༼བཙན་པོའི་སྦྲ་ཁྱིམ་༽ཞེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ། Posted on 2014-01-252014-01-25 By ཁ་བརྡ་ 38 Comments on ༼བཙན་པོའི་སྦྲ་ཁྱིམ་༽ཞེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ། གླུ་གཞས།
བོད་སྐད་སླ་རུ་གཏོང་འདོད་ཀྱི་སེམས་བཟང་ཡོད་ན། དཀར་པོ། དམར་པོ། སེར་པོ་དང་། དངཔོ་སོགས་༼པོ་༽གཅིག་གིས་འཐུས་པར་བྱ་དགོས། བོད་སྐད་དཀའ་རུ་འགྲོ་བའི་མནག་སེམས་མེད་ན། གཉིས་པ་། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་སོགས་ཀྱིས་༼པོ་༽གཅིག་གིས་འཐུས་པ་བྱས་ན་མི་རུང་བ་མི་འདུག་གོ །
༼པོ་༽གཅིག་གིས་འཐུས་པ་བྱས་ན་མི་རུང་བ་མི་འདུག་གོ ། འདི། ༼པ་༽གཅིག་གིས་འཐུས་པ་བྱས་ན་མི་རུང་བ་མི་འདུག་གོ །
(བོད་ནང་ན།)བཙན་པོའི་སྦྲ་ཁྱིམ་བཟུང་ནས།། བཙན་པོར་གདོང་ལེན་བྱས་འདུག ། (བོད་ཕྱི་ན།)བཙན་པོའི་ངོ་འབག་གྱོན་ནས།། བཙན་པོར་སྤྲེལ་ལད་འཁྲབ་སོང་།།
གསར་པ། གསར་བ། གསར་ཤོས། ཀྱི་གོ་དོན་དང་འབྲི་སྟངས་སོ་སོར་མི་ཤེས་མཁན་ཚོས་ང་ལ་ཁ་རྡུང་གཏོང་རྒྱུ་བཞག་ན་མཛེས།
བོད་ནང་ནས་རྒྱའི་གཉའ་གནོན་ཛ་དྲག་གི་འོག་ནས་ཀྱང་རང་ཚུགས་མ་བོར་བར་བཙན་པོའི་དར་འཕྱར་མཁན་འདི་དག་གི་སྙིང་སྟོབས་དང་ཤེས་རབ་ཀྱིས་གྲུབ་པའི་ངོ་མཚར་སྟོན་མོ་འདི་ལ་ཁུག་རྟ་དང་ཆབ་བྲག་སོགས་ཀྱིས་བལྟ་བར་ངོ་མི་ཚའམ།
ཁོང་ཚོས་དར་དམར་འོག་ཏུ་མི་རིགས་ངོ་བོ་སྲུང་སྐྱོབ་བྱེད། ང་ཚོ་ཡང་ཁོ་ཚོ་ལྟར་དུ་དར་དམར་འོག་ཏུ་སོང་ནས་མི་རིགས་ལས་དོན་ཁ་ཡོད་ལག་ཡོད་བྱེད་འདོད་ཡོད། ཁ་བཤད་འབྲུག་སྒྲ་སྒྲོག་འདོད་མེད། དོན་གྱི་ཆར་བ་འབེབ་འདོད་ཆེ། འདི་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན། ཧཧཧཧཧཧ
ལ་དྭགས་བློ་བཟང་འཇལ་དཔལ་ཟེར་མཁན་འདི་ནམ་ཡིན་ཡང་མི་ཤེས་ཤེས་མདོག་བྱེད་མཁན་ཞིག་འདུག ཁྱོད་ལ་དེ་འདྲའི་སེམས་ཤུགས་ཡོད་ན། ལ་དྭགས་པའི་སྲོལ་རྒྱུན་གོམས་གཤིས་དང་རིག་གནས་རྒྱུན་འཛིན་བྱེད་ཨེ་ཐུབ་རེ་ལྟོས། པ་དང་བ་འབྲི་སྲོལ་གྱི་ཐོབ་ཐང་འདི་ཁྱོད་ལྟ་བུ་མི་ཚེ་གང་བོར་ཁ་ནས་ཐོན་ཚད་བཤད་ཀྱང་གྲུབ་འབྲས་སྐྲ་རྩེ་ཙམ་སྟོན་རྒྱུ་མེད་པའི་མིའུ་ཙམ་པོ་བ་དག་གི་ལས་སུ་མཆིས་པ་ཞིག་མ་རེད། གལ་སྲིད་ཁྱེད་ཀྱིས་ཤེས་ན། ཁྱེད་ཀྱི་རྣམ་ཐར་དེ་ཨ་ཁུ་སྟོན་པའི་སྒོ་ང་རང་རེད། གོ་ན་རྣ་བའི་བདུད་རྩི་ཡིན།། མ་གོ་གླུ་ལ་ཡ་ལན་མེད།།
ཁ་བཤད་འབྲུག་སྒྲ་སྒྲོག་རྒྱུ་ནི་ལམ་དབུ་མའི་བྱ་བྱེད་ལས་གསུམ་མ་རེད་པས། ད་བར་ཕྱི་ལ་བསྡད་ནས་འབྲུག་སྒྲ་བསྒྲགས་པ་མ་གཏོག་ནང་ལ་ལོག་ནས་དོན་གྱི་ཆར་པ་འབེབས་མཁན་གཅིག་ཀྱང་མི་མཐོང་། དོན་གྱི་ཆར་པ་འབེབས་མཁན་ནི་མེ་མདའི་སོ་མཁར་ལངས་མཁན་གྱི་གཞིས་ལུས་དོན་གྱི་བདག་པོ་རེད། འོན་ཀྱང་ཁོ་ཚོས་དར་དམར་འོག་མི་རིགས་ཀྱི་ངོ་བོ་བསྲུང་སྐྱོབ་བྱེད་པ་ལས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དར་དམར་ལ་དགའ་ཞེན་བླ་མེད་ཅིག་གི་འོག་དར་དམར་མགོ་ལ་བཙུགས་ལག་ནས་འཕྱར་བྱེད་ཀྱི་མི་འདུག་ག།
ཆར་ཐིགས་ཙམ་ཡང་འབབ་རྒྱུ་མེད་པའི་འབྲུག་སྒྲ་དེ་བོད་རང་བཙན་བསྐྱར་གསོའི་ཁ་ཕོ་རེད། ཆར་འབབ་བཞིན་པའི་འབྲུག་སྐད་དེ་དབུ་མའི་ལམ་ལམ་སྟོན་གྱི་གཡང་འབོད་རེད། ཆར་བསིལ་མའི་དངོས་གྲུབ་གནང་མཁན་གྱི་གཡུ་འབྲུག་སྔོན་མོ་དེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཁོང་རེད།
འབྲུག་གྲགས་ན་རེད། ཆར་བབས་ན་རེད། གཉིས་ཀ་དབྱར་སླེབས་བའི་སྔ་རྟགས་རེད། འོན་ཀྱང་རྒྱ་དར་ཕྱར་ནས་རྒྱ་ཁྱུ་བཞིན་རྔ་མ་གཡུགས་ན། དེ་ཡག་རྟགས་ཞིག་ལ་རྩ་བ་ཉིད་ནས་མ་མཐོང་།ངའི་སེམས་ལ་ཐོགས་རྒྱབ་པ་དང་གཅིག་པ་རེད།
རྟེན་འབྲེལ་མི་ཡག་གི་ཟེར་གོ་ནས། ཧ་ཧ་ཧ་ཧ་་་རེད་ཡ་་་འཐབ་ཚུལ་འདི་རྣམ་པ་གསར་བ་ཞིག་དང་བོད་མི་ཚོའི་སེམས་ལ་ཤར་མ་མྱོང་བ་ཞིག་ཡིན་པས་ཚོར་སྣང་དེ་རིགས་འབྱུང་བར་ཁག་མེད་གི དེ་ངས་བསམ་ཤེས་ཐུབ་གི གླིང་ཚ་ལགས་ཀྱིས་ཀྱང་མཐར་མི་མང་གི་མོས་མཐུན་ཡོད་མེད་ལ་བལྟས་ནས་མ་ཁྱེར་ན་ཡག་གི་བསམ་ནས་བཞག་པ་རེད། དོན་ངོ་མ་ང་ཚོའི་ད་ལྟའི་བོད་ཀྱི་གནས་བབ་འདི་དང་བཙན་བྱོལ་བའི་ཀ་སྟབས་ཉམ་ཆུང་འདི། དབུ་མའི་ལམ་གྱི་དགོངས་དོན་བཅས་ལ་ཡག་པོ་བསམས་ན་འདི་ཡང་ཐབས་ལམ་རིགས་ཤིག་རེད། རིམ་པས་རྣམ་རྟོག་འདི་ཡང་མེད་པ་ཞིག་ཆགས་གི་རེད་འདོད་ཀི
ཨ་ལས། ད་བྱེད་དུས་ཆར་བབས་བཞིན་ཡོད་པ་རེད། ངས་ནི་འབྲུག་སྟོང་སྐད་དེས་ཆར་ཐིག་ཙམ་ཡང་བབས་རྒྱུ་མེད་མཁར་ཐན་པ་ཐན་ནག་བཏང་ནས་རྩ་ཆུ་ཞིང་གསུམ་ཚང་མ་སྐམ་འགྲོ་བཞིན་འདུག་དྲན་ཡོད། ཡང་གཅིག་མིན་ན་དྲག་ཆར་བབས་ཡིན་རྒྱུ་རེད། ཡང་ཅིག་མིན་ན་ནམ་དུས་མ་སླེབས་པར་ཆར་བབས་ཡིན་རྒྱུ་རེད། རང་བྱུང་གི་གོད་ཆག་དེ་རྫོགས་མཐའ་མེད་ཡ།
ཆར་ཐིག་ཙམ་ཡང་བབས་རྒྱུ་མེད་པའི་བོད་རང་བཙན་གྱི་ཁ་ཕོ་ཆེའི་འབྲུག་སྒྲ་དེ་ནམ་དུས་ལ་མ་སླེབས་པ་རེད། དབྱར་དུས་ཀྱི་ནམ་ཟླ་ཤར་ཚེ་ཆར་སིམ་སིམ་བབ་ནས་རྩ་ཆུ་ཞིང་གསུམ་རྒྱས་པའི་གཡང་འབོད་ངོ་མ་དེ་ཡིན་པས། ནམ་ཡང་རྟེན་འབྲེལ་དང་སྨོན་འདུན་གང་ལེགས་ཡོད། ད་ལྟའི་གནས་སྐབས་ནམ་དུས་ལ་སླེབས་མེད་པ་མ་ཟད་ཁ་ཆར་བུ་ཡུག་གིས་རྟ་ལམ་བོང་བུས་བཀག་བསྡད་འདུག། འདི་ནི་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་དྲོ་སྐྱིད་ཉི་མའི་རྨི་ལམ་ལ་རེ་འབོད་བྱེད་མཁན་དག་རེད།
དྲི་གླུ་སེམས་ཀྱི་མདུད་པ། དཀར་པོ་དུང་གི་ལྕགས་རི་ཅན་པོ། ཁྱོད་ཀྱིས་བཤད་ན་གནས་མཆོག་གང་རེད། སེར་པོ་གསེར་གྱི་ན་བཟའ་ཅན་པོ། ཁྱོད་ཀྱིས་བཤད་ན་སྐྱེས་བུ་སུ་རེད། དྲང་མོ་མདའ་ཡི་རང་གཤིས་ཅན་པོ། ཁྱོད་ཀྱིས་བཤད་ན་མི་རྒྱུད་གང་རེད། འཚེ་མེད་ཞི་བའི་རིང་ལུགས་ཅན་པོ། ཁྱོད་ཀྱིས་དཔྱད་ན་སུ་དང་གང་རེད། འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། ཁྱོད་ཀྱིས་བཤད་ན་སུ་དང་གང་རེད། གོང་གསལ་དྲི་གླུ་ལ་ཉན་ལོས་ཡོད། ཅི་འདྲ་སྙན་པོ་འདུག་ཨང། གླ་ཏེ་ཁྱེད་ཀྱིས་ཀྱང་གླུ་ལན་ཞིག་འབུལ་ན་ཅི་འདྲ་ཞིག་ལེན་ན་འདོད་དམ།
དཀར་པོ་དུང་གི་ལྕགས་རི་ཅན་པོ། ངས་ཀྱིས་བཤད་ན་གནས་མཆོག་གངས་ཅན། སེར་པོ་གསེར་གྱི་ན་བཟའ་ཅན་པོ། ངས་ཀྱིས་བཤད་ན་གངས་ཅན་མགོན་པོ། དྲང་མོ་མདའ་ཡི་རང་གཤིས་ཅན་པོ། ངས་ཀྱིས་བཤད་ན་བཙན་པོའི་གདུང་རྒྱུད། འཚེ་མེད་ཞི་བའི་རིང་ལུགས་ཅན་པོ། ངས་ཀྱིས་བཤད་ན་ཞི་བདེའི་དེད་དཔོན། འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། ངས་ཀྱིས་ལྟར་ན་བསླུ་མེད་དཀོན་མཆོག། དྲི་གླུ་ལ་སྙན་ཚོད་ཅིག་མེད་ཀི། འོན་ཀྱང་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ཆབ་སྲིད་ཀྱི་གནད་དོན་ཐད་དད་པ་དང་དག་སྣང་གིས་མི་ཆོག་གིས་ཡ།
རེད་ཡ། སེམས་ཚོར་ཙམ་ཡིན་ན་སྔོན་མ་ནས་སངས་ཚར་ཡོད།ཡིན་ན་ཡང་། ང་ལ་མཚོན་ན་རྒྱ་དར་ཕྱར་རྒྱུ་འདི་ཤ་གཏིང་རུས་གཏིང་དུ་འཐིམས་པའི་ན་ཟུག་ཡིན། དེའི་ན་ཟུག་དེ་སྔོན་མ་ང་ཚོའི་སློབ་གྲ༷་འགྲིམས་སྐབས་ཞོགས་པ་རྟག་པར་རྒྱ་དར་དེ་ཡར་ལ་ཕྱར་ནས་མི་འདོད་བཞིན་དུ་གུས་འདུད་ཞུ་དགོས་རེད། སྐབས་དེ་དུས་ང་ཚོ་སུ་ཡིན་ཀྱང་དགའ་བཞིན་སྤྲོ་བཞིན་ཨེ་ཡིན་ན། དེའི་ཕྱིར་རང་དབང་ལུང་པ་ཞིག་ནས་དེ་བས་ཀྱང་ཨ་ཅང་ཅང་འདོད། ཨོ་ཡ དབུ་མའི་ལམ་འདི་ཡང་དག་མོད།། འཐབ་ཚུལ་དེ་འདྲ་ཨ་ཙ་མ།།
ཨོ་རེད།གླུ་དེ་ད་སྙན་ནས་སྙན་ཚོད་ཟིག་མེད་ཀི་ར། རང་དབང་ལུང་པ་འདི་ནས་གླུ་ལན་ཅིག་ད་སླ་མོ་རེད།ས་འདི་ནས་སྐྲག་སྣང་མེད་ཀ ལེན་ཤེས་ན་ག་རེ་ལེན་ལེན་རེད
མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།། ཚེ་འདི་ཕྱི་གཉིས་ཀྱི་བླ་མ་ཡིན།། གནས་བྱིན་ལྡན་པོ་ཏ་ལ་རུ་འགྲོ། བོད་གཞིས་བྱེས་གཉིས་ཀྱི་ཕ་མཁར་ཡིན།།
ཨོ་ལེ་མོ། ངའི་ལེན་ཤེས་ན་ཞེས་བ༷ཤད་ཡོད་ད།ཁྱེད་གཉིས་ཀྱིས་ཅིག་བླངས་དུས་ད་ངའི་གླུ་ལན་བརྫད་འཇོག་ནི་རེད་ཡ ཧཧཧཧཧ
ཡ་་ཡ་་་ད་ཕྲིས་ར་་ངས་ལེན་མི་ཤེས་ན་ར། འདིའི་ནང་ན་ལྟ་ནི་དང་ལེན་ནི་རེ་ཡང་ཡོད་ན་ཐང་གོ འབྲི་མི་ཤེས་ན་ངས་འབྲི་དགོས། ཁྱོས་ལོངས་ར་་་ཧཧཧཧ
དྲི་གླུ་མདུད་པ་རང་གྲོལ་མ། དཀར་པོ་དུང་གི་ལྕགས་རི་ཅན་པོ། གནས་མཆོག་གངས་རིའི་ལྗོངས་ཆེན་ལོས་ཡིན། དྲང་མོ་མདའ་ཡི་རང་གཤིས་ཅན་པོ། ཆོས་ལྡན་མགོ་ནག་བོད་མི་ལོས་ཡིན། སེར་པོ་གསེར་གྱི་ན་བཟའ་ཅན་པོ། པཎ་ཆེན་སྣང་བ་མཐའ་ཡས་ལོས་ཡིན། འཚེ་མེད་ཞི་བའི་རིང་ལུགས་ཅན་པོ། ཞི་བདེའི་དེད་དཔོན་མིན་ན་སུ་ཡིན། འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། གཉིས་སྨན་དབུ་མའི་ལམ་བཟང་ལོས་ཡིན།
དྲི་གླུ་གཅིག་ལ་དྲི་ལན་གཉིས་གསུམ་ཟིག་དགོ་དོན་མེད་ག དགོ་ན་བྲིས་ན་ར་ཆོག་གི་ར གོང་ནས་ཁྱོད་ལ་བྲིས་དང་ཐ། ངའི་ཕ་ཡུལ་གངས་ཅན་བོད་རེད།། དེའི་བླ་མ་བསྟན་འཛིན་རྒྱ་མཚོ།། གཤིས་དྲང་མོ་གདོང་དམར་བོད་རེད།། ལས་འཚེ་མེད་གངས་རིའི་མགོན་པོ།། སེམས་འགྱུར་མེད་བརྟེན་སའི་མཆོག་གསུམ།། སྐྱབས་བསླུ་མེད་གཞིས་བཞུགས་ཁྱོད་གསུངས།།
འོ་ཡ། ད་བྱས་ན་གླུ་ལན་དྲག་པོ་ཞིག་མི་བསྟེར་ན་ཆབ་ལྷས་སྲིན་བྱའི་སྐད་བརྒྱག་གིས། དཀར་པོ་དུང་གི་ལྕགས་རི་ཅན་དེ། རྒྱ་འདྲེའི་ལག་ཏུ་འཇོག་མཁན་སུ་རེད། སེར་དང་ངུར་མིག་གོས་གྱོན་ཅན་དེ། མངའ་བདག་ཆེན་པོ་གསུམ་མིན་སུ་རེད། མི་དྲང་གཞུ་ཡིས་རང་གཤིས་ཅན་པོ། མགོ་ལུས་རྒྱར་འབུལ་དབུ་མའི་ལམ་ཀྱོག། འཚེ་མེད་ཞི་བའི་རིང་ལུགས་ཅན་པོ། ཞི་བདེའི་རྟགས་མས་བོད་སྐྱོབ་མི་ནུས། འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། བདག་ཉིད་བདག་གི་མགོན་མིན་སུ་གཞན། ཧ་ཧ། གླུ་ལན་སྙན་མོ་ཨེ་བྱུང་ངམ།
འགའ་རེས་སྲིད་སྐྱོང་ཚང་ལ་ངན་སྨྲས་ཡོད་དགུ་འདོན་ཆོག་པ་དང་ང་ཚོས་བསམ་ཚུལ་ཐལཆ་ཏོག་ཙམ་བྱུང་མ་ཐག་བསུབ་རྐྱང་འདིས་གསར་ལམ་ལ་རང་དབང་མེད་ཀི་ཡ། ཡང་ན་སྒེར་གྱིས་དབང་བསྒྱུར་འོག་ཡོད་པ་འདྲ། དེ་མིན་ཅི་རེད།
རྒྱ་གཞུང་བདུད་ཀྱི་རལ་གྲིས་རང་སྡེའི་འབངས་ཀྱི་མགོའང་གཅོད་ནུས་ན་འོ་སྐོལ་དག་གི་མགོ་ནི་ཚོད་མ་མགོ་ལོག་གཏུབ་ལྟར་ཅིར་མི་ནུས།། དཔའ་བོ་དཔའ་མོས་རང་གི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་མེ་རུ་སྲེག་ཏེ་དགྲ་ངན་རྒོལ་དུས་ཆབ་བྲག་ཁུག་རྟས་རྒྱ་དར་འཕྱར།། ཇི་ལྟར་གཏུམ་པོ་གླིང་ཆེན་སྨྱོན་པའི་མཆེ་བ་རྣོན་པོར་འཇིགས་པ་མེད་པར་མཆོངས་ནས་ཀླད་ཞོ་འགེམས་པའི་གཅན་གཟན་རྒྱལ་བོའི་ངང་ཚུལ་བཞིན།། སྡིག་པའི་དགྲ་ལ་འཇམ་མཉེན་མེ་ཏོག་མ་གཏོར་ལག་གདེང་དམ་པོར་སྦྲེལ་ནས་འཐབ་འཛིང་རྟུལ་ཕོད་མཐའ་འཁྱོལ་བྱེད་པ་རྒྱལ་ཁ་ཀུན་གྱི་གདམས་ངག་ཡིན།།
དཀར་པོ་ལ་དཀར་པོ་ཞེས་དག་པར་གཞུང་གླུ་ལེན་པ་པོ་རྣམས་རྒྱལ་གྱུར་ཅིག།
ཧ་ཅང་ཡག་པོ་འདུག
བཙན་པོའི་སྦྲ་ཁྱིམ་ནང་ན། བཙན་པོའི་ནང་མི་ལྷན་འཛོམས།
བཙན་བྱོལ་བོད་མིའི་ནང་ན། བཙན་པོའི་ཞབས་འདྲེན་ཐར་ཐར།
བོད་སྐད་སླ་རུ་གཏོང་འདོད་ཀྱི་སེམས་བཟང་ཡོད་ན།
དཀར་པོ། དམར་པོ། སེར་པོ་དང་། དངཔོ་སོགས་༼པོ་༽གཅིག་གིས་འཐུས་པར་བྱ་དགོས།
བོད་སྐད་དཀའ་རུ་འགྲོ་བའི་མནག་སེམས་མེད་ན།
གཉིས་པ་། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་སོགས་ཀྱིས་༼པོ་༽གཅིག་གིས་འཐུས་པ་བྱས་ན་མི་རུང་བ་མི་འདུག་གོ །
༼པོ་༽གཅིག་གིས་འཐུས་པ་བྱས་ན་མི་རུང་བ་མི་འདུག་གོ །
འདི།
༼པ་༽གཅིག་གིས་འཐུས་པ་བྱས་ན་མི་རུང་བ་མི་འདུག་གོ །
ཧ་ཧ་ཧ། སླ་རུ་གཏོང་ན་གཏོང་སྟངས་དེ་འདྲ་ཡིན་པ་རེད། རྣམ་དཔྱོད་འདུག་ཨང་། ཧེ་ཧེ་ཧེ།
(བོད་ནང་ན།)བཙན་པོའི་སྦྲ་ཁྱིམ་བཟུང་ནས།། བཙན་པོར་གདོང་ལེན་བྱས་འདུག ། (བོད་ཕྱི་ན།)བཙན་པོའི་ངོ་འབག་གྱོན་ནས།། བཙན་པོར་སྤྲེལ་ལད་འཁྲབ་སོང་།།
གསར་པ། གསར་བ། གསར་ཤོས། ཀྱི་གོ་དོན་དང་འབྲི་སྟངས་སོ་སོར་མི་ཤེས་མཁན་ཚོས་ང་ལ་ཁ་རྡུང་གཏོང་རྒྱུ་བཞག་ན་མཛེས།
་་་ གསར་ཤོས། ཀྱི་གོ་དོན་་་་་གཅོད་མཚམས་འདི་ཕལ་ཆེར་ཐུགས་སྣང་མ་བཞག་པའི་སྐྱོན་དུ་ངེས།
བོད་ནང་ནས་རྒྱའི་གཉའ་གནོན་ཛ་དྲག་གི་འོག་ནས་ཀྱང་རང་ཚུགས་མ་བོར་བར་བཙན་པོའི་དར་འཕྱར་མཁན་འདི་དག་གི་སྙིང་སྟོབས་དང་ཤེས་རབ་ཀྱིས་གྲུབ་པའི་ངོ་མཚར་སྟོན་མོ་འདི་ལ་ཁུག་རྟ་དང་ཆབ་བྲག་སོགས་ཀྱིས་བལྟ་བར་ངོ་མི་ཚའམ།
ཁོང་ཚོས་དར་དམར་འོག་ཏུ་མི་རིགས་ངོ་བོ་སྲུང་སྐྱོབ་བྱེད། ང་ཚོ་ཡང་ཁོ་ཚོ་ལྟར་དུ་དར་དམར་འོག་ཏུ་སོང་ནས་མི་རིགས་ལས་དོན་ཁ་ཡོད་ལག་ཡོད་བྱེད་འདོད་ཡོད། ཁ་བཤད་འབྲུག་སྒྲ་སྒྲོག་འདོད་མེད། དོན་གྱི་ཆར་བ་འབེབ་འདོད་ཆེ། འདི་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན། ཧཧཧཧཧཧ
ལ་དྭགས་བློ་བཟང་འཇལ་དཔལ་ཟེར་མཁན་འདི་ནམ་ཡིན་ཡང་མི་ཤེས་ཤེས་མདོག་བྱེད་མཁན་ཞིག་འདུག ཁྱོད་ལ་དེ་འདྲའི་སེམས་ཤུགས་ཡོད་ན། ལ་དྭགས་པའི་སྲོལ་རྒྱུན་གོམས་གཤིས་དང་རིག་གནས་རྒྱུན་འཛིན་བྱེད་ཨེ་ཐུབ་རེ་ལྟོས། པ་དང་བ་འབྲི་སྲོལ་གྱི་ཐོབ་ཐང་འདི་ཁྱོད་ལྟ་བུ་མི་ཚེ་གང་བོར་ཁ་ནས་ཐོན་ཚད་བཤད་ཀྱང་གྲུབ་འབྲས་སྐྲ་རྩེ་ཙམ་སྟོན་རྒྱུ་མེད་པའི་མིའུ་ཙམ་པོ་བ་དག་གི་ལས་སུ་མཆིས་པ་ཞིག་མ་རེད། གལ་སྲིད་ཁྱེད་ཀྱིས་ཤེས་ན། ཁྱེད་ཀྱི་རྣམ་ཐར་དེ་ཨ་ཁུ་སྟོན་པའི་སྒོ་ང་རང་རེད། གོ་ན་རྣ་བའི་བདུད་རྩི་ཡིན།། མ་གོ་གླུ་ལ་ཡ་ལན་མེད།།
ཡག་གི་ཨ
བཟང་གི ཡང་ཁ་བརྡ་ཚང་ན་གཡུལ་བཤམ་གོ་གི
ཁ་བཤད་འབྲུག་སྒྲ་སྒྲོག་རྒྱུ་ནི་ལམ་དབུ་མའི་བྱ་བྱེད་ལས་གསུམ་མ་རེད་པས། ད་བར་ཕྱི་ལ་བསྡད་ནས་འབྲུག་སྒྲ་བསྒྲགས་པ་མ་གཏོག་ནང་ལ་ལོག་ནས་དོན་གྱི་ཆར་པ་འབེབས་མཁན་གཅིག་ཀྱང་མི་མཐོང་། དོན་གྱི་ཆར་པ་འབེབས་མཁན་ནི་མེ་མདའི་སོ་མཁར་ལངས་མཁན་གྱི་གཞིས་ལུས་དོན་གྱི་བདག་པོ་རེད། འོན་ཀྱང་ཁོ་ཚོས་དར་དམར་འོག་མི་རིགས་ཀྱི་ངོ་བོ་བསྲུང་སྐྱོབ་བྱེད་པ་ལས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དར་དམར་ལ་དགའ་ཞེན་བླ་མེད་ཅིག་གི་འོག་དར་དམར་མགོ་ལ་བཙུགས་ལག་ནས་འཕྱར་བྱེད་ཀྱི་མི་འདུག་ག།
ཆར་ཐིགས་ཙམ་ཡང་འབབ་རྒྱུ་མེད་པའི་འབྲུག་སྒྲ་དེ་བོད་རང་བཙན་བསྐྱར་གསོའི་ཁ་ཕོ་རེད། ཆར་འབབ་བཞིན་པའི་འབྲུག་སྐད་དེ་དབུ་མའི་ལམ་ལམ་སྟོན་གྱི་གཡང་འབོད་རེད། ཆར་བསིལ་མའི་དངོས་གྲུབ་གནང་མཁན་གྱི་གཡུ་འབྲུག་སྔོན་མོ་དེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཁོང་རེད།
འབྲུག་གྲགས་ན་རེད། ཆར་བབས་ན་རེད། གཉིས་ཀ་དབྱར་སླེབས་བའི་སྔ་རྟགས་རེད། འོན་ཀྱང་རྒྱ་དར་ཕྱར་ནས་རྒྱ་ཁྱུ་བཞིན་རྔ་མ་གཡུགས་ན། དེ་ཡག་རྟགས་ཞིག་ལ་རྩ་བ་ཉིད་ནས་མ་མཐོང་།ངའི་སེམས་ལ་ཐོགས་རྒྱབ་པ་དང་གཅིག་པ་རེད།
རྟེན་འབྲེལ་མི་ཡག་གི་ཟེར་གོ་ནས། ཧ་ཧ་ཧ་ཧ་་་རེད་ཡ་་་འཐབ་ཚུལ་འདི་རྣམ་པ་གསར་བ་ཞིག་དང་བོད་མི་ཚོའི་སེམས་ལ་ཤར་མ་མྱོང་བ་ཞིག་ཡིན་པས་ཚོར་སྣང་དེ་རིགས་འབྱུང་བར་ཁག་མེད་གི དེ་ངས་བསམ་ཤེས་ཐུབ་གི གླིང་ཚ་ལགས་ཀྱིས་ཀྱང་མཐར་མི་མང་གི་མོས་མཐུན་ཡོད་མེད་ལ་བལྟས་ནས་མ་ཁྱེར་ན་ཡག་གི་བསམ་ནས་བཞག་པ་རེད། དོན་ངོ་མ་ང་ཚོའི་ད་ལྟའི་བོད་ཀྱི་གནས་བབ་འདི་དང་བཙན་བྱོལ་བའི་ཀ་སྟབས་ཉམ་ཆུང་འདི། དབུ་མའི་ལམ་གྱི་དགོངས་དོན་བཅས་ལ་ཡག་པོ་བསམས་ན་འདི་ཡང་ཐབས་ལམ་རིགས་ཤིག་རེད། རིམ་པས་རྣམ་རྟོག་འདི་ཡང་མེད་པ་ཞིག་ཆགས་གི་རེད་འདོད་ཀི
གཞས་བཟང་པོ་འདིས་འོག་ལ་ཞབས་འདྲེན་མ་བཞག་ན་ཅི་འདྲ་འདུག དྲ་འབུ་ཚོ།
ཨ་ལས། ད་བྱེད་དུས་ཆར་བབས་བཞིན་ཡོད་པ་རེད། ངས་ནི་འབྲུག་སྟོང་སྐད་དེས་ཆར་ཐིག་ཙམ་ཡང་བབས་རྒྱུ་མེད་མཁར་ཐན་པ་ཐན་ནག་བཏང་ནས་རྩ་ཆུ་ཞིང་གསུམ་ཚང་མ་སྐམ་འགྲོ་བཞིན་འདུག་དྲན་ཡོད། ཡང་གཅིག་མིན་ན་དྲག་ཆར་བབས་ཡིན་རྒྱུ་རེད། ཡང་ཅིག་མིན་ན་ནམ་དུས་མ་སླེབས་པར་ཆར་བབས་ཡིན་རྒྱུ་རེད། རང་བྱུང་གི་གོད་ཆག་དེ་རྫོགས་མཐའ་མེད་ཡ།
ཆར་ཐིག་ཙམ་ཡང་བབས་རྒྱུ་མེད་པའི་བོད་རང་བཙན་གྱི་ཁ་ཕོ་ཆེའི་འབྲུག་སྒྲ་དེ་ནམ་དུས་ལ་མ་སླེབས་པ་རེད། དབྱར་དུས་ཀྱི་ནམ་ཟླ་ཤར་ཚེ་ཆར་སིམ་སིམ་བབ་ནས་རྩ་ཆུ་ཞིང་གསུམ་རྒྱས་པའི་གཡང་འབོད་ངོ་མ་དེ་ཡིན་པས། ནམ་ཡང་རྟེན་འབྲེལ་དང་སྨོན་འདུན་གང་ལེགས་ཡོད།
ད་ལྟའི་གནས་སྐབས་ནམ་དུས་ལ་སླེབས་མེད་པ་མ་ཟད་ཁ་ཆར་བུ་ཡུག་གིས་རྟ་ལམ་བོང་བུས་བཀག་བསྡད་འདུག། འདི་ནི་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་དྲོ་སྐྱིད་ཉི་མའི་རྨི་ལམ་ལ་རེ་འབོད་བྱེད་མཁན་དག་རེད།
དྲི་གླུ་སེམས་ཀྱི་མདུད་པ།
དཀར་པོ་དུང་གི་ལྕགས་རི་ཅན་པོ། ཁྱོད་ཀྱིས་བཤད་ན་གནས་མཆོག་གང་རེད།
སེར་པོ་གསེར་གྱི་ན་བཟའ་ཅན་པོ། ཁྱོད་ཀྱིས་བཤད་ན་སྐྱེས་བུ་སུ་རེད།
དྲང་མོ་མདའ་ཡི་རང་གཤིས་ཅན་པོ། ཁྱོད་ཀྱིས་བཤད་ན་མི་རྒྱུད་གང་རེད།
འཚེ་མེད་ཞི་བའི་རིང་ལུགས་ཅན་པོ། ཁྱོད་ཀྱིས་དཔྱད་ན་སུ་དང་གང་རེད།
འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། ཁྱོད་ཀྱིས་བཤད་ན་སུ་དང་གང་རེད།
གོང་གསལ་དྲི་གླུ་ལ་ཉན་ལོས་ཡོད། ཅི་འདྲ་སྙན་པོ་འདུག་ཨང།
གླ་ཏེ་ཁྱེད་ཀྱིས་ཀྱང་གླུ་ལན་ཞིག་འབུལ་ན་ཅི་འདྲ་ཞིག་ལེན་ན་འདོད་དམ།
དཀར་པོ་དུང་གི་ལྕགས་རི་ཅན་པོ། ངས་ཀྱིས་བཤད་ན་གནས་མཆོག་གངས་ཅན།
སེར་པོ་གསེར་གྱི་ན་བཟའ་ཅན་པོ། ངས་ཀྱིས་བཤད་ན་གངས་ཅན་མགོན་པོ།
དྲང་མོ་མདའ་ཡི་རང་གཤིས་ཅན་པོ། ངས་ཀྱིས་བཤད་ན་བཙན་པོའི་གདུང་རྒྱུད།
འཚེ་མེད་ཞི་བའི་རིང་ལུགས་ཅན་པོ། ངས་ཀྱིས་བཤད་ན་ཞི་བདེའི་དེད་དཔོན།
འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། ངས་ཀྱིས་ལྟར་ན་བསླུ་མེད་དཀོན་མཆོག།
དྲི་གླུ་ལ་སྙན་ཚོད་ཅིག་མེད་ཀི། འོན་ཀྱང་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ཆབ་སྲིད་ཀྱི་གནད་དོན་ཐད་དད་པ་དང་དག་སྣང་གིས་མི་ཆོག་གིས་ཡ།
གླུ་ལན་དེ་ཨོ་ཙི་རེད་ད། ཧཧ་ཧ་ཧ་་་་་བསྐྱར་ཟློས་གཅིག་དང་་་ངས་ཀྱིས་་་་ཟེར་བ་འདི་གཉིས་མ་གཏོགས།
རེད་ཡ། སེམས་ཚོར་ཙམ་ཡིན་ན་སྔོན་མ་ནས་སངས་ཚར་ཡོད།ཡིན་ན་ཡང་། ང་ལ་མཚོན་ན་རྒྱ་དར་ཕྱར་རྒྱུ་འདི་ཤ་གཏིང་རུས་གཏིང་དུ་འཐིམས་པའི་ན་ཟུག་ཡིན། དེའི་ན་ཟུག་དེ་སྔོན་མ་ང་ཚོའི་སློབ་གྲ༷་འགྲིམས་སྐབས་ཞོགས་པ་རྟག་པར་རྒྱ་དར་དེ་ཡར་ལ་ཕྱར་ནས་མི་འདོད་བཞིན་དུ་གུས་འདུད་ཞུ་དགོས་རེད། སྐབས་དེ་དུས་ང་ཚོ་སུ་ཡིན་ཀྱང་དགའ་བཞིན་སྤྲོ་བཞིན་ཨེ་ཡིན་ན། དེའི་ཕྱིར་རང་དབང་ལུང་པ་ཞིག་ནས་དེ་བས་ཀྱང་ཨ་ཅང་ཅང་འདོད། ཨོ་ཡ དབུ་མའི་ལམ་འདི་ཡང་དག་མོད།། འཐབ་ཚུལ་དེ་འདྲ་ཨ་ཙ་མ།།
ཨོ་རེད།གླུ་དེ་ད་སྙན་ནས་སྙན་ཚོད་ཟིག་མེད་ཀི་ར། རང་དབང་ལུང་པ་འདི་ནས་གླུ་ལན་ཅིག་ད་སླ་མོ་རེད།ས་འདི་ནས་སྐྲག་སྣང་མེད་ཀ ལེན་ཤེས་ན་ག་རེ་ལེན་ལེན་རེད
གླུ་ལན་ལས་སླ་ན་ཕྲིས་ཡ་་་ཁྱོས་ཕྲིས་དང་ཐུབ་བསྟན་ངེད་གཉིས་ཀྱིས་ལེན་ཐག་ཆོད་ཡིན་ད་་་་ཧཧཧཧཧཧ
མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།།
ཚེ་འདི་ཕྱི་གཉིས་ཀྱི་བླ་མ་ཡིན།།
གནས་བྱིན་ལྡན་པོ་ཏ་ལ་རུ་འགྲོ།
བོད་གཞིས་བྱེས་གཉིས་ཀྱི་ཕ་མཁར་ཡིན།།
ཨོ་ལེ་མོ། ངའི་ལེན་ཤེས་ན་ཞེས་བ༷ཤད་ཡོད་ད།ཁྱེད་གཉིས་ཀྱིས་ཅིག་བླངས་དུས་ད་ངའི་གླུ་ལན་བརྫད་འཇོག་ནི་རེད་ཡ ཧཧཧཧཧ
ལན་དུ་བོད་ནས་གོ་ནི་མ་དགོ ཁྱེད་གཉིས་ཀྱི་འཁྲིས་ནས་ར་ཉན་ནི་ཟིག་མེད་ལ།
ཡ་་ཡ་་་ད་ཕྲིས་ར་་ངས་ལེན་མི་ཤེས་ན་ར། འདིའི་ནང་ན་ལྟ་ནི་དང་ལེན་ནི་རེ་ཡང་ཡོད་ན་ཐང་གོ འབྲི་མི་ཤེས་ན་ངས་འབྲི་དགོས། ཁྱོས་ལོངས་ར་་་ཧཧཧཧ
དྲི་གླུ་མདུད་པ་རང་གྲོལ་མ།
དཀར་པོ་དུང་གི་ལྕགས་རི་ཅན་པོ། གནས་མཆོག་གངས་རིའི་ལྗོངས་ཆེན་ལོས་ཡིན།
དྲང་མོ་མདའ་ཡི་རང་གཤིས་ཅན་པོ། ཆོས་ལྡན་མགོ་ནག་བོད་མི་ལོས་ཡིན།
སེར་པོ་གསེར་གྱི་ན་བཟའ་ཅན་པོ། པཎ་ཆེན་སྣང་བ་མཐའ་ཡས་ལོས་ཡིན།
འཚེ་མེད་ཞི་བའི་རིང་ལུགས་ཅན་པོ། ཞི་བདེའི་དེད་དཔོན་མིན་ན་སུ་ཡིན།
འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས། གཉིས་སྨན་དབུ་མའི་ལམ་བཟང་ལོས་ཡིན།
དྲི་གླུ་གཅིག་ལ་དྲི་ལན་གཉིས་གསུམ་ཟིག་དགོ་དོན་མེད་ག དགོ་ན་བྲིས་ན་ར་ཆོག་གི་ར གོང་ནས་ཁྱོད་ལ་བྲིས་དང་ཐ། ངའི་ཕ་ཡུལ་གངས་ཅན་བོད་རེད།། དེའི་བླ་མ་བསྟན་འཛིན་རྒྱ་མཚོ།། གཤིས་དྲང་མོ་གདོང་དམར་བོད་རེད།། ལས་འཚེ་མེད་གངས་རིའི་མགོན་པོ།། སེམས་འགྱུར་མེད་བརྟེན་སའི་མཆོག་གསུམ།། སྐྱབས་བསླུ་མེད་གཞིས་བཞུགས་ཁྱོད་གསུངས།།
འོ་ཡ། ད་བྱས་ན་གླུ་ལན་དྲག་པོ་ཞིག་མི་བསྟེར་ན་ཆབ་ལྷས་སྲིན་བྱའི་སྐད་བརྒྱག་གིས།
དཀར་པོ་དུང་གི་ལྕགས་རི་ཅན་དེ།
རྒྱ་འདྲེའི་ལག་ཏུ་འཇོག་མཁན་སུ་རེད།
སེར་དང་ངུར་མིག་གོས་གྱོན་ཅན་དེ།
མངའ་བདག་ཆེན་པོ་གསུམ་མིན་སུ་རེད།
མི་དྲང་གཞུ་ཡིས་རང་གཤིས་ཅན་པོ།
མགོ་ལུས་རྒྱར་འབུལ་དབུ་མའི་ལམ་ཀྱོག།
འཚེ་མེད་ཞི་བའི་རིང་ལུགས་ཅན་པོ།
ཞི་བདེའི་རྟགས་མས་བོད་སྐྱོབ་མི་ནུས།
འགྱུར་མེད་བརྟན་པའི་སྨོན་འདུན་བྱེད་ས།
བདག་ཉིད་བདག་གི་མགོན་མིན་སུ་གཞན། ཧ་ཧ། གླུ་ལན་སྙན་མོ་ཨེ་བྱུང་ངམ།
འགའ་རེས་སྲིད་སྐྱོང་ཚང་ལ་ངན་སྨྲས་ཡོད་དགུ་འདོན་ཆོག་པ་དང་ང་ཚོས་བསམ་ཚུལ་ཐལཆ་ཏོག་ཙམ་བྱུང་མ་ཐག་བསུབ་རྐྱང་འདིས་གསར་ལམ་ལ་རང་དབང་མེད་ཀི་ཡ། ཡང་ན་སྒེར་གྱིས་དབང་བསྒྱུར་འོག་ཡོད་པ་འདྲ། དེ་མིན་ཅི་རེད།
འདིས་ནས་ལྟ་མི་ཐུབ་ཀི།
ལྟ་མོ་འདི youbube་དྲ་བྱང་ནང་དབྱིན་ཇིའི་སྐད་དུ་ཆི་རེད།
དྲིན་ཅན་པོ།
བཙན་པོའི་སྦྲ་ཁྱིམ།
http://www.youtube.com/watch?v=pjaUXoBzU0c#t=373
རྒྱ་གཞུང་བདུད་ཀྱི་རལ་གྲིས་རང་སྡེའི་འབངས་ཀྱི་མགོའང་གཅོད་ནུས་ན་འོ་སྐོལ་དག་གི་མགོ་ནི་ཚོད་མ་མགོ་ལོག་གཏུབ་ལྟར་ཅིར་མི་ནུས།།
དཔའ་བོ་དཔའ་མོས་རང་གི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་མེ་རུ་སྲེག་ཏེ་དགྲ་ངན་རྒོལ་དུས་ཆབ་བྲག་ཁུག་རྟས་རྒྱ་དར་འཕྱར།།
ཇི་ལྟར་གཏུམ་པོ་གླིང་ཆེན་སྨྱོན་པའི་མཆེ་བ་རྣོན་པོར་འཇིགས་པ་མེད་པར་མཆོངས་ནས་ཀླད་ཞོ་འགེམས་པའི་གཅན་གཟན་རྒྱལ་བོའི་ངང་ཚུལ་བཞིན།།
སྡིག་པའི་དགྲ་ལ་འཇམ་མཉེན་མེ་ཏོག་མ་གཏོར་ལག་གདེང་དམ་པོར་སྦྲེལ་ནས་འཐབ་འཛིང་རྟུལ་ཕོད་མཐའ་འཁྱོལ་བྱེད་པ་རྒྱལ་ཁ་ཀུན་གྱི་གདམས་ངག་ཡིན།།