག་པ་གསུམ་པོ་ཐུབ་པའི་གསུང་རྨ་མེད་པ་ཡིན་པར་འདོད།
རྣམ་དཔྱོད་ཅན་དྲི་མེད་ལགས་་་ཁྱེད་རང་རྣམ་དཔྱོད་ཅན་དང་མཁྱེན་རྒྱ་ཡངས་པའི་མི་བུ་ཞིག་ལ་ངོས་འཛིན་ཞུ་གི
ཡོད་་་ཁྱེད་ཀྱི་འདིར་ཐག་ཆོད་མང་པོ་ཞིག་བྱས་འདུག་པས་་་དེ་ཚོར་བརྟག་དཔྱད་བྱས་ནས་གསུང་གི་ཡོད་དམ་ཡང་ན་གཞན་གྱི་ཁར་རྒྱུགས་ཙམ་ལ་འབྲང་ནས་གསུང་གི་ཡོད་མེད་་་གསལ་བཤད་ཅིག་གནང་ན་ཡག་པོ་འདུག ལབ་སྔ་དྲགས་ན་ཕྱིས་སུ་སྐྱོན་གྱི་ཕུང་པོ་མང་པོ་ཞིག་བརྡོལ་ཡོང་གི་འདུག འོན་ཀྱང་རེ་བསྐུལ་ཁྱེད་ལ་ཞུས་པ་ལས་་་ཆོས་ལུགས་ཀྱི་འཐེན་ཁྱེར་གྱིས་བཟི་བའི་སྤོབས་མཐའ་སོགས་ལ་ཞུ་གི་མེད། དགོངས་པ་མ་འཚོམས་་་ངས་ཁ་ཐུག་ཞུ་ཤོར་སོང།
བོན་གྱི་ངོ་བོ་ལ་འཁྱར་བོར་བརྡོལ་བོན་བསྒྱུར་བོན་གསུམ་ཞེས་ཞིབ་འཇུག་པ་འབྲི་གུང་པས་དབྱེ་བ་ཕྱེས་པ་བཞིན་དུ། བོན་ཞེས་པའི་མིང་ཚིག་འདི་ཙམ་ཡང་དུས་རབས་བཅུ་པ་ཡན་ལ་ཡོད་པའི་ཁུངས་སྐྱེལ་ད་བར་དུ་རྙེད་མེད་མོད། བརྡོལ་བོན་ཞེས་བོས་ཀྱང་ཆོག་པའི་བོད་ལ་ཐུན་མོང་མིན་པའི་གདོད་མའི་དད་མོས་ཡིད་ཆེས་ལམ་ལུགས་ཤིག་ཡོད། དུས་རབས་བཅུ་པ་ཙམ་ནས་བོད་སངས་རྒྱས་ཆོས་ལུགས་ཀྱི་རྣ་གྲངས་སྣ་ཚོགས་པ་ཞིག་དར་ཁྱབ་བྱུང་། པ་ལིའི་སྐད་ཀྱི་བཙུན་པའི་མིང་ལ་འཇུག་པའི་བན་དེ་ཟེར་བའི་སྒྲ་གདངས་དང་ཉེ་བའི་བོན་དང་བོན་པོ་ཟེར་བའི་མིང་ཚིག་འདི་དུས་རབས་བཅུ་པ་ཙམ་ལ་གསར་བཟོ་བྱས་པ་ཡིན་སྲིད། འོན་ཀྱང་དུས་རབས་བཅུ་བཞི་པ་ཙམ་ནས་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་སོགས་བརྐུ་བཤུ་མིང་བསྒྱུར་བྱེད་མགོ་ཚུགས་ཡོད་པ་འདྲ།
ལུས་ཅན་ཀུན་གྱིས་བྱ་དང་ནི།
ཤིང་དང་འོད་ཟེར་ཐམས་ཅད་དང་།
ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ།
རྒྱུན་མི་འཆད་པར་ཐོས་པར་ཤོག། ༣༧ །། སྤྱོད་ལེའུ་༡༠པ།
སྟོན་པ་གཤེན་རབ་ཀྱིས་བདག་མེད་པ་དང་། མཐོང་ཆོས་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་འབྲས་གསུངས་ཡོད་ན། དེ་རང་གིས་ཆོག་གོ །
གཡུང་དྲུང་བོན་་་ཞེས་པའི་མཚན་བྱང་འདི་ནི་མ་མཐའ་་་༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་ཡོད་བསྡད་པའི་མཚན་བྱང་རྙིང་པ་བྱིན་རླབས་ཅན་ཞིག་རེད། ཁྱེད་ཚོས་དེང་སང་གསར་དུ་བཟོས་པའི་་་བོད་བརྒྱུད་ནང་བསྟན་་་ཞེས་པའི་མིང་བྱང་ཁྲལ་ལེ་ཁྲུལ་ལེ་འདི་ག་དུས་བཟོས་དང་སུས་བཟོས་པ་ཡིན་གསུངས་རྒྱུ་ཡོད་དམ། བྱེད་སྟངས་འདི་ཚོ་ལ་བལྟས་ན་ལོ་རྒྱུས་ཐོག་མིང་བྱང་་གསར་པ་བཟོ་མཁན་བྱེད་གཏེ་དེ་དག བོན་རེད་དང་བན་རེད་ཤེས་ས་རེད་གདའ་མོ། །
བན་དེའི་ནང་པ་སངས་རྒྱས་པའི་དར་ཆ་དེ་ནི་་་ཨ་མེ་རི་ཀིའི་དམག་དཔོན་ཞིག་གིས་བཟོས་རབས་ཤོད་ཀྱི་འདུག་བ་དེ་འདྲ་དངོས་གནས་ཡིན་ནམ། ཨ་ཙི་དཔེ་མི་སྲིད། ཨ་ཤུ་རེ་ཁ། །
སྤོབས་མཐའ་ལ་སྔོན་ཆད་སྐབས་གཞན་དུ་ལན་མང་བཤད་ཟིན་ནའང་ཨུ་ཚུགས་ཁོ་ནས་མ་གོ་ཁུལ་བྱེད། འདིའི་ཁོའི་ལ་རྒྱ་འཛིན་སྟངས་ཤིག་རེད། དེ་རིང་སླར་ཡང་གཅིག་བཤད། དུས་རབས་དགུ་བའི་སྐབས་སུ་བྲིས་པར་གྲགས་པའི་ཏུན་ཧོང་གི་ཡིག་ཆ་རྙིང་པའི་ནང་ཚན། གཉའ་ཁྲིའི་བྱུང་རབས་བཤད་པའི་ལེའུ་དེར་ལྟོས། དེར་བོན་དང་བོན་པོའི་ཐ་སྙད་ཅི་ཙམ་འདུག ཚན་པ་འདི་ཧྥ་རན་སིའི་དཔེ་མཛོད་དུ་ཡོད་པའི་ཏུན་ཧོང་ཡིག་རྙིང་ཆེས་རྙིང་པའི་གྲས་རེད། ཕྱིས་སུ་གསར་དུ་བསྣན་པའི་གྲས་མ་རེད།
སྤོབས་པ་མཐས་ཡས་ལགས། ཁྱེད་ཀྱིས་གཤམ་གྱི་དྲྭ་རྒྱ་དེ་བསྔོག་ན་བོན་ཞེས་པའི་ཐ་སྙད་དེ་དུས་རབས་བཅུ་པ་ཡས་མས་ལ་གསར་བཟོ་བྱས་མིན་གསལ་པོར་མཁྱེན་ཐུབ། མ་གཞི་ངས་ཁྱེད་ལ་དྲི་བ་ཞིག་འདྲི་ཆོག་པར་ཞུ། བོད་ཀྱི་བན་དེ་ཚོས་ཤཱཀྱ་ཐུབ་པའི་བཀའ་ཡིན་ཟེར་བའི་པོད་བརྩེགས་བྲག་རིའི་གཏོས་ལྟར་བཤམ་རྒྱུ་འདུག །དེ་ཚོ་གང་ནས་ཁྱེར་ཡོང་བ་རེད། སྟོན་པ་ཐུབ་པའི་དབང་པོའི་ཕ་ཡུལ་རྒྱ་གར་རེད། དེར་ད་ལྟ་ང་ཚོ་དངོས་སུ་སླེབ་དུས་གོང་བཤད་དེ་ལྟ་བུའི་དཔེ་ཆ་ཁྱི་ལྕེ་ཙམ་ཞིག་མེད་པ་མ་ཟད་དཔེ་ཆ་དེ་ཚོའི་མིང་ཙམ་ཤེས་མཁན་ཡང་རྒྱ་གར་བ་མི་གཅིག་ཀྱང་ཡོད་བཟོ་མི་འདུག དེའི་རྒྱུ་མཚན་གང་ཡིན་ནམ།
http://www.himalayabon.com/review/comment/2014-04-21/395.html
གད་མོ་སློང་གི་མ་འདུག ཏུན་ཧོང་གི་ཡིག་རྙིང་ནང་དུ་དུས་རབས་བཅུ་གཅིག་པའི་སྟོད་ཙམ་བར་དུ་བྱུང་བའི་ཡིག་ཆ་ཡོད་པ་ཙམ་ཡང་ཤེས་འདོད་མི་འདུག་གམ། ས་བོན་གྱི་བོན་ནི་ས་བོན་ཞེས་པའི་མིང་གི་ཆ་ཤས་ཙམ་ཞིག་རེད། ཐ་སྙད་གྲུབ་སྟངས་དེ་ཙམ་ལ་གླེང་རིན་ཞིག་འདུག་གམ།
ཏུན་ཧོང་ཡིག་རྙིང་གི་ནང་དུ་བྱུང་བའི་བོན་དང་གཤེན་ཞེས་པ་དེ་ཚོའི་གོ་དོན་ལ་དཔྱད་ན་དེ་ནི་ད་ལྟའི་བོན་ཟེར་བ་དེ་དང་གནམ་ས་ལྟ་བུའི་ཁྱད་པར་ཡོད་པས་དུས་རབས་བཅུ་གསུམ་པ་དང་བཅུ་བཞི་པ་ཙམ་ནས་བོན་ལུགས་པས་སངས་རྒྱས་ཆོས་ལུགས་བཤུ་བསྒྱུར་བྱས་མགོ་ཚུགས་འདུག་ཟེར་ནས་བཤད་དོན་ཡང་དེ་ཡིན།
དྲ་གྲོགས་ཚོས་སྤོབས་མཐའ་ཟེར་བ་རྒྱུད་དྲེད་པའི་མི་དེའི་རིགས་ལ་ཡ་མ་བྱས་ན་ལེགས། ཁོས་ཅི་བཤད་འདི་བཤད་མེད་པ་རེད། འཇིགས་བྱེད་ཀྱི་ལྷ་དུས་འཁོར་གྱི་ཆོས་ཚན་སོགས་ལ་ཅི་སྨྲས་གསལ་པོར་ཡོད། མི་དེའི་རིགས་ཆོས་དྲེད་ཆོས་ཀྱིས་མི་ཐུལ་མར་ཀོ་ཀྲད་མར་གྱིས་མི་ཐུལ་བའི་རིགས་རེད། ངོ་མ་བྱེད་ན་ད་བར་ནང་ཆོས་སྦྱང་ཡིན་ཟེར་དུས་ཅུང་བློ་རྒྱ་ཆེ་བ་དང་དག་སྣང་ཆེ་བ་གཞན་ཕན་ཆེ་བ་ཞིག་ཡོང་དགོས་པ་རེད་དེ་ཡིན་ནའང་་ཆགས་སྡང་ཇེ་སྡུག་ནས་ཇེ་སྡུག་དུ་འགྲོ་སྟངས་འདི་ལ་མི་མང་པོ་ཞིག་གིས་ནང་ཆོས་སམ་ཆོས་ཁྲིད་དགེ་རྒན་བླ་མ་དེ་ཚོ་ལ་དོག་པ་ཟ་དགོས་པ་ཆགས་ཡོང་གི་འདུག ཉེ་ཆར་གསར་འགྱུར་གྱི་མགོ་བརྗོད་ཞིག་ཏུ་་༼་ནང་པའི་འཇིགས་བསྐུལ་བ༽ཟེར་ནས་བཀོད་པ་དེ་ལ་བསམ་གཞིགས་ལེགས་པོ་ཞིག་གཏོང་དགོས་པ་རེད་བསམ། བོད་ལ་གནའ་སྔ་མོ་ཆོས་ལུགས་ཀྱི་འཇིགས་བསྐུལ་དྲག་སྤྱོད་པ་མང་པོ་བྱུང་ཡོད་་་ཡིན་ནའང་དེ་དུས་གཏམ་བརྗོད་རང་དབང་དང་ད་ལྟའི་ནང་བཞིན་གྱི་དྲིལ་བསྒྲགས་སྟབས་བདེ་མེད་ཙང་སྦས་ན་བཞག་ཡོད་པ་རེད། ག་ལེར་འཐོན་ཡོང་གི་རེད་བསམ། ང་ཚོས་ཆོས་ཚོགས་ཐེངས་མང་པོ་ཞིག་ལ་ཆོས་ལུགས་ལ་དག་སྣང་དང་ཕན་ཚུན་མཐུན་འབྲེལ་བཅས་བཤད་ནས་ས་བསྒྲགས་གནམ་བསྒྲགས་བྱས་ཡོད་མོད། ཞག་མིག་ཅན་དང་བྲག་ཕུག་ཁ་བྱང་ལྟས་དེའི་རིགས་ལ་ད་དུང་ཡང་སྣང་བ་ཅུང་ཙམ་ཀྱང་མ་ཤར་བ་དེ་ངོ་མ་ཡིད་ཕམ་དགོས་པ་ཞིག་རེད། ད་དུང་མ་གཟབ་ན་མི་འདི་རིགས་་་དུས་རབས་གསར་པའི་ནང་པའི་འཇིགས་བསྐུལ་དྲག་སྤྱོད་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག
སྤོབས་མཐའ། ད་སྐད་ཆ་ལ་གཡོལ་གི་མ་འདུག ངས་དུས་རབས་དགུ་བའི་སྐབས་ཀྱི་ཏུན་ཧོང་ཡིག་རྙིང་དེའི་གྲས་བཤད་ཀྱི་ཡོད། ངས་གོང་དུ་བཏབས་པའི་མཆན་དེར་བལྟས་ནའང་གསལ་པོར་བྲིས་ཡོད། ཏུན་ཧོང་བྲག་ཕུག་ན་དུས་རབས་མི་འདྲ་བའི་ཡིག་ཆ་མང་པོ་ཡོད་པ་སུས་མི་ཤེས། གཉའ་ཁྲིའི་བྱུང་རབས་དེར་ལྟོས་དང་ད་དུང་ཤེས་རྒྱུ་མང་། ཁྱོད་ལ་གནོད་ནའང་ཐང་མོད་ད་ནི་ཅི་ཞིག་བྱ། ཡིག་རྙིང་ཡོད་ཚད་མེར་བསྲེག་ནི་གཏོང་མི་ཐུབ། ཧ་ཧ་ཧ
ངེད་ནང་པ་སངས་རྒྱས་པས་སྟོན་པའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ཡིན་ཟེར་བའི་བྲག་རི་འདྲ་བ་ཞིག་བརྩིགས་ཡོད་པ་འདི་མི་ལོ་བརྒྱ་ཕྲག་མང་པོའི་རིང་ལ་ལོ་ཙཱ་བ་བརྒྱ་ཕྲག་མང་པོས་ལུས་སྲོག་ལོངས་སྤྱོད་ལ་ཕངས་སེམས་མེད་པར། རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། པན་ཌི་ཏ་བརྒྱ་ཕྲག་མང་པོའི་ཞབས་ལ་གཏུག་ནས་བསྒྱུར་ཡོང་བའི་ལོ་ཚིགས་ས་གནས་དང་བཅས་པ་རེ་རེ་བཞིན་དུ་གསལ་གསལ་ཐིངས་ཐིངས་བྱས་ནས་བཤད་རྒྱུ་ཡོད་པ། དུས་རབས་རིམ་བྱུང་བཞིན་དུ་བླ་མ་ལ་རྣམ་ཐར་བྲིས། དགོན་པ་ལ་གདན་རབས། མཁན་པོའི་མཁན་རབས། ཁྲི་པའི་ཁྲི་རབས། བླ་མའི་བླ་རབས། བསྟན་པ་སྤྱི་ཡི་ཆོས་འབྱུང་དང་ཆོས་བརྒྱུད་སྒེར་གྱི་ཆོས་འབྱུང་རེ་རེ་བཞིན་དུ་བྲིས་ནས་ལོང་བ་ཡིན་ཡང་མིག་ལམ་ལ་འཆར་འདུག་རྒྱུ་ཞིག་ཡོད་པ་དེ་རེད། བསྟན་པ་སྔ་དར་གྱི་དུས་སུ་དཀར་ཆག་འཕངས་ཐང་དང་དཀར་ཆག་ལྡན་དཀར་མ་སོགས་བསྒྲིགས། བསྟན་པ་ཕྱི་དར་གྱི་དུས་སུ་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱིས་བསྲེགས་བཅད་བསྡར་བའི་གསེར་བཞིན་དུ་དོག་སེལ་བྱས། འདོར་ལེན་བྱས། ལེགས་བསྒྲིགས་བྱས་ནས་བརྒྱུད་པ་གསེར་གྱི་ཉག་ཐག་མ་ཆད། འཆད་ཉན་གྱི་རྒྱུད་མ་ཉམས་པ་ཞིག་རེད། བོན་པོའི་བཀའ་བསྟན་ལྟ་བུ་རིག་གནས་གསར་བརྗེའི་རྗེས་སུ་ཉག་རོང་ཁོགས་ནས་པོ་ཏི་བརྒྱ་ཕྲག་མང་པོ་ཐོལ་སྐྱེས་ཀྱིས་ཐོན་བཞག་པ་དེ་འདྲ་མ་རེད། ཐ་ན་མིང་ཙམ་ལ་ཡང་གཏན་འཁེལ་མེད་པར་ལོང་བས་འཁར་བ་འཛུགས་པ་བཞིན་དུ། ལ་ལས་བཀའ་འགྱུར་བསྟན་འགྱུར་ཟེར་རྒྱུ་ཡིན་ཟེར། ལ་ལས་བཀའ་དང་བཀའ་བརྟེན་ཟེར་དགོས་ཟེར། ལ་ལས་སྟག་གཟིག་ཟེར་དགོས་ཟེར། ལ་ལས་རྟག་གཟིགས་ཟེར་རྒྱུ་ཡིན་ཟེར།
བོན་ལ་མི་དགའ་ན་དམོད་སྟངས་འདི་འདྲ་མ་རེད། ཁྱོད་ཀ་ངོ་ཡིག་ངོ་ཆོད་མཁན་ཞིག་རེད། བོན་གྱི་དཔེ་ཆ་འགའ་རེ་བལྟས་པས་ས་རྒྱ་ཆོད་རྒྱུ་ཅི་ཡང་མེད། དེ་བས་ལྟ་རྒྱ་དང་བློ་རྒྱ་གཉི་ག་ཆེ་ཙམ་བྱོས། བོན་གྱི་བཀའ་དང་བཀའ་རྟེན་སོགས་རིག་གནས་གསར་བརྗེའི་རྗེས་སུ་བྱུང་བ་རེད་ཟེར་ན་ངས་ཁྱོད་ལ་གནས་ལུགས་མང་པོ་དང་མཐུག་པོ་འདྲ་བཤད་རྒྱུ་མིན། ཐོག་མར་བོན་གྱི་བཀའ་རྟེན་གྱི་དཀར་ཆགས་དེ་དག་ལ་ལྟོས། སྟབས་བདེ་འདྲ་བྱུང་ན་ཉི་ཧོང་ནས་དཔར་བསྐྲུན་བྱས་པའི་བོན་གྱི་བཀའ་དང་བཀའ་རྟེན་གྱི་དཀར་ཆགས་དེར་ལྟོས། དེ་ཁྱོད་ལ་གཅིག་ཤེས་ཀུན་གྲོལ་གྱི་སྨན་དུ་འགྱུར།
བོན་པོ་འདི་ཚང་གིས་ཡོད་རབས་ཀྱང་བཤད་ཀི། བན་དེ་ཚང་གིས་དམོད་ཀི།
སྤོབས་པ་མཐསའ་ཡས་ལགས། དུས་རབས་བཅུ་གཅིག་གོང་དུ་རྒྱ་གར་མཁས་པ་ཧ་ཅང་མང་པོར་བོད་ཀྱི་བན་དེ་དེ་ཚོས་མཇལ་ནས་ཆོས་ཞུས་རབས་དང་ཆོས་གནང་རབས་བོད་ཀྱི་མཁས་པ་དེ་ཚོས་ལྷ་སྒྲུང་དང་འདྲེས་མ་མང་པོ་བྲིས་འདུག དེ་ཚོ་ངས་ཧ་གོ་གི་ཡོད། འོན་ཀྱང་སྐབས་དེ་དུས་བོད་པར་གནང་རྒྱུའི་རྒྱ་གར་་ཆོས་དང་གནང་མཁན་རྒྱ་གར་བླ་མ་དེ་ཚོ་དེང་སང་རྒྱ་གར་ནང་ལ་དེ་འདྲའི་ཆོས་པོད་ཏི་ཁྱི་ལྕེ་ཙམ་སྟོན་རྒྱུ་མེད་པ་མ་ཟད་གནང་མཁན་བླ་མ་དེ་ཚོའི་ལོ་རྒྱུས་ཕར་བཞག་མིང་ཙམ་ཤེས་མཁན་རྒྱ་གར་མི་གཅིག་ཙམ་མི་འདུག་ཟེར་ན་ཆོག་མོད། དེའི་རྒྱུ་མཚན་གསུང་རྒྱུ་ཡོད་དམ།
བདག་ཅག་གི་སྟོན་པས་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་གསུངས་པ་བཞིན་དུ་རྒྱ་གར་འཕགས་པའི་ཡུལ་གྱི་བསྟན་པ་ལ་ཉམ་ཆག་སོང་ཡོད། ཡིན་ན་ཡང་། སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ནི་ད་དུང་ཡང་རྒྱ་གར་མི་མང་གི་སྙིང་གི་ཟབ་ས་ཡོད་དེ། དུས་རབས་ཉི་ཤུ་པའི་ནང་དུ་མ་ཧ་ཏི་མ་གན་དྷེས་ཀྱང་རང་ཉིད་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཏུ་བཞེད་པ་བཞིན་ཁོང་གི་འཚེ་བ་མེད་པའི་ལམ་སྟོན་གྱིས་རྒྱ་གར་ཙམ་མ་ཡིན་པར་འཛམ་བུ་གླིང་གི་སྤྱི་ཚོགས་ལ་ཁ་ཕྱོགས་ལམ་ཕྱོགས་གསར་པ་ཞིག་བསྟན་ཐུབ་ཡོད།
ན་ལནྡ་དང་། བི་ཀྲ་མ་ལ་ཤཱི་ལ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཟེར་བ་དེ་ཚོའི་རྩིག་གྱང་ཞིག་རོའི་ཤུལ་ཁོ་ནས་ཀྱང་ཁྱེད་རང་གིས་ཁ་གདང་མིག་ཅེར་དགོས་པར་བྱེད་པ་དེ་ཚོ་ལ་ལྟོས་དང་གཞི་ནས་བོད་ཀྱི་བཀའ་བསྟན་བྲག་རི་བཞིན་བརྩིགས་ཡོད་པ་དེ་ཚོ་གང་ནས་ཁྱེར་ཡོང་བ་མཁྱེན་ནུས། ཐ་ན་རྒྱལ་བྱེད་ཚལ་དུ་སྟོན་པ་ཐུགས་རྗེ་ཅན་རང་གི་གཟིམ་ཁང་གི་འདི་རེད་ཟེར་བ་ཡང་བསྟན་དུ་ཡོད། ཁྱེད་ཚང་གི་གཤེན་རབ་གྱིས་གསས་མཁར་སྟོང་རྩ་བརྒྱད་བཞེངས་ཚུལ་ཡོད་པ་དེ་ཚོའི་རྩིག་གྱང་གི་ས་རྡོ་དང་བཅས་པ་འཇའ་ལུས་བོན་སྐུ་ལ་ཐིམས་སོང་བ་འདྲ་མིན་ན་དེ་ཚོའི་ཤུལ་ཙམ་རེ་སྟོན་དང་།
བོད་གངས་རིའི་ལྗོངས་ཀྱི་བཙན་པོ་ལྷ་ཐོ་ཐོ་རིའི་དུས་སུ་དང་པོ་བསྟན་པའི་དབུ་བརྙེས་ས་ཕོ་བྲང་ཡུམ་བུ་བླ་མཁར་ད་དུང་ཡང་བྲག་ཐོད་དེ་ན་འགྲེངས་ཡོད། དེ་ནས་སྲོང་བཙན་སྒམ་པོའི་དུས་སུ་བསྟན་པའི་སྲོད་བཏོད་ས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དད་ལྡན་མི་མང་གིས་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་ཉམས་ཆག་མ་སོང་བར་མཇལ་དུ་ཡོད། དེ་ནས་བསྟན་པ་དར་ཞིང་རྒྱས་པར་གྱུར་ས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལས་དུས་རབས་རིམ་བྱུང་ལ་ཞིག་གསོ་བྱས་ནས་ད་དུང་ང་ཚོ་མཇལ་སྐོར་་འགྲོ་བཞིན་པ་ཡིན།
ངས་བོན་གྱི་བཀའ་བརྟན་ཡིན་ནམ་བཀའ་རྟེན་ཡིན་ནམ་དེའི་དཀར་ཆག་ལ་བལྟས་པ་ཡིན། ཉག་རོང་ཁོག་ནས་ཐོལ་སྐྱེས་སུ་བརྡོལ་བའི་ཡིག་ཚོགས་དེའི་ཕྱེད་ཀ་ཕར་ཞོག་སུམ་ཆ་གཅིག་ཀྱང་དེའི་སྔོན་དུ་ཡོད་པ་དེ་ཚོར་མི་འདུག བོན་གྱི་དགོན་པ་ནི་རྒྱ་དམར་གྱི་བཙན་འཛུལ་མ་ཐེབས་པའི་བལ་ཡུལ་སོགས་སུ་ཡང་ཁ་ཤས་རེ་འདུག དེ་ཚོར་མ་མཐའ་ཡང་རང་གི་སྟོན་པའི་བཀའ་ཕྱོགས་བསྒྲིགས་ཤིག་དངོས་གནས་ཡོད་ན་ཉར་ཡོད་དགོས་མོད་ཉག་རོང་ཁོགས་ཁོ་ན་ནས་ཡིག་ཚོགས་ཆེན་པོ་འདི་རིག་གསར་གྱི་རྗེས་སུ་ཐོན་པ་ཡ་མཚན།
སྤོབས་མཐའ་ཡས་ལགས། ལགས་སོ། ད་ཧ་གོ་སོང་། ངས་གོང་དུ་ཞུས་པ་བཞིན་ཁྱེད་ཚོ་བོད་ཀྱི་བན་དེ་ཚོས་ཁྱེད་ཚོའི་ཆོས་ཀྱི་ལོ་རྒྱུས་བཤད་པ་ལྟར་རྒྱ་གར་ནང་ལ་ཡོད་རབས་མི་འདུག ཡིན་ནའང་ཤཱཀྱ་ཐུབ་པའི་ལོ་རྒྱུས་གསལ་ཞིང་དག་པ་དེང་སང་ཡང་རྒྱ་གར་བཤད་པར་ཐོས། ཁོང་གི་ལོ་རྒྱུས་ཁྱོད་ཅག་གིས་བཤད་པ་དང་རྒྱ་གར་བས་བཤད་པ་གཉིས་རྩ་བ་ནས་མི་འདྲ་བར་ཡང་ཐོས། ད་གས་ཞུ་རྒྱུ་མེད། ཚང་མ་རོབ་ཙམ་ཤེས་སོང་། བཀའ་དྲིན་ཆེ།
སྟག་གཟིག་དང་། རྟག་གཟིགས་ལས། ཏ་ཟིག་ཅེས་བྲིས་ན་དངོས་པོའི་གནས་ཚུལ་ལ་ཡུལ་ཞིག་རྙེད་སླ་བ་ལ་ཕན།
དཔེར་ན། ཏ་ཇིད་ཅེས་པའི་མིང་ཅན་གྱི་ཡུལ་མིང་ད་ལྟ་ཡང་ཡོད་པ་ཞིག་གོ
ཀརྡོ་གཉེར་ཕྱག་པ་ལགས། རྟག་གཟིགས་གི་དོན་ནི་སངས་རྒྱས་ཀྱིས་ཐུགས་བརྩེ་བ་ཆེན་པོས་དུས་རྟག་ཏུ་གཟིགས་པས་རྟག་གཟིགས་ཞེས་བཤད་པས། བོན་པོའི་ལུགས་ལ་དེའི་སྒྲ་འཇུག་ཡུལ་ལ་གཉིས་ཡོད། དང་པོ་དག་ཞིང་འོལ་མོ་ལུང་རིང་དང་། གཉིས་པ་ཞང་ཞུང་འོལ་མོ་ལུང་རིང་གཉིས་ཡིན། དེ་གཉིས་ཀ་རྟག་གཟིགས་ཞེས་བཤད་པ་ལ་འགལ་འདུ་གང་ཡང་མེད། སྟག་གཟིག་ནི། བོད་ཀྱི་ནུབ་ཕྱོགས་ཧི་མ་ལ་ཡའི་བརྒྱུད་ལ་སྔར་སྟག་སྡེ་དང་གཟིག་འཕེན་ཞེས་པའི་ཡུལ་སྡེ་ཆེན་པོ་གཉིས་ཡོད་པས་དེ་གཉིས་ཀྱི་བསྡུས་མིང་ལ་སྟག་གཟིག་ཞེས་བོན་དཔེ་རྙིང་པ་རྣམས་སུ་བཤད། ཏ་ཟིག་ནི་པ་ཀི་སི་ཏན་ཕྱོགས་ལ་ཡོད་པས་དེར་སྔར་བོན་བསྟན་རྒྱ་ཆེར་དར་བའི་ལོ་རྒྱུས་ཡོད། དེར་བརྟེན་དེ་གསུམ་མ་འདྲེས་པར་ཤེས་དགོས་པ་གལ་ཆེན་དུ་མཐོང་།
སྟོན་པ་གཤེན་རབས་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བཤད་པ་དང་། ཐེག་པ་རིམ་དགུ་བོན་ཆོས་ཡིན་པར་བཤད་པ་འདི་ཚོ་གནད་གཅིག་རེད། མཐར་བཏུག་ན་འདི་ཚོ་ཚང་མ་བོན་པོ་ཚོ་བན་དེར་འགྱུར་བའི་རྒྱུད་རིམ་ཞིག་རེད།
ལ་དྭགས་པའི་ཁ་དཔེར་བཤད་སྲོལ་དུ། མིས་ཅི་ཟེར་ལ་མ་ཉན། ཅི་བྱས་ལ་ལྟོས། ལོ་རྒྱུས་ཚད་ལྡན་ཐོས་དཀའ། རྟོགས་དཀའ། བན་བོན་གཉིས་མཐུན་ལམ་ཆེན་པོ་སྒོ་ནས། སྔོན་གྱི་མཁས་པས་བྲིས་པའི་རིག་གཞུང་དག་ལ་སྲུང་སྐྱོབ་དགོས། ལུང་སྐད་སོ་སོར་གསར་འབྱུང་། སྔོན་གྱི་མཁས་པས་བྲིས་པ་མ་ཡིན་པར་བཀོལ་ན། གོ་དཀའ། ཅི་ཟེར་ངོ་བོ་རྟོགས་དཀའོ།
མཆན། 24 ཁྱུང་སེ་ལེགས། དགོངས་འཆཪ་གནང་བ་ལ་དགའ་བསུ་ཞུ། ཕྲན་རང་བན་དེ་པ་ཞིག་ཡིན་པས། སྟོན་པའི་རྣམ་ཐར་དང་ལོ་རྒྱུས་ལ་ཁུངས་སྐྱེལ་ཐུབ་ན་དེ་ལས་ལྷག་པའི་མི་ཚེའི་དོན་ཆེན་ཞིག་འགྲུབ་རྒྱུ་མེད། ཕྲན་རང་བོད་པ་ཞིག་ཡིན་པས། བོན་གྱི་རིག་གཞུང་བོད་ནས་བྱུང་བ་དང་དེའི་ལོ་རྒྱུས་ཕུག་རིང་པོ་ཞིག་ལ་སྐྱེལ་ཐུབ་ན། དེ་ལས་ལྷག་པའི་རྙེད་པ་ཞིག་ཐོབ་རྒྱུ་མེད། དེ་མི་ཚེའི་རེ་བ་རེད། རྨི་ལམ་རེད། ཉིན་ཞིག་རེ་སྨོན་མངོན་དུ་འགྱུར་བ་ཡིན་ན་དེ་དུས་ཕྲན་གྱི་ཞིབ་འཇུག་གང་ཡོད་པའི་རྫུན་རྐུབ་རྡོལ་ཏེ་གད་སྙིག་ནང་དུ་འཕེན་རྒྱུར་ཕངས་སེམས་མེད་པར་མ་ཟད། རེ་བ་ཆེ་ཤོས་འགྲུབ་པ་ཡིན་པས་ངའི་ཡོད་ཚད་ཀྱིས་ཡོད་ཚད་བཏང་སྟེ་དགའ་སྟོན་ཆེན་པོ་ཞིག་བཤམ་པའི་རེ་བ་ཡོད། སྐབས་རེར་རྡོ་རིང་ངམ། དུར་ས། གནའ་རྫས་རེའི་ངོས་ནས་བན་བོན་ལོ་རྒྱུས་ཀྱི་ཆག་དུམ་རེ་མཐོང་ངམ་ཐོས་པའི་ཚེ་སེམས་དགའ་ལྷང་ངེ། དེའི་ཉིན་དངུལ་ལོ་འབུམ་ཕྲག་རེ་ཐོབ་པ་ལས་ལྷག་འི་དགའ་བ་་ཞིག་སྐྱེ་བ་ནི་བདེན་པ་ཡིན། མ་བཅོས་པའི་ཚོར་བ་ཞིག་རེད། ངའི་དཔྱད་པ་དེ་ཚོ་འགའ་ཞིག་བརྟག་དཔྱད་བྱས་ནས་རྨོངས་བློར་འཆར་ཚོད་ཙམ་ཡིན། ཐག་མ་ཆོད་པ་འགའ་རེ་ནི་རྨོངས་བློར་ཅུང་བདེན་ཤས་ཆེ་བའི་་གཞན་གྱི་བཤད་པའི་རྗེས་སུ་འབྲངས་ནས་སྨྲས་པའོ། ། རེ་བ་ཅི་ཙམ་ཆེ་བ་བ་ལ་དེ་ཙམ་གྱིས་དཔྱད་པ་དང་བསྟོད་པ་དང་། སྐྱོན་བརྗོད་བྱེད་རྒྱུ་དང་། བྱ་བ་གང་ཡང་འགྲུབ་མ་འགྲུབ་མེད་པ་དང་། རེ་བ་གཏན་ནས་མེད་པར་དཔྱད་པ་སྤངས་ནས་བཏང་སྙོམ་དུ་འཇོག་པ་ནི་ཕྲན་གྱིས་གཤིས་ཀ་ཡིན་ནོ། །
རྣམ་དཔྱོད་དང་ཞི་དུལ་མང་དུ་ཐོས་པའི་གྲོགས་དྲི་མེད་ལྷག་བསམ་ལགས་ནས་ལན་གནང་བར་བཀའ་དྲིན་ཆེ། ངས་ཀྱང་དྲ་ཐག་འདི་ནས་བརྩི་བཀུར་དང་རེ་བ་ཆེ་ཤོས་བྱེད་ས་དེ་ཁྱེད་རང་རང་ཡིན། རྗེས་སོར་ཀྱང་ཆོས་ལུགས་ཀྱིས་ཕྱོགས་ཞེན་མེད་པར་དྲི་མ་མེད་པའི་གཏམ་དེའི་རིགས་ལ་དགའ་བསུ་ཡོད། མ་ཟད་རིས་སུ་མ་ཕྱེ་བར་བོད་རྒྱུད་ནང་བསྟན་གྱིས་མཚོན་པའི་གྲུབ་མཐའ་ཀུན་ལ་ལེགས་དཔྱད་གནང་བ་ཡིན་ན་ཡག་ཐོག་ཡག་བརྩེགས་དང་གོས་ཆེན་གྱི་གོས་ལ་གོས་ཆེན་གྱིས་བརྒྱན་པའམ་གསེར་གྱི་མཎྚལ་གཡུ་བྱུར་གྱིས་སྤྲས་པ་ཞིག་ཡོང་རྒྱུར་གདོན་མི་ཟ་བ་ཞིག་ཏུ་མཐོང་བཞིན་ཡོད། བྱུང་ན་བོད་རང་གི་ཕ་མྱེས་ཀྱི་ཆོས་དང་རིག་གཞུང་ལོ་རྒྱུས་དེ་ཚོར་ཐུགས་སྣང་ཆེ་ཙམ་གནང་བ་ཡིན་ན་བདེན་པའི་རང་ཞལ་མངོན་དུ་གཟིགས་ཐུབ། རྫུན་ལ་རྫུན་དུ་ངོ་སྤྲོད་དགོས་པ་དང་བདེན་པ་ལ་བདེན་པའི་ར་འཕྲོད་དགོས་པ་ནི་དོན་གྱི་འགག་རྩ་ཡིན་པར་སེམས། ལྷག་པར་དུ་བན་བོན་གྱི་དབྱེ་འབྱེད་ཀྱི་རྣམ་གཞག་ལེགས་པར་ཤོད་དགོས་ན་་་ཕ་རོལ་གྱི་འདོད་པའི་ནམ་མ་ལངས་པར། དགག་པའི་ཉི་མ་ཅི་ལ་ཤར་ཅེས་པར་དང་པོ་ཕ་རོལ་དགག་ཡུལ་དེའི་ཡིན་ལུགས་ལ་བྱང་ཆུབ་པ་ཞིག་དགོས་དེ་ནས་དགག་ནའང་དགག་པའི་གོ་ཆོད་པ་ཞིག་འབྱུང་དེ་མིན་་་ཤོག་ཐོག་ཏུ་བྲོ་བརྡུང་བའམ་གཡག་ཞར་གྱིས་རྩ་ཟ་ཚུལ་ལས་མ་འདས།
སྤོབས་མཐའ། ཁྱོད་ཀྱིས་ལྟ་སའི་དཀར་ཆག་གང་རེད། ཨ་་་་་་་ སྡུག་ཐུག་ན་གླེང་མ་འགེལ། ཀ་ངོ་ཡིག་ངོ་ཆོད་མཁན་ཞིག་གི་ཚུགས་ཀ་རེད། རྒོད་པོ་སྒང་ཤོར་བྱས་ན་བཟང་བ་ལས་ངན་པ་མདའ་ཤོར་བྱས་ནས་ཅི་ཕན། ཝ་རྔ་ཤལ་ཉིལ་ལེར་འབྲོ་བ་ལས་སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དེ་མཛེས་པ་ཡིན། ངས་ཁྱོད་ལ་ངོ་སྤྲོད་བྱས་པའི་དཀར་དེར་ལྟོས། དེའི་ནང་དུ་དཀར་ཆག་གཞན་རྣམས་ཀྱི་བྱུང་རིམ་དང་དུས་རབས་སོགས་ཀྱང་གསལ་པོར་བྲིས་ཡོད། གཞན་བཅོམ་ལྡན་འདས་ཀྱིས་ཐེག་ཆེན་གསུངས་ཡོད་མེད་སོགས་ཀྱི་རྩོད་པ་ནི་བན་དྷེ་དང་བན་དྷེའི་དབར་དུའང་བསང་མེད་པས་བོན་པོ་དང་བན་དྷེའི་བར་གྱི་རྩོད་པར་འགྱུར་རྒྱུ་སྔ་དྲགས་པ་རེད།
ཐེག་ཆེན་གསུངས་ཏེ་ཁང་ཤུལ་ཆེན་པོ་མང་པོ་ཡོད་པའི་ཕྱིར་ཟེར་ན་གད་མོ་ཁོ་ན་ལས་ལན་མང་པོ་ཞིག་འདེབས་རྒྱུའི་ངལ་བ་མི་བསྟེན། སྔོན་ཆད་ཆོས་ལུགས་ག་གེ་མོ་ཞིག་ལ་ལྷ་ཁང་རྒྱ་ཆེན་པོ་ཞིག་ཡོད་ན་དེ་ནི་ཡག་རྟགས་ཤིག་ག་ལ་ཡིན་ཏེ་དམངས་རྣམས་ངལ་རྩོལ་གྱི་སྡུག་ལ་སྦྱར་བའི་དཔང་རྟགས་ཁོ་ན་རེད། ལྷག་པར་དུ་བདག་མེད་དང་སྒྱུ་མ་ལྟ་བུའི་གདམས་ངག་ས་སྒྲོག་གནམ་སྒྲོག་བྱེད་མཁན་གྱི་སྟོན་པ་ཆེ་གེ་མོའི་ཞབས་ལ་ཐག་པ་བཏགས་པ་རང་རེད། མདོར་ན་ངོམ་རྒྱུ་མ་ཤེས་པ་ཁོ་ན་སྟེ་སྣ་བཅད་རྣ་བའི་རྒྱན་དུ་བཏགས་པ་ཁོ་ནའོ།
ཨ་རོགས་བོན་པོ་ཚོ། ཡག་པོ་ཞིག་ཉོན་དང་། སྤོབས་པ་མཐའ་ཡས་ཟེར་བ་འདི་ནང་ཆགས་སྡང་གིས་བཀངས་པའི་མི་ཡིག་ཉོག་རེ་འབྲི་ཤེས་མཁན་ཙམ་ཞིག་རེད། འདི་འདྲའི་མི་ལ་འབྲེལ་བཤད་ཅི་ཙམ་རྒྱབ་ཀྱང་ཕན་པ་ལས་གནོད་ཡོད་པ་རེད། གང་ཡིན་ཞེས་ན་རྒྱུད་ལོག་ལྟས་བཀངས་བས་སོ། སྔར་ཁོང་གིས་ཨ་ཕྱི་ཆོས་སྒྲོན་གྱི་མིང་ཐོག་ནས་བོན་ལ་སྨོད། དེ་མིན་མི་ཚད་ལྡན་ཞིག་ཡིན་ན་ཧམ་བཤད་དེ་འདྲ་བྱེད་ཀྱི་མ་རེད། ཁོས་བཤད་རྒྱུ་བོན་གྱི་བཀའ་འགྱུར་ད་ལྟ་གསར་དུ་ཐོན་པ་རེད་ཟེར་གྱི་འདུག སྤོབས་པ་ལགས་ཁྱོད་ཀྱིས་ཅི་ཙམ་བཤད་ཀྱང་མངོན་གསུམ་ཚད་མ་ལ་ལག་པས་འགོག་ཐབས་བྲལ་བ་རེད། །
བློ་གཟུ་བོར་གནས་པའི་དྲྭ་གྲོགས་དྲི་མེད་ལྷག་བསམ་ལགས་དངོས་གནས་དྲི་མ་མེད་པ་རང་རེད་ཡི་རངས་ཡོད། བོན་པོ་ལགས་བོན་པོ་རང་རེད་སྒྲུབ་བྱེད་ཡག་པོ་བཀོད་འདུག་ཐུགས་རྗེ་ཆེ། དམུ་ཐག་ལགས་ཁྱེད་ཀྱིས་སྤོབས་མཐའ་ལ་ལམ་སྟོན་མང་པོ་གནང་བས་དོན་དངོས་མི་དེ་ལ་གོ་བརྡ་ཞིག་སྤྲད་སོང་། སྦོབས་མཐའ་འདིས་དྲི་བ་ལ་ཁ་ཐུག་ལན་གཅིག་ཀྱང་གནང་མི་འདུག ཕར་གཡོ་ཚུར་བཟུར་སོགས་ཀྱིས་ཉ་ཉོག་མང་པོ་ཞིག་གསུང་སོང་། ཨ་མའི་བུ་ཡིན་ན་གོང་དུ་བཏོན་པའི་དྲི་བ་དག་ལ་ལུང་རིག་དང་འབྲེལ་བའི་ལན་ཞིག་གནོང་དང་ཉན་འདོད་ཤིན་ཏུ་ཆེ། དེ་མིན་མཁས་དབང་ཞིག་གི་མིང་ཐོག་ནས་དུང་ཞེན་དང་དམའ་འབེབས་རྐྱང་རྐྱང་བྱས་བསྡད་ན་ལོ་རྒྱུས་ཀྱི་ཕུགས་ནམ་ཡང་རྙེད་མི་སྲིད། ང་ཚོར་དགོས་པ་ནི་ཚིག་ཉོག་མང་པོ་ཞིག་ག་ལ་ཡིན་དེ་མིན། ང་ཚོར་དགོས་པ་ནི་ལོ་རྒྱུས་ཀྱི་ཁུངས་ལུང་ཟབ་པའི་གསང་བ་དེ་ལ་ཉན་འདོད་ཆེ་བས་མཁས་དབང་དྲི་མེད་ལྷག་བསམ་གྱིས་གསུང་བ་བཞིན་མཁས་དབང་རྣམ་པས་བློ་གཟུར་གནས་ཀྱིས་བགྲོ་གླེང་གནང་རོགས་ཉན་འདོད་ཆེ།
མི་ཡུལ་གྱི་དམྱལ་ཁམས་གསོན་པོ། རིག་གནས་གསར་བརྫེའི་སྐབས་སུ། བོད་ས་ཡོངས་རྫོགས་ཀྱི་བོད་མི་ཚང་མར། རང་དབང་ཏིལ་འབྲུ་ཙམ་ཡང་མེད་པར། ཅི་བྱ་ཏོལ་མེད་ཀྱི་ངང་དུ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ལྷུང་བ་འདྲ་ནའང་། བོད་ཀྱི་བོན་པོ་ཚོ་ཡན་བགར་དུ་ཡིག་ཆ་རྫུན་པ་དེ་འདྲ་མང་པོ་ཞིག་བཟོ་བཞིན་སྣང་བ་གང་ཤར་འཁྲབ་རྒྱུ་ག་འདྲ་བྱས་ནས་རགས་པ་ཡིན་ནམ་ལགས། ཡང་མིན་ན་རིག་གནས་གསར་བརྫེ་ཆེན་མོའི་སྐབས་སུ་གཞན་དང་མ་འདྲ་བར་བོད་ཀྱི་བོན་པོ་ཚོར་དམིགས་བསལ་ཞེ་བོ་ཞིག་བཏང་བའི་ལོ་རྒྱུས་ཁྱོད་ལ་ཤོད་རྒྱུ་ཡོད་དམ། འུ་ཐུག་ཐབས་ཟད་ཀྱི་སྐད་ཆ་འདི་འདྲ་ཤོད་ཕོད་པ་ནི་བན་རྒན་སྐྱག་པ་འཕྲེད་ལ་ཤོར་འགྲོ་གི་ཡོད་པའི་རྟགས་རེད། །
བལ་ཡུལ་དོལ་པོ་དང་གློ་ཡུལ་གྱི་བོན་དགོན་ཁག་ནས་གཡར་པོ་ཞུས་པ་དང་། དེ་མིན་བོད་ནས་བྲོས་བྱོལ་དུ་ཕེབས་པའི་བོན་གྱི་བླ་གྲྭ་མི་སེར་བཅས་ནས་ཁྱེར་ཡོང་བའི། བོན་པོའི་དཔེ་རྙིང་ཧ་ཅང་མང་པོ་ཕྱི་ལོ་༡༩༦༠་ཡས་མས་ནས་༡༩༨༠་ཡས་མས་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས། སྤྱི་མཚུངས་ལྟར། ཇེན་སི་མིཏ་ཞུ་བའི་ཨ་མེ་རི་ཁའི་རྒྱལ་ཡོངས་དཔེ་མཛོད་ཁང་གི་ཕྱག་ལས་གནང་མཁན་འདས་པོ་དེ་དང་འབྲེལ་ནས། དཔར་བསྐྲུན་ལེགས་པར་གནང་ཏེ་འཛམ་གླིང་གི་གནད་ཡོད་ས་ཕྱོགས་གང་སར་བཀྲམ་ཡོད་པ་རེད། དུས་སྐབས་དེ་ཚོར་ང་ཚོ་ཚང་མ་སྤྱི་མཚུངས་ལྟར་བོད་ལ་འབྲེལ་ས་མེད་པ་ཁྱེད་ཚོས་ལོས་མཁྱེན། ཡིན་ནའང་བོན་པོའི་དཔེ་ཆ་ཧ་ཅང་མང་པོ་དཔར་དུ་བསྐྲུན་ནས་ཕྱི་རྒྱལ་གྱི་ཡུལ་གྲུ་གང་སར་བཀྲམ་ཚར་བ་རེད། ལེགས་བྱས་འདི་དག་དེང་སང་ཡང་ཁྲ་ལམ་མེར་བལྟ་རྒྱུ་དང་་མཐོང་རྒྱུ་ཡོད་པ་ཞིག་རེད་དོ། །
ཁང་པ་མང་པོ་བཟོས་ནས་མི་མང་སྡུག་ལ་སྦྱར་བ་ཡིན་ན་གཤེན་སྒྲུང་ནང་དུ་གཉེན་རབ་ཀྱིས་གསས་མཁར་སྟོང་རྩ་བཞེངས་རབས་བཤད་འདུག་པས་དེས་ཀྱང་མི་མང་སྡུག་ལ་སྦྱར་ཡོད་པར་ཁྱེད་རང་ཚོའི་ཡིག་ཆ་ནས་བཤད་འདུག
བོན་པོ་ལ་ཡིག་ཆེ་མེད་པའི་དཀའ་ངལ་མེད། ཡིག་ཆ་ཇེ་མང་ནས་ཇེ་མང་དང་རིག་གནས་གསར་བརྗེའི་རྗེས་སུ་ཉག་རོང་ཁོགས་ནས་བཀའ་བསྟེན་གསར་དུ་བརྡོལ་ནས་དེ་ལས་ཀྱང་ཇེ་མང་ལ་སོང་འདུག་ཞུ་བཞིན་ཡོད།
བོན་ཀྱི་བཀའ་བརྟེན་གྱི་དཀར་ཆག་ནི་ཚེ་རིང་ཐར་གྱིས་བྲིས་པ་དེར་བལྟས་པ་ཡིན། ཡིད་ཆེས་ཡོང་ས་ཞིག་མི་འདུག དེ་ཕལ་ཆེར་གསར་ཤོས་དེ་ཡིན་བསམ་སོང་།
དག་ཞིང་འོལ་མོ་ལུང་རིང་། སྟག་གཟིགས་འོལ་མོ་ལུང་རིང་། རྟག་གཟིག་འོལ་མོ་ལུང་རིང་སོགས་མང་པོ་བཤད་མ་འདུག དེ་ལས་ཕ་གཤེན་རབ་མྱི་བོ་སྐྱེས་ས་དེ་ངོས་འཛིན་རོགས།
སྤོབས་མཐའ་ཟེར་ཡས་འཕོངས་ཤག ཧཧཧ། བོན་ལ་བཀའ་བསྟན་ཡོད་པ་རང་གིས་ཁས་བླངས་ཙང་། བཀའ་ཡོད་པ་དོན་ལ་གྲུབ་པ་རེད། བཀའ་ཡོད་དུས་གསུང་མཁན་གྱི་བོན་སྟོན་ཡོད་པ་དེ་བས་བཤད་མི་དགོས་པ་རེད། སྟོན་པ་ཡོད་དུས་སྟོན་པ་དེ་འཁྲུངས་སའི་ཡུལ་ཡོད་དགོས་པ་ལོ་རྒྱུས་ཀྱི་ཆོས་ཉིད་རེད། ད་རང་གིས་སྔོན་ལ་གང་བྲིས་འདུག་ལྟོས་རང་ཁོག་གད་ཤོར་ངེས།
སྤོབས་པ་ལགས། ཉག་རུང་ཨ་གཡུང་བླ་མས་བོན་གྱི་བཀའ་འགྱུར་པར་བསྐྲུན་ཐོག་མ་དེ་བྱས་པ་རེད། ཁྱོད་ཀྱིས་དེ་ལ་གསར་དུ་བཟོས་པར་ངོས་འཛིན་བྱེད་ཀྱིན་ཡོད་དམ། རེབ་ཀོང་ཨ་ལགས་བོན་བརྒྱས་ཞང་ཞུང་གི་སྤུངས་ཆེན་སྤུངས་ཆུང་སོགས་ཀྱི་ཡིག་གཟུགས་པར་བསྐྲུན་ཐོག་མར་བྱས་སྐབས། བླུན་པོ་ཨུ་ཚུགས་ཅན་ཁ་ཅིག་གིས་ཨ་ལགས་བོན་བརྒྱས་ཞང་ཡིག་གསར་དུ་བཟོས་པ་རེད་ཅེས་གླེང་སློང་བྱུང་བ་རེད། ཁ་ཅིག་གིས་ཤེས་བཞིན་དུ་རང་ལྟ་མཆོག་འཛིན་ཀྱི་ཕྲག་དོག་གིས་མ་བཟོད་པར་ནམ་མཁའི་ཉི་མ་ལག་པས་འགོག་ཐབས་བྱས་པ་ལྟར་དེ་འདྲ་བཤད་པ་རེད། དོན་དངོས་དེ་དག་སྐྱུག་བྲོ་གཏམ་ཁོ་ནར་ཟད་དོ། །
བོན་གྱི་བཀའ་བསྟན་ཟེར་བ་འདི་སྔོན་དུས་སུ་རིག་འཛིན་ཀུན་གྲོལ་གྲགས་པས་པར་ཤིང་དུ་བསྐྲུན་པ་རེད། དེ་རིག་གནས་གསར་བརྗེའི་རྗེས་སུ་ཉག་རོང་ཁོགས་ནས་ཐོན་པ་དེ་དང་བསྡུར་ན་དེའི་ཕྱེད་ཀ་མ་ཟད་སུམ་ཆ་གཅིག་ཀྱང་མེད་པ་ཞིག་རེད། རིག་འཛིན་ཀུན་གྲལ་གྲགས་པ་ཟེར་བ་དེ་ག་ལ་གང་འཚམས་ཀྱིས་མི་ཤུགས་རྒྱུ་ཤུགས་ཆེན་པོ། ག་ས་གང་ལ་འབྲེལ་བ་ཆེན་པོ། མི་ནུས་པ་ཅན་ཞིག་རེད། དེའི་སྐབས་སུ་ཁོང་གིས་གང་ཡོད་དེ་པར་བསྐྲུན་བྱས་པ་རེད། རིག་གནས་གསར་བརྗེའི་རྗེས་སུ་ཉག་རོང་ནས་ཐོན་པ་དེའི་འབྱུང་ཁུངས་གསལ་པོ་མེད་པ་ཞིག་རེད། ཁོང་རང་གིས་ཟེར་ན་ཁོང་ཚང་ཧོར་ཕྱོགས་སུ་འབུལ་སྡུད་ལ་འགྲོ་དུས་མི་དེ་ཚོས་ཕུལ་བ་རེད་འདྲ་ཞིག་བཤད་འདུག དོན་ལ་ཚང་མ་ལག་བྲིས་མ་ཞིག་རེད། རླབས་ཆེན་གྱི་ཆོས་ལུགས་ཤིག་གི་གསུང་རབ་ཡིན་ན་དེའི་དབང་ལུང་ཁྲིད་གསུམ་གྱི་ལོ་རྒྱུས་བརྒྱུད་པ་མ་ཉམས་པ་ཞིག་དགོས་པ་མ་གཏོགས་ག་ཤེད་ཅིག་ནས་དཔེ་ཆ་མང་པོ་ཞིག་གློ་བུར་ཐོལ་སྐྱེས་སུ་ཐོན་ཡོང་ནས་ཕན་མི་ཐོགས་པ་ཞིག་རེད། སྐད་ཆ་ཉོན་ཤེས་ན་དེ་ཙམ་ཡིན།
ཚོགས་ཀྱི་མདུན་སར་སྐད་ཆ་ཤོད་པར་བག་ཡོད་ཁྲེལ་དང་བཅས་ནས་ཤོད་དགོས་སྤོབས་པ་བྱེད་འདོད་ན་ལོ་རྒྱུས་ལ་རྒྱུས་མངའ་བགྱིས་ནས་ཤོད། ཁོག་ནས་དྲན་ཚད་ཁ་ནས་ཐོན་ཚད་བཤད་ན་གཉིད་ཀྱི་ལབ་བརྡོལ་ལས་མ་འདས་མཁས་པས་ཁྲེལ་དགོད་བྱེད་པའི་གཞི་ལས་མི་འགྱུར། བཀའ་འགྱུར་པོད་གྲངས་མང་ཉུང་མང་དུ་བྱུང་དེ་དག་ཀྱང་བཀའ་འགྱུར་་གྱི་དཀར་ཆག་བསྒྲིགས་པ་པོ་དང་བཀའ་འགྱུར་བཞེངས་པ་པོ་རྣམས་ཀྱིས་བཀའ་གང་རྙེད་དང་གང་མཇལ་བ་རྣམས་བྲིས་པ་ལས་ཀུན་མཁྱེན་མ་ཡིན་ཙང་ཐམས་ཅད་གང་ནས་གཟིགས་་་རྒྱུ་སྦྱོར་བའི་བདག་པོས་བོན་གང་རྙེད་བཞེངས་པ་ལས་བཀའ་ཡིན་ནོ་ཅོག་བཞེངས་པའི་མཐུན་རྐྱེན་མཛོམ་མེད། སྤྱི་ལོ་༡༨༦༩ ལོར་འཁྲུངས་པའི་རྒྱལ་རོང་ཁྲོ་ཆེན་རྒྱལ་པོས་རྒྱུ་སྦྱར་ནས་བཀའ་འགྱུར་བཞེངས་པར་སྤྱི་ལོ་༡༧༠༠ ལོར་འཁྲུངས་པའི་ཀུན་གྲོལ་གྲགས་པས་དེར་ཡོད་པའི་བཀའ་འགྱུར་གྱི་དཀར་ཆག་བསྒྲིགས་པ་ད་ལྟ་མིག་མཐོང་ལག་ཟིན་ཡོད། ཁྲོ་ཆེན་རྒྱལ་པོའི་བཀའ་འགྱུར་བཞེངས་པར་པོད་གྲངས་༢༩༡ ཡོད་འདུག་གསུངས། དེ་ཡང་སྡེ་བཞི་རུ་ཕྱེས་ནས་བསྒྲིགས་པ་སྟེ། མདོ་སྡེ་ལ་དུམ་པ་༥༦ འབུམ་སྡེ་ལ་དུམ་པ་༡༡༨ སྔགས་སྡེ་ལ་༨༨ བླ་མེད་སེམས་སྡེ་ལ་༣༠ ཡོད་པར་གླེགས་བམ་གཏེར་གྱི་ཁ་བྱང་ལས་བཤད་ཡོད། དེ་ཉིད་ཤིང་པར་དུ་རྐོས་པའི་པར་ཉག་རོང་དུ་ལས་སོགས་བོན་དགོན་མང་པོར་བཞུགས་ཀྱང་ཉག་རོང་གཅིག་པོ་ལས་གཞན་རྣམས་སུ་འཐོར་བུ་ལས་ཆ་ཚང་མ་བཞུགས་དུས་འགྱུར་གྱིས་ཚ་རླབས་འོག་ནས་མེ་ཆུར་བསྐྱུར། ཉག་རོང་ཅན་དེ་མི་རྒྱུ་གཉིས་ཐད་ནས་བསམ་ཡུལ་ལས་འདས་པའི་འགྲོ་གྲོན་བཏང་ནས་བསྲུང་སྐྱོབས་བྱས་ཐུབ་ཡོད། བཀའ་འགྱུར་དེ་ཉིད་སྦས་ཁུང་བྱེད་ས་ནི་ཁམས་ཡུལ་སྦ་ལུང་ཞེས་པར་ཡིན། བཀའ་འགྱུར་དེའི་ཆེད་དུ་མི་ལྔ་ལ་ལྷག་གི་སྲོག་ཤོར་ཡོད། དུས་ཕྱིས་ཆོས་སྒོ་ཕྱེས་རྗེས་ཀུན་གྲོལ་ལྷ་སྲས་མཆོག་ནས་པར་དུ་ལན་མང་བཏབ། དེ་སྔོན་དུས་འགྱུར་མ་བྱུང་གོང་དུ། ཧོར་སྤྲུལ་བསྟན་པ་རྒྱལ་མཚན་༡༨༦༠ ལོར་བཀའ་འགྱུར་གསེར་དང་དངུལ་གྱིས་བཞེངས། ཧོར་ག་རྒྱ་ཚང་གིས་བཀའ་འགྱུར་ཚར་གསུམ་བཞེངས། ཚབ་ཤི་ཡིས་ཚར་གཉིས་བཞེངས། ཧོར་སྤྱི་རྒྱལ་སྲས་ཀྱིས་ཚར་གཅིག་བཞེངས། ཁྱུང་པོ་སེར་ཚ་དམར་རུ་དཔོན་དབང་ཆེན་ཉི་མས་བཀའ་བརྟེན་འགྱུར་གཉིས་ཀ་ཚར་གཅིག་བཞེངས། མཁར་སྣའི་རྒྱལ་ཚབ་གཡུང་དྲུང་རྒྱལ་མཚན་གྱིས་བཀའ་བརྟེན་འགྱུར་གཉིས་ཀ་ཚར་གཅིག་བཞེངས། རྫ་དམར་ཤ་རུ་དགོན་པས་བཀའ་འགྱུར་ཚར་གཅིག་བཞེངས། ཁྱུང་པོ་སྣང་གསལ་ནམ་མཁའ་རྒྱལ་མཚན་གྱིས་བཀའ་འགྱུར་ཚར་གཅིག་བཞེངས། ཧོར་ཡེ་ཐ་སྤ་ཚང་དགོན་དུ་ཚར་གཅིག་བཞེངས། ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་དུ་བཀའ་འགྱུར་ཚར་གཅིག་ཡོད། རི་ཁྲོད་ཀུན་དགའ་རྒྱལ་མཚན་གྱིས་ཚར་གཅིག་བཞེངས། སྨོན་རྒྱལ་བླ་བྲང་གིས་བཀའ་འགྱུར་ཚར་གཉིས་བཞེངས། ཁྱུང་པོ་དཀར་ལེགས་དགོན་གྱིས་ཚར་གཅིག་བཞེངས། ཁྱུང་པོ་གཡུང་དྲུང་དཔལ་རི་བཟོད་པ་རྒྱལ་མཚན་གྱིས་ཚར་གཅིག་བཞེངས་པ་སོགས་རོབ་རྩིས་ཙམ་ཡིན། དེ་དག་ཐམས་ཅད་དུས་འགྱུར་གྱི་གོང་དུ་བྱུང་བ་ཤ་སྟག་ཡིན། དེས་ན་སྤོབས་མཐའི་གཉིད་ལམ་དུ་བྱུང་བའི་ཉག་རོང་གི་བཀའ་འགྱུར་ཕྱིར་མ་བཏོན་པའི་སྔོན་ནས་བྱུང་བ་རེད། དེ་དག་གི་བྱུང་ཚུལ་ཐམས་ཅད་ད་ལྟ་ཡིག་ཐོག་ཏུ་ཡོད་པ་ལས་ཁྱོད་ལྟར་ཆགས་སྡང་གིས་སྨྱོས་པའི་སྨྱོས་གཏམ་མ་རེད། སྨོན་རྒྱལ་ལྷ་སྲས་ཀྱིས་བཀའ་འགྱུར་ཐོག་མར་པར་དུ་སྐྲུན་རྒྱུའི་འཆར་གཞི་བྱས་ནས་རྒྱ་ནག་ཁྲི་དྷུར་སོང་ནས་པར་བཏབ་ཚར་མོད་རྒྱ་ཁ་ཆེ་ལ་བན་དེ་ཆགས་སྡང་སྨྱོས་པས་གླ་ངན་སྤྲད་ནས་བཀའ་འགྱུར་རིན་པོ་ཆེ་རྩ་མེད་དུ་གཏོང་གྲགས་བྱེད་སྐབས་བན་དེ་བ་རྙིང་མའི་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་གིས་རོགས་རམ་མཐུན་རྐྱེན་འགལ་རྐྱེན་ལས་ཐར་ཙམ་བྱུང་ཡོད། ལོ་རྒྱུས་དགོས་ན་དེ་འདྲ་རེད། འདི་དག་ནི་ཁུངས་ལྡན་ལོ་རྒྱུས་ཤོག་ཐོག་ཏུ་ཡོད་པ་ལས་བྲིས་པ་ལས་ཁྱོད་ལྟར་ཆགས་སྡང་རྨོངས་འཁྲུལ་གྱིས་བཟི་གཏམ་མ་རེད། ལན་འབྲི་རྒྱུ་ཡོད་ན་བྲིས་རྒྱུ་མཚན་མེད་པའི་འཆལ་གཏམ་དེའི་རིགས་ལ་ལན་འདེབ་འདོད་མེད།
ཁྲོ་ཆེན་རྒྱལ་པོ་སྤྱི་ལོ་༡༨༦༩ ཅེས་པར་སྤྱི་ལོ་༡༧༦༩ ཞེས་པར་བཅོས་རོགས་གནང།
རྒྱ་ནག་གི་ནང་བསྟན་གསུང་རབ་ཀྱི་ཆོས་པོད་དེ་ཚོ་རྒྱ་གར་ནས་བསྒྱུར་བ་ཡིན་ནམ་བོན་ནས་བསྒྱུར་བ་ཡིན།
བོན་དང་ཆོས་ཟེར་དུས་མཆན་པ་མང་བ་ཞེ་དྲག་འདུག བོད་ཀྱི་ཆབ་སྲིད་དང་རང་བསྲེགས་ཀྱི་སྐོར་བཤད་དུས་མཆན་པ་ཉུང་བ་ལ། འདི་རྒྱུ་མཚན་གང་ལ་ཐུག་གམ། ཚང་མས་བསམ་གཞིགས་ཤིག་བྱེད་རན་རེད་འདུག །
མ་གཞི་བོན་གྱི་བརྟེན་འགྱུར་ཟེར་བ་ཞིག་སྔོན་མ་ཡོད་ཀྱང་ཡོད་མ་མྱོང་བ་རེད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་ནང་ལ་གསར་དུ་བཟོས་པ་རེད། བཀའ་འགྱུར་ཟེར་བ་དེ་རིག་གནས་གསར་བརྗེའི་རྗེས་སུ་ཉག་རོང་ནས་ཐོན་པ་དེའི་སྟེང་དུ་རྔ་བ་ནས་སྣོན་པ་བརྒྱབ་ཏེ་ད་ལྟའི་འདི་གྲུབ་པ་རེད། ད་དུང་སུས་བསྣན་ཡོད་སུས་ཤེས།
གནས་ལུགས་དང་རྒྱུ་མཚན་ཅན་གྱི་སྐད་ཆ་ཚིག་གཅིག་འབྲི་རྒྱུ་མེད་པའི་མི་བུ་རང་རྒྱལ་དང་སྤོབས་སེམས་ཅན་དག་ནི་སྦལ་དོང་གི་རང་བཞིན་ལས་མ་འདས་
རྟ་བདུན་དབང་པོ་བདེན། བོད་མི་རིགས་འདི་ཆིག་བསྒྲིལ་ཟེར་བ་དེ་གང་འདྲ་ཡོང་ས་རེད། དོལ་ཚོགས་ལ་དགག་དུས་བོད་པ་རྣམས་ཆིག་བསྒྲིལ་གྱིས་དགག་དགོས་ལུགས་དང། རྒྱ་ནག་ལ་སྐད་ཆ་ཤོད་དུས་ང་ཚོ་ཆིག་བསྒྲིལ་གྱིས་རྒོལ་དགོས་ལུགས་བཤད་མོད་ཆོས་ལུགས་ལ་ཐུག་དུས་དེ་དག་གི་སེམས་པ་ཆད་བརླག་ཟིན་པ་རེད། ཆོས་ཚོགས་ཐེངས་རེར་ཚོགས་དུས་ཆོས་ལུགས་ནང་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱིས་དག་སྣང་སྦྱོངས་དགོས་ལུགས་སོགས་ཀྱི་གྲོས་ཆོད་རེད་བཞག་སྒོ་ཕྱིར་ཐོན་པ་དང་ཐམས་ཅད་རྣ་རྒྱབ་ཀྱི་དྲི་ཞོན་བཞིན་དུ་དོར། དེ་འདྲ་རེད་གནས་ལུགས་བཤད་ན།
སྤྱིར་སྟངས་བོད་ལ་བཅོམ་ལྡན་འདས་ཀྱི་བཀའ་དངོས་གནས་སམ་ཚད་ལྡན་ཞིག་ཨ་ཡོད་ན། ཁོང་གིས་བོད་སྐད་བརྒྱབ་ནས་གསུངས་ཆོས་ཚིག་འབྲུ་གཅིག་ཀྱང་གསུངས་ནི་མ་མྱངས། བསམ་བློ་ཡག་པོ་ཐོངས་ཤོག་ཨ། །
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་སྐད་དུ་གསུངས་པ་ལོ་པཎ་བཀའ་དྲིན་ཅན་ཚོས་བོད་སྐད་དུ་བསྒྱུར་བ་རེད། ཕ་གཤེན་རབ་མྱི་བོ་ལྟ་བུ་གར་སྐྱེས་གར་ཤི་མི་གོ་བ། སུ་ཡིན་འདི་ཡིན་མ་ཤེས་པ་དེ་འདྲས་སྐད་རིགས་གང་གིས་སྟེང་ལ་གསུངས་པ་ཡང་མ་གོ་བ་དེ་འདྲ་མ་རེད། བོན་ཀྱི་བཀའ་འགྱུར་དང་བརྟེན་འགྱུར་ཟེར་བ་ཅིའི་དོན་རེད། སྐད་རིགས་གང་ལས་གང་ལ་བསྒྱུར་བ་རེད། རང་སྐྱོན་རི་ཙམ་སྦས་ནས་གཞན་སྐྱོན་ཤིག་ཙམ་འཚོལ་བ་ཡ་ཆ།
བོད་སྐད་དུ་བསྒྱུར་བ་དེ་བཅོམ་ལྡན་གྱི་བཀའ་དངོས་གནས་ཡིན་པ་སུས་ཁས་ལེན་ཐུབ། བཅོམ་ལྡན་འདས་ཀྱི་བཀའ་དངོས་གནས་ཅིག་ཡོད་ན་དེ་ནི་པཱ་ལིའི་སྐད་ཐོག་ལ་ཡོད་པ་དེ་འཇོག་དགོས་ཀྱི་རེད་མོད། དེ་ཡང་སྟོན་རྒྱུ་མེད་པར་འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན་ཟེར་ནས་སྣང་བ་སྐྱིད་པོ་འདྲ་པོ་བྱས་བཞག་པ་རེད། ད་དུང་ལྷ་དང་ཀླུ་དང་གནོད་སྦྱིན་དང་གྲུལ་འབུམ་གྱི་སྐད་ཟེར་བ་དེ་ཚོ་ནི་གད་མི་ཤོར་ཡ་རེད། དངོས་གནས་་་གྲུལ་འབུམ་་་ཟེར་བ་དེ་ག་བ་ཡོད་པ་ཡིན་ནམ། །
བདག་པའི་སྟོན་པའི་བཀའ་དྲི་མ་མེད་པ་རྣམ་ལྷ་དང་ཀླུའི་སྐད་ལས་བསྒྱུར་བ་མ་རེད། རྒྱ་གར་གྱི་སྐད་ལས་བསྒྱུར་བ་རེད། ཡིག་ཆ་རེ་རེ་བཞིན་དུ་མགོར་རྒྱ་སྐད་བོད་སྐད་སྦྱར་ནས་སྨྲོས་དགོས་པའི་དོན་ཡང་ད་ེརེད། ཅིག་ཚང་ལ་བརྐུས་ཡོང་བ་ཡང་མ་རེད། དག་པ་ལྷ་ཡི་སྐད་ལས་བསྒྱུར་བ་ཡིན་ཟེར་བ་དེ་ཁྱེད་ཚང་བོན་པོའི་བཀའ་འགྱུར་རེད། གད་མོ་ཤོར་ན་ཁྱེད་རང་ཚང་ལ་ཤོར་ས་མང་གི།
བོན་གྱི་བཀའ་འགྱུར་གྱི་དབུར་ཞང་ཞུང་སྐད་དུ་བོད་སྐད་དུ་ཞེས་བརྗོད་པས་སྐད་འདི་དང་འདི་ཞེས་པ་ནས་བསྒྱུར་བའི་ཁུངས་བསྐྱེལ་རིགས་པ་མཚུངས་པའི་ཕྱིར། ད་དུང་ཆོས་ཀྱི་ཀླུ་འབུམ་ཟེར་བ་ཞིག་མཐོང་བྱུང་དེའི་དབུར། ཕྱག་ན་རྡོར་རྗེས་སྟོན་པ་བཅོམ་ལྡན་འདས་ལ་གངས་ཏི་སེའི་མདུན་དུ
ཞུས་རབས་གསུངས་འདུག ཡ་མཚན་རེད། དེ་དུས་བོད་མཚོ་ཡིས་གང་ནས་གཞི་ནས་སྤྲེལ་བྲག་གི་སྤྲེལ་ཕྲུག་གཞི་ནས་མིར་འགྱུར་བའི་ལུང་བསྟན་སྐབས་ལ། ཡང་ཕྱག་ན་རྡོ་རྗེ་དང་བཅོམ་ལྡན་འདས་གཉིས་འདུག་སའི་བོད་ཡུལ་གངས་ཏིེ་སེའི་མདུན་དུ་མཚོ་ཡིས་མ་གང་ནས་ས་གླིང་ཞིག་ཏུ་ཀླུ་འབུམ་ཞུས་རབས་བཤད་པ་ནི་ངོ་མ་ངོ་མཚར་གྱི་ནང་ནས་ཁྱད་མཚར་རེད། མ་གཞི་ནས་དེའི་དགོན་པ་དང་གྲོང་པའི་ནང་དུ་བོན་གྱི་ཀླུ་འབུམ་མང་པོ་ཞིག་འདོན་པ་དང་མཆོད་པ་སོགས་བྱེད་པ་ནི་ཡོངས་གྲགས་ཞིག་ཡིན་ཀྱང། ་ད་དུང་བོན་ལ་འབུམ་ལས་སོགས་མེད་རབས་བཤད་པ་ནི་དགོད་བྲོ་བའི་གཏམ་རེད།
བོན་དགོན་ཁྱུང་མོ་གྲྭ་ཚང་གི་རྟེན་གྲས་ན་བཞུགས་པའི་ཕ་གཤེན་རབ་མྱི་བོས་བདུད་གསོད་སྤྱད་ཀྱི་ལག་ཆ་རྡོ་རིལ་དེ་ལ་བལྟས་ན་ངོ་མ་སྐབས་དེར་ཆོས་ལུགས་དེའི་སྟོན་པ་ནས་བཟུང་སྟེ་ཡ་ཐོག་རྡོ་ཡི་ཡག་ཆ་སྤྱོད་མཁན་གྱི་ཀླ་ཀློ་ཞིག་ཡིན་པ་གསལ་སྟོན་བྱས་འདུག་པས་དེང་རབས་ཀྱི་མིར་འགྱུར་བ་ལ་ལོ་སྟོང་ཕྲག་མང་པོ་སྒུག་དགོས་པས་དགོས་པས་ཡིག་ཆ་མང་པོ་ཞིག་དེའི་རྗེས་བཞག་ཡིན་ཟེར་ན་དེ་ལས་ཀྱང་གད་མོ་ཤོར་གི་མི་འདུག་གམ། ཀླུ་མཆོད་ཐབས་ནི་རྒྱ་གར་ལས་མང་བ་མེད་དེ་རྒྱ་གར་གྱི་ཁྲོན་པ་རེ་རེའི་རྩ་ན་ཀླུ་མཆོད་པའི་རྟེན་རེ་རེ་ཡོད་པས་སོ།།
འོ་ན་བོན་གྱི་ཀླུ་འབུམ་ཅིས་ཕྱིར་བན་དེའི་དགོན་དང་གྲོང་པ་སོགས་ན་ཉར་ཚགས་དང་འདོན་མཆོད་བྱེད་པ་ཡིན་ནམ། བོན་གྱི་ཀླུ་འབུམ་གྱི་དང་བྲིས་མཁན་བོན་པོ་ལས་བན་དེའི་ནང་དུ་ཡོད་རབས་འདུག མ་གཞི་ནས་བོད་རྒྱུད་ནང་བསྟན་འདི་སི་རི་ལངྐ་སོགས་བོད་ཕྱི་རོལ་གྱི་ནང་པའི་གྲལ་དུ་མི་བརྩི་བའི་རྒྱུ་མཚན་གང་ལ་ཐུག་གམ། དང་པོ་དེ་གཙང་མ་བཟོ་དགོས་པ་འདུག ཕྱི་རོལ་གྱི་ནང་པ་བ་ཚོས་བོད་རྒྱུད་ནང་བསྟན་པའི་རྗེས་འཇུག་པས་ངོམ་སྡོད་པའི་དཔལ་ཎ་ལཎྚ་ཞེས་པ་གོ་ཡང་མ་མྱོང་ཟེར་གྱི་འདུག འདི་ཚོ་ལ་དག་འཐེར་དགོས་པ་འདུག ཅ་དངོས་བཅུག་པའི་ལྕགས་སྒམ་ཞིག་བོར་བརླག་སོང་དུས་སྒམ་དེའི་ནང་ནས་ཅ་དངོས་སྣེ་གཅིག་མི་ཞིག་གི་ལག་ན་ཡོད་ན་དེ་རྐུན་མ་ཡིན་པར་ངོས་བྱེད་པ་བཞིན། བོད་རྒྱུད་ནང་བསྟན་པའི་ཆོ་ག་སོགས་ཀྱི་ནང་དུ་གཡང་འགུགས་པ་དང་ཕྱྭ་སྐྱོབས་པ། རླུང་རྟ་གཏོང་བ། འཆམ་འཁྲབ་པ། བཟློག་པ་འཕེན་པ། མོ་འདེབས་པ་ལས་སོགས་བོན་གྱིས་ཡིན་པར་ཡོངས་སུ་གྲགས་པས། དེ་དག་བོན་གྱིས་ཡིན་པས་ད་རྐུན་མ་སུ་རེད་འདུག་གམ། རྐུན་མ་ཧམ་ཅན་གྱིས་མི་གསོད་ཅེས་པ་ལྟར་རེད་མི་འདུག་གམ།
ལགས་སོ། དྲྭ་གྲོགས་ཚང་མར་འཚམས་འདྲི་ཞུ། ངས་འདིར་དྲི་བ་ཞིག་འབུལ་སྙིང་འདོད། ཁྱེད་རྣམ་པས་ཐུགས་བརྩེ་བ་ཆེན་པོས་ལན་ཞིག་གནང་བར་མཁྱེན། ཟས་གཙང་སྲས་པོ་ལ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་དང་། སྟོན་པ་གཤེན་རབ་ལ་བཙུན་མོ་སུམ་བརྒྱ་དྲུག་བཅུ་དང་། རྒྱ་ནག་རྒྱལ་པོ་ལ་བཙུན་མོ་ཉེར་ལྔ་ཡོད་པར་བཤད། དེའི་ནང་ནས་སུ་བདེན་པ་ཡིན་ནམ། སུ་རྫུན་མ་ཡིན་ནམ། འོ་ན་ཚང་མ་བདེན་པ་ཡིན་ནམ། འོ་ན་ཚང་མ་རྫུན་མ་ཡིན་ནམ།
བཙུན་མོ་འགའ་ཤས་ལས། བརྒྱ་ཁྲག་ཡོད་ཚོད་མི་འདུག བཙུན་མོ་གཅིག་ལ་ཡང་། གཡོག་འཁོར་ནང་ལ་མོ་རིགས་མང་པོ་ཡོད་པ་ཚང་མ་གཅིག་ཏུ་བསྡོམས་ནས། ཆེ་བསྟོད་དུ་མང་པོར་བསྔགས་པ་འདྲ། གཏན་གཏན་ཅིག་མི་ཤེས། གངས་སེང་ལགས།
སྤོབས་མཐའ། དགེ་སློང་ཞིག་གིས་གྲི་ཡིས་མི་གསོད་པ་ལས་བླ་མ་ཞིག་གིས་རྡོ་ཡིས་འདྲེ་བསད་ན་དེ་ལོས་དགའ། ཨ་་་་ ཧ་ཧ་ཧ་ཧ་ཧ