༼བོད་ཀྱི་གསོ་རིག་ཀུན་འཏུས།༽ཐོག་མར་འགྲེམ་སྤེལ་གནང་བ། Posted on 2012-12-20 By ཁ་བརྡ་ 137 Comments on ༼བོད་ཀྱི་གསོ་རིག་ཀུན་འཏུས།༽ཐོག་མར་འགྲེམ་སྤེལ་གནང་བ། མཁོ་འདོན་པཿ དཀར་མཚོ་སྐྱིད། ཕྱི་ལོ་༢༠༡༢་ལོའི་སྤྱི་ཟླ་༡༢་ཚེས་༡༧་ཉིན་ལ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་བསྡུ་སྒྲིག་བྱས་ཏེ་པར་སྐྲུན་དང་འགྲེམ་སྤེལ་གནང་བའི་༼བོད་ཀྱི་གསོ་རིག་ཀུན་འཏུས།༽་ནི་མིག་སྔར་འཛམ་གླིང་དུ་ཆེས་ཆེ་བའི་བོད་ཀྱི་གསོ་རིག་གི་ཡིག་ཚགས་ཆེན་མོ་ཡིན་པ་དང་། ༼བོད་ཀྱི་གསོ་རིག་ཀུན་བཏུས།༽འདིར་བསྡོམས་པས་པོ་ཏི༦༠་དང་སྤྱིའི་དཀར་ཆག་པོ་ཏི༡། ཡི་གེ་བྱེ་བ་༦་ཡོད། དེའི་ནང་དུ་བོད་ཀྱི་གསོ་རིག་ལོ་རྒྱུས་དང་། གནའ་བོའི་གསོ་རིག་གསུང་འབུམ། གསོ་རིག་རྒྱུད་བཞི། ནད་ཐོག་གསོ་རིག་གསུང་དཔེ། སྨན་རྫས་ངོས་འཛིན། སྨན་རྫས་སྦྱོར་ཐབས་སོགས་བམ་པོ་༨་དང་ལེའུ༧༨། དོན་ཚན་༤༩༢་ཡོད་པས། བོད་ཀྱི་གསོ་རིག་གཞུང་ལུགས་དང་ལག་ལེན་གྱི་ནང་དོན་ཆ་ཚང་འདུས་པའི་གནའ་དཔེ་གྲགས་ཅན་དང་། ཉེ་རབས་དང་དེང་རབས་རང་བཞིན་གྱི་གཞུང་དཔེ་༦༣༨་བསྡུས་ལ། སྤྱི་ལོ་སྔོན་གྱི་དུས་རབས་བདུན་པ་ནས་ད་ལྟའི་བར་ལོ་༢༩༠༠་ལྷག་གི་ཡུན་རིང་གི་ལོ་རྒྱུས་ལྡན་ཡོད། བོད་ཀྱི་གསོ་རིག་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བྱེད་པ་འདི་ནི་བོད་ཀྱི་གསོ་རིག་ཡིག་ཚགས་ཞིབ་འཇུག་གི་གཙོ་གནད་དུ་བཞག་སྟེ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་ལོ་རབས་དགུ་བཅུ་ནས་བཟུང་༼བོད་ཀྱི་གསོ་རིག་ཀུན་བཏུས།༽་རྩོམ་སྒྲིག་གི་བྱ་བའི་མགོ་བརྩམས་ཤིང་། མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན། པེ་ཅིང་སོགས་ས་ཁུལ་དང་གྲོང་ཁྱེར་གྱི་བོད་ཀྱི་གསོ་རིག་ཆེད་མཁས་པ་དང་ཡིག་ཚགས་ཞིབ་འཇུག་རྐང་འཛིན་པས་གྲུབ་པའི་རྩོམ་སྒྲིག་རྒྱུན་ལས་ལྷན་ཚོགས་བཙུགས་པ་དང་། བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་དང་། སི་ཁྲོན་ཞིང་ཆེན་གྱི་མིང་གྲགས་སྨན་པ་བཅུའི་ཡ་གྱལ་མཁས་དབང་བསྟན་ཁོ། བོད་ཀྱི་རྒྱལ་ཡོངས་མིང་གྲགས་གསོ་རིག་མཁས་པ་ཨ་ཁུ་ཉི་མ་བཅས་རིག་གཞུང་བློ་འདྲི་བྱེད་སའི་ཡུལ་དུ་གདན་འདྲེན་ཞུས་ཤིང་། བོད་ཀྱི་གསོ་རིག་ཡིག་ཚགས་ཞིབ་འཇུག་གི་ཆེས་མཐོའི་ཆུ་ཚད་མཚོན་པར་བྱས་རེད། རྩོམ་སྒྲིག་རྒྱུན་ལས་ལྷན་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གཟབ་ནན་གྱི་གནའ་དཔེ་ཡིག་ཚགས་འཚོལ་སྡུད་དང་། ལེགས་སྒྲིག སྒྲིག་རྩོམ་བཅས་ཀྱི་ཇུས་གཞི་གཏན་འཁེལ་གནང་ཞིང་། སྔ་གཞུག་ཏུ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག ཞིན་ཅང་སོགས་ཞིང་ཆེན་དང་ས་ཁུལ་ཁག་དང་། དེ་མིན། དབྱིན་ཇི་དང་། ཨ་རི། དབྱི་ཐ་ལི། རྒྱ་གར། འབྲུག་ཡུལ། བལ་བོ། སོག་ཡུལ། ཨུ་རུ་སུ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ༡༠ལྷག་ལ་བསྐྱོད་དེ། བོད་ཀྱི་གསོ་རིག་གནའ་དཔེ་ཡིག་ཚགས་༡༡༥༠་ལྷག་བསྟུད་མར་འཚོལ་སྡུད་བྱེད་ཐུབ་པ་བྱུང་། དེ་ལས་ཡིག་ཚགས་ཁ་ཤས་ནི་ཐོག་མའི་སྔོག་འདོན་བྱས་པའི་ཆེས་དཀོན་པའི་རིགས་དང་ལེགས་ཤོས་སུ་སྣང་བས་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན་ཡོད་པ་དང་། ༼བོད་ཀྱི་གསོ་རིག་ཀུན་བཏུས།༽་སྒྲིག་རྩོམ་བྱ་བར་རིན་ཐང་ལྡན་པའི་ཡིག་ཆ་མཁོ་སྤྲོད་བྱས། དེ་ཡང་ཡིག་ཚགས་རྟོག་དཔྱོད་དང་། རིག་དབྱེ། འདྲ་བཤུས། སྒྲིག་བཤེར། བཤེར་འབེབས། རྩོམ་སྒྲིག ལེགས་སྒྲིག པར་སྐྲུན་སོགས་ཀྱི་ཉོག་འཛིང་གི་གོ་རིམ་བརྒྱུད་མཐར་གཞི་ནས་པར་བསྐྲུན་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་ཡོད། ༼བོད་ཀྱི་གསོ་རིག་ཀུན་བཏུས།༽་འདི་བོད་ཀྱི་གསོ་རིག་གནའ་དཔེ་ཡིག་ཚགས་འཚོལ་སྡུད་དང་ལེགས་སྒྲིག པར་བསྐྲུན་དང་འགྲེམ་སྤེལ་སོགས་བྱེད་པར་ལོ་ངོ་༢༠་ལྷག་གི་དུས་ཡུན་བརྒྱུད་པ་དང་། སྔ་གཞུག་ཏུ་ཆེད་མཁས་པ་དང་ཤེས་ཡོན་པ་༡༠༠༠་ཡས་མས་ལས་གཞི་འདིར་ཞུགས་ཡོད་པས། བོད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་ཐུན་མོང་གི་ཤེས་རབ་དང་སེམས་ཤུགས་འདུས་ཡོད། ༼བོད་ཀྱི་གསོ་རིག་ཀུན་བཏུས།༽་འདི་པར་བསྐྲུན་དང་འགྲེམ་སྤེལ་བྱས་པ་འདིས། བོད་ཀྱི་གསོ་རིག་ཐད་ཀྱི་རྨང་གཞིའི་ཞིབ་འཇུག་དང་། སློབ་གསོ་ལག་ལེན། ནད་ཐོག་བཀོལ་སྤྱོད། སྨན་རྫས་གསར་བ་ཞིབ་འཇུག་དང་སྔོག་འདོན་བཅས་བྱེད་པར་གཞུང་ལུགས་ཀྱི་རྨང་གཞི་ལེགས་པོ་བཏིངས་ཤིང་། བོད་ཀྱི་གསོ་རིག་གི་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོབ། བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ། མགྱོགས་མྱུར་ངང་བོད་ཀྱི་གསོ་རིག་ཡར་རྒྱས་ལ་སྐུལ་འདེད་དང་གསར་གཏོད་བྱེད་པར་ཕན་རླབས་ཆེན་པོ་ཡོད་པས། འཛམ་གླིང་མི་དམངས་ཀྱི་ལུས་ཕུང་བདེ་ཐང་ཡོང་བ་དང་། བོད་མི་རིགས་ཀྱི་རིག་གཞུང་གི་གནས་བབ་ལ་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་དྲག་ཏུ་གཏོང་བ་བཅས་ལ་དགེ་མཚན་ཆེན་པོ་བསྐྲུན་པ་རེད། གསར་འགྱུར།
བྱ་བཞག་རླབས་ཆེན་རེད། ཞོར་དུ་གནས་ཚུལ་མཁོ་སྤྲོད་པར་ཐུགས་རྗེ་ཆེ་ཞུ། དྲ་འབུ་སྤྲང་ནག་གི་ཚོགས་དེ་རིག་རྒྱུ་མེད་ག
ཐུགས་རྗེ་བཀའ་དྲིན་དཔལ་དུ་ཆེ། གཞིས་ལུས་ཁྱེད་རྣམ་པར་དཀའ་ངལ་ཇི་ཙམ་འཕྲད་རུང་ཞུམ་པ་མེད་པར་སོ་སོའི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་བར་སྙིང་ཐག་པ་ནས་བཀྲིན་ཆེ། བྱེས་འབྱོར་བ་ཚོས་རང་དོན་རྐྱང་རྐྱང་མ་གནང་བར་ཁོང་ཚོའི་བྱས་རྗེས་བཟང་པོར་མིག་ལྟོས་གནང་སྟེ་རང་དབང་ལུང་པའི་མཐུན་རྐྱེན་ལ་ལོངས་སྤྱད་དེ་འབད་བརྩོན་གནང་རོགས།
རླབས་ཆེན་གྱི་བྱ་བར་མཛད་འགན་བཞེས་ཚོས་གངས་རིའི་ར་བའི་ལྗོངས་སུ་འོད་དུ་སྦྲུམ་པའི་ཞབས་རྗེས་ཆེན་མོ་ཞིག་བཀོད་པ་རེད། ཁ་བྲོ་བཀྲིས།
བན་དེ་ལགས། འབུམ་བཞི་ཡོད་ངེས་རེད། སྤྱིར་ན་རྒྱུད་བཞིའི་ནང་དོན་ལས་ལོགས་སུ་འབུམ་བཞི་ཟེར་བ་ཞིག་མེད་ནི་རེད། འོ།་་་་་་་་་་་རླབས་ཆེན་གྱི་བྱ་བ་ཞིག་ལེགས་གྲུབ་བྱུང་བ་རེད། བོད་ཀྱི་ཐུན་མིན་གྱི་རིག་གནས་དེ་ནི་གསོ་བ་རིག་པ་འདི་ཉིད་རེད།
པེ་ཅིང་གིས་གསོས་བསྐྱངས་བྱས་པའི་དེང་དུས་ཀྱི་བོད་རིགས་མཁས་དབང་འདི་ཚོ་ལ་ཁོག་རྒྱ་ཆེ་ཙམ་ཡོད་པའི་བཟོ་ལྟ་ཞིག་དུས་ནས་དུས་སུ་སྟོན་གྱིན་འདུག་གོ། འདིའི་ནང་་་གནའ་བོའི་གསོ་རིག་གསུང་འབུམ་་་་ཞེས་པ་དེ་ང་ཚོའི་དེ་ཡིན་པར་ངེས། བོད་རྨོངས་དད་ཅན་གྱི་གསོ་བ་རིག་པའི་ཕྱི་མོ་དེ་འདིར་བཞག་མེད་ན་་་་བོད་ཀྱི་གསོ་རིག་ཀུན་བཏུས་་་ཟེར་བ་ཡང་་་་་གླུ་ཨ་ལ་ཐ་ལ་འདྲ་པོ་ཆགས་འགྲོ་གོ་རེད་བ། གཞན་ང་ལ་ཁྱད་པར་ཅང་མི་འདུག། །
དཔལ་ལྡན་རྒྱུད་བཞི་བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་ཡིན་ནམ་མིན། རྒྱུད་བཞི་མཛད་པ་པོ་སུ་ཡིན་མིན་དང་། བོད་ལ་གསོ་བ་རིག་པ་དེ་སྔ་ནས་ཡོད་པ་རྨང་གཞིའི་ཐོག་རྒྱ་གར་ནག་སོགས་ཡུལ་གྲུ་གཞན་གྱི་ལེགས་ཆ་རྣམས་ཁ་སྐོང་མཛད་པ་ཡིན་མིན་གསུང་རོགས།
དོན་དག་འདིས་བོད་མི་རིགས་ཀྱི་རྐང་འོག་ཏུ་སྟེགས་བུ་ཁྲི་གང་གི་ཇེ་མཐོར་བཏང་བ་དང་། རིག་གཞུང་སྲོང་སྐྱོབ་ལ་ཟངས་གི་ལྕགས་རི་རིམ་པ་གཅིག་བསྐོར་བ། མི་རིགས་ཀྱི་ཚེ་ཐག་ཇེ་རིང་དུ་བཏང་བ་སོགས་ཀྱི་རང་གར་བསྒྲུབ་དཀའ་བའི་ལས་ཀ་ཅིག་རེད།
ལྟ་མ་ཐུབ་རུང་། བཤམ་ཐུབ་པ་ཙམ་བྱུང་ན་ཡང་འགྲིག་ས་རེད། རང་གི་མྱི་རབས་འདི་ལ་ཡང་ཤུལ་བཞག་འདི་མོ་མཐོང་རྒྱུ་ཡོད་པས་ཡིད་དགའ་བས་སྨྱོས། བྱ་བ་ལམ་ལ་འགྱོ་རྒྱུ་ཆ་བོ།
སྔོན་བྱོན་དམ་པ་རྣམས་ཀྱིས་ལོ་ངོ་ཉིས་སྟོང་དགུ་བརྒྱའི་རིང་ལ་དཀའ་བ་ཁྱད་དུ་བསད་ཅིང་འབད་བརྩོན་གནང་བའི་གསོ་རིག་གི་མཛད་རྗེས་མཐའ་དག་གཞིས་ལུས་ཤེས་ལྡན་པ་དག་གིས་ལོ་ངོ་༢༠་རིང་ལ་བསྡུ་སྒྲིག་མཛད་པ་འདི་ནི་གངས་ཅན་པས་འཛམ་གླིང་ཡོངས་ལ་མངོན་རིན་ཡོད་པའི་གཅེས་ནོར་ཞིག་ཡིན།
ཡིག་ནོར་ཞབས་ཞུ་བ་ལགས། མངོན་ཡིན་རྒྱུ་མ་རེད་པ་ཨ། ངོམ་ཡིན་རྒྱུ་རེད་པ་ཨ། མངོན་ཡིན་པའི་དབང་དུ་གཏང་ན། མངོན་རིན་མེད་པའི་རིག་གཞུང་རྣམས་གང་དང་གང་རེད་ལགས།
གནམ་ལགས། འགྲོ་བ་མིའི་རིགས་ལ་ཕན་རླབས་མེད་པའི་རིག་གཞུང་རྣམས་འཛམ་གླིང་ཡོངས་ལ་མངོན་དུ་གྱུར་བའམ་ཤེས་སུ་འཇུག་པའི་རིན་ཐང་མེད་པ་ཞིག་ཡིན་ནོ། །
གསོ་བ་རིག་པའི་དཔེ་ཆ་མང་པོ་ཛམ་གླིང་ས་གནས་ཡོངས་ནས་བསྡུས་ཏེ། སྤར་པར་རྗེས་སུ་ཡི་རང་དང་། ཞུ་དགོས་པ་ཞིག་ནི། གལ་ཏེ་སྤར་གསར་དུ་སྒྲིག་དགོས་ན། ལུང་པ་སོ་སོའི་ཁ་སྐད་ཀྱི་རྗེས་སུ་ཡི་གེ་རྣམས་མ་བསྒྱུར་དགོས་པ་གལ་ཆེ། ཉེ་དུས་སྤར་པའི་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་དེབ་གཟུགས་མ་སོགས་ན། པ་ཡིག་གི་མིང་མཐའ་གང་ཡོད་བ་ཡིག་ཏུ་བསྒྱུར་པ་དེ། ཡོངས་གྲགས་བོད་ཀྱི་སྐད་ལ་རྩི་བ་རྣམས་ལ་བཀླག་མི་བདེ་བ་ཡོད་པས་མ་མོས་པའི་གཏམ་གླེང་བྱེད་མཁན་མང་ངོ་།།
ཡིག་ནོར་ཞབས་ཞུ་བས་རང་གི་ཡིག་ནོར་ཡིག་ནོར་ཡིན་པར་ཁས་ལེན་འདོད་མི་བྱེད་པ་དེ་ནི་རྗེས་ཕྱོགས་ཡིག་ནོར་ཞབས་ཞུ་ལམ་འགྲོ་མི་རྒྱུགས་པའི་སྔ་བལྟས་རེད། མངོན་རིན་ཡོད་པའི་གཅེས་ནོར་ཟེར་ན་གོ་རྒྱུ་མེད། ངོམ་རིན་ཡོད་པའི་གཅེས་ནོར་ཞེས་བརྗོད་དགོས་པ་ཡིན།
དང་ཐོག་ཕྱོགས་སྒྲིག་གནང་བ་ཙམ་གྱིས་དགའ་བསུ་དང་རྗེས་སུ་ཡི་རང་ཞུའོ། འོནད་ཀྱང་། བདག་གི་རིག་གནས་དགེ་རྒན་ཁོང་གིས། ཡིག་མཁན་ནི་མདོ་བསྟན་བཅོས་ཀྱིས་རྐུ་མ་རེད་ཅེས་པ་ཅིག་གསུངས་པ་དྲན། མདོར་དེད་ན་དེའི་དོན་ནི། ཡིག་མཁན་ཚོས་རང་གི་འཚོ་བིའ་དོན་དུ་ཡི་གེ་གསར་དུ་བྲིས་པ་དག་གི་ནང་ལ་མ་དག་པ་མང་པོ་ཅིག་འོངས་ཙང་ཡིན་པ་རེད། དེང་སང་རང་གཞན་གྱི་རིག་གཞུང་དགའ་བ་དང་ཞེན་པ་དཀར་པོས་བྱས་པ་དང་། ཡང་ན། སྡུག་ས་ནས་བཤད་ན་རྒྱུ་དངོས་ཀྱི་འདུ་ཤེས་ཀྱིས་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་སྤ་སྐྲུན་བཞིན་བྱེད་བཞིན་ཡོད། དེ་གཉིས་གང་ལྟར་ཡང་། མ་ཕྱིའི་ཡི་གེ་རྣམས་སོར་བཞག་དགོས་པ་ནི། ཤིནད་ཏུ་ནས་གལ་ཆེ་བ་ཡིན་ནོ། །
པ་དང་བ་གཉིས་ཀྱི་ཐོང་ཐང་ནི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་སྐད་ལ་གཅིག་གྱུར་དུ་མེད་པ་དང་། སློབ་དཔོན་ཐོན་མིའི་པ་དང་བའི་དགོངས་པ་འགྲེལ་བ་ལའང་བོད་གངས་ཅན་གྱི་མཁས་དབང་རྣམས་ཤིན་ཏུ་མི་མཐུན་པས། ད་དུང་། པ་བ་གཉིས་ཀྱི་ཐོབ་ཐང་གཅིག་གྱུར་ཡོང་བ་ལ་རྒྱང་ཐག་རིང་བོ་ཞིག་གནས་ཡོད། དེ་ཡང་གལ་ཆེ་ཤོས་ནི་བོད་ཀྱི་སྐད་གསར་བཅད་བཞི་བ་ཞིག་གིས་པ་དང་བའི་ཐོབ་ཐང་དང་སྒྲ་གདངས་གཉིས་མདོ་དབུས་ཁམས་གསུམ་གྱི་སྐད་ལ་གཅིག་གྱུར་དུ་གཏན་འབེབས་བྱེད་དགོས།
ཐུ་བ་རྒྱ་མཚོ་ལགས། ཁྱེད་ཀྱིས་ངའི་སྒྲུབ་བྱེད་ཡང་དག་དེ་ཁས་ལེན་བྱེད་ཐུབ་བམ། ཐུབ་ན་བསྒྲུབ་བྱ་དེ་དོན་ལྡན་དུ་གྱུར་ཡོད། མི་ཐུབ་ན་སྒྲུབ་བྱེད་དེ་དགག་དགོས་པ་ཡིན། སྒྲུབ་བྱེད་ཟུར་དུ་བཞག་ནས་བསྒྲུབ་བྱ་བཤད་ནི་མི་ཤེས་པའི་རང་རྟགས་སོ། །
གསར་པ། གསར་བ། གསར་ཤོས། བོད་མདོ་ཁམས་གཉིས་ཀྱི་མཁས་པ་ཚོས་ཚིག་དེ་གསུམ་ལ་དགོངས་པ་གཏད་མ་མྱོངས་བས་རྨོངས་ཙང་། པ་ཐོབ་པར་བ་རང་ཤེད་ཀྱིས་བཅུག་པ་ཡིན་པར་ཤེས་པར་མཛོད་ཅིག བོད་ཀྱི་མཁས་གྲགས་་ཅནཚོ།
ང་ནི་བོད་སྨན་ལ་ཡིད་ཆེས་ལྟ་བུ་གང་ཡང་མེད།་འདིས་ནད་ཅིག་དྲག་གི་འདུག་སྙམ་པ་ཞིག་སེམས་ལ་ཡང་འཁོར་གྱི་མི་འདུག ཤ་གཏུབ་དུས་ལག་པ་ལ་རྨ་བཟོས་ནས་བོད་སྨན་གྱིས་ཅི་བྱེད། ཆམ་པ་ཕོག་ན་བོད་སྨན་གྱིས་ཅི་བྱེད། མགོ་ན་ན་བོད་སྨན་གྱིས་ཅི་བྱེད། ཁྱོད་ཚོད་ཤོད་དང་། སུ་མགོ་ན་ནས་བོད་སྨན་ཟས་ནས་དྲག་སོང་། སུ་ཆམ་པ་ན་ནས་བོད་སྨན་ཟོས་ནས་དྲག་སོང་། སུའི་ལག་པ་ལ་རྨ་བཟོས་དུས་བོད་སྨན་བྱུགས་ནས་དྲག་སོང་། བོད་སྨན་གྱི་འབྱུང་ཁུངས་འདྲ་པོ་གཙོ་བོ་དེ་ནི་རྒྱ་གར་གྱི་ཨཡུར་ཝེ་ཏ་ཟེར་བ་དེ་ཡིན་པར་ཐེ་ཚོམ་མི་འདུག ད་ལྟའི་རྒྱུད་བཞིའི་རྩ་བའི་འགྲོ་སྟངས་འདྲ་པོ་དེ་ནང་པའི་ལྟ་གྲུབ་དང་སྦྱར་ཡོད་པ་རེད། བཀའ་འགྱུར་དུ་བཞུགས་པའི་མདོ་སྡེ་གསེར་འོད་ལས་ཀྱང་ཚེ་ཡི་རིག་བྱེད་མདོར་བསྡུས་ཤིག་ཡོད་པ་བཞིན་བསྟན་འགྱུར་དུ་བཞུགས་པའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་སོགས་ཀྱང་སྤྱི་ཁོགས་གཅིག་མཚུངས་རེད། དེ་བཞིན་རྒྱ་མོ་བཟའ་ཀོང་ཇོས་ཀྱང་སྨན་དཔྱད་ཀྱི་ཡིག་ཆ་འདྲ་པོ་ཁྱེར་ཡོང་ཡོད་ངེས་རེད། བོད་རང་ལ་ཡང་གནའ་ནས་བརྒྱུད་ཡོང་བའི་ལག་ལེན་གྱི་མན་ངག་ལྟ་བུ་ཡོད་ངེས་རེད།
ཐུ་བ་རྒྱ་མཚོ་ལགས། འདོད་མི་བྱེད་པ་དང་། མི་རྒྱུགས། སྔ་བལྟས་བཅས་ཀྱི་གོ་དོན་ག་རེ་ཡིན་ནམ། ཁྱེད་ཀྱིས་བོད་སྐད་ཡང་དག་ཅིག་ཀྱང་བཤད་ཐུབ་ཀྱི་མེད་པ་འདྲ།
ཀརྡོ་གཉེར་ཕྱག་པ་ལགས། པ་ཐོབ་པར་བ་རང་ཤེད་ཀྱིས་བཅུག་པ་ཡིན་པར་ཤེས་པར་མཛོད་ཅིག བོད་ཀྱི་མཁས་གྲགས་ཅན་ཚོ། ཞེས་བྲིས་ཡོད་པ་ལ་བལྟས་ན་ཁྱེད་ཀྱིས་པ་དང་བའི་ཐོབ་ཐང་དང་གོ་དོན་གསལ་བོ་ཤེས་མདོག་བསྟན་ཡོད་པས། དེ་དག་འདིར་སྨྲ་བར་བྱའོ། །
ཀུན་འཏུས། ཀུན་བཏུས། མཁོ་འདོན་པཿ མཁོ་འདོན་པ། ཕྱི་ལོ་ སྤྱི་ལོ། བལ་བོ། བལ་པོ། སྨན་རྫས་གསར་བ་ སྨན་རྫས་གསར་པ། གང་དག་པ་རེད། དག་བཅོས་གནོངས་རོགས།
སྤོབས་པ་མཐའ་ཡས་ལགས། ཁྱེད་རང་བོད་སྨན་ལ་ཡིད་ཆེས་མེད་ཟེར་བ་དང་། འདིས་ནད་ཅིག་དྲག་གི་འདུག་སྙམ་པ་ཞིག་སེམས་ལ་ཡང་འཁོར་གྱི་མི་འདུག་ཟེར་བ་སོགས་ལ་བལྟས་ན་ཁྱེད་ཀྱིས་རང་ཉིད་མི་ཞིག་ཡིན་པར་ཡང་ཡིད་ཆེས་བྱེད་ཀྱི་མ་རེད། དེར་མ་ཟད། བོད་སྨན་གྱི་འབྱུང་ཁུངས་འདྲ་པོ་གཙོ་བོ་དེ་ནི་རྒྱ་གར་གྱི་ཨཡུར་ཝེ་ཏ་ཟེར་བ་དེ་ཡིན་པར་ཐེ་ཚོམ་མི་འདུག ད་ལྟའི་རྒྱུད་བཞིའི་རྩ་བའི་འགྲོ་སྟངས་འདྲ་པོ་དེ་ནང་པའི་ལྟ་གྲུབ་དང་སྦྱར་ཡོད་པ་རེད། བཀའ་འགྱུར་དུ་བཞུགས་པའི་མདོ་སྡེ་གསེར་འོད་ལས་ཀྱང་ཚེ་ཡི་རིག་བྱེད་མདོར་བསྡུས་ཤིག་ཡོད་པ་བཞིན་བསྟན་འགྱུར་དུ་བཞུགས་པའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་སོགས་ཀྱང་སྤྱི་ཁོགས་གཅིག་མཚུངས་རེད། དེ་བཞིན་རྒྱ་མོ་བཟའ་ཀོང་ཇོས་ཀྱང་སྨན་དཔྱད་ཀྱི་ཡིག་ཆ་འདྲ་པོ་ཁྱེར་ཡོང་ཡོད་ངེས་རེད། བོད་རང་ལ་ཡང་གནའ་ནས་བརྒྱུད་ཡོང་བའི་ལག་ལེན་གྱི་མན་ངག་ལྟ་བུ་ཡོད་ངེས་རེད་ཅེས་པའི་རྒྱུ་མཚན་སོགས་ཀྱིས་བོད་སྨན་ཀྱིས་ན་ཚ་སོགས་ལ་མི་ཕན་པར་བཤད་ཀྱི་ཡོད་དམ།
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ལ་འཆད་རྒྱུ་མེད་པར་འུ་ཐུག་ནས་གཤམ་གྱི་འདི་དག་བཀོད་པ་ཡིན་ནམ། པ་བའི་ཐོང་ཐང་དང་གོ་དོན་རྣམས་ཐོན་མིའི་དགོངས་པ་ལྟར་འགྲེལ་བཤད་ཡོད་ན་སྨྲ་བར་བྱ། མེད་ན་མཁས་མདོག་མ་སྟོན་ཅིག ཀུན་འཏུས། ཀུན་བཏུས། མཁོ་འདོན་པཿ མཁོ་འདོན་པ། ཕྱི་ལོ་ སྤྱི་ལོ། བལ་བོ། བལ་པོ། སྨན་རྫས་གསར་བ་ སྨན་རྫས་གསར་པ། གང་དག་པ་རེད། དག་བཅོས་གནོངས་རོགས
དཀར་མཚོ་སྐྱིད་ལགས། བོད་སྨན་གྱི་འབྱུང་ཁུངས་འདྲ་པོ་དེ་ངས་དཔེ་ཀློག་བྱས་ནས་ཤེས་ཁུལ་ཡིན། ནད་ལ་མི་ཕན་པ་དེ་རང་གི་ཉམས་མྱོང་ལས་གྲུབ་པ་ཡིན།
ཡིག་ནོར་ཞབས་ཞུ་བ་ལགས། ཞབས་ཞུ་ཡག་པོ་ཞིག་གནང་གི་མེད་པ་འདྲ། ཉམས་མྱོང་མེད་པའི་སྐྱ་འུར་ཞིག་གི་ལམ་ནས། མྱིང་དེ་འདྲ་ཞིག་ལ་ཞེན་པ་ཤོར་བ་མིན་ནི་ཨ། དེང་སང་ལག་མ་ཡོང་གོང་ལ་ཁ་མང་མང་ཞིག་འདུག། ངའི་ཁ་འདི་ཡང་གཅིག་པ་རེད། བདག་པོ་རྒྱག་ཐུབ་ནིའི་ཁ་ཟིག་མ་རེད། དེའི་ཁུལ་འིས། ང་ཚོ་ལ་དངོས་པར་དུ་ཡིག་ནོར་ཞབས་ཞུ་བ་ཞིག་དགོས་གལ་ཆེ་བས། བྱུང་ན་ཤུགས་རེ་རྒྱག་རོགས་གནང་།
གནམ་ལགས། མིང་ཆེན་པོ་གནམ་ཞེས་བཏགས་ཀྱང་དངོས་སུ་ཡིག་འབྲུ་ཞིག་གི་གོ་དོན་ཙམ་ཡང་མི་ཤེས་པ་ལ་ཞེན་པ་གཏིང་ནས་ལོག འཛིན་གྲྭ་དང་བོར་ཕེབས་ཏེ་དག་ཡིག་བློ་འཛིན་དང་ཚིག་གྲུབ་བཟོ་སྟངས་ལ་འབད་པར་འཚལ།
བྱེས་ཀྱི་སྨན་པ་ཚོའི་སེམས་སུའང་མ་དྲན་པའི་རླབས་ཆེན་གྱི་བྱ་བཞག་ཅིག་གཞིས་ཀྱི་སྨན་པ་ཚོས་གནང་འདུག་པར་བཀའ་དྲིན་དཔག་མེད་ཞུ་བ་ཡིན། ཞོར་དུ་དྲ་གྲོགས་མང་པོ་ཞིག་གིས་རྒྱུད་བཞི་དང་སྨན་བཅོས་སོགས་ཀྱི་སྐོར་ལ་མཆན་བུ་མང་ཙམ་འདུག་ཀྱང་། ལ་ལས་ཕྱོགས་ཙམ་ལས་མ་རྟོགས་པ་དང་ལ་ལས་རང་མཁོ་ན་རྒྱུ་མཚན་དུ་བྱས་འདུག་པས། སྐད་ཆ་དག་ལ་སྙིང་པོ་དེ་ཙམ་མ་མཐོང་ངོ་།།
ལྷག་བསམ་རྣམ་དག་གིས་རླབས་ཆེན་གྱི་ལས་དོན་དེ་ལེགས་གྲུབ་བྱུང་བར་དགའ་བསུ་ཞུ། རང་དབང་ལུང་པར་སྣང་བ་རྒྱ་ཡན་དུ་གྱུར་བའི་སྙུག་ཐོགས་པའམ་དང་མཆན་བུ་བ་མང་པོ་ཞིག་དང་ལྷག་པར་ལ་དྭགས་པ་བློ་བཟང་འཇམ་དཔལ་ཟེར་མཁན་འདིས་ནམ་ཡང་ཞེན་ཁོག་ཅིག་སེམས་ལ་བཟུང་འདུག སྙིང་རེ་རྗེ། ལ་དྭགས་བློ་འཇམ་ལགས། ཁྱོད་ལ་རང་གི་མི་རིགས་དང་རིག་གཞུང་ལ་དེ་འདྲའི་ཤ་ཞེན་ཞིག་ཡོད་ན། དེང་སྐབས་ལ་དྭགས་དང་ཁུ་ནུ། སྤེལ་ཏི། ཟངས་དཀར། གར་ཤ་སོགས་རང་མི་རིགས་ཀྱི་གོམས་སྲོལ་ཉམས་ནས་ཧིན་དྷུའི་གོམས་གཤིས་ནང་འདྲེན་བྱེད་པ། ཆོས་ལུགས་བསྒྱུར་བ། སྐད་ཡིག་ཉམས་པ། གྱོན་ཆས་ཉམས་པ་སོགས་ལུང་པ་དེ་དག་ཏུ་ཉམས་རྒུད་ཀྱི་གནས་ཚུལ་ཞིག་ལས་བཟང་རྟགས་ཅི་ཡང་མཐོང་རྒྱུ་མེད་པས། རང་ས་རང་ཡུལ་ལ་ཤ་ཞེན་རེ་བཟུང་ནས་དེའི་ཐད་ལ་ཕྱག་ལས་རེ་གནང་ཐུབ་ན་ཧ་ཅང་འོས་བབས་ཆེ་བར་སྣང་ངོ་།།
ཡིག་ནོར་ཞབས་ཞུ་བ་ཟེར་བའི་མི་འདིའི་ཚུགས་ཀར་བལྟས་ན་ཡི་གེ་འབྲི་ཀློག་བྱེད་པའི་ལེའུ་དང་པོ་བ་ཞིག་གི་བཟོ་ལྟ་འདུག ཐ་ན་རྒྱུན་སྤྱོད་ཐ་སྙད་སླ་མོ་འདི་དག་ལ་ཡང་གོ་བ་ལོན་ཐུབ་ཀྱིན་མེད་པ་འདྲ། ཁས་ལེན་འདོད་མི་བྱེད་པ་ནི་་་་་་་་་་་ཁས་ལེན་བྱེད་པར་འདོད་པ་མེད་པའི་དོན། ལམ་འགྲོ་མི་རྒྱུགས་པ་ནི་་་་་་་་་་་་་་་་་ལམ་སློང་མི་ཡོང་བའི་དོན། སྔ་བལྟས་ནི་་་་་་་་་་་་་་་་་་་་་་་་་་་་་་་་་འབྱུང་འགྱུར་ཀྱི་ལས་དོན་སྔོན་རྟགས་སུ་ཤར་བའི་དོན། མངོན་ནི་་་་་་་གསལ་པར་གྱུར་པའི་དོན་ཏེ། དཔེར་ན། ནད་པའི་ནད་རྟགས་ལུས་ནས་མངོན། དགའ་བའི་འཛུམ་མདངས་གདོང་ནས་མངོན། བླུན་པོའི་རང་རྟགས་ཕྱི་རུ་མངོན་ལྟ་བུ། ངོམ་ནི་་་་་་་་་་རང་ཉིད་ཀྱི་ཡོན་ཏན་སོགས་གཞན་ལ་ཤེས་སུ་བཅུག་པའི་དོན། དཔེར་ན། མཁས་པས་ཡོན ་ཏན་ངོམ། བྱིས་པས་རྒྱན་གོས་ངོམ། དཔའ་བོས་དཔའ་རྟགས་ངོམ་ལྟ་བུ། ཡིག་ནོར་ཞབས་ཞུ་བས་ཡིག་ནོར་ཉུང་ཙམ་དང་དག་ཡིག་མང་ཙམ་སྦྱོང་དགོས་པར་འདུག
བོད་སྐད་ནང་ལ། དང་པོ། གཉིས་པ། གསུང་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། འཚོ་སྐྱིད་ལགས་ཁྲོང་ཁྲོ་སློང་ཕྱིར་བྲིས་པ་ཡིན། ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་། བོད་སྐད་ནང་ལ་ཡང་འདི་ལྟར་འདུག ཁམས་སྐད་དང་ཨམ་སྐད་ནང་ལ་འདི་ལྟར་མེད་ན་དགོངས་དག་ཞུ་རྒྱུ་ལས་ལྷག་མི་འདུག་གོ །
དཀར་འཚོ་སྐྱིད་ལགས། ད་དུང་དགསོན། ཁང་པ། ལག་པ། རྐང་པ། འགྲམ་པ། ཞིང་པ། རྟ་པ། བྱང་པ། ཤར་པ། ལྷ་ས་པ། གཞིས་ཀ་རྩེ་པ། རྡ་ས་པ། ཨ་རི་པ། ཁམས་པ། མོན་པ། ཆེན་པོ། བལ་པོ། རྩམ་བྲིས་པ། ལྷ་བྲིས་པ། སྒྱུ་རྩལ་པ་སོགས་སོ།
ཐུ་བ་རྒྱ་མཚོ་ལགས། ཁས་ལེན་འདོད་མི་བྱེད་པ་ནི་་་་་་་་་་་ཁས་ལེན་བྱེད་པར་འདོད་པ་མེད་པའི་དོན། ལམ་འགྲོ་མི་རྒྱུགས་པ་ནི་་་་་་་་་་་་་་་་་ལམ་སློང་མི་ཡོང་བའི་དོན། སྔ་བལྟས་ནི་་་་་་་་་་་་་་་་་་་་་་་་་་་་་་་་་འབྱུང་འགྱུར་ཀྱི་ལས་དོན་སྔོན་རྟགས་སུ་ཤར་བའི་དོན། ཞེས་སོགས་འགྲེལ་བཤད་བྱས་ཡོད་པ་བལྟས་ན་རང་གིས་བྲིས་པ་རང་གིས་ཤེས་ཀྱི་མེད་པའི་བླུན་རྟགས་ཁོ་ན་རེད། ཁས་ལེན་འདོད་མི་བྱེད་པ་ཟེར་བ་ཞིག་བོད་ཀྱི་མཁས་དབང་སུའི་གསུང་རེད། ཁྱེད་ཀྱིས་མ་ཤེས་པའི་རྟོག་བཟོ་རེད། མི་རྒྱུགས་པ་ཞེས་པའི་རྒྱུགས་དེ་དུས་གསུམ་ལས་གང་ཞིག་ཡིན་ནམ། ཡིག་ནོར་ཡིན་པར་མི་ཤེས་པར་ད་དུང་འགྲེལ་བཤད་བྱས་ཁུལ་ལ་བལྟས་ན་བླུན་པོ་ཡིན་པར་གསལ་བར་མངོན་ཡོད། སྔ་བསྟས་ཀྱི་ཚིག་གི་དག་ཆ་ཙམ་ཡང་མི་ཤེས་པར་ད་དུང་བསྐྱར་དུ་བྲིས་ཏེ་ཨུ་ཚུགས་བརྒྱབ་པ་ལ་བལྟས་ན། དེ་བས་ཀྱང་བླུན་རྟགས་གསལ་བོར་མངོན་འདུག མངོན་དང་ངོམ་གཉིས་ཀྱི་ཁྱད་པར་ཅི་ཡང་མི་ཤེས་པར་རང་གིས་རང་ལ་འགྲེལ་བཤད་བྱེད་དགོས་པའི་ཐབས་སྡུག་གི་ལས་ལ་མི་བརྩོན་པར་ཞུ། བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་དགོངས་དོན་དང་མཐུན་པར་བྱེད་འདོད་ན་ཡང་དག་པའི་ལམ་ལ་ཞུགས་ཏེ་རིགས་པའི་ཐབས་ཤེས་ལ་འབད་པར་མཛོད།
སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱིས་བོད་སྨན་གྱིས་ནད་ལ་མི་ཕན་ཟེར་བ་དེ་མཐར་ཐུག་ན་ཁྱོད་ཀྱི་ནད་ལ་མི་ཕན་ཟེར་བ་དེ་རེད། བོད་སྨན་གྱིས་ཁྱོད་ཀྱི་ནད་དང་། ཁྱོད་ཀྱི་ཆམ་པ་སོགས་ལ་མི་ཕན་ན་གཞན་གྱི་ནད་ལ་མི་ཕན་པའི་ངེས་པ་མེད་པ་དང་། གཞན་གྱི་ནད་ཡིན་ན་ཁྱོད་ཀྱི་ནད་ཡིན་པའི་ངེས་པ་མེད་པའི་གནད་དེ་གོ་བར་གྱིས་ཤིག
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ཀྱིས་རང་གི་མིང་ཡང་ཡག་པོ་ཞིག་འབྲི་ཐུབ་ཀྱི་མེད་པ་ལ། ད་དུང་པ་བ་གཉིས་ཀྱི་ཁྱད་པར་ལ་དེ་དང་འབྲེལ་མེད་དོན་གཞན་གྱི་ལུང་སྐད་གཅིག་བུ་སྨྲས་པས་ཕན་ཐོགས་ག་ལ་བྱུང་། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་ལྟར་གང་ཡང་འཆད་རྒྱུ་མེད་པར་ཕལ་སྐད་ལུང་འདྲེན་བྱས་པས་ཅི་ལ་ཕན། ཁྱེད་ཀྱིས་བོད་ཀྱི་སུམ་རྟགས་ཀྱི་བྱེད་འབྲེལ་ཙམ་གྱི་ཁྱད་པར་ཡང་ཤེས་ཀྱི་མེད་པ་ནི་འདི་ལྟར། ༼ ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་།༽ ཁྱེད་ཀྱི་དགེ་རྒན་གྱིས་དེ་ལྟར་བསླབས་པ་ཡིན་ན་ཁྱེད་ཀྱི་དགེ་རྒན་དེ་ཡང་ཁྱེད་རང་ནང་བཞིན་སུམ་རྟགས་ཀྱི་བྱེད་འབྲེལ་དང་པ་བ་སོགས་ཀྱི་གོ་དོན་མི་ཤེས་པ་ཞིག་ཡིན་པར་ངེས།
ཡིན་ནོར་ཞབས་ཞུ་བ་འདིས། བལྟས་བལྟས་རིག་རིག་མེད་པར་ངོ་འབོག་གོན་གི། སྔ་ལྟས་འི་ལྟས་ནི། ལ་ཏ་བཏགས་ལྟ་ས་བཞག་ལྟས་མ་རེད་ནེ།
གནམ་ལགས། མི་ཤེས་ན་མི་ལ་དྲིས། །མི་རིག་ན་སྒང་ལ་བུད། །ཅེས་པ་ལྟར། མི་ཤེས་ན་མི་ལ་དྲིས་ཤིག བལྟས་ནི་མིག་གིས་བལྟས་པའི་དོན་ཡིན། སྔ་ལྟས་ཀྱི་ལྟས་ནི་ལྟས་ཡིན། ད་ཧ་གོ་སོང་ངམ། མི་ཤེས་ན་སློབ་སྦྱོང་བྱོས།
༢༨༽ ཀརྡོ་གཉེར་ཕྱག་པ་ནས། སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༡ གི་ཆུ་ཚོད་ ༣ སྐར་མ་ ༠༥ ཀུན་འཏུས། ཀུན་བཏུས། མཁོ་འདོན་པཿ མཁོ་འདོན་པ། ཕྱི་ལོ་ སྤྱི་ལོ། བལ་བོ། བལ་པོ། སྨན་རྫས་གསར་བ་ སྨན་རྫས་གསར་པ། འདི་ལྟར་རང་རེའི་སྟོད་མངའ་རིས་སྐོར། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ཡུལ་དང་། བོད་ཀྱི་ཉེ་ལོགས་ཀྱི་ཡུལ་གྲུ་རྣམས་ལ་ཁྱབ་པ་རང་རེའི་རྣམ་པར་འདྲེན་ཆེན་པོས་ཡང་དང་ཡང་དུ་ཀློག་དགོས་པར་བསྐུལ་པའི་བཀའ་བསྟན་གསུང་འབུམ་རྣམས་ན་ཡོད་པའི་དག་ཆ་ལྟར་འདུག་པས་དགའ་བསུ་དང་། དཀར་མཚོ་སྐྱིད་ལེགས་ཀྱིས། ༼པ་དང་བ་གཉིས་ཀྱི་ཐོང་ཐང་ནི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་སྐད་ལ་གཅིག་གྱུར་དུ་མེད་པ་༽ཞེས་འདི་ལྟར་བྲིས་པ་ཁ་སྐད་ལ་བདེན་ཀྱང་། རང་རེ་རྣམས་ཀྱིས་ཁ་སྐད་མ་ཡིན་པར་ཡིག་སྐད་དམ། ཆོས་སྐད་དམ། རིག་གཞུང་སྐད་གཙོ་བོར་བྱེད་དགོས། སྐད་གསར་བཅད་ཀྱི་རྗེས་ཀྱི་བཀའ་བསྟན་སོགས་ཀྱི་སྐད་ལ་རྩིས་མེད་པར་དིང་སང་ཡོངས་ཁྱབ་ཀྱི་རིག་གཞུང་སྐད་མ་བྱུང་གོང་གི་སློབ་དཔོན་ཐོན་མིའི་དགོངས་པ་དང་བསྟུན་དགོས་པ་ནི་འོས་སུ་མ་མཐོང་། དཔེར་ན། ནས་ཞེས་པའི་སྒྲ་དེ་བོད་སྐད་བརྡ་སྤྲོད་གསར་དུ་སྦྱོང་མཁན་ཞིག་ལ་འདི་ལྟར་བརྡ་སྤྲོད་དགོས་པར་མཐོང་། ནས་ཞེས་པའི་སྒྲ་མིང་དང་ཕྲད་གཉིས་སུ་དབྱེ། ནས་ནས་རྡོ་བ་བསལ། ཅེས་པའི་བརྗོད་པ་དེ་ན། ནས་དང་པོ་མིང་ཚིག་དང་གཉིས་པ་དེ་རྣམ་དབྱེ་ལྔ་པ་འབྱུང་ཁུངས་དང་། ནས་ནས་རྡོ་བ་བསལ་ནས་ནས་རྔོད། ཅེས་པའི་ནས་སྒྲ་གསུམ་པ་དེ་ལྷག་བཅས་ལ་འཇུག་པ་ཡིན། ཞེས་པ་ལྟར་བརྡ་སྤྲོད་སྦྱོང་མཁན་གསར་བུ་པ་དག་ལ་དེ་ལྟར་སློབ་དགོས་པ་མ་གཏོགས་དེ་ལ་ཐོན་མིའི་དགོངས་པ་ཞིག་བཙལ་དགོས་ན་ཡུན་རིང་འབད་ཀྱང་རྙེད་དཀའ། ཞེས་སོ།།
ཡིག་ནོར་ཞབས་ཞུ་བ། ཁྱོས་བཤད་དང་ནི་ཤིག་འདྲ་ཞིག་མེད་ཀི། བསྟན་དང་ནི་རྟུག་ཙམ་ཞིག་མེད་ཀི། བདེ་མོ་བྱས། ཕྱིར་ལ་ཡོང་གི་ཡིན།
ངོ་མ་ཁྱོད་ཚོ་ཆམ་པ་ན་དུས་བོད་སྨན་གྱིས་དེ་དྲག་སྐྱེད་ཡོང་བའི་ཡིད་ཆེས་ཡོད་དམ། ང་ལ་ནི་མེད། བོད་སྨན་གྱི་ཆམ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། ཤ་གཏུབ་དུས་ལག་པ་ལ་རྨ་བཟོས་ན་བོད་སྨན་བྱུགས་ན་དྲག་པའི་ཡིད་ཆེད་ཡོད་དམ། ང་ལ་ནི་མེད། བོད་སྨན་གའཡི་རྨ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། མགོ་ན་ན་བོད་སྨན་གྱིས་དྲག་པའི་ཡིད་ཆེས་ཡོད་དམ། ང་ལ་ནི་མེད། བོད་སྨན་མགོ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། བོད་སྨན་གྱིས་ཅིག་དྲག་གི་འདུག་ཟེར་བ་དེ་རྨོངས་དད་རེད། ཀླད་རྙིང་རེད། འཁྲུལ་སྣང་རེད།
སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱིས་གཤམ་གྱི་སྐད་ཆ་འདི་དག་ལ་བལྟས་ན། བོད་ཡིག་ཅིག་དང་རྒྱུ་མཚན་ཡང་དག་ཅིག་ཀྱང་འབྲི་ཤེས་ཀྱི་མི་འདུག ༼ངོ་མ་ཁྱོད་ཚོ་ཆམ་པ་ན་དུས་བོད་སྨན་གྱིས་དེ་དྲག་སྐྱེད་ཡོང་བའི་ཡིད་ཆེས་ཡོད་དམ། ང་ལ་ནི་མེད། བོད་སྨན་གྱི་ཆམ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། ཤ་གཏུབ་དུས་ལག་པ་ལ་རྨ་བཟོས་ན་བོད་སྨན་བྱུགས་ན་དྲག་པའི་ཡིད་ཆེད་ཡོད་དམ། ང་ལ་ནི་མེད། བོད་སྨན་གའཡི་རྨ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། མགོ་ན་ན་བོད་སྨན་གྱིས་དྲག་པའི་ཡིད་ཆེས་ཡོད་དམ། ང་ལ་ནི་མེད། བོད་སྨན་མགོ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། བོད་སྨན་གྱིས་ཅིག་དྲག་གི་འདུག་ཟེར་བ་དེ་རྨོངས་དད་རེད། ཀླད་རྙིང་རེད། འཁྲུལ་སྣང་རེད།༽ ཁྱོད་ལ་ཡིད་ཆེས་མེད་པ་དང་། ཁྱོད་ཀྱིས་གོ་མ་མྱོང་བ་དག་རྒྱུ་མཚན་དུ་བྱས་ནས་གཞན་ལ་ཡིད་ཆེས་མེད་པར་བསྒྲུབ་ཐུབ་བམ། གོང་དུ་ངས་ཁྱོད་ལ་བཤད་པ་ལྟར་དུ། ཁྱོད་ཀྱིས་བོད་སྨན་གྱིས་ནད་ལ་མི་ཕན་ཟེར་བ་དེ་མཐར་ཐུག་ན་ཁྱོད་ཀྱི་ནད་ལ་མི་ཕན་ཟེར་བ་དེ་རེད། བོད་སྨན་གྱིས་ཁྱོད་ཀྱི་ནད་དང་། ཁྱོད་ཀྱི་ཆམ་པ་སོགས་ལ་མི་ཕན་ན་གཞན་གྱི་ནད་ལ་མི་ཕན་པའི་ངེས་པ་མེད་པ་དང་། གཞན་གྱི་ནད་ཡིན་ན་ཁྱོད་ཀྱི་ནད་ཡིན་པའི་ངེས་པ་མེད་པའི་གནད་དེ་གོ་བར་གྱིས་ཤིག་ཅེས་པ་སོགས་ཀྱི་དོན་མ་གོ་བར་ད་དུང་འབྲི་ཁུལ་བྱས་པའི་བླུན་རྟགས་ལ་ལྟོས་དང་།
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་བཤད་པ་ལྟར་དུ་རྒྱུ་མཚན་འདི་ལྟར་དུ་བཀོད་ན། སྤོབས་པ་མཐའ་ཡས་ཟེར་བ་དེ་རྨོངས་དད་ཅན་དང་། ཀླད་རྙིང་ཅན། འཁྲུལ་སྣང་ཅན། བླུན་རྟགས་ཅན་ཡིན་ཏེ། ངས་དེ་ལྟར་དུ་འདོད་པའི་ཕྱིར་ཟེར་ན། ཁྱེད་ཀྱིས་ལན་ཅི་ལྟར་དུ་གདབ་བམ།
སངས་རྒྱས་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །བོད་སྨན་གྱིས། རླུང་འཁྲིས་བད་ཀན་གསུམ་པོ་གང་རུང་དང་། ་བསྡུས་པའི་ནད་ལ་ཡང་ཕན་པར་གསུངས་པ་དང་། བད་ཀན་གྱི་ནད་ལ་ཕན་བགྱིད་ཡོད་པ་ནི། ང་རང་རང་ལ་ཉམས་མྱོང་ཚད་མ་ཡོད་ལགས།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་ཐོན་མིའི་དགོངས་པ་དང་མ་བསྟུན་པར་རང་གིས་གསར་བཏོད་བྱས་པ་ཡིན་ཟེར་བ་ནི་ཅི་ཡང་མི་ཤེས་པའི་རང་གཤིས་ངོ་མ་དེ་མངོན་འདུག ཀུན་འཏུས། ཀུན་བཏུས། མཁོ་འདོན་པཿ མཁོ་འདོན་པ། ཕྱི་ལོ། སྤྱི་ལོ། བལ་བོ། བལ་པོ། སྨན་རྫས་གསར་བ། སྨན་རྫས་གསར་པ་རྣམས་གང་ཞིག་ཡང་དག་ཡིན་མིན་མི་ཤེས་པར་དེ་དག་བཀའ་བསྟན་གསུང་འབུམ་ན་འདུག་པས་དགའ་བསུ་ཞེས་པའི་སྨྱོ་བཤད་དེ་གང་ཞིག་ཡིན་ནམ། བཀའ་བསྟན་ན་དེ་དག་གང་ཞིག་ཡང་དག་ཡིན་པའི་དབྱེ་བ་སྟོན་ཅིག གཤམ་དུ་ཁྱེད་ཀྱི་འདི་ལྟར་བཀོད་འདུག ༼སྐད་གསར་བཅད་ཀྱི་རྗེས་ཀྱི་བཀའ་བསྟན་སོགས་ཀྱི་སྐད་ལ་རྩིས་མེད་པར་དིང་སང་ཡོངས་ཁྱབ་ཀྱི་རིག་གཞུང་སྐད་མ་བྱུང་གོང་གི་སློབ་དཔོན་ཐོན་མིའི་དགོངས་པ་དང་བསྟུན་དགོས་པ་ནི་འོས་སུ་མ་མཐོང་། ཞེས་པའི་གོ་དོན་ག་རེ་ཡིན་ནམ། ཕལ་ཆེར་ཁྱེད་ཀྱིས་བོད་ཡིག་འབྲི་ཤེས་ཀྱི་མེད་པ་འདྲ། ནས་ཞེས་པའི་སྒྲ་དེ་མིང་དང་རྣམ་དབྱེ་གཉིས་ལ་འཇུག་པ་མེད་ཟེར་བ་དེ་སུ་ཡིན་ནམ། ཁྱེད་ཀྱིས་ནས་ཞེས་པའི་སྒྲ་སློབ་ཁྲིད་བྱེད་ཀྱི་འདུག རང་གིས་རང་ལ་སློབ་ཁྲིད་བྱེད་ཀྱི་ཡོད་པ་འདྲ། ནས་ཞེས་པའི་སྒྲ་མིང་དང། རྣམ་དབྱེ། ཕྲད་བཅས་ལ་འཇུག་པ་ནི་ཐོན་མིའི་དགོངས་པ་མིན་པ་ནི་ཁྱེད་ཀྱིས་ཅི་ལྟར་ཤེས་བྱུང་ངམ། བླུན་རྟགས་མ་སྟོན་ཅིག
སྤོབས་པ་མཐའ་ཡས་ལ་བོད་སྨན་གྱིས་ཕན་མིན་མ་ཤེས།འོན་ཀྱང་།ང་རང་ལ་ནད་ཁ་ཤས་ཐོག་ཧ་ཅང་ཕན་པོ་འདུག ཁ་ཤས་ལ་ཕན་གྱི་མི་འདུག་མོད་ཕལ་ཆེར་སྨན་པས་ནད་ངོས་ཟིན་མིན་ཡང་ཡིན་སྲིད་པ་རེད།འོན་ཀྱང་།བོད་སྨན་ལ་ཕྱི་ལུགས་སྨན་ལྟར་གཟུགས་པོར་གནོད་སྐྱེལ་བའི་ཉེན་ད་སྔ་སོ་སོའི་ཉམས་མྱོང་སྟེང་གཏན་ནས་བྱུང་མ་སོང་། ང་རང་གི་གྲོགས་པོ་ནད་པ་མང་པོ་ཅིག་རྒྱ་གར་ནག་དང་ཕྱི་རྒྱལ་གྱི་སྨན་ཁང་གང་ཡག་ཏུ་སོང་ཡང་ཅི་གང་མི་ཕན་པར་བོད་སྨན་གྱིས་དྲག་བསྐྱེད་བྱུང་བ་དེ་འདྲའང་དངོས་སུ་ཡོད།ཐེངས་མ་གཅིག་ཨ་རིའི་ཨེ་བྷེ་སི་ནོས་སེ་ནས་དངོས་བྱུང་གློག་བརྙན་ཅིག་བཟོས་ཡོད་པའི་ནང་།ཨ་རིའི་རྒན་མོ་འབྲས་སྐྲན་གྱི་ན་ཚ་བྱུང་སྟེ་ནུབ་ཕྱོགས་སྨན་པ་ཚོས་ཟླ་ཁ་ཤས་རྗེས་ནས་འཆི་རྒྱུར་ཐག་ཆོད་པ་གསུམ།སྐུའི་བླ་སྨན་པ་ཡེ་ཤེས་དོན་ལྡན་གྱིས་བོད་སྨན་གྱི་སྨན་བཅོས་བྱས་ཏེ་སངས་དྲག་ཏུ་གྱུར་ཡོད་པར་ཨ་རིའི་སྨན་པ་ཚོ་ཧང་སངས་འདུག།བརྙན་འཁོར་བོད་གཞུང་གི་དྲིལ་བསྒྲགས་སྡེ་ཚན་ན་ཡོད་པ་རེད། དེ་ནས་སྤོབས་པ་ལགས་སུ་ཆམ་རིམ་ན་ཚེ་སྤང་བརྒྱན་བཅོ་དང་ཚ་བ་འཕར་ན་འཕྲུལ་ཐང་འདྲ་བོ།མགོ་ན་བར་རྒྱུ་རྐྱེན་མང་པོ་ཡོད་པས་མཁྲིས་པའི་རིགས་ལ་གཡུ་རྙིང་དང་གྲིབ་རིགས་ལ་བྱུར་དམར་།རྩ་དཀར་གྱིས་མགོ་ན་བར་རཏྣ་བསམ་འཕེལ་ལྟ་བུ་འཐུང་དང་ཕན་སྲིད་པ་རེད། ང་རང་ངོ་ཤེས་ཕྱི་རྒྱལ་བ་གཟའ་ནད་དང་རླུང་རིགས་ཀྱི་ནད།རྩ་དཀར་དང་མཁྲིས་པ།གྲིབ་ནད་རིགས་ཀྱི་ནད་སོགས་ཡོད་པ་མང་པོ་ཅིག་བོད་སྨན་ཁོ་ན་བརྟེན་ནས་ཡར་བསྐྱེད་ཡོང་གི་འདུག་མ་གཏོགས།ནུབ་ཕྱོགས་ཀྱི་དེང་རབས་སྨན་གཞུང་ནང་ནད་དེ་རིགས་ལ་སྨན་ཁོ་རང་མི་འདུག་པས།ནད་དེ་ཚོ་མང་པོ་ཅིག་འཕྲུལ་ཆས་ཀྱིས་ངོས་འཛིན་ཡང་ཐུབ་ཀྱི་མི་འདུག འདི་ཚོ་གང་བྱུང་ཨོལ་ཚོད་ཀྱིས་བཤད་པ་མིན་པར་སྨན་ཁང་སྙན་གྲགས་ཆེ་རུ་ཆེ་ཚད་ནས་ཉམས་མྱོང་དངོས་སུ་མཐོང་བ་ཁག་ཡིན་ལགས། འོན་ཀྱང་།ཛ་དྲག་མྱུར་སྐྱོབ་དང་གཤའ་བཅོས་ཆེ་ཆུང་གི་རིགས།རྨ་བཅོས་སོགས་མང་པོ་ཅིག་དེང་རབས་སྨན་དེ་བོད་སྨན་ལས་བརྒྱ་འགྱུར་གྱིས་བཟང་བོ་ཡོད་པའང་བདེན་པ་རེད།གང་ལྟར་གཉིས་ཀ་ལ་ཁྱད་ཆོས་རེ་རེ་འདུག
ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་།༽ འདིར་ངའི་ཞེས་པར་ངས་ཞེས་བྲིས་པ་ལྟར་དུ། གཞན་དག་ལ་ཡང་བྱུང་ངེས། ངས་ལོ་ངོ་དྲུག་ཅུ་ཙམ་ལྷག་སྔོན་དུ། གཙང་བཀྲ་ཤིས་ལྷུན་པོར་ལ་དྭགས་སྟོད་ནས་ཕེབས་པའི་མཁས་པ་ཆེན་པོ་ཞིག་གིས་རྒྱ་སྤྲུལ་རིན་པོ་ཆེ་ལ་བཀའ་དྲིན་གསོལ་འདེབས་ཤིག་བརྩམས་པའི་སྤར་ཤིང་དེ་ཆོས་སྒྲོགས་པར་ཕྱིན་པའི་སྦྱིན་བདག་བཀྲས་མཐོང་བྲང་ཁང་ན་མཐོང་། དཔེ་ཆའི་མཚན་བྱང་ན། དཔལ་ལྡན་བླ་མའི་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་པར་དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་འཁོད་ཀྱང་། ནོར་འདུག་བསམ་པ་ལས་གཞན་ཅི་བྱེད་ཐུབ། དེས་ན་ཡི་གེ་དག་པར་སྔོན་འཇུག་དང་། ར་མགོ་ལ་མགོ་ས་མགོ་རྣམས་ཀྱི་སྒྲ་གདངས་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་བདག་གིས་ལག་ལེན་ལ་སྟར། ཀོ་ལམ་བི་ཡི་སློབ་གྲྭ་ཆེན་མོར་བོད་རིག་གཞུང་སྐད་(Classical Tibetan) སློབ་པ་ན་གནའ་བོའི་འབོད་ཚུལ་བཞིན་སློབ་པ་ལ་ལ་དྭགས་པའི་འབོད་ཚུལ་ཞེས་ཡོངས་གྲགས་གྱུར་པ་ན། ལ་དྭགས་ཀྱི་འབོད་ཚུལ་མ་ཡིན། བོད་གནའ་བོའི་འབོད་ཚུལ་ཡིན་ཞེས་ཡང་དང་ཡང་དུ་བཤད་དགོས་བྱུང་། དེས་ན་ཚང་མས་སྦྱོར་ཀློག་སློབ་པ་ན། གནའ་བོའི་འབོད་ཚུལ་འདི་བསོད་ནམས་རྩེ་མོས་གསུངས་པ་ལྟར་ཕྲུ་གུ་དག་ལ་ལོ་གསུམ་བཞི་རིང་ཀློག་ཏུ་བཅུག་ན། བོད་ཡིག་དག་ཆ་ལེགས་པར་འབྱུང་ངེས། བོད་ཀྱི་ཡི་གེ་ཐོབ་སྟངས་བཞིན་དུ་ཨིན་ཡིག་འབྲི་བ་(transliteration) ངས་ཞེས་པ་དང་ངའི་ཞེས་པ་དག་གི་transliteration/ ngas/ nga’i བོད་ཡིག་གཏན་ནས་ཀློག་མ་མྱོང་བ་ཞིག་ལ་ཀློག་ཏུ་བཅུག་ན།དེ་ཡིས་གནའ་བོའི་འབོད་ཚུལ་ཇི་ལྟ་བ་བཞིན་དུ་ཀློག་སྟེ། ལ་དྭགས་གཤམ་ཕྱོགས་པ། མུ་སུལ་མན་ཀུན་གྱིས་ཕྱག་བྱས་པ་་ལ། phyag byas pa ཞེས་དང་། བོད་ཤར་ཕྱོགས་རྒྱ་ནག་ས་མཚམས་ན། སྐྲ་ལ། skra ཞེས་འབོད་པ་༢༠༠༦ ལ་ཨ་བླ་དོར་ཞི་ནས་ཐོས་སོ།།
ནམ་རྒྱུན་ངས་སྤོབས་པ་མཐའ་ཡས་འདི་མཐོང་ཐོས་ཆེ་ཞིང་བདེན་པ་དང་རྒྱུ་མཚན་ལ་འཇུ་བའི་མི་བུ་མིག་ལྟོས་བྱེད་ས་ཞིག་ཏུ་བརྩི་བཞིན་ཡོད། འོན་ཀྱང་དེ་རིང་རྨོངས་རྟགས་མང་པོ་ཞིག་དམར་རྗེན་དུ་བཏོན་འདུག ད་དུང་ཨུ་ཚུགས་ཀྱང་མང་ཙམ་བྱས་འདུག རང་རེ་བོད་ཀྱི་སྨན་གཞུང་ནི་གཞུང་ལུགས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན། ཚན་རིག་རང་བཞིན་དང་ནང་ཆོས་ཀྱི་རང་བཞིན་བཅས་ཆེས་ཕུན་སུམ་ཚོགས་པའི་གཞུང་ལུགས་ཤིག་ཡིན། ལག་ལེན་རང་བཞིན་ལ་མཚོན་ན་མན་རྒྱུད་ནང་སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་ཀྱི་ལུས་ཀྱི་ཆ་ཤས་རེ་རེའི་ནད་ཀྱི་རྒྱུ་དང་རྐྱེན་རྟགས་དང་བཅོས་ཐབས་བཅས་མ་ཚང་མེད་པར་རེ་རེ་ནས་གསུངས་ཡོད། གཉེན་པོ་དེ་དག་ཐམས་ཅད་ཀྱང་ཕྱི་རྒྱུད་དུ་ཐང་ཕྱེ་མ་རིལ་བུ་ལྡེ་གུ་སྨན་མར་ཐལ་སྨན་སོགས་ཞི་བྱེད་ཀྱི་སྦྱོར་བ་བཅུ་དང་། བཤལ་སྐྱུག་སྣ་སྨན་སོགས་སྦྱོང་བྱེད་ཀྱི་སྦྱོར་བ་བདུན་དང་། གཏར་བསྲེག་དུགས་ལུམས་སོགས་དཔྱད་ཀྱི་གཉེན་པོ་དྲུག་བཅས་ཀྱི་སྒོ་ནས་ལག་ལེན་དུ་བསྡུས་ནས་བསྟན་ཡོད། དེ་དག་ལག་ལེན་དུ་བྱེད་བཞིན་པའི་རང་རེ་བོད་ཀྱི་སྨན་པ་ཚོས་དེང་རབས་བཅོས་དཀའ་བའི་ནད་གཞི་མང་པོ་ཞིག་དངོས་སུ་བཅོས་ནས་ནད་བདེ་བའི་དཔལ་ལ་བཀོད་པ་མངོན་སུམ་ཡིན་ན། ཆམ་པ་དང་མགོ་ནད་ཙམ་ལ་སྨོས་ཅི་དགོས་སོ།། འོན་ཀྱང་གང་ཟག་འགའ་ཞིག་ལ་བོད་སྨན་གྱིས་མི་ཕན་པ་དང་། ཡང་རེ་འགའ་ལ་ཕྱི་ལུགས་སྨན་གྱིས་མི་ཕན་པ་ཡང་ཡོད་པས། རང་ལ་མ་ཕན་པ་ཙམ་གྱིས་མེད་པར་སྨྲ་མི་རུང་ངོ་།།
བྱང་ཆུབ་ལམ་རིམ་ནང་སྨན་པ་མཁས་པ་གལ་ཆེན་པོ་གསུང་གི་འདུག །སྨན་པ་མཁས་པས་ནད་པ་ལ་སྨན་གང་འདྲ་དགོས་ཀྱི་ཡོད་མེད་སྔོན་ལ་ནད་པའི་ནད་ངོས་ཟིན་པ་གལ་ཆེན་པོ་རེད། དེ་བཞིན་དུ་སྟོན་པས་ཀྱང་གདུལ་བྱའི་ཁམས་དང་བསམ་པ་ལ་བརྟེན་ནས་ཆོས་གསུངས་པ་རེད། ཆོས་ཉན་པའི་སྣོད་རུང་བརྟག་དགོས་པ་རེད། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།།གཡུ་ཐོག་སྨན་པ་ལྟ་བུ་གྲགས་ཅན་དེ་ཚོས་ནད་གསོའི་ཕན་འདོགས་ཀྱི་ལག་ལེན་དང་ཕན་སེམས་བཟང་པོ་ཡོད་པ་གཉིས་ཀའི་ཐོག་ནས་ཕན་ཐོགས་རྒྱ་ཆེར་བྱུང་བ་རྣམ་ཐར་ལོ་རྒྱུས་སོགས་ལས་ཤེས། ནད་པ་ལ་ཕན་ཐོགས་ཡོང་མིན་ཇི་ཙམ་ཕན་སེམས་ཡོད་པའི་སྨན་པ་ལ་རག་ལས་པས་བོད་ཀྱི་སྨན་པ་ལ་སྨན་གྱི་ལག་ལེན་དེ་འདྲ་ཡོད་པ་རེད།
ནད་ལ་སྔོན་གྱི་ལས་ལས་བྱུང་བའི་ནད་དང་། ལྷ་འདྲེ་གདོན་བགེགས་ལས་བྱུང་བའི་ནད་དང་། འཕྲལ་གྱི་རྐྱེན་ལས་བྱུང་བའི་ནད་གསུམ་ཡོད། གང་གིས་ཀྱང་མི་ཕན་པ་དང་པོ་ཡིན། ཞབས་རིམ་སྒྲུབ་པས་ཕན་ལ་སྨན་བཅོས་བྱེད་པས་མི་ཕན་པ་གཉིས་པ་ཡིན། སྨན་བཅོས་བྱེད་པས་ཕན་ལ་རིམ་གྲོ་སྒྲུབ་པས་ཀྱང་མི་ཕན་པ་གསུམ་པ་ཡིན་ནོ། །
ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་། ངའི་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་། ལ་བཅོས་གྲོགས་གནང་བར་བཀའ་དྲིན་ཆེ། འདི་ནི་ངས་ཤེས་བཞིན་དུ་ནོར་འདུག་པས་དྲ་གྲོགས་ཚོར་དགོངས་དག་ཞུའོ། །དེ་ལས་ནོར་འཁྲུལ་ཆེ་བ་ངས་མི་ཤེས་རྨོངས་པས་ནོར་བ་དག་ལ་དག་བཅོས་གནང་ན་དང་ཐོག་ནས་ཐུགས་རྗེ་ཆེ་ཞེས་ཞུའོ། །
མི་ཐོད་རྙིང་པ་འབྲུག་རུས་ཏིག་ཏ་གསུམ།། སུམ་གཉིས་བསྡུས་གྲང་མགོ་ནད་སེལ་བར་བྱེད།། ་་་་་་་་་་་་་་་མགོ་སྨན་འདི་སྤོབས་པ་ལགས་མགོ་གཟེར་སྐབས་སུ་མཆོད་དགོས། ད་དུང་ཆམ་སྨན་དང་། རྨ་སྨན་སོགས་རིམ་གྱིས་འབུལ་ཆོག དཀར་མཚོ་སྐྱིད་འདི་མཛེས་མ་ཞིག་རེད། ང་སེམས་གཏིང་ནས་དགའ་ནས་ཤི་གྲབས་ཡོད། ཁྱོད་ཅག་གིས་གང་བྱུང་མ་བཤད་རོགས།
ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་རང་གི་ཡིག་སྐྱོན་༼ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་། ངའི་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་།༽ངོས་ལེན་གནང་བར་བསྔགས་བརྗོད་ཡོད། དེ་ནི་བོད་ཀྱི་བརྡ་སྤྲོད་པའི་རིག་གཞུང་ཡར་རྒྱས་དང་ཇེ་ལེགས་སུ་གཏོང་བའི་ཐུན་མོང་གི་སྙིང་སྟོབས་ཤིག་ཡིན། ཡིན་ནའང་། ད་དུང་ལ་དྭགས་བློ་བཟང་འཇམ་དཔལ་གྱིས་༼ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་།༽ ཞེས་པའི་ངས་ནི་ཡང་དག་དང་འཐད་ལྡན་དུ་འདོད་པའི་ལུང་ལ་༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ཞེས་པ་དྲངས་ཡོད་པ་ནི་སྨྱོན་པའི་སྟེང་དུ་སྨྱོན་པ་བསྣན་པའི་དཔེ་ལྟར་དུ་ནོར་བའི་ཡི་གེ་ལ་ནོར་འཁྲུལ་གྱི་དཔེ་དོན་བསྟན་པ་ཞིག་ཡིན་པས། དེ་ནི་བོད་ཀྱི་སུམ་རྟགས་ཀྱི་གཞུང་ལ་གོ་བ་ཅི་ཡང་མེད་པའི་རྟགས་སུ་གྲུབ་བོ། །
པ་པོ་བ་བོ་མ་མོ་སོགས་ཀྱི་ཐོབ་ཐང་གི་འདྲེན་ཚུལ་ནི། ཐོན་མིའི་སུམ་རྟགས་ཀྱི་གཞུང་དུ་གཙོ་བོར་དངོས་བསྟན་དུ་རྟགས་མཚུངས་བསྟན་པ་དང་ཞོར་དུ་སྒྲ་མཚུངས་བསྟན་ཡོད། ༼པྲ་ཏིའི་སུམ་རྟགས་སུ། རང་ཉིད་གཞིར་བཟུང་ཁྱད་པར་དོན། ཞེས་དང་། སི་ཏུའི་སུམ་རྟགས་སུ། ཕོ་མོའི་རྟགས་ཕལ་ཆེར་གྱིས་དེ་ལྟར་འདྲེན་པས་གཙོ་ཆེ་བ་ཙམ་ལ་དགོངས་སྟེ། ཞེས་དང་། ཨ་ལགས་ཚེ་བརྟན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་དུ། རྟགས་མཚུངས་ཀྱི་འདྲེན་ཚུལ་རྩ་བར་དངོས་སུ་བསྟན་པའི་སྤྱིར་བཏང་གཙོ་ཆེ་བའི་ཚུལ་ཏེ།༽ ཞེས་གསུངས་པ་སོགས་ལ་བལྟས་ན་རྟགས་མཚུངས་གཙོ་བོར་འཛིན་དགོས་པ་ནི་ཐོན་མིའི་དགོངས་པ་དངོས་ཡིན། སི་ཏུས་བདག་སྒྲའི་ཐོབ་ཐང་ནི་ཕྲད་རང་དབང་ཡིན་པར་འདོད་ཡོད་ནའང་། ཨ་ལགས་ཚེ་བརྟན་ཞབས་དྲུང་གིས་རིགས་པའི་སྒོ་ནས་དེ་ནི་གཞན་དབང་ཅན་ཡིན་པར་གསུངས་ཡོད། དེས་ན། དེ་ནི་ཕྲད་གཞན་དབང་ཅན་ཡིན་པས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །གསུངས་པ་ལྟར་ཡིན། བཀའ་བསྟན་སོགས་སུ་ཇི་ལྟར་དུ་བྲིས་ཡོད་ནའང་། དེ་ནི་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་རིགས་པ་དང་མ་མཐུན་ན་དག་བཅོས་བྱེད་དགོས་ངེས་རེད།
བོད་སྨན་གྱིས་ཅིག་ཕན་གྱི་འདུག་ཟེར་བ་དེ་རྨོངས་དད་རེད། ཀླད་རྙིང་རེད། འཁྲུལ་སྣང་རེད། བོད་སྨན་འདི་ཡུལ་ལུང་གཞན་ལ་ཁྱེར་ན་ཁྲིམས་འགལ་རེད། བོད་སྨན་གྱིས་ཅིག་ཕན་གྱི་ཡོད་ན་རྡ་རམ་ས་ལའི་གློ་ནད་ཀྲི་བྷི་ཅན་བརྒྱ་བརྒྱ་སྟོང་སྟོང་དེ་ཚོ་ལ་སྨན་རྩིས་ཁང་ཞེས་འབོད་པའི་གཡུ་ཐོག་སྙིང་ཐིག་གྲྭ་ཚང་གི་རྩྭ་ལྡུམ་དེ་ཚོ་ཟ་མི་འཇུག་ནས་རྒྱ་གར་སྨན་ཁང་གི་ནུབ་ལུགས་སྨན་རིལ་དེ་ཚོ་རྩམ་པ་ཟ་ཟ་བྱེད་འདུག་དོན་མི་འདུག་ག དོན་མེད་ལ་ང་ཚོ་སློང་མོ་བའི་དངུལ་དེ་ཚོ་རྒྱ་གར་སྨན་ཁང་ལ་བསྐྱལ་ནས་ག་རེ་བྱེད། རོ་ཐང་ལ་མགོ་ན་རྩ་ལྡུམ་དེ་ཚོ་ནི་ག་ཚོད་དགོས་དགོས་རེད། མགོ་ན་ཅིག་བྱས་ན་ཕན་གྱི་རེད། ཆམ་པ་ན་ན་ཅིག་ཟོས་ན་ཕན་གྱི་རེད་ཟེར་བ་དེ་ཚོ་སྐྱག་རྫུན་ངོ་མ་རེད། གནའ་སྔ་མོའི་བྲམ་ཟེ་དེ་ཚོས་ཉི་མ་མ་འཁྱོལ་ནས་འདྲ་མི་འདྲ་མང་པོ་བསད་ཡོད་རེད། གསེར་འགྱུར་གྱི་རྩི་ཡང་སྒྲུབ་ཐབས་ཡོད་པ་རེད། བོད་སྨན་གྱིས་ཅིག་ཕན་ཐོགས་ཡོད་ཟེར་བ་དེ་ཡང་དེ་དང་གཅིག་མཚུངས་རེད།
བོད་སྨན་གྱིས་ཅིག་ཕན་གྱི་འདུག་ཟེར་བ་དེ་རྨོངས་དད་རེད། ཀླད་རྙིང་རེད། འཁྲུལ་སྣང་རེད། བོད་སྨན་འདི་ཡུལ་ལུང་གཞན་ལ་ཁྱེར་ན་ཁྲིམས་འགལ་རེད། བོད་སྨན་གྱིས་ཅིག་ཕན་གྱི་ཡོད་ན་རྡ་རམ་ས་ལའི་གློ་ནད་ཀྲི་བྷི་ཅན་བརྒྱ་བརྒྱ་སྟོང་སྟོང་དེ་ཚོ་ལ་སྨན་རྩིས་ཁང་ཞེས་འབོད་པའི་གཡུ་ཐོག་སྙིང་ཐིག་གྲྭ་ཚང་གི་རྩྭ་ལྡུམ་དེ་ཚོ་ཟ་མི་འཇུག་ནས་རྒྱ་གར་སྨན་ཁང་གི་ནུབ་ལུགས་སྨན་རིལ་དེ་ཚོ་རྩམ་པ་ཟ་ཟ་བྱེད་འདུག་དོན་མི་འདུག་ག དོན་མེད་ལ་ང་ཚོ་སློང་མོ་བའི་དངུལ་དེ་ཚོ་རྒྱ་གར་སྨན་ཁང་ལ་བསྐྱལ་ནས་ག་རེ་བྱེད། རོ་ཐང་ལ་མགོ་ན་རྩ་ལྡུམ་དེ་ཚོ་ནི་ག་ཚོད་དགོས་དགོས་རེད། མགོ་ན་ཅིག་བྱས་ན་ཕན་གྱི་རེད། ཆམ་པ་ན་ན་ཅིག་ཟོས་ན་ཕན་གྱི་རེད་ཟེར་བ་དེ་ཚོ་སྐྱག་རྫུན་ངོ་མ་རེད། གནའ་སྔ་མོའི་བྲམ་ཟེ་དེ་ཚོས་ཉི་མ་མ་འཁྱོལ་ནས་འདྲ་མི་འདྲ་མང་པོ་བཤད་ཡོད་རེད། གསེར་འགྱུར་གྱི་རྩི་ཡང་སྒྲུབ་ཐབས་ཡོད་པ་རེད། བོད་སྨན་གྱིས་ཅིག་ཕན་ཐོགས་ཡོད་ཟེར་བ་དེ་ཡང་དེ་དང་གཅིག་མཚུངས་རེད།
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་བཤད་པ་ལྟར་དུ་རྒྱུ་མཚན་འདི་ལྟར་དུ་བཀོད་ན། སྤོབས་པ་མཐའ་ཡས་ཟེར་བ་དེ། མི་རྨོངས་དད་ཅན་དང་། ཀླད་རྙིང་ཅན། འཁྲུལ་སྣང་ཅན། བླུན་རྟགས་ཅན་ཡིན་ཏེ། ཁྱེད་རང་གང་དུ་སོང་ནའང་ཁྲིམས་འགལ་ཡིན། ད་དུང་མི་ཤེས་ཤེས་མདོག་སྟོན་མཁན་དང་། གཡོ་སྒྱུ་འཁྲབ་སྟོན་བྱེད་མཁན་གྱི་མི་ཞིག་ཡིན་ཏེ། ངས་དེ་ལྟར་དུ་འདོད་པའི་ཕྱིར་ཟེར་ན། ཁྱེད་ཀྱིས་ལན་ཅི་ལྟར་དུ་གདབ་བམ། གོ་བ་མེད་པའི་གླང་རྒན་ལ། །རྒྱལ་བའི་བཀའ་ལས་དབྱུག་པ་བཙན། །

དྲ་གྲོགས་ཚོ། ང་སྒེར་དོན་རྐྱང་རྐྱང་གི་ཆེད་དུ་ས་རྒྱུག་གནམ་རྒྱུག་བྱས་བྱས་ཏེ། དེ་རིང་ཁ་བརྡའི་དྲ་ཟུར་ཞིག་ནས་ངལ་གསོ་ཡུད་ཙམ་བྱུང་སྟེ། དྲ་གྲོགས་ཚོར་བསྐྱར་མཇལ་བྱུང་། ཡིན་ནའང་ཁ་བརྡའི་དྲ་ཚིགས་ཤིག་ཏུ། དྲ་གྲོགས་སྤོབས་པ་མཐའ་ཡས་ར་བཟི་འདུག
སྤོབས་པ་མཐའ་ཡས་ལགས། བོད་སྨན་འདི་མིའི་རིགས་ཀྱི་ན་ཚ་ལ་ཕན་ཐོགས་མེད་ན། ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་བོད་ཀྱི་སྔོན་བྱོན་མཁས་དབང་དམ་པ་རྣམས་ཀྱིས་གསར་བཏོད་མཛད་དེ་ལག་ལེན་དུ་བསྟར་བ་དང་སྨན་དཔྱད་གནང་ནས་ནད་པ་གྲངས་ལས་འདས་པ་ལ་བདེ་སྐྱིད་བསྐྲུན་པར་མཛད་པ་དེ་ཅི་ཞིག་ཡིན་ནམ། ཉེ་བའི་དུས་སུའང་བོད་ཕྱི་ནང་ཀུན་ཏུ་རྒྱལ་ཁབ་ཀྱི་གཞུང་དང་སྒེར་ཚང་མས་ལག་ལེན་དུ་བསྟར་བ་དང་མི་རྒན་གཞོན་མཐོ་དམན་ཚང་མས་དད་གུས་བྱེད་པ་དེ་རྣམས་ཁྱེད་རང་ནང་བཞིན་བླུན་རྟགས་ཚ་བོ་ཞིག་ཡིན་ནམ། མདོར་ན། བོད་སྨན་ལ་བསྔགས་བརྗོད་མཛད་པའི་༸གོང་ས་མཆོག་གཙོ་བོར་མཛད་པའི་འཛམ་གླིང་གི་གནད་ཡོད་མི་སྣ་དང་རྒྱ་དཀར་ནག་གི་གཞུང་དང་གྲོས་ཚོགས་ཀྱི་མི་སྣ་དེ་དག་ཁྱེད་རང་ནང་བཞིན་རྨོངས་དད་ཅན་ཞིག་ཡིན་ནམ།

སྤོབས་མཐའ་འདི་སྤྱོད་ལོག་ཅིག་ཡིན་ས་རེད། ཁྱོད་རང་ཡོད་ས་དབྱིངས་ལནཌ་ལའང་བོད་སྨན་བཟའ་མཁན་གྱི་དབྱིན་འཇི་བ་མང་པོ་ཡོད་བོད་སྨན་ཁྱེར་མི་ཆོག་པ་མེད་། ད་ཨུ་རུ་སུའི་ནང་ལ་བོད་སྨན་གྱི་ཨེམ་ཇི་མང་པོ་ཡོད་ཁོང་ཚོས་བོད་སྨན་དོ་བོ་དོ་བོ་བྱས་ཏེ་ཁྱེར་གྱི་འདུག་སྨན་བཟའ་མཁན་དེ་ཚོ་ཚང་མས་དངུལ་ཁྲོག་རླག་གཏོང་གི་ཡོད་དམ། ཀླད་པ་གསར་སྟོང་ཨང་གསར་ཅན་ཁྱེད་འདྲ་བོ་ད་དུང་བོད་ཀྱི་ཆོས་ལུགས་པ་ཡིན་མདོག་དང་གཞན་གྱི་ཆོས་ལུགས་ལ་དམའ་འབེབས་བྱེད་སྟངས་འདི་རིགས་རྨོངས་དད་ཀྱིས་དབང་གི་ཆགས་སྡང་གི་མེ་འབར་བའི་རྟགས་རེད། རྡ་སའི་སྨན་རྩིས་ཁང་དུ་ཉིན་ལྟར་རྒྱ་གར་བ་དང་ཕྱི་རྒྱལ་བ་བརྒྱ་ཕྲག་བཤར་བ་དེ་ཚོ་རྨོངས་དད་པ་རེད་དམ།
ཁྱོད་ཚོ་ཆམ་པ་ན་དུས་བོད་སྨན་ཟ་གི་ཡོད་དམ་དེངས་དུས་ཀྱི་ཚན་རིག་པས་བཟོས་པའི་སྨན་ཟ་གི་ཡོད། མགོ་ན་དུས་གང་ཟ་གི་ཡོད། ལག་པ་ལ་རྨ་བཟོས་ན་ག་རེ་བྱུགས་གི་ཡོད། རང་རང་གི་མི་ཚེའི་ཉམས་མྱོང་ལ་བསམ་བློ་ཐོངས་དང་། དེ་ནས་ལན་ཞིག་ཁྱེར་ཤོག
རྟགས་མཚུངས་འདྲེན་པ་ལས། བརྗོད་བདེ་འདྲེན་པ་དེ། གཞི་དངོས་པོའི་གནས་ཚོད་ཕན་ཆེ་བ་ཡོད་རེད། དེ་ཀུན་གྱིས་མཁྱེན་པར་མཛོད།
་་་་་ སྔ་གཞུག་ཏུ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག ཞིན་ཅང་སོགས་ཞིང་ཆེན་དང་ས་ཁུལ་ཁག་དང་། དེ་མིན། དབྱིན་ཇི་དང་། ཨ་རི། དབྱི་ཐ་ལི། རྒྱ་གར། འབྲུག་ཡུལ། བལ་བོ། སོག་ཡུལ། ཨུ་རུ་སུ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ༡༠ལྷག་ལ་བསྐྱོད་དེ། བོད་ཀྱི་གསོ་རིག་གནའ་དཔེ་ཡིག་ཚགས་༡༡༥༠་ལྷག་བསྟུད་མར་འཚོལ་སྡུད་བྱེད་ཐུབ་པ་བྱུང་། ་་་ཟེར།
ཨ་རོ། སྤོབས་པ་ལགས། ང་ཆུང་དུས་མགོ་ན་འི་འདུག་ས་ཟིག་ཡིན། ཡིན་ན་ཡང་མགོ་སྨན་ཞིག་ཡོད་རབས་དང་ཟོས་རབས་ཞིག་མི་དྲན་གི། ཅིག་དྲན་ནོ་དེ། རི་མགོ་ནས་རི་བོང་རིག་ཚང་ནས་མཆོང་སོང་བ་དེ་འདྲ་མཐོང་ན། དྲོད་མ་ཉམ་པའི་རི་བོང་གི་ཚང་ནང་ལ་མགོ་བཅུག་པ་ཡིན་ན། མགོ་ནད་དེ་རི་བོང་གི་དྲོད་ཀྱིས་ལེན་རབས་ཞིག་གོ། དེ་འདྲ་བྱས་ན་སྡིག་པ་ཡོད་རབས་ཟེར། ཡིན་ན་ཡང་། མགོ་ཁོལ་འིས་མ་བརྟེན་པར་དེ་འདྲ་ཞིག་བྱས་བ་ཡིན། ཕན་དང་མ་ཕན་ཡང་གསལ་བོ་ཞིག་མི་དྲན་གི། ཡིན་ན་ཡང་། དེང་སང་མགོ་ཁོལ་འི་ན་ཚ་དེ་མེད་པར་བདེ་བོ་ཡིན།
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། སྐུ་ཉིད་ལ་བོད་སྨན་ཕན་ཐོགས་ཡོད་མེད་སྐོར་མང་པོ་མང་པོ་བཤད་དགོས་མི་འདུག ང་ཚོའི་ཉིན་རེའི་འཚོ་བའི་ནང་གི་ལོངས་སུ་སྤྱད་བྱ་འབྲས། ནས། གྲོ སྲན་མ། མར། ཆུ་ར། ཤ ཆུ། ཇ། འོ་མ། དེ་བཞིན་དུ་སྔོ་ཚོད་ཀྱི་རིགས། འབྲས་བུའི། སྡོང་པོའི་རིགས། ལོ་མའི་རིགས། མེ་ཏོག་གི་རིགས། ཤ་ཁྲག་གི་རིགས་སུ་གྱུར་བའི་ཟས་དང་སྐོམ་གྱིས་ང་ཚོའི་ལུས་ལ་ཕན་ཐོགས་ཡོད་པར་ཁས་ལེན་ནམ་མི་ལེན། གལ་ཏེ་དེ་དག་གིས་ལུས་དང་འཚོ་ཐབས་བདེ་ཐབས་ལ་ཕན་པར་ཁས་ལེན་ན་ནི། ཟས་སྐོམ་གྱི་འཚོ་ཐབས་རིག་པ་ནི་བོད་སྨན་གྱི་གཞི་འཛིན་སའམ་ལྟ་གྲུབ་གཙོ་བོ་དེ་ཡིན། ཉིན་རེའི་ཟས་དང་སྐོམ་གྱིས་ལུས་ཁམས་ལ་ཕན་ཐོགས་ཡོད་པའི་རིགས་ལམ་དེའི་སྟེང་ནས། རྒྱ་ཆེ་རུ་བཏང་བ་ཞིག་དང་གཏིང་ཟབ་ཏུ་སོང་བ་ཞིག་ཡིན། ང་ཚོའི་ཉིན་རེའི་འཚོ་ཐབས་ཟས་དང་སྐོམ་གྱི་ང་ཚོའི་ལུས་ཀྱི་བདེ་ཐང་དང་འཚོ་ཐབས་ལ་ཕན་པར་ཁས་མི་ལེན་ན། ང་ཚོས་ཉིན་ལྟར་ཟས་སྐོམ་དང་ལྟོ་རྒྱབ་གཉིས་ཀྱི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་པ་ལ་དགོས་པ་ཅི་ཡོད། སྤོབས་པ་ལགས། སོམས་དང། དེའི་སྟེང་ནས་ལན་ཞིག་གནང་རོགས།
གསོ་རིག་ཀུན་བཏུས་རེད། ཀུན་འཏུས་མ་རེད་དཀར་མཚོ་སྐྱིད་ལབ་མ་རྒྱག །པ་པོ་བདག་སྒྲ་ཡིན་པ་སི་ཏུའི་དགོངས་དོན་རེད། སྨན་རྩིས་ཁང་གིས་ཁྱབ་བསྒྲགས་ཡག་པོ་གནང་འདུག་སྟེ། །ཁྱབ་བསྒྲགས་འགྲོ་ཡ་གལ་ཆེན་པོ་མ་རེད། །
པ་པོ་ཐམས་ཅད་བདག་སྒྲར་སྨྲ་བ་ནི་མུན་འཐོམས་རེད།དཔེར་ན།མུན་པ།སྐུད་པ།ནུས་པ།ལྟ་བུ་དང་།ཡང་མཐུག་པོ།སྔོན་པོ།སྐམ་པོ་ལྟ་བུ་མིང་མཐའ་པ་དང་པོ་ཡིན་ཚད་བདག་སྒྲ་མིན་པ་མངོན་གསུམ་དུ་གྲུབ།
རྩ་བ་ལས། གང་མིང་གི་ནི་མ་མཐའ་རུ། ། པུལིངྒ་ཡི་སྒྲ་མེད་པ། ། དེ་ལ་པུ་ལིངྒ་སྒྲ་སྦྱར་ན། ། བདག་པོའི་སར་ནི་ཤེས་པར་བྱ། །ཞེས་པའི་དོན་ལས་ཕྱི་རོལ་དུ་མ་འཁྱམས་ན་མི་ལེགས་སམ། ལགས།
སི་ཏུའི་ཞལ་ལུང་དུའང་”སི་ཏུས་བདག་སྒྲ་འདི་རྗེས་འཇུག་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་ཡིན་”གསུངས་པའི་རྗེས་སུ་མ་འབྲངས་པར།ག་ད་བ་ས་ན་མ་པ།།ང་འ་ར་ལ་མཐའ་མེད་བ།།ཅེས་པའི་ཐོབ་ཐང་ལྟར་དུ་གསུངས་ཡོད་ཅིང་།དེ་ཚོ་ཡུལ་དུས་དང་མི་མཐུན་པའི་ཐོན་མིའི་དགོངས་པ་འཚོལ་ཐབས་སུ་མིན་པ་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་དུ་”འོན་ཀྱང་།མུ་ཏིག་ཕྲེང་མཛེས་ལས།ལྷ་ས་བ།སེ་ར་བ།ལྟ་བུ་རྣམས་ནི་གྲོང་བའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས།ཞེས་བཤད་པ་འཐད་པར་མ་མཐོང་སྟེ།ཆོས་སྐད་དང་ཡིག་སྐད་གང་ཡིན་ཡང་ཐོག་མར་སྐྱེ་བོ་དམངས་ཀྱི་ཁ་སྐད་དང་མཐུན་པར་བཟོས་པའི་གནད་འགག་འདི་དོར་ན་ནི་རང་གིས་གང་བཤད་མཐའ་དག་ཡིད་བརྟན་མེད་པའི་འཆལ་ཚིག་ཏུ་འགྱུར་ཉེན་ཆེའོ།།ཞེས་སྤྱོས་འདུག
རྩ་བ་དེ་ལྟར་ལས་ཕྱི་རོལ་ཏུ་མི་འཁྱམས་པ་དགོས་ན་མིང་མཐའི་པ་བ་མ་དང་པོ་བོ་མོ་ཚང་མ་བདག་སྒྲ་ལ་འཇུག་དགོས་པ་ཙམ་ལས་གསུངས་མི་འདུག་པས།མཁས་པ་རྣམས་ཀྱིས་ནང་དོན་བཀྲལ་ལུགས་མི་འདྲ་བ་མང་པོ་ཅིག་མི་བྱུང་ཀ་མེད་གྱུར་པ་རེད།
བོད་ནང་གི་གསོ་བྱེད་མཁས་པ་རྣམས་ཀྱི་བྱས་རྗེས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གྲངས་མེད་ཞུ། འདི་འདྲའི་བྱ་བཞག་རླབས་པོ་ཆེ་ལ་ང་ཚོས་མཐོང་ཆེན་དང་གདེང་འཇོག་བྱེད་དགོས་པ་རེད། སྒྲུབ་དཀའ་བའི་རིག་གནས་ཀྱི་ལས་དོན་འདི་དག་དུས་ཚོད་དང་། འགྲོ་གྲོན། རྒྱུ་ཆ། རྣམ་དཔྱོད་འདོན་མཁན་གྱི་དཀའ་ཚག་སོགས་གང་ལ་བསམ་ཡང་བློ་ཡུལ་ལས་འགོངས་པ་ཞིག་རེད། དང་བོ་སྔོན་ཆད་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་བ་རྣམས་ཀྱིས་ཀུན་འདུས་ཞལ་ཐང་ཆེན་མོ་བཞེངས་ནས་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་དེ་སྐད་གྲགས་ཆགས་ཡོད་པ་རེད། གཉིས་པ་བོད་ཀྱི་གསོ་རིག་མཁས་པ་རྣམས་ཀྱིས་བོད་ཀྱི་གསོ་རིག་གཞུང་ལུགས་ལག་ལེན་དང་བཅས་པ་ཕྱོགས་བསྒྲིགས་གནང་སྟེ་བོད་ཀྱི་ལོ་རྒྱུས་ཙམ་མ་ཟད། འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་འོས་པའི་ཕྱི་རྗེས་བཞག་སོང་། གསུམ་པ་ད་ལྟ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་སྟེ་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་རིན་འོས་པ་ཞིག་ཆགས་སོང་། ད་རིག་གནས་ཀྱི་སྡེ་ཚན་གཞན་རྣམས་ཡིན་ད།
སི་ཏུའི་ཞལ་ལུང་དུའང་པ་པོ་ཐམས་ཅད་བདག་སྒྲ་ཡིན་པར་བཤད་མི་འདུག །མེ་ཏོག་མཛེས་པ། རྐང་པ་ཞེས་པའི་པ་ཡིག་དང་། ཅན་དང་ལྡན་རྣམས་སི་ཏུས་བདག་སྒྲ་མི་འདོད་པ་ལ་བདག་སྒྲ་འདོད་དོ་ཞེས་སྨྲ་བ་འདི་མི་མཛེས་སོ།། དེའི་ཕྱིར་རྗེས་འཇུག་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་ཡིན་གསུངས་པའི་རྗེས་སུ་མ་འབྲངས་པར།ག་ད་བ་ས་ན་མ་པ།།ང་འ་ར་ལ་མཐའ་མེད་བ།།ཅེས་པའི་ཐོབ་ཐང་ལྟར་དུ་གསུངས་མཁན་དེ་དག་གིས་བདག་སྒྲ་པ་པོའི་ཐོབ་ཐང་མིན་པ་ཤེས་དགོས།
སྤོབས་པ་མཐའ་ཡས་ལགས། སྐུ་ཉིད་ལ་བོད་སྨན་ཕན་ཐོགས་ཡོད་མེད་སྐོར་མང་པོ་མང་པོ་བཤད་དགོས་མི་འདུག ང་ཚོའི་ཉིན་རེའི་འཚོ་བའི་ནང་གི་ལོངས་སུ་སྤྱད་བྱ་འབྲས། ནས། གྲོ སྲན་མ། མར། ཆུ་ར། ཤ ཆུ། ཇ། འོ་མ། དེ་བཞིན་དུ་སྔོ་ཚོད་ཀྱི་རིགས། འབྲས་བུའི། སྡོང་པོའི་རིགས། ལོ་མའི་རིགས། མེ་ཏོག་གི་རིགས། ཤ་ཁྲག་གི་རིགས་སུ་གྱུར་བའི་ཟས་དང་སྐོམ་གྱིས་ང་ཚོའི་ལུས་ལ་ཕན་ཐོགས་ཡོད་པར་ཁས་ལེན་ནམ་མི་ལེན། གལ་ཏེ་དེ་དག་གིས་ལུས་དང་འཚོ་ཐབས་བདེ་ཐབས་ལ་ཕན་པར་ཁས་ལེན་ན་ནི། ཟས་སྐོམ་གྱི་འཚོ་ཐབས་རིག་པ་ནི་བོད་སྨན་གྱི་གཞི་འཛིན་སའམ་ལྟ་གྲུབ་གཙོ་བོ་དེ་ཡིན། ཉིན་རེའི་ཟས་དང་སྐོམ་གྱིས་ལུས་ཁམས་ལ་ཕན་ཐོགས་ཡོད་པའི་རིགས་ལམ་དེའི་སྟེང་ནས། རྒྱ་ཆེ་རུ་བཏང་བ་ཞིག་དང་གཏིང་ཟབ་ཏུ་སོང་བ་ཞིག་ཡིན། ང་ཚོའི་ཉིན་རེའི་འཚོ་ཐབས་ཟས་དང་སྐོམ་གྱི་ང་ཚོའི་ལུས་ཀྱི་བདེ་ཐང་དང་འཚོ་ཐབས་ལ་ཕན་པར་ཁས་མི་ལེན་ན། ང་ཚོས་ཉིན་ལྟར་ཟས་སྐོམ་དང་ལྟོ་རྒྱབ་གཉིས་ཀྱི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་པ་ལ་དགོས་པ་ཅི་ཡོད། སྤོབས་པ་ལགས། སོམས་དང། དེའི་སྟེང་ནས་ལན་ཞིག་གནང་རོགས།
དཀར་མཚོ་སྐྱིད་ལེགས་ཀྱི་གཤམ་གསལ་གྱི་རང་ཉིད་ཀྱི་ལྟག་ཆོད་ཀྱི་རྩོད་པ་དག་ལ་ལན་སྨྲ་བར་བྱ་སྟེ། དང་པོ་ས་པཎ་གྱི་ལེགས་བཤད་ལས། ནོར་མེད་ཟས་གོས་མཆོག་འདོད་དང་། གཞན་ལ་སློང་ཞིང་ང་རྒྱལ་ཆེ། བསྟན་བཅོས་མ་ཤེས་རྩོད་པར་འདོད། གསུམ་པོ་འགྲོ་བའི་བཞད་གནས།། ༣ །། རབ་བྱེད་ ༧ པ། ངས་ཐོན་མིའི་རྗེས་ཀྱི་སྐད་གསར་གྱི་སྐད་བཀའ་བསྟན་གསུང་འབུམ་དག་ན་ཡོད་པ་གཞིར་བཟུང་ནས་བཤད་ཀྱི་ཐོན་མིའི་སྐབས་ཀྱི་གངས་ཅན་པའི་སྐད་བོད་ཀྱི་རྡོ་རིང་དང་། ཏུན་ཧང་གི་ཡིག་རྙིང་སོགས་ན་ཡོད་ཤས་ཆེ། དེ་དག་ལ་ངས་སློབ་སྦྱོང་བྱེད་མ་མྱོང་། དེ་བཞིན་ཁྱེད་ཀྱང་ཡིན་སྙམ། ཐོན་མིས་དེ་དུས་ཀྱི་བོད་སྐད་དང་མཐུན་པར་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པར་གྲགས་ཀྱང་། བོད་སྐད་འགྱུར་བའི་དབང་གིས་དེ་རྣམས་ལས་གཅིག་ཀྱང་རང་རེའི་མིག་གི་་མཐོང་ཡུལ་དུ་མེད། གལ་ཏེ་ཐོན་མིའི་སྐབས་ཀྱི་སྐད་ལ་འགྱུར་བ་མེད་ན། བོད་སྐད་ལ་དོན་གཉེར་ཅན་དག་གིས་དེ་ཀུན་ལ་སློབ་སྦྱོང་བྱས་ཏེ། ཅིའི་ཕྱིར་མི་ལུས་ལུས་དགོས། ས་སྐྱ་པཎྜི་ཏས་བོད་སྐད་ལ་བརྡ་སྤྲོད་ལེགས་པ་ཞིག་མེད་ཅེས་ཅིའི་ཕྱིར་གསུངས་དགོས་པ་བྱུང་། ས་པཎ་རང་ཉིད་ཀྱིས་ཡི་གེ་སྦྱོར་བ་སོགས་སྒྲའི་བསྟན་བཅོས་འགའ་མཛད་ཀྱང་ཡོངས་གྲགས་ཆེར་མ་བྱུང་། ཡི་གེའི་སྦྱོར་བ་ན། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིགས་བཅད་བརྒྱ་ཆ་བརྒྱད་ཅུ་ལྷག་ཡོད་ཀྱང་། ཚིགས་བཅད་དེ་ཀུན་ཐོན་མིས་གསུངས་པ་ཡིན་པར་ས་པཎ་གྱིས་ཚིག་གཅིག་ཀྱང་གསུངས་མེད། ཆོས་རྗེ་ས་པཎ་སྐབས་དང་། ཕྱིས་རྒྱལ་བ་ཙོང་པ་ཡབ་སྲས་གསུམ་སོགས་ཀྱི་དུས་བར་དུ། རྒྱ་གར་མཁས་པས་བརྩམས་པའི་སྨྲ་སྒོ་མཚོན་ཆ་ལ་བོད་ཀྱི་བརྡ་སྤྲོད་ཤེས་པའི་ཆེད་དུ་སློབ་སྦྱོང་བྱེད། མཁས་གྲུབ་རིན་པོ་ཆེས་ཀྱང་། རྒྱུད་སྡེའི་སྤྱི་རྣམ་དུ་རིག་གནས་ལྔ་འཆད་པའི་སྐབས་སུ། བོད་ལ་ཉེ་བར་མཁོ་བ་ལ་པནྜི་ཏ་སྨྲི་ཏིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་པ་མིང་ཚིག་ཡི་གེའི་ཚོགས་གསུམ་སྟོན་པ་ཞིག་ཡོད་དོ། །ཞེས་གསུངས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཐོན་མིས་བརྩམས་པ་མ་ཡིན་པ་བོད་དང་བོད་པ་མ་ཡིན་པ་མཁས་པ་དུ་མས་བསྒྲུབས་ཟིན་པ་ཁྱེད་ཀྱིས་མཐོང་ཡོད་དམ་སྙམ། འོན་ཀྱང་། ཁྱེད་ལ་བདག་གིས་འདི་ལྟར་འདྲི་བར་བྱ་སྟེ། གལ་ཏེ་སུམ་རྟགས་གཉིས་ཐོན་མིས་མཛད་པ་ཡིན་ན། ས་སྐྱ་པཎ་སོགས་ཀྱིས་མིང་ཙམ་ཡང་བཏོན་་མེད་པ་དང་། ས་པཎ་གྱི་རྗེས་ལོ་བརྒྱ་ཕྲག་མང་པོར་བོད་ཀྱི་བརྡ་སྤྲོད་ཤེས་པའི་ཆེད་དུ་སྨྲ་སྒོ་ལ་སློབ་སྦྱོང་བྱེད་ཀྱི། སུམ་རྟགས་ཞེས་པའི་མིང་ཙམ་ཡང་མེད། དུས་ཕྱིས་ས་པཎ་གྱི་ཡི་གེ་སྦྱོར་བ་འི་ཚིགས་བཅད་རྣམས་བླངས་ཤིང་། རང་ཉིད་ཀྱིས་ཚིགས་བཅད་འགའ་བསྣན་ཏེ། བོད་དུ་ཡི་གེ་སྲོལ་གཏོད་པ་པོ་མཁས་མཆོག་ཐོན་མིས་མཛད་ཅེས། འཇམ་དབྱངས་རྣམ་སྤྲུལ་ཐོན་མི་ལ་ཁ་འཕངས་པ་དེ་ལ་བརྟག་དཔྱད་མེད་པར་ཞ་ལུ་ལོ་ཆེན་སོགས་མཁས་པ་རྣམས་ཀྱིས་ཀྱང་སུམ་རྟགས་གཉིས་མཁས་མཆོག་ཐོན་མི་ཡིན་པར་ཞལ་བཞེས། དེ་གཉིས་ཐོན་མི་ཡིན་པར་དར་སོ་ཆེ་བ་ན། སྨྲ་སྒོ་མཚོན་ཆ་ལ་བོད་ཀྱི་བརྡ་སྤྲོད་ཤེས་པ་ལ་སློབ་སྦྱོང་བོད་ཡུལ་དུ་མེད་པར་སོང་། བློ་གཟུ་བོར་གནས་པའི་ཁྱེད་ལན་ཡོད་དམ། རྗེ་ཙོང་ཁ་པ་བར་དུ་སུམ་རྟགས་ལ་འགྲེལ་པ་བླ་མ་མཁས་པ་རྣམས་ཀྱིས་མ་མཛད་པ་དང་། དུས་ཕྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བརྩམས་པ་ཅི་ཡིན་ནམ། ཁྱེད་ལ་རིགས་པ་མཐུན་པའི་ལན་ཡོད་དམ། ༼ཁྱེད་ཀྱིས་ཐོན་མིའི་དགོངས་པ་དང་མ་བསྟུན་པར་རང་གིས་གསར་བཏོད་བྱས་པ་ཡིན་ཟེར་བ་ནི་ཅི་ཡང་མི་ཤེས་པའི་རང་གཤིས་ངོ་མ་དེ་མངོན་འདུག༽ འདིར་ ངོ་མ་ ཞེས་པ་དེ་ལ་སྔོན་འཇུག་དང་རྗེས་འཇུག་གཉིས་ཀ་མེད་པར་བཟོས་ཏེ། བོད་སྤྱིའི་སྐད་བཀའ་བསྟན་གསུང་འབུམ་གྱི་དག་ཆ་དོར་བའི་རང་མཚང་ཁྱེད་ཀྱིས་བསྟན་འདུག བོད་ཀྱི་སྐད་མི་བརླག་པའི་ཕྱིར་དུ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ལྟ་བུས། དངོས་མ། ཞེས་བྲིས་ཀྱི་ངོ་མ་ཞེས་མ་བྲིས། ཁྱེད་ལྟ་བུ་ཁ་སྐད་གཙོ་བོར་འཛིན། ངོ་མ་ཞེས་སོགས་མ་དག་པ་བྲིས་ཏེ། བོད་གཅིག་ཏུ་སྒྲིལ་བའི་ལྷག་བསམ་གྱིས་དབེན་ན། བྱེད་ཐབས་མེད། ༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ཞེས་པ་དྲངས་ཡོད་པ་ནི་སྨྱོན་པའི་སྟེང་དུ་སྨྱོན་པ་བསྣན་པའི་དཔེ་ལྟར་དུ་ནོར་བའི་ཡི་གེ་ལ་ནོར་འཁྲུལ་གྱི་དཔེ་དོན་བསྟན་པ་ཞིག་ཡིན་པས། དེ་ནི་བོད་ཀྱི་སུམ་རྟགས་ཀྱི་གཞུང་ལ་གོ་བ་ཅི་ཡང་མེད་པའི་རྟགས་སུ་གྲུབ་བོ། །༽ ཞེས་པ་ནི། བདག་གིས་འདི་ལྟར་བྲིས་པ་དེ་ལ་གོ་བ་ལོག་པར་ཐེབས་འདུག ༼དཔེ་ཆའི་མཚན་བྱང་ན། དཔལ་ལྡན་བླ་མའི་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་པར་དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་འཁོད་ཀྱང་། ནོར་འདུག་བསམ་པ་ལས་གཞན་ཅི་བྱེད་ཐུབ། ༽ཅེས་པར་བརྗོད་པ་དང་པོ་དེ། བདག་གི་འདོད་པ་དང་། བརྗོད་པ་ཕྱི་མ་དེ་ནོར་ཡོད་པ་སྟོན་བྱེད་ཡིན། ངའི་ཞེས་པ་ལ་ངས་བྲིས་པ་བཞིན་དུ། བླ་མའི་ཞེས་པར་བླ་མས་ཞེས་བྲིས་འདུག ཅེས་གསལ་པོར་བྲིས་པ་དེ་ལ་གོ་བ་ལེན་མ་ཐུབ་ན། ད་དུང་བཀའ་བསྟན་གསུང་འབུམ་གྱི་དཔེ་ཆ་དག་པ་རྣམས་ལ་རྟག་སྦྱོར་དང་། གུས་སྦྱོར་གྱིས་སྦྱང་དགོས་པར་མཐོང་། ངས་ནི་བཀའ་བསྟན་གསུང་དག་པ་རྣམས་ཀྱི་སྐད་ལ་གང་ཐུབ་སྦྱོང་ཞིང་། དེ་དག་ལ་དག་པ་དང་མ་དག་པ་ཅི་རིགས་པ་ཡོད་ཀྱང་། གཞུང་དཔེ་མང་པོར་བལྟས་ཏེ། དཔྱད་པ་བྱེད། ནོར་བ་ཞིག་ཡོད་ན། རང་གི་བླ་མས་བྲིས་པ་ཡང་ཁས་མི་ལེན། ༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ གསུང་མཁན་དེའི་དྲུང་དུ། སྔོན་གྲྭ་སའི་ཆོས་གྲྭར་སློབ་ཁྲིད་ཞུ་བར་ལན་གཅིག་གཉིས་བཅར་མྱོང་ཡང་ནོར་བ་དེ་ནོར་བར་གཟུང་དགོས་བསམ་པ་ཡིན། བཀའ་བསྟན་གསུང་འབུམ་དག་དང་མི་མཐུན་པ་ཞིག་ཡོད་ན། ཇི་ཙམ་མཁས་པར་གྲགས་པ་རང་ཅག་གིས་དཔྱད་པ་དགོས་ཏེ། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།་ ངེས་པར་བརྟགས་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་པ་ལྟར་དཔྱད་པ་བྱས་ནས། ཁས་ལེན་པར་བྱེད། ཁྱེད་ཀྱིས་མཁས་པ་མང་པོའི་མཚན་སྨོས་པ་ལས། མཁས་པ་ཚེ་ཏན་ཞབས་དྲུང་གི་མཚན་སྨོས་ཀྱང་། ཁོང་གིས་མཛད་པའི་མཛད་པའི་སུམ་འགྲེལ་ན། རྗེས་འཇུག་ང་འ་ར་ལ་དང་། དབྱངས་འཇུག་གི་པ་ཡིན་ཚད་བ་རུ་དགོས་པ་ནི། ཁྱེད་ཀྱི་ཁ་སྐད་ལ་རུང་ཡང་། བཀའ་བསྟན་གསུམ་འབུམ་དག་གི་སྐད་ད། བོད་སྤྱིའི་སྐད་ལ་མི་རུང་། དེ་ལྟར་མི་རུང་བ་ནི། མདོ་སྨད་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་སྐད་ཚིག་རྣམས་ལ་བལྟས་པས་ཀྱང་ཁྱེད་ཀྱིས་ཤེས་ཐུབ། དེས་ན་གོང་གསལ་གྱི་དྲི་བ་དག་ལ་གཟུར་བོར་གནས་པའི་ལན་བྲིས་ནས། རང་ཉིད་བླུན་པོ་མ་ཡིན་པར་མཁས་པར་བསྟན་པའི་རེ་བ་ཡོད། ཅེས་སོ།། ཡིག་ནོར་ཡོད་པ་རྣམས་འདི་དང་འདི་ཞེས་སྟོན་གྲོགས་བཀའ་དྲིན་ཆེ། ང་ནི་དངོས་གནས་བླུན་པོ་རང་ཡིན།
དྲ་གྲོགས་ཚོ་དང་མཉམ་དུ་བདག་སྒྲའི་སྐོར་ཅུང་ཟད་གླེང་འདོད་བྱུང། པ་པོ་སོགས་བདག་སྒྲའི་དོན་དུ་འཇུག་པ་ཡོད་ཀྱང་པ་པོ་སོགས་ཡིན་ཚད་བདག་སྒྲ་ཡིན་མི་དགོས་པ་ནི་ཤིན་ཏུ་གསལ། པ་པོ་སོགས་བདག་སྒྲར་འཇུག་པའི་ཚེ་པ་པོ་དང་བ་བོ་ཐོབ་ཐང་སྐོར་བོད་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་མི་མཐུན་པའི་གླེང་གཞི་ཆེ། འདི་ཅུང་ཟད་གསལ་བཤད་བྱས་ན། ག་ད་ན་བ་མ་ས་ད་དྲག་རྣམས་ཀྱི་རྗེས་སུ་པ་དང་པོ་ཐོབ་ཚུལ་ལ་རྩོད་གླེང་གང་ཡང་མེད། ང་འ་ར་ལ་མཐའ་མེད་རྣམས་ཀྱི་རྗེས་སུ་པ་དང་བའི་ཐོབ་ཚུལ་འདི་རྩོད་གླེང་ཆེ་ཤོས་ཡིན། འདི་ལ་འདོད་ཚུལ་མི་འདྲ་བ་གཙོ་བོ་གསུམ་ཡོད། ༡ ༽ ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཡིན་ཚེ་པ་པོ་ཁོ་ནར་སྦྱར་བ་ལས་བ་བོ་ནམ་ཡང་མི་སྦྱོར་བའི་ལུགས་ནི་སི་ཏུ་པན་ཆེན་ཡིན། ༢ ༽ ང་འ་ར་ལ་མཐའ་མེད་རྣམས་ཀྱི་རྗེས་སུ་བ་དང་བོ་ཁོ་ན་སྦྱར་བ་ལས་པ་པོ་ནམ་ཡང་མི་སྦྱོར་བ་ནི་ཚེ་ཏན་ཞབས་དྲུང་སོགས་ཡིན། ༣ ༽ ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཡ་གྱུར་བའི་ཚེ་བ་དང་བོ། བདག་སྒྲ་ཆ་གྱུར་བའི་ཚེ་པ་དང་པོ་སྦྱར་བ་དབྱངས་ཅན་གྲུབ་རྡོར་གྱི་ལུགས་ཡིན། བདག་སྒྲ་པ་བའི་ཐོབ་ཐང་འདི་གསུམ་གང་ལྟར་བྱས་ཀྱང་རང་རང་གི་ལུགས་ཀྱི་རང་ལུགས་རེ་དང་རྒྱུ་མཚན་རེ་ཡོད་པས་འགལ་བ་མེད་པར་སྙམ། དེ་ལྟ་བུའི་རང་ལུགས་གང་ཡང་མེད་པར་ཡར་མར་ཚང་མ་བསྲེ་བསྲེ་བཏང་ན་མི་འཐད་དོ།།
དཀར་མཚོ་སྐྱིད་ཀྱིས། སྤོབས་པ་མཐའ་ཡས་འདི་ལ་ཁྱོན་ནས་ཐུབ་ཀྱི་མི་འདུག སྙུག་ཤོག་གྲོན་པའི་རྒྱུ་རང་རེད། དཀར་མཚོ་སྐྱིད་རིག་སྒོ་གསར་བ་རེ་དང་། རིགས་ལམ་གཞན་པ་རེ་མི་འདུག་གམ།
ལ་དྭགས་པ་ལ། དེང་སང་སྤྱིར་བོད་ཡིག་སྟེང་ཚིག་སྦྱོར་སྤེལ་ཐུབ་མཁན་ལ་དྭགས་དང་སྟོད་ཕྱོགས་སུ་རེ་ཟུང་ཙམ་ལས་མེད་སྐབས་འདིར།རེ་ཟུང་བོ་དེས་ནམ་རྒྱུན་པ་དང་བ་གཉིས་ཀྱི་སྦྱོར་ཚུལ་ཙམ་ལ་ཁག་བཞག་སྟེ་ཨ་མདོ་བ་ཚོས་བོད་ཀྱི་རིག་གཞུང་གཏོར་བརླག་བྱས་སོང་མདོག་མདོག་དང་།བོད་སྤྱི་སྐད་དང་མི་མཐུན་པའི་ཨ་མདོའི་ཚིག་བརྗོད་མང་པོ་ཅིག་བོད་ཡིག་ནང་བཅུག་སོང་མདོག་མདོག་བཤད་ཀྱིན་ཡོད་མོད།དོན་དངོས་སུ་སྙིང་རྗེ།ཁྱེད་རང་ཚོ་རང་རློམ་ཆེ་དྲག་པ་དང་མཐོང་རྒྱ་མེད་དྲག་པའི་སྐྱོན་རེད་མ་གཏོགས།ཨ་མདོའི་མཁས་པའི་སུམ་རྟགས་འགྲེལ་བ་ཁག་ནི་ཨམ་སྐད་དང་བསྟུན་ཏེ་སྔར་མེད་གསར་སྤྲོས་བྱས་པ་ཅི་གང་མིན་པར།སྔ་མོའི་དབུས་གཙང་གི་མཁས་པ་བོད་སྤྱི་ལ་རྩོད་མེད་དུ་གྱུར་པ་དཔང་ལོ་དང་ཞ་ལུ་ལོ་ཙཱ་བ།དངུལ་ཆུ་ཡབ་སྲས་སོགས་ཀྱི་རྗེས་སུ་འབྲངས་བཞག་པ་ཙམ་རེད། ལར་ཁྱེད་ཚོས་རྟག་པར་བཀའ་འགྱུར་བསྟན་འགྱུར་ན་ཅིག་ལབ་ཁུལ་བྱེད་ཀྱི་འདུག་མོད།དེང་སང་མདོ་སྨད་དུ་དེང་དུས་ཀྱི་རྩོམ་ལུས་སྣ་ཚོགས་སྟེང་ལོ་རེར་རྩོམ་ཡིག་ཁྲི་ཚོ་མང་པོ་འཐོན་བཞིན་པ་ཁག བཀའ་བསྟན་དང་སུམ་རྟགས།དག་ཡིག་བཅས་དང་མཐུན་པོ་འདུག་གམ།ཡང་ན་ཁྱེད་ཚོའི་ལ་དྭགས་མེ་ལོང་དང་འབྲས་ལྗོངས་བྱ་མ་རྟ།འབྲུག་པའི་གསར་འཕྲིན་ཁག་བོད་ཀྱི་སྤྱི་སྐད་དང་མཐུན་པོ་འདུག་བློ་གཟུ་བོར་གནས་མཁན་ཚོས་ལྟོས་དང་ཤེས་ངེས་རེད།ཁྱེད་ཚོའི་ལ་དྭགས་མེ་ལོང་དེ་རིགས་བཀའ་འགྱུར་བསྟན་འགྱུར་ལ་བྱང་ཆུབ་པའི་བོད་ཀྱི་དགེ་བཤེས་ཤིག་གིས་ཀློག་ཀྱང་རྟོགས་མི་ཐུབ་པ་ཁོ་ཐག་རེད། ས་པཎ་གྱི་ཡི་གེའི་སྦྱོར་བ་དེ་དགའ་ན་སྡུག་ན་མཁས་པ་མང་པོས་སུམ་རྟགས་ཀྱི་དོན་འགྲེལ་ཚིགས་བཅད་ཅིག་ཏུ་བརྩིས་བཞིན་པ་རེད།༧རྗེའི་ཙོང་ཁ་བའི་རྗེས་ཙམ་མ་གཏོགས་སུམ་རྟགས་འགྲེལ་བ་དེ་ཙམ་མ་དར་མདོག་མདོག་བཤད་འདུག་མོད།འོ་ན་རབ་བྱུང་བཞི་བའི་ནང་བྱོན་པ་དབུས་པ་བློ་གསལ་དང་རབ་བྱུང་དྲུག་པའི་ནང་བྱོན་པ་ལོ་ཆེན་ནམ་བཟང་།སྣར་ཐང་སྃགྷཤྲཱི།ཡར་འབྲོག་རིན་ཆེན་ཏོག་སོགས་མང་པོ་ཅིག་གིས་སུམ་རྟགས་འགྲེལ་བ་མཛད་འདུག་པ་ཁག་མ་མཐོང་ཕྱིར་ན་མེད་པ་མིན་ཟེར་བ་དེ་རེད། རྒྱ་ལ་བཀའ་འགྱུར་བསྟན་འགྱུར་ནང་དུའང་བརྡ་རྙིང་མང་པོ་ཡོད་པ་དང་གཞུང་ལུགས་མང་པོ་གོང་མ་བསྒྲིགས་ན་གོ་དཀའ་བ་སོགས་མང་དུ་གདའ་ལ།བཀའ་བསྟན་གྱི་སྐད་དོད་རང་བྱས་ཏེ་ཕན་ཚུན་སྐད་ཆ་བཤད་ན་བོད་མི་དཀྱུས་མའི་ནང་གོ་ཐུབ་མཁན་ག་ཚོད་ཡོད་མེད་ང་ཚོ་རང་བློ་རང་ལ་ལྐོག་གྱུར་མིན་པས།སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པར་དམངས་བྱིངས་ཀྱི་གོ་སླའི་ཁ་སྐད་ལེགས་ཆ་བསྡུས་ཏེ་བོད་ཡིག་ཡར་རྒྱས་གཏོང་རྒྱུ་གནད་འགག་ཡིན་པར་བརྟེན།སྔ་མོའི་སུམ་རྟགས་ནང་མ་གསལ་བ་དང་ཤུགས་བསྟན་གྱི་ཚུལ་དུ་ཡོད་པ།མ་འདང་བར་དགོས་ངེས་ཅན་དུ་གྱུར་བ་སོགས་མང་པོ་ཅིག་ཨ་མདོའི་མཁས་པ་དཔའ་རིས་དོར་ཞི་དང་དཔའ་རིས་སངས་རྒྱས་སོགས་ཀྱི་སུམ་རྟགས་དཀའ་གནད་དུ་ཡོད་ཅིང་།ཡང་ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན་སོགས་ཕྱི་ནང་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་ཁག་གིས་དེ་སྔ་སུམ་འགྲེལ་ཁག་ཏུ་དེ་ཙམ་གསལ་བོ་མེད་པ་བདག་སྒྲའི་པ་བ་པོ་བོ་སོགས་རྗེས་འཇུག་གང་ལ་འཇུག་ཚུལ་གྱི་ཐོབ་ཐང་ཞིག་གསལ་གསལ་ཐིང་ཐིང་བྱས་བཞག་པ་དེ།སྔ་མོའི་སི་ཏུ་པཎ་ཆེན་སོགས་ཁ་ཤས་ཀྱི་དགོངས་པ་དང་འགལ་ནའང་།དེ་ནི་དཔལ་ལྡན་ཟླ་བའི་ཞབས་ནས།བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར།།མ་མཛད་རྣམ་གྲོལ་ཕྱིར་ན་ཞི་ཉིད་སྟོན།།གལ་ཏེ་དེ་ཉིད་རྣམ་པར་དཔྱད་པ་ན།།གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད།།ཅེས་གསུངས་པ་ལས་མ་འདས་སོ།།
འདི་ལ་འདོད་ཚུལ་མི་འདྲ་བ་གཙོ་བོ་བཞི་ཡོད། ༡ ༽ ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཡིན་ཚེ་པ་པོ་ཁོ་ནར་སྦྱར་བ་ལས་བ་བོ་ནམ་ཡང་མི་སྦྱོར་བའི་ལུགས་ནི་སི་ཏུ་པན་ཆེན་ཡིན། ༢ ༽ ང་འ་ར་ལ་མཐའ་མེད་རྣམས་ཀྱི་རྗེས་སུ་བ་དང་བོ་ཁོ་ན་སྦྱར་བ་ལས་པ་པོ་ནམ་ཡང་མི་སྦྱོར་བ་ནི་ཚེ་ཏན་ཞབས་དྲུང་སོགས་ཡིན། ༣ ༽ ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཡ་གྱུར་བའི་ཚེ་བ་དང་བོ། བདག་སྒྲ་ཆ་གྱུར་བའི་ཚེ་པ་དང་པོ་སྦྱར་བ་དབྱངས་ཅན་གྲུབ་རྡོར་གྱི་ལུགས་ཡིན། ༤༽རྩ་བའམ་ཐོན་མིས་ནི། སི་ཏུ་ལྟར་པ་དང་པོ་ཁོ་ན་འཇུག་པའི་ལུགས་ཉིད་འཐད་པ་ཡིན་ནོ། ཧ་ཧ་ཧ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། རང་གི་རྩ་བ་བོར་ནས་ཡལ་གའི་ཚིག་ཉོག་དག་གིས་ཕན་ཐོགས་གང་ཡང་མེད། ངའི་རིགས་པའི་རྩོད་པ་ལ་ལན་སྨྲོས་ཤིག ཁྱོད་ཀྱིས་བཀའ་བསྟན་གཉིས་མི་ཚེའི་གང་ལ་བཀླགས་ཀྱང་བརྡ་སྤྲོད་པའི་རིགས་ལམ་ཁྱོད་ཀྱི་རྒྱུད་ལ་བསླེབ་ཐུབ་ཀྱི་མ་རེད། རྩ་བའི་རྩོད་པ་ནི། ༼ངས་དགེ་རྒན་གྱིས་འདི་ལྟར་བསླབས།༽ཞེས་པ་དེ་རེད། བདག་གིས་༼ངས་དགེ་རྒན་གྱིས་འདི་ལྟར་བསླབས།༽་ཞེས་པའི་ངས་དེ་བྱེད་སྒྲ་མ་རེད། འབྲེལ་སྒྲ་རེད་ཟེར་གྱི་ཡོད། དེ་ལ་ཁྱོད་ཀྱིས་འཐད་དང་མི་འཐད་འབྲི་དགོས་པ་ལས་བཀའ་བསྟན་ཐེངས་མང་བོ་བཀླགས་ཡོད་མེད་ཀྱི་སྐད་ཆ་མ་རེད། སྤྱིར་ཁྱོད་ཀྱིས་རང་གི་སེམས་ལ་འདོད་པ་ནང་བཞིན་བོད་ཡིག་གི་ལམ་ལ་འབྲི་ཤེས་ཀྱི་མེད་པ་གཤམ་གསལ་ལྟར་ཡིན། དཀར་མཚོ་སྐྱིད་ལེགས་ཀྱི་གཤམ་གསལ་གྱི་རང་ཉིད་ཀྱི་ལྟག་ཆོད་ཀྱི་རྩོད་པ་དག་ལ་ལན་སྨྲ་བར་བྱ་སྟེ། དང་པོ་ས་པཎ་གྱི་ལེགས་བཤད་ལས། ནོར་མེད་ཟས་གོས་མཆོག་འདོད་དང་། གཞན་ལ་སློང་ཞིང་ང་རྒྱལ་ཆེ། བསྟན་བཅོས་མ་ཤེས་རྩོད་པར་འདོད། གསུམ་པོ་འགྲོ་བའི་བཞད་གནས།། ༣ །། རབ་བྱེད་ ༧ པ། ངས་ཐོན་མིའི་རྗེས་ཀྱི་སྐད་གསར་གྱི་སྐད་བཀའ་བསྟན་གསུང་འབུམ་དག་ན་ཡོད་པ་གཞིར་བཟུང་ནས་བཤད་ཀྱི་ཐོན་མིའི་སྐབས་ཀྱི་གངས་ཅན་པའི་སྐད་བོད་ཀྱི་རྡོ་རིང་དང་། ཏུན་ཧང་གི་ཡིག་རྙིང་སོགས་ན་ཡོད་ཤས་ཆེ། དེ་དག་ལ་ངས་སློབ་སྦྱོང་བྱེད་མ་མྱོང་། དེ་བཞིན་ཁྱེད་ཀྱང་ཡིན་སྙམ། ཐོན་མིས་དེ་དུས་ཀྱི་བོད་སྐད་དང་མཐུན་པར་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པར་གྲགས་ཀྱང་། བོད་སྐད་འགྱུར་བའི་དབང་གིས་དེ་རྣམས་ལས་གཅིག་ཀྱང་རང་རེའི་མིག་གི་་མཐོང་ཡུལ་དུ་མེད། གལ་ཏེ་ཐོན་མིའི་སྐབས་ཀྱི་སྐད་ལ་འགྱུར་བ་མེད་ན། བོད་སྐད་ལ་དོན་གཉེར་ཅན་དག་གིས་དེ་ཀུན་ལ་སློབ་སྦྱོང་བྱས་ཏེ། ཅིའི་ཕྱིར་མི་ལུས་ལུས་དགོས། ས་སྐྱ་པཎྜི་ཏས་བོད་སྐད་ལ་བརྡ་སྤྲོད་ལེགས་པ་ཞིག་མེད་ཅེས་ཅིའི་ཕྱིར་གསུངས་དགོས་པ་བྱུང་། ས་པཎ་རང་ཉིད་ཀྱིས་ཡི་གེ་སྦྱོར་བ་སོགས་སྒྲའི་བསྟན་བཅོས་འགའ་མཛད་ཀྱང་ཡོངས་གྲགས་ཆེར་མ་བྱུང་། ཡི་གེའི་སྦྱོར་བ་ན། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིགས་བཅད་བརྒྱ་ཆ་བརྒྱད་ཅུ་ལྷག་ཡོད་ཀྱང་། ཚིགས་བཅད་དེ་ཀུན་ཐོན་མིས་གསུངས་པ་ཡིན་པར་ས་པཎ་གྱིས་ཚིག་གཅིག་ཀྱང་གསུངས་མེད། ཆོས་རྗེ་ས་པཎ་སྐབས་དང་། ཕྱིས་རྒྱལ་བ་ཙོང་པ་ཡབ་སྲས་གསུམ་སོགས་ཀྱི་དུས་བར་དུ། རྒྱ་གར་མཁས་པས་བརྩམས་པའི་སྨྲ་སྒོ་མཚོན་ཆ་ལ་བོད་ཀྱི་བརྡ་སྤྲོད་ཤེས་པའི་ཆེད་དུ་སློབ་སྦྱོང་བྱེད། མཁས་གྲུབ་རིན་པོ་ཆེས་ཀྱང་། རྒྱུད་སྡེའི་སྤྱི་རྣམ་དུ་རིག་གནས་ལྔ་འཆད་པའི་སྐབས་སུ། བོད་ལ་ཉེ་བར་མཁོ་བ་ལ་པནྜི་ཏ་སྨྲི་ཏིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་པ་མིང་ཚིག་ཡི་གེའི་ཚོགས་གསུམ་སྟོན་པ་ཞིག་ཡོད་དོ། །ཞེས་གསུངས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཐོན་མིས་བརྩམས་པ་མ་ཡིན་པ་བོད་དང་བོད་པ་མ་ཡིན་པ་མཁས་པ་དུ་མས་བསྒྲུབས་ཟིན་པ་ཁྱེད་ཀྱིས་མཐོང་ཡོད་དམ་སྙམ། འོན་ཀྱང་། ཁྱེད་ལ་བདག་གིས་འདི་ལྟར་འདྲི་བར་བྱ་སྟེ། གལ་ཏེ་སུམ་རྟགས་གཉིས་ཐོན་མིས་མཛད་པ་ཡིན་ན། ས་སྐྱ་པཎ་སོགས་ཀྱིས་མིང་ཙམ་ཡང་བཏོན་་མེད་པ་དང་། ས་པཎ་གྱི་རྗེས་ལོ་བརྒྱ་ཕྲག་མང་པོར་བོད་ཀྱི་བརྡ་སྤྲོད་ཤེས་པའི་ཆེད་དུ་སྨྲ་སྒོ་ལ་སློབ་སྦྱོང་བྱེད་ཀྱི། སུམ་རྟགས་ཞེས་པའི་མིང་ཙམ་ཡང་མེད། དུས་ཕྱིས་ས་པཎ་གྱི་ཡི་གེ་སྦྱོར་བ་འི་ཚིགས་བཅད་རྣམས་བླངས་ཤིང་། རང་ཉིད་ཀྱིས་ཚིགས་བཅད་འགའ་བསྣན་ཏེ། བོད་དུ་ཡི་གེ་སྲོལ་གཏོད་པ་པོ་མཁས་མཆོག་ཐོན་མིས་མཛད་ཅེས། འཇམ་དབྱངས་རྣམ་སྤྲུལ་ཐོན་མི་ལ་ཁ་འཕངས་པ་དེ་ལ་བརྟག་དཔྱད་མེད་པར་ཞ་ལུ་ལོ་ཆེན་སོགས་མཁས་པ་རྣམས་ཀྱིས་ཀྱང་སུམ་རྟགས་གཉིས་མཁས་མཆོག་ཐོན་མི་ཡིན་པར་ཞལ་བཞེས། དེ་གཉིས་ཐོན་མི་ཡིན་པར་དར་སོ་ཆེ་བ་ན། སྨྲ་སྒོ་མཚོན་ཆ་ལ་བོད་ཀྱི་བརྡ་སྤྲོད་ཤེས་པ་ལ་སློབ་སྦྱོང་བོད་ཡུལ་དུ་མེད་པར་སོང་། བློ་གཟུ་བོར་གནས་པའི་ཁྱེད་ལན་ཡོད་དམ། རྗེ་ཙོང་ཁ་པ་བར་དུ་སུམ་རྟགས་ལ་འགྲེལ་པ་བླ་མ་མཁས་པ་རྣམས་ཀྱིས་མ་མཛད་པ་དང་། དུས་ཕྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བརྩམས་པ་ཅི་ཡིན་ནམ། ཁྱེད་ལ་རིགས་པ་མཐུན་པའི་ལན་ཡོད་དམ། ༼ཁྱེད་ཀྱིས་ཐོན་མིའི་དགོངས་པ་དང་མ་བསྟུན་པར་རང་གིས་གསར་བཏོད་བྱས་པ་ཡིན་ཟེར་བ་ནི་ཅི་ཡང་མི་ཤེས་པའི་རང་གཤིས་ངོ་མ་དེ་མངོན་འདུག༽ འདིར་ ངོ་མ་ ཞེས་པ་དེ་ལ་སྔོན་འཇུག་དང་རྗེས་འཇུག་གཉིས་ཀ་མེད་པར་བཟོས་ཏེ། བོད་སྤྱིའི་སྐད་བཀའ་བསྟན་གསུང་འབུམ་གྱི་དག་ཆ་དོར་བའི་རང་མཚང་ཁྱེད་ཀྱིས་བསྟན་འདུག བོད་ཀྱི་སྐད་མི་བརླག་པའི་ཕྱིར་དུ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ལྟ་བུས། དངོས་མ། ཞེས་བྲིས་ཀྱི་ངོ་མ་ཞེས་མ་བྲིས། ཁྱེད་ལྟ་བུ་ཁ་སྐད་གཙོ་བོར་འཛིན། ངོ་མ་ཞེས་སོགས་མ་དག་པ་བྲིས་ཏེ། བོད་གཅིག་ཏུ་སྒྲིལ་བའི་ལྷག་བསམ་གྱིས་དབེན་ན། བྱེད་ཐབས་མེད། ༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ཞེས་པ་དྲངས་ཡོད་པ་ནི་སྨྱོན་པའི་སྟེང་དུ་སྨྱོན་པ་བསྣན་པའི་དཔེ་ལྟར་དུ་ནོར་བའི་ཡི་གེ་ལ་ནོར་འཁྲུལ་གྱི་དཔེ་དོན་བསྟན་པ་ཞིག་ཡིན་པས། དེ་ནི་བོད་ཀྱི་སུམ་རྟགས་ཀྱི་གཞུང་ལ་གོ་བ་ཅི་ཡང་མེད་པའི་རྟགས་སུ་གྲུབ་བོ། །༽ ཞེས་པ་ནི། བདག་གིས་འདི་ལྟར་བྲིས་པ་དེ་ལ་གོ་བ་ལོག་པར་ཐེབས་འདུག ༼དཔེ་ཆའི་མཚན་བྱང་ན། དཔལ་ལྡན་བླ་མའི་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་པར་དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་འཁོད་ཀྱང་། ནོར་འདུག་བསམ་པ་ལས་གཞན་ཅི་བྱེད་ཐུབ། ༽ཅེས་པར་བརྗོད་པ་དང་པོ་དེ། བདག་གི་འདོད་པ་དང་། བརྗོད་པ་ཕྱི་མ་དེ་ནོར་ཡོད་པ་སྟོན་བྱེད་ཡིན། ངའི་ཞེས་པ་ལ་ངས་བྲིས་པ་བཞིན་དུ། བླ་མའི་ཞེས་པར་བླ་མས་ཞེས་བྲིས་འདུག ཅེས་གསལ་པོར་བྲིས་པ་དེ་ལ་གོ་བ་ལེན་མ་ཐུབ་ན། ད་དུང་བཀའ་བསྟན་གསུང་འབུམ་གྱི་དཔེ་ཆ་དག་པ་རྣམས་ལ་རྟག་སྦྱོར་དང་། གུས་སྦྱོར་གྱིས་སྦྱང་དགོས་པར་མཐོང་། ངས་ནི་བཀའ་བསྟན་གསུང་དག་པ་རྣམས་ཀྱི་སྐད་ལ་གང་ཐུབ་སྦྱོང་ཞིང་། དེ་དག་ལ་དག་པ་དང་མ་དག་པ་ཅི་རིགས་པ་ཡོད་ཀྱང་། གཞུང་དཔེ་མང་པོར་བལྟས་ཏེ། དཔྱད་པ་བྱེད། ནོར་བ་ཞིག་ཡོད་ན། རང་གི་བླ་མས་བྲིས་པ་ཡང་ཁས་མི་ལེན། ༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ གསུང་མཁན་དེའི་དྲུང་དུ། སྔོན་གྲྭ་སའི་ཆོས་གྲྭར་སློབ་ཁྲིད་ཞུ་བར་ལན་གཅིག་གཉིས་བཅར་མྱོང་ཡང་ནོར་བ་དེ་ནོར་བར་གཟུང་དགོས་བསམ་པ་ཡིན། བཀའ་བསྟན་གསུང་འབུམ་དག་དང་མི་མཐུན་པ་ཞིག་ཡོད་ན། ཇི་ཙམ་མཁས་པར་གྲགས་པ་རང་ཅག་གིས་དཔྱད་པ་དགོས་ཏེ། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།་ ངེས་པར་བརྟགས་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་པ་ལྟར་དཔྱད་པ་བྱས་ནས། ཁས་ལེན་པར་བྱེད། ཁྱེད་ཀྱིས་མཁས་པ་མང་པོའི་མཚན་སྨོས་པ་ལས། མཁས་པ་ཚེ་ཏན་ཞབས་དྲུང་གི་མཚན་སྨོས་ཀྱང་། ཁོང་གིས་མཛད་པའི་མཛད་པའི་སུམ་འགྲེལ་ན། རྗེས་འཇུག་ང་འ་ར་ལ་དང་། དབྱངས་འཇུག་གི་པ་ཡིན་ཚད་བ་རུ་དགོས་པ་ནི། ཁྱེད་ཀྱི་ཁ་སྐད་ལ་རུང་ཡང་། བཀའ་བསྟན་གསུམ་འབུམ་དག་གི་སྐད་ད། བོད་སྤྱིའི་སྐད་ལ་མི་རུང་། དེ་ལྟར་མི་རུང་བ་ནི། མདོ་སྨད་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་སྐད་ཚིག་རྣམས་ལ་བལྟས་པས་ཀྱང་ཁྱེད་ཀྱིས་ཤེས་ཐུབ། དེས་ན་གོང་གསལ་གྱི་དྲི་བ་དག་ལ་གཟུར་བོར་གནས་པའི་ལན་བྲིས་ནས། རང་ཉིད་བླུན་པོ་མ་ཡིན་པར་མཁས་པར་བསྟན་པའི་རེ་བ་ཡོད། ཅེས་སོ།། ཡིག་ནོར་ཡོད་པ་རྣམས་འདི་དང་འདི་ཞེས་སྟོན་གྲོགས་བཀའ་དྲིན་ཆེ། ང་ནི་དངོས་གནས་བླུན་པོ་རང་ཡིན།
ཨ་མདོར་བོད་སྐད་ཆ་ཚང་བ་ཞིག་མེད་ཚོད་འོན་ཀྱང་བརྡ་སྙན་དངགས་མང་པོ་ཞིག་ཨ་མདོ་མཁས་པས་བརྩམས་འདུག དེས་ན་བོད་སྐད་ལ་རང་སྐད་ཀྱིས་ནཅོས་བསྒྱུར་ཀྱང་གང་མང་བྱས་བཟོ་འདུག དཔེར་ན། དར་བ་ལ། འོ་མ་སྐྱུར་མོ་ཞེས་བཤད་འདུག འོ་མ་ནི་བོད་ཡོངས་གྲགས་སུ་དཀར་གསུམ་མངར་གསུམ་སྐབས་ཀྱི་མངར་གསུམ་གྱི་ནང་ཚན་ཞིག་རེད།
དམུ་ཐག་དཀར་པོ་ལགས། རིགས་པ་ལ་ལན་བརྒྱག་མ་ཐུབ་པར་གཤམ་གྱི་ཚིག་འདི་དག་སྨྲས་ནས་བློ་སྒོ་འབྱེད་ཐུབ་ཀྱི་མ་རེད། ད་དུང་རང་མཚང་ཕྱིར་མངོན་པ་ཙམ་ཡིན། ༼དམུ་ཐག་དཀར་པོ་ནས། སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༣ གི་ཆུ་ཚོད་ ༩ སྐར་མ་ ༥༩ དཀར་མཚོ་སྐྱིད་ཀྱིས། སྤོབས་པ་མཐའ་ཡས་འདི་ལ་ཁྱོན་ནས་ཐུབ་ཀྱི་མི་འདུག སྙུག་ཤོག་གྲོན་པའི་རྒྱུ་རང་རེད། དཀར་མཚོ་སྐྱིད་རིག་སྒོ་གསར་བ་རེ་དང་། རིགས་ལམ་གཞན་པ་རེ་མི་འདུག་གམ།༽
སྒྲ་སྦྱོར་བམ་གཉིས་ཀྱི་སྐབས་སུ་ཨ་མདོ་དང་ཁམས་སྐད་ལ་སྐད་གསར་བཅད་བྱས་ཐུབ་ཡོད་པ་མ་རེད། དབུས་སྐད་ལའང་རྒྱལ་པོའི་བཀས་སྐད་གསར་བཅས་མཛད་ཐུབ་པ་གང་ནས་ཡིན་མོད། བོད་ཀྱི་བརྡ་སྤྲོད་མིང་ཚིག་མང་པོ་ཞིག་བསྒྱུར་བཅོས་བཏང་ནས་ཞོར་ལ་སྐད་ལའང་འགྱུར་བ་སོང་ཡོད་པ་ཏན་ཏན་རེད། འདི་དགེ་འདུན་ཆོས་འཕེལ་གྱི་རིགས་པ་རེད། ཁྱེད་སྨན་རྩིས་ཁང་གིས་སློབ་ཕྲུག་ཚོས་དག་ཡིག་སུམ་རྟགས་ཡག་པོ་སློབ་ཀྱི་ཡོད་པ་ཡག་པོ་རེད། སཱ་ར་མཐོ་སློབ་ཀྱི་སློབ་མ་ཁ་ཤས་རྩོམ་མང་པོ་བྲིས་འདུག །ཁྱེད་སྨན་རྩིས་མཐོ་སློབ་ཀྱི་སློབ་མ་ཚོས་ཀྱང་སྨན་རྩིས་དང་འབྲེལ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་འོས་འགན་ཆེ་ཙམ་སྒྲུབ་ཀྱིན་ཡོད་པའི་བཟོ་ལྟ་འདུག །ཞོགས་དུང་བ་སོགས་མི་བུ་སྨྲ་བ་དེ་དག་གི་ལད་མོ་གཏན་ནས་བྱེད་མི་ཉན།
རང་རང་གི་ལུགས་ལྟར་ལུགས་གཞན་ལ་དགག་པ་བརྒྱབ་མི་ཆོག་ཅེས་གཏན་ཚིགས་སྨྲ་བ་ཞིག་ཡིན་ན་སུས་ཀྱང་ཀྱང་ཁས་ལེན་ཐུབ་ཐབས་བྲལ་ཞིང་དེ་ཡང་རིགས་པས་སྒྲུབ་བྱེད་དང་ལྡན་པ་དགོས་ཀྱི་ཨུ་ཚིགས་མཐར་སྐྱེལ་བྱེད་པ་ཡག་རྟགས་ཤིག་གཏན་ནས་མ་རེད། སྟོན་པས་ཀྱང་གསུངས་ཡོད་པ་མ་རེད་ལ། ཀླུ་སྒྲུབ་ཐོགས་མེད་དང་ཕྱོགས་གླང་ཆོས་གྲགས་ཀྱི་གཞུང་ལུགས་དག་ལས་ཀྱང་དགག་སྒྲུབ་ཀྱི་རིགས་པ་རང་རང་གི་ལུགས་ལྟར་བྱེད་པ་དེ་གལ་ཆེན་པོ་རེད། དེ་མིན་ཆགས་སྡང་གི་དབང་དུ་གྱུར་ན་དངོས་པོའི་གནས་ཚུལ་ངོ་མ་ཞིག་ནམ་ཡང་བརྙེད་མི་སྲིད་པར་སློབ་དཔོན་ཟླ་གྲགས་ཀྱིས་གསུངས་ལ། དེ་ལྟར་མ་ཡིན་པར་རང་གི་ཁས་ལེན་དེ་སྐྱོན་དུ་མཐོང་གིས་མཐོང་གིས་ཨུ་ཚིགས་བྱེད་པ་དེ་ལ་ཕན་ཐོགས་ཡོང་རེ་བྲལ་བས། གལ་ཏེ་བློ་གཟུ་བོར་གནས་བའི་སྒོ་ནས་གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད་པ་ནི་ཤེས་ལྡན་པའི་མི་ཞིག་ཡིན་ན་དེ་ལྟར་རེད།
གངས་ཅན་མཁས་པའི་འབྱུང་གནས་སྨན་རྩིས་ཁང་། ། རིགས་པའི་རྩེད་རྭ་ངོམ་པའི་སྨན་རྩིས་ཁང་། ། གནའ་དེང་ཟུང་དུ་འབྲེལ་བའི་སྨན་རྩིས་ཁང་། ། གསོ་རིག་བསྟན་པ་རྒྱས་པའི་སྨན་རྩིས་ཁང་། །
བླ་དྭགས་བླ་མ་བོད་ལ་བཀའ་དྲིན་ཆེ།། སྤོབས་པ་མཐའ་ཡས་མཐོང་རྒྱ་མིག་རྒྱ་ཆེ།། དཀར་མཚོ་སྐྱིད་ཀྱིས་བསྟོད་པའི་སྨན་རྩིས་ཁང་།། དེ་དང་དེ་འདྲ་ཡིན་ན་ངོ་མཚར་ཆེ།། བཀའ་བསྟན་རིག་གནས་མཁས་པ་དེ་ལ་ནི།། བུ་མོ་དཀར་མཚོ་སྐྱིད་ཀྱིས་ཅོ་འདྲི་བ།། རིགས་པ་རྡོ་ཡི་རལ་གྲི་དེ་ལ་ནི།། ངོ་མཚར་ཁྱད་ཆོས་གང་ཡང་མ་མཐོང་ངོ་།།
སུམ་རྟགས་གཞུང་ལ་ལོ་མང་སྦྱངས་ཟིན་པ།། དཀར་མཚོ་སྐྱིད་དང་ཁྲི་རལ་ལ་སོགས་པས།། ལེགས་བཤད་ལུང་གི་ཆུན་པོ་སྤུངས་བའི་ཚེ།། བཅོས་མིན་དགའ་བའི་མེ་ཏོག་འཛུམ་གྱིས་བསུ།།
ཨིན་ཨིན་ཨིན། བསྟོད་པ་ཟེར་ནོ་རེད། སྨན་རྩིས་ཁང་། བོད་གངས་ཅན་གྱི་མཁས་པའི་འབྱུང་གནས། སྨན་རྩིས་ཁང་། གནའ་དེང་ཟུང་འབྲེལ། གཏད་སོ་ཅི་ཡང་མེད་པའི་གང་དྲན་དྲན་ནི་ཨ་ཁུ་འབྲོང་གི་གསེར་སྣ་དང་ཁྱད་པར་ཅི། ཡིད་འཇོག་བྱེད་མཁན་ཞིག་ཨེ་ཡོང་། ད་དུང་། ལ་དྭགས་པ་བོད་ལ་བཀའ་དྲིན་ཆེ། ཧཧཧ
ཁ་བརྡ་ཚང་གི་བླ་བརྒྱུད་བྱུང་རབས་ཁྲོད།། མཁས་པ་བླ་མ་བློ་བཟང་འཇམ་དཔལ་གྱིས།། གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཡིག་གི། བཀའ་བསྟན་རིག་གནས་སློབ་ཁྲིད་བྱེད་པ་ལ།། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས།། ཀརྡོ་གཉེར་ཕྱག་ཆོས་ཀྱི་སྤྱན་མངའ་པས།། རྗེས་རབས་རྣམས་ལ་ཐོས་བསམ་སྒོར་བསྐྲུན་པ།། མཆན་བུ་འདེབས་པར་མུ་མཐུད་ཕེབས་ནས་ནི།། ཁ་བརྡ་ཚང་གི་མཚན་སྙན་དགུང་ལ་བཏེགས།། རྣམ་པ་གཉིས་ལ་འཚམས་འདྲི་བཀྲ་ཤིས་ཡོད།།
ཇི་སྐད་དུ། པཎྡི་ཏ་ཆེན་པོ་དམུ་སྟིའི་ཞལ་ནས། རི་བོང་འཛིན་པ་སྒྱུ་སྐར་ཕྲེང་བ་ཅན། ། མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། ། དྭངས་བའི་མཚོ་ནང་འདི་ན་ཟླ་བ་ཞེས། ། གཟུགས་བརྙན་ཚད་མར་འཛིན་པ་ཤིལ་ཏུ་འཁྲུལ། ། ཞེས་པ་ཡང་ཡང་དྲན།
གཡུ་ཐོག་བླ་མའི་དགོངས་པའི་ཉི་མའི་འོད། ། གངས་ཅན་དགུང་དུ་ཡོངས་སུ་ཤར་བའི་ཚེ། ། མ་རྟོགས་འཁྲུལ་བའི་བློ་མིག་ཟུམ་ན་ཡང་། ། མཁས་དབང་དམ་པའི་ཞལ་གྱི་པད་མོ་བཞད། །
༄༅།། གསོ་རིག་འབུམ་བཞི་དང་རྒྱུད་བཞི་ཕན་ཚུན་གོ་བསྡུར་ནས་དཔྱད་པ། རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས། སྤེལ་དུས། 2010-12-29 གཅིག གསོ་རིག་འབུམ་བཞི་ངོ་སྤྲོད། ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་དང་། དགོས་མེད་ཀྱི་ཁ་ཕོ་ལ་རྒྱའི་ཞེན་པས་མ་བཅིངས་པར་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་རྣམ་དག་དང་། ལུང་རིགས་དྲང་པོར་སྨྲ་བའི་སྤྱོད་བཟང་གི་སྒོ་ནས་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་བདེན་པར་སྨྲ་བ་ནི་གཞོན་ནུ་ཤེས་ཡོན་ཅན་རྣམས་ཀྱི་འོས་འགན་ཡིན་ལ། ནང་པ་སངས་རྒྱས་པའི་ལྟ་སྤྱོད་དངོས་དང་ཡང་མཐུན་པ་ཞིག་ཡིན། དེར་བརྟེན《གསོ་རིག་འབུམ་བཞི》ལོ་རྒྱུས་དང་ཁྱད་ཆོས་དངོས་ཅུང་ཟད་ངོ་སྤྲོད་ཞུ་བར། མིག་སྔར་མཐོང་ཆོས་སུ་གྱུར་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྔ་ཤོས་ནི《གསོ་རིག་འབུམ་བཞི》འདི་ཉིད་ཡིན་ཞིང་། 《གསོ་རིག་ཐུགས་འབུམ་མཁའ་སྔོན》གྱི་མཇུག་བྱང་ལྟར་ན་གཞུང་འདི་སྟོན་པ་གཤེན་རབ་ཀྱི་ཞལ་རྒྱུན་གདམས་ངག་རྣམས་ཁོང་གི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་རྒྱུན་འཛིན་དང་དར་སྤེལ་བྱས་པ་ཞིག་ཡིན། གཤེན་རབ་མི་བོ་བྱོན་པའི་དུས་ཚོད་ནི་བོན་གྱི་ལོ་རྒྱུས་ཡིག་རྙིང་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་གཅིག་ཁྲི་དྲུག་སྟོང་ཐམ་པ་དང་བརྒྱད་ལོར་སྐུ་འཁྲུངས་པར་གསུངས། འོན་ཀྱང་བན་བོན་གྱི་ལོ་རྒྱུས་ཡིག་ཆ་རྙིང་པའི་ལོ་རྒྱུས་དོན་རྐྱེན་རྣམས་ཕན་ཚུན་གོ་བསྡུར་ནས་བརྟག་དཔྱད་དང་། དེང་དུས་ས་འོག་ནས་ཐོན་པའི་གནའ་རྫས་དག་ལ་དཔྱད་པ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་བྱུང་ཡོད་དགོས་པ་ཞིག་རེད། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས་གཤེན་རབ་མི་བོ་ཆེ་འཁྲུངས་པའི་དུས་ནི་སྤྱི་ལོའི་སྔོན་གྱི ༡༩༡༧ པའི་ཤིང་བྱི་གཅིག་དཀར་ལོ་དེར་སྐུ་འཁྲུངས་ཡོད་པར་གསུངས། དེ་ལྟར་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་མར་བྱུང་ནས་ད་བར་ལོ་ངོ་བཞི་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་ཡོད། 《གསོ་རིག་འབུམ་བཞི》ཐོག་མར་གསུངས་སའི་གནས་ནི། དེང་དུས་མངའ་རིས་ས་ཁུལ་གངས་ཏི་སེའི་ཉེ་འགྲམ་དུ་ཡིན་པར་གསལ་ཏེ། 《ཐུགས་འབུམ་མཁའ་སྔོན》ལས། “གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། དེ་ཡང་མཚོ་མུ་ཁྱུད་བདལ་པའི་འཁོར་མོ་འཁོར་ཁྱུད་ཀྱི་གླིང་ན། ཡངས་ལ་ཁོད་སྙོམས་ཤིང་བདལ་བ། ངོ་མཚར་གྱི་ལྟས་མོ་ཕུན་གསུམ་དུ་འཚོགས་པ། རི་བོ་དང་རི་བྲན་དང་། རྒྱ་མཚོ་དང་ནེའུ་ཐང་དང་། ཆུ་བོ་དང་ཆུ་ཕྲན་དང་། ལུ་མ་དང་ལྡིང་ཀ་་དང་། དཔག་བསམ་དང་ནགས་ཚལ་དང་། མེ་ཏོག་དང་། སྨན་དང་། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རི་དྭགས་དང་། གཅན་གཟན་དང་། འདབ་ཆགས་དང་། ཆུ་གནས་དང་། གཡུང་དྭགས་དང་། མི་ནོར་དང་། ཡུལ་མཁར་དང་། ལོངས་སྤྱོད་ཕུན་གསུམ་འཚོགས་པ་རུ་མངའ་འོ།”ཞེས་དང་། ཡང་“ཤར་ཕྱོགས་སུ་ཤམ་པོ་ལྷ་རྩེ། བྱང་ཕྱོགས་སུ་ཁོ་མ་ནེའུ་ཆུང་། ནུབ་ཕྱོགས་སུ་ཁྲི་སྨོན་རྒྱལ་བཞེད། ལྷོ་ཕྱོགས་སུ་བལ་པོ་སོ་བརྒྱད།”ཅེས་སོགས《གསོ་རིག་འབུམ་བཞི》གསུངས་ཡུལ་འོལ་མོ་གླིང་ཆེན་དང་། དེའི་ཕྱོགས་བཞིའི་ཡུལ་གཙོ་བོ་བཞི། དེའི་ཕྱིའི་གླིང་ཆེན་བཅུ་གཉིས་དང་ཡུལ་ཆེན་བཅུ་དྲུག་སོགས་ངོ་སྤྲོད་བྱས་ཡོད་པ་འདི་ལ་ཞིབ་ཏུ་བརྟག་ན་དེང་དུས་མངའ་རིས་གངས་ཏི་སེའི་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་ཡུལ་གྲོང་དང་ས་ཆའི་མིང་ཤ་སྟག་སྣང་བས། འདི་ལ་བལྟས་པ་ཙམ་གྱིས《གསོ་རིག་འབུམ་བཞི》གསུངས་ཡུལ་དེ་ལྷའི་ཞིང་ཁམས་སོགས་གནས་གཞན་གང་ཡང་མ་ཡིན་པར་འགྲོ་བ་མིའི་ཡུལ་དང་དེ་ལས་ཀྱང་བོད་གངས་ཅན་གྱི་ཡུལ་དུ་གསུངས་ཡོད་པ་གནག་ཕྱུགས་ཀྱི་རྫི་བོས་ཀྱང་ཤེས་སླ་བ་ཞིག་རེད། 《གསོ་རིག་འབུམ་བཞིའི》ནང་དོན་གཙོ་བོ་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་རང་རྒྱུ་འབྱུང་བ་བཞིའི་རྫས་ཡོད་པ་དང་། ནད་ཀྱི་རྒྱུ་གཙོ་བོ་རླུང་། མཁྲིས་པ། བད་ཀན། འདུས་པ་ཁྲག་དང་བཞི་གཙོ་བོ་ཡིན་པ་དེའང་ངོ་བོ་འབྱུང་བ་བཞིའི་རྫས་ལས་མ་འདས་པ་ཞིག་ཡིན་པ་དང་། རྩི་ཤིང་ལ་སོགས་དངོས་པོའི་སྨན་རྫས་རྣམས་ཀྱང་ངོ་བོ་འབྱུང་བ་བཞིའི་རྫས་ཡིན་པར་བསྟན་པ་སོགས་ཀྱི་གཞུང་ལུགས་ཤིག་ཡིན། ལྷག་པར་དུ་སྨན་འབུམ་དཀར་པོའི་རྩ་ཆུ་བརྟག་པའི་ལེའུ་གཉིས་པོ་ལས་ཕྱི་དུས་བཞི་ཁམས་ལྔའི་འབྱུང་བ་དང་། ནང་ལུས་ཁམས་ཀྱི་འབྱུང་བ་གཉིས་པོ་ཕན་ཚུན་འབྲེལ་ཚུལ་ལ་བརྟེན་ནས་གང་ཟག་སོ་སོའི་ལུས་ཁམས་བདེ་ཐང་གི་གནས་ལུགས་དང་། གང་ཟག་དེ་དང་འབྲེལ་བའི་གཉེན་ཉེ་དང་ལས་དོན་སོགས་ཀྱི་ལེགས་ཉེས་གང་འབྱུང་བརྟག་ཐབས་ཀྱི་ཁྱིམ་ཕྱྭ་དང་། མགྲོན་ཕྱྭ་དང་། དགྲ་ཕྱྭ། གྲོགས་ཕྱྭ། གདོན་ཕྱྭ་ལ་སོགས་པ་ངོ་མཚར་རྩ་བདུན་དང་། ཆུ་ཕྱྭ་སྣ་ཚོགས་བསྟན་ཡོད་པ་འདི་ནི་བོད་ཀྱི་གནའ་བོའི་ཤེས་རིག་བོན་ཆོས་ཀྱི་ལུགས་སྲོལ་མ་ཉམས་པ་ཞིག་ཡིན་པ་དང་། རྒྱ་དཀར་ནག་གང་གི་ཤེས་རིག་ནང་དུ་ཡང་རྙེད་ཡས་མེད་པའི་ཐ་སྙད་ཅིག་ཡིན་པ་ནི་བོད་ཀྱི་ཤེས་རིག་རྣལ་མ་ཅུང་ཟད་རྟོགས་མཁན་ཚང་མ་མཁྱེན་གསལ་ལྟར་རེད། དེས་ན་བོད་ཀྱི་གསོ་རིག་གཞུང་གི་རྩ་ཆུ་བརྟག་ཐབས་ཀྱི་ཤེས་རིག་འདི་ཐོག་མར་གངས་ཏི་སེའི་ཉེ་སྐོར་གྱི་གནའ་གྲོང་ཁག་ལས་བྱུང་བའི་རིག་གནས་ཤིག་ཡིན་པ་བསྙོན་དུ་མེད་དོ། ། གཉིས། གསོ་རིག་འབུམ་བཞི་དང་དཔལ་ལྡན་རྒྱུད་བཞི་གཉིས་ཀྱི་ཁྱད་པར། 《གསོ་རིག་འབུམ་བཞི》དང་《རྒྱུད་བཞི》གཉིས་པོར་བརྗོད་བྱ་དོན་གྱི་ཆ་ནས་དཔྱད་ན་ཁྱད་པར་ཆེར་མ་མཐོང་ཡང་། རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན《གསོ་རིག་འབུམ་བཞིའི》ཚིག་སྦྱོར་རྣམས་ཚིག་རྐང་མི་སྙོམ་པ་དང་། སྡེབ་སྦྱོར་མི་སྙན་པ་ལ་སོགས་པའི་ཚིག་སྐྱོན་མང་བ་མ་ཟད། ལྷག་པར་དུ་ནད་འབུམ་ནག་པོའི་རྗོད་ཚུལ་རྣམས་ཚིགས་བཅད་དང་ཚིག་ལྷུག་གང་ཡིན་དབྱེ་དཀའ་བ། གནའ་བོའི་ཡིག་རྙིང་གི་ཁྱད་ཆོས་མང་བ་སོགས《དཔལ་ལྡན་རྒྱུད་བཞི》ལས་བྱུང་བའི་རྟགས་མཚན་མང་བ་དང་། 《དཔལ་ལྡན་རྒྱུད་བཞི》ནི་ཚིག་རྐང་སྙོམ་པ་དང་། ཚིག་གི་སྡེབ་སྦྱོར་སྙན་པ། བརྡ་དག་དོན་གསལ་བ་སོགས《འབུམ་བཞི》ལས་བྱུང་ཕྱི་བ་དང་ཡར་རྒྱས་ཆེ་བའི་ཁྱད་ཆོས་མང་། བྱེ་བྲག་སོ་སོའི་ཁྱད་པར་ནི། 《གསོ་རིག་འབུམ་བཞིའི》ཐོག་མ《ཐུགས་འབུམ་མཁའ་སྔོན》དང་། 《རྒྱུད་བཞིའི》ཐོག་མ《རྩ་རྒྱུད》གཉིས་ལས། 《ཐུགས་འབུམ་མཁའ་སྔོན》གྱི་དབུར་ཞང་ཞུང་སྐད་དུ། ཞེས་པ་དེ《རྩ་རྒྱུད》དུ་རྒྱ་གར་སྐད་དུ་ཞེས་བསྒྱུར་འདུག ལེའུ་དང་པོའི་མཆོད་བརྗོད་སྐབས། ཐུགས་རྗེ་འགྲོ་བའི་དོན་མཛད་གཤེན་རབ་མཆོག་ཅེས་པ་དེ། ཐུགས་རྗེ་འགྲོ་བའི་དོན་མཛད་བཅོམ་ལྡན་འདས་ཞེས་བསྒྱུར་བ་ཙམ་ལས་གཞན་ཚིག་རྐང་གསུམ་པོ་གཅིག་མཚུངས་སུ་སྣང་། 《འབུམ་བཞི》ལས། གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞེས་པ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་པའི། མཚོ་མུ་ཁྱུད་བདལ་བའི་གླིང་། ཞེས་པ་དེའི་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་ཡུལ་གྲུ་རྣམས་དང་། ཆུ་བོ་ཆེན་པོ་བཞི། དེའི་ ཕྱི་རིམ་ན་གནས་པའི་ཡུལ་ཆེན་བཅུ་དྲུག་སོགས་མདོར་ན་གངས་ཏི་སེའི་ཉེ་སྐོར་གྱི་ཞང་ཞུང་མངའ་རིས་ཡུལ་གྱི་ཡུལ་གྲུ་སོ་སོའི་ས་མིང་དང་། གནས་བཀོད་གསལ་པོར་ཡོད་པ་དེ་དག《རྩ་རྒྱུད》དུ་ལྟ་ན་སྡུག་པའི་ཞིང་ཁམས་ཞེས་བསྒྱུར་འདུག 《རྩ་རྒྱུད》དུ་ལྟ་ན་སྡུག་གི་ཞིང་ཁམས་དང་། རི་བོ་འབིགས་བྱེད་དང་གངས་ཅན། རྒྱུད་ཞུ་བ་པོ་དྲང་སྲོང་ཡིད་ལས་སྐྱེས་དང་། གསུང་པོ་དྲང་སྲོང་རིག་པའི་ཡེ་ཤེས་ལ་སོགས་པའི་རྣམ་བཤད་དེ་དག་དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འདི་ལྟར་གསལ་ཏེ། (སྨད་ཆ། ཤོག་ངོས ༡༥༢༢ ཕྲེང་ ༥ པ། པེ་ཅིན་པར།) “འདི་ཉིད(གཡུ་ཐོག་གསར་མ)མཆོག་གི་སྤྲུལ་སྐུ་དངོས་ཡིན་ཞིང་ཁོང་རང་གི་བཞུགས་གནས་དེའི་ཤར་ན་སྤང་རི་སྔོ་སྨན་མང་པོ་སྐྱེ་བ་སྤོས་ངད་ལྡན་དང་འདྲ་བ་དང་། ལྷོ་ན་སྔོ་སྨན་ཚ་བ་སྐྱེ་བ། བྱང་ན་གངས་རི་དང་བསིལ་སྨན་སྐྱེ་བ། ནུབ་ན་ནགས་ཚལ་སོགས་ཆ་མཐུན་ཡོད་པས་ཁོང་རང་གི་བཞུགས་གནས་དེ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་། ཐུགས་ཆོས་ཀྱི་དབྱིངས་སངས་རྒྱས་སྨན་གྱི་བླ་དང་། ཀུན་རྟོགས་སྣ་ཚོགས་པ་རྣམས་འཁོར་སྡེ་བཞི་དང་། རྩོམ་འདོད་ཀྱི་རྟོག་པ་དྲང་སྲོང་ཡིད་ལས་སྐྱེས་དང་། རིག་པའི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་སུ་མཛད་ནས་རྒྱུད་བཞི་བཤད་དོ་ཞེས་རྗེ་ཕྲིན་ལས་ཞབས་གསུངས་ལ། ཐུན་མོང་གི་སྣང་བ་དེ་ཉིད་ཡིན་ལ། སྣང་བ་དག་པའི་གདུལ་བྱའི་ངོར་གླེང་གཞིར་ཇི་ལྟར་བཤད་པ་ལྟར་སྣང་ཡང་མི་འགལ་ལོ་ཞེས་བདག་སེམས་སོ།”ཞེས་གསུངས་སོ། ། དེ་ལྟར་ན་སྔོན་བྱོན་གྱི་མཁས་པ་ཆེན་པོ་རྗེ་ཕྲིན་ལས་ཞབས་དང་། དཔའ་བོ་གཙུག་ལག་ཕྲེང་བ། ཟུར་མཁར་བློ་གྲོས་རྒྱལ་པོ། གླིང་སྨན་བཀྲ་འབུམ་པ་སོགས་གནས་ལུགས་དོན་ལ་མཁས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་རྗེ་གཡུ་ཐོག་པས《རྒྱུད་བཞི》འཆད་ཉན་མཛད་པའི་ཡུལ་གང་དེ་དག་པའི་སྣང་ངོར་ལྟ་ན་སྡུག་གི་ཞིང་ཁམས་ཡིན་པ་ལས། གཞན་དུ་ལྟ་ན་སྡུག་གི་ཞིང་ཁམས་སུ་སངས་རྒྱས་ཀྱིས་གསུངས་པ་ཞིག་མིན་ཚུལ་ལུང་རིགས་གཉིས་ཀྱི་སྒོ་ནས་བསྒྲུབས་འདུག《ཐུགས་འབུམ་མཁའ་སྔོན》གྱི་ལེའུ་བདུན་པ་འབུམ་བཞིའི་ཆེ་བརྗོད་པ་འདི《རྩ་རྒྱུད》དུ་མེད་པས་རྩ་རྒྱུད་ལ་ལེའུ་དྲུག་ལས་མེད། 《འབུམ་བཞིའི》གཉིས་པ《གསོ་བྱེད་སྨན་འབུམ་དཀར་པོ》དང་། 《རྒྱུད་བཞིའི》《ཕྱི་མ་འཕྲིན་ལས་རྒྱུད》གཉིས་ལས། དང་བོ་སྨན་འབུམ་གསུང་པ་པོ་སྟོན་པ་གཤེན་རབ་མི་བོ་དང་། ཞུ་བ་བོ་སྲས་དཔྱད་བུ་ཁྲི་ཤེས། གསུངས་སའི་ཡུལ་འོལ་མོ་ལུང་རིང་ཞེས་གསལ་བ་དེ། 《ཕྱི་མ་རྒྱུད》ལས་གསུང་བ་བོ་དྲང་སྲོང་རིག་པའི་ཡེ་ཤེས་དང་། ཞུ་བ་བོ་དྲང་སྲོང་ཡིད་ལས་སྐྱེས། གསུངས་སའི་ཡུལ་ལྟ་ན་སྡུག་གི་ཞིང་ཞེས་བསྒྱུར་འདུག སྤྱིར་གཞུང་འདི་གཉིས་བརྗོད་དོན་ཕལ་ཆེར་མཚུངས་ཀྱང་རྗོད་བྱེད་ཚིག་སྦྱོར་གྱི་ཁྱད་པར་ཆེ། ལེའུ་གཉིས་པ་ཆུ་བརྟག་ཐབས་ལས་གདོན་རིགས་རྣམས་ཀྱི་མིང་དང་གྲངས་ཅུང་ཟད་མི་འདྲ་བར་འདུག 《སྨན་འབུམ་དཀར་པོར》ལེའུ་སོ་གཉིས་དང་། 《ཕྱི་མ་རྒྱུད》ལ་ལེའུ་ཉེར་བདུན་ཏེ། དེ་ཡང་《སྨན་འབུམ་དཀར་པོའི》ལེའུ་དང་པོ་གླེང་སློང་གི་ལེའུ་དང་། ལེའུ་ཉེར་བདུན་པ་གཉེན་པོ་གཅིག་རྒྱུད། ལེའུ་ཉེར་བརྒྱད་པ་འགོག་སྲུང་། ལེའུ་སུམ་ཅུ་པ་རྒྱུད་ཀྱི་ཆེ་བ་བརྗོད་པ། ལེའུ་སོ་གཉིས་པ་འཁོར་གྱི་གཙོ་བོ་བསྟོད་པའི་ལེའུ་སྟེ《སྨན་འབུམ》ལ་ལེའུ་ལྔ་ལྷག་པོ་བྱུང་འདུག འོན་ཀྱང་《ཕྱི་མ་རྒྱུད》ཀྱི་ནང་དུ་གོང་གསལ་གྱི་ལེའུ་འདི་དག་གི་ནང་དོན་ཕལ་ཆེར་ལེའུ་ཉེར་བདུན་གྱི་ནང་དུ་བསྡུས་འདུག འབུམ་བཞིའི་གསུམ་པ《དཔྱད་བུ་ཁྲ་བོ》དང་། 《རྒྱུད་བཞིའི》གཉིས་པ《བཤད་རྒྱུད》གཉིས་ལེའུའི་གྲངས་དང་། བརྗོད་བྱའི་ནང་དོན། རྗོད་བྱེད་ཀྱི་ཚིག་སྦྱོར་སོགས་ཕྱོགས་གང་ཐད་ནས་ཕལ་ཆེར་གཅིག་མཐུན་དུ་འདུག འོན་ཀྱང་《དཔྱད་འབུམ》གྱི་དབུར་གཞུང་གསུང་པ་པོ་དང་། གསུངས་སའི་ཡུལ། ཞུ་བ་བོ་སོགས་བོན་ལུགས་རྣམས《བཤད་རྒྱུད》དུ་ནང་པའི་ལུགས་སུ་བསྒྱུར་འདུག་པ་མ་ཟད། གཞུང་འདིའི་བརྗོད་དོན་གཙོ་བོ་བོད་ཀྱི་སྨན་རྫས་ཀྱི་རོ་དྲུག་པོའི་ལྕི་སྣུམ་ལ་སོགས་འབྱུང་བའི་རྫས་ཀྱི་ནུས་པ་ཆེ་ཆུང་གི་གོ་རིམ་རྣམས་གཏན་འབེབས་བྱེད་ཐབས་སྐོར་ལ་གཞུང་གཉིས་པོའི་ལྟ་བ་མི་འདྲ་བ་རེ་བྱུང་འདུག་སྟེ།《དཔྱད་འབུམ་ཁྲ་བོ》ལས། བསྐ་མངར་ལན་ཚྭ་རྣམས་གསུམ་རིམ་བཞིན་ལྕི། ། དེ་བཞིན་མངར་སྐྱུར་ལན་ཚྭ་སྣུམ་པ་ཡིན། ། བསྐ་མངར་ཁ་བསིལ་ཁ་བསྐ་མངར་བ་རྟུལ། ། སྐྱུར་ཚ་ཁ་བ་རྣམས་གསུམ་ཡང་ལ་རྩུབ། ། སྐྱུར་དང་ལན་ཚྭ་ཚ་གསུམ་ཚ་ལ་རྣོ། ། ཞེས་རོ་དྲུག་པོ་དག་སོ་སོའི་ནུས་པ་ལྕི་སྣུམ་གང་ཆེ་གོ་རིམ་འདི་བཞིན་དུ་དཔྱད་བརྗོད་བྱས་ཡོད་པ་དང་། 《བཤད་རྒྱུད》ལས། ལན་ཚྭ་བསྐ་མངར་རྣམས་གསུམ་རིམ་བཞིན་ལྕི། ། དེ་བཞིན་ལན་ཚྭ་སྐྱུར་མངར་སྣུམ་ཡིན། ། བསྐ་ཁ་མངར་བསིལ་ཁ་བསྐ་མངར་བ་རྟུལ། ། སྐྱུར་ཚ་ཁ་བ་རྣམས་གསུམ་ཡང་ལ་རྩུབ། ། ཚ་སྐྱུར་ལན་ཚྭ་རྣམས་གསུམ་ཚ་ལ་རྣོ། ། ཞེས་གསུངས་སོ། ། རིག་པ་འདི་ནི་བོད་ཀྱི་སྨན་རྫས་རིག་པའི་ནུས་པ་བརྟགས་ཐབས། འབྱུང་བཞིའི་ནུས་པའི་སྙིང་པོ་བསྡུས་པ་ཞིག་ཡིན་ལ། དེང་དུས་ཚན་རིག་ཤེས་བྱའི་ནང་གི་སྐྱེ་དངོས་སོགས་སྨན་རྫས་ཀྱི་དངོས་པོ་རྣམས་ཀྱི་གྲུབ་ཆ་དང་ནུས་པ་གང་ཡིན་བརྟག་ཐབས་ཀྱི་རྫས་འགྱུར་རིག་པ་དང་། སྐྱེ་དངོས་རིག་པའི་རྩ་བའི་གཞུང་དོན་དང་ནང་དོན་གཅིག་མཚུངས་སུ་སྣང་། 《འབུམ་བཞིའི》བཞི་བ《ནད་འབུམ་ནག་པོ》དང་། 《རྒྱུད་བཞིའི》གསུམ་པ《མན་ངག་རྒྱུད》གཉིས་ཀྱི་ཁྱད་པར་ཡང་གོང་གི་རྒྱུད་གཞན་རྣམས་དང་འདྲ་བ་དབུ་མའི་མཚན་དོན་དང་། ཞུ་བ་བོ་དང་ཞུ་བའི་ཡུལ་སོགས་མི་འདྲ་བ་དང་། རྗོད་བྱེད་ཀྱི་ཚིག་སྦྱོར་ལ་ལེའུ་གཉིས་པ་རླུང་ནད་སྐོར་ཕལ་ཆེར་ཚིག་ལྷུག་ཡིན་པ་དང་། གཞན་རྣམས་ཚིག་རྐང་རིང་ཐུང་མ་སྙོམས་ཅི་རིགས་སུ་སྣང་། 《མན་ངག་རྒྱུད》དུ་ལེའུ་ལྔ་བ་བད་ཀན་སྨུག་པོ་ཞེས་པ་དེ། ནད་འབུམ་ལས་འདུས་པ་ཁྲག་ནད་ཀྱི་ལེའུ་ཞེས་མིང་མི་འདྲ་བར་བྱུང་བ་མ་ཟད། 《རྒྱུད་བཞིར》ཉེས་པ་གསུམ་ཞེས་པ་དེ《འབུམ་བཞི》ལ་རླུང་། མཁྲིས། བད་ཀན། ཁྲག་དང་ཉེས་པ་བཞིར་བཤད། དེ་ཡང་རླུང་ཆུ། མཁྲིས་པ་མེ། བད་ཀན་ས་ཆུ། ཁྲག་མེ་ཁམས་ཡིན་པ་བཅས་བསྟན་པ《རྒྱུད་བཞི》དང་ཉེས་པའི་རྣམ་གྲངས་མི་འདྲ། 《ནད་འབུམ་ནག་པོར》ལེའུ་ཞེ་བཞི་པ་མོ་ནད་སྤྱི་བཅོས་བསྟན་པ་དང་། 《མན་ངག་རྒྱུད》ཀྱི་ལེའུ་ཞེ་བཞི་པ་སྐད་འགག་གསོ་བའི་ཚུལ་བསྟན་ཡོད་ཅིང་། འདི་མན་ཆད་འབུམ་རྒྱུད་གཉིས་པོའི་ལེའུའི་གོ་རིམ་རྣམས་ཕན་ཚུན་མི་མཐུན། 《ནད་འབུམ》ལས་གཟའ་ནད་བཅོས་པ་དང་། ཀླུ་འདོན་བཅོས་པའི་ལེའུ་ནང་གི་ཞང་སྐད་དུ་ཡོད་པའི་སྔགས་རྣམས《མན་རྒྱུད》དུ་མི་སྣང་། རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་ལས་ཚེ་བཀྲགས་བསྐྱེད་པའི་ཞང་སྐད་ཀྱི་སྔགས་རྣམས《མན་རྒྱུད》དུ་ལེགས་སྦྱར་སྐད་ཀྱི་གཟུངས་སྔགས་སུ་བསྒྱུར་འདུག 《མན་རྒྱུད》ལ་ལེའུ་གོ་གཉིས་ཡོད་ ཅིང་《ནད་འབུམ་ནག་པོ》ལ་བསྟོད་པའི་ལེའུ་དང་། གཉེར་གཏད་ཀྱི་ལེའུ་སྟེ་གཉིས་ཀྱིས་ལྷག་པས་ལེའུ་གོ་བཞི་ཡོད་འདུག གསུམ། འབུམ་བཞི་ལས་རྒྱུད་བཞིར་གྱུར་ཚུལ། དེང་དུས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི《རྩ་བ་གསོ་རིག་རྒྱུད་བཞི》ཡིན་པར་བཤད་ཅིང་། 《རྒྱུད་བཞི》ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བརྩམས་པར་བཤད། གནའ་བོའི་དུས་སུ《རྒྱུད་བཞི》སངས་རྒྱས་ཀྱི་གསུང་དུ་བཅོས་མཁན་བྱུང་མྱོང་ཡང་དེ་ལ་ཟུར་མཁར་བ་དང་། བཀྲ་འབུམ་པ་སོགས་ཀྱིས་ལུང་རིགས་གཉིས་ཀྱི་སྒོ་ནས་བཀག་ཟིན། འོ་ན《གསོ་རིག་རྒྱུད་བཞིའི》རྩོམ་པ་པོ་དངོས་སུ་ཞེ་ན། 《གསོ་རིག་རྒྱུད་བཞི》བྲིས་མ་དང་པར་མ་གང་ཡིན་ཡང་རྩོམ་པ་པོ་སུ་ཡིན་གསལ་པོར་བཀོད་ཡོད་པ་ཞིག་གཏན་ནས་མཐོང་རྒྱུ་མེད། གཡུ་ཐོག་པས་བརྩམས་པར་བཞེད་པ་ཡང་དོན་ལ་ནང་བའི་མཁས་པ་རྣམས་ཀྱི་ཞེན་ཕྱོགས་ཙམ་ལས་ལུང་རིགས་ཀྱི་རྒྱུ་མཚན་ཆེར་མ་མཐོང་སྟེ། གཡུ་ཐོག་གསར་མའི་རྣམ་ཐར་ལས།“གཡུ་ཐོག་པ་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས། རྟ་སྒ་སྲབ་དང་བཅས་པའི་འབུལ་བ་ཕུལ་ནས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས།”ཞེས་དང་། ཡང་དེ་ཉིད་ལས། “ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་རིག་ཀུན་གྱི་ཡང་རྩེར་གཟིགས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གསེར་མཆན་དང་། ཟངས་མཆན་གཉིས་བཏབ།” ཅེས་སོགས་འཁོད་ཡོད་པར་གཞིགས་ན་གཡུ་ཐོག་གསར་མ《རྒྱུད་བཞི》རྩོམ་པ་པོ་མིན་པ་ཤིན་ཏུ་གསལ། གཡུ་ཐོག་རྙིང་མའི་རྣམ་ཐར་ལས།“གཡུ་ཐོག་པ་དགུང་ལོ་སོ་ལྔའི་ཐོག་རྒྱ་གར་ནས་ཕྱིར་འཁོར་དུས་རྒྱལ་པོས་རྒྱུད་བཞི་གཏེར་ནས་འདོན་དགོས་པར་གསུངས་ཀྱང་། གཡུ་ཐོག་པས་བདག་རྒྱ་གར་ལ་ད་དུང་སྐྱར་གཅིག་འགྲོ་བ་དེ་བར་མི་འདོན་ཞུས།”ཞེས་དང་། ཡང་དེ་ཉིད་ལས། “དགུང་ལོ་ཞེ་ལྔ་བཞེས་དུས་གཏེར་ནས་སྤྱན་དྲངས། དགུང་ལོ་ང་ལྔ་བར(764A.C)ཀོང་པོ་སྨན་ལུང་དུ་བྱོན་ནས་གསོ་རིག་སློབ་གྲྭ་བཙུགས་ཏེ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱུད་བཞི་འཆད་ཉན་བྱས”ཚུལ་བཀོད་ཡོད་པ་རེད། དེས་ན་གཡུ་ཐོག་རྙིང་མ་ཡང་རྒྱུད་བཞི་རྩོམ་པ་པོ་མིན་པ་མ་ཟད། དེའི་གོང་དུ་རྒྱུད་བཞི་གཏེར་དུ་སྦས་ཡོད་པ་གསལ་པོར་བསྟན་འདུག འོ་ན《གསོ་རིག་རྒྱུད་བཞི》དེ་གང་འདྲ་བྱས་ནས་བྱུང་ཡོད་ཅེ་ན། གོང་གསལ་ལྟར་འདིར་འབུམ་རྒྱུད་གཉིས་ཕན་ཚུན་གོ་བསྡུར་ནས་བརྟག་ན། ཐོག་མར《གསོ་རིག་འབུམ་བཞི》བྱུང་ཞིང་དེ་ནས་རིམ་བཞིན་ཚིག་སྦྱོར་དང་། ལེའུའི་གོ་རིམ་རྣམས་དག་བཅོས་དང་ལེགས་སྒྲིག་བྱས་པ་ནི《གསོ་རིག་རྒྱུད་བཞི》ཡིན་པ་བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་འབུམ་རྒྱུད་གཉིས་པོ་ཕན་ཚུན་གོ་བསྡུར་ནས་བལྟས་པ་ཙམ་གྱིས་ཤེས་སླ། འོན་ཀྱང་ཆགས་སྡང་གཉིས་ཀྱི་ཁྲི་ལ་ང་རྒྱལ་གྱི་ཅོད་པན་གསོལ་ནས་མཁས་པའི་མཚན་སྙན་འཛིན་ནས་བཞུགས་པ་རྣམས་ལ་སངས་རྒྱས་དངོས་བྱོན་ནས་བདེན་དོན་ངོ་སྤྲོད་གནང་ཡང་རང་འདོད་ཀྱི་ལྟ་བ་ནང་ཡང་འགྱུར་མི་སྲིད་པས། དེ་དང་དེའི་རིགས་ལ་བདེན་དོན་ར་སྤྲོད་པའི་ངལ་བ་མི་བྱའོ། ། བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རྙིང་ལྟར་ན《གསོ་རིག་འབུམ་བཞིའི》ཐོག་མ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་སྟོང་ཕྲག་གཉིས་ཙམ་ཞིག་ནས་བྱུང་ཡོད་ཅིང་། དེ་ནས་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བར་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་དེ་ལ་ཁ་སྣོན་དང་ཉམས་ཡིག་གསར་སྣོན་བྱས་ནས《གསོ་རིག་རྒྱུད་བཞི》ཞེས་ཡོངས་གྲགས་སུ་དར་ཡོད་པར་ངེས། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱིས་བོན་གྱི་བསྟན་པ་བསྣུབས་ནས་ནང་ཆོས་སྤེལ་སྐབས《འབུམ་བཞིའི》མིང་ཡང་《རྒྱུད་བཞིར》བསྒྱུར་ཡོད་པར་ངེས་ཏེ། 《བཀའ་ཐང་ཤེལ་བྲག་མའི》ལེའུ་གྱ་བཞི་པ་ལས། “བེེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། ། བེེ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། ། བེེ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། ། ”ཞེས་སོགས་གསུངས་པ་འདི་ལས་བོན་ཆོག་རྣམས་ནང་པའི་ཆོས་ཀྱི་རྣམ་པར་བསྒྱུར་ཡོད་པའི་དོན་ཡིན་པ་ལས། བོན་ཆོས་བོད་སྐད་དུ་བསྒྱུར་མི་དགོས་པ་ནི་སུས་ཀྱང་ཤེས་པར་མ་ཟད། བོན་ཆོག་གི་གཏོར་མདོས་ཡས་གླུད་རྣམས་ནང་ཆོས་ཀྱི་རྣམ་པར་བསྒྱུར་ནས་ད་ལྟར་ཡང་བེད་སྤྱོད་བཞིན་ཡོད་པ་འདིས་ཀྱང་ཤེས་སོ། ། དེས་ན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས《རྒྱུད་བཞི》གཏེར་ནས་བཏོན་ཞེས་པ་ཡང་དོན་དུ་སྐབས་དེར་བན་བོན་འཁྲུགས་པའི་དུས་ཟིང་གི་ནང་དུ་བོན་གཞུང་གཏེར་དུ་སྦས་པའམ། སྦས་སྐུང་བྱས་པ་དག་ལས《འབུམ་བཞི》ཕྱིར་བཏོན་ནས་ཐུན་མིན་བོན་ལུགས་ཀྱི་ཐ་སྙད་ཡོད་པ་རྣམས་ནང་ཆོས་ཀྱི་ཐ་སྙད་དུ་བསྒྱུར་ནས《གསོ་རིག་རྒྱུད་བཞི》ཞེས་མཚན་གསོལ་ཏེ་ཀོང་པོ་སྨན་ལུང་དུ《རྒྱུད་བཞི》འཆད་ཉན་མཛད་པ་ནི་གསོ་རིག《འབུམ་བཞི》ནས《རྒྱུད་བཞི》ཞེས་མཚན་འགྱུར་བའི་དུས་སྐབས་ཡིན་པར་སེམས། ཡིན་ནའང་བོན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས《འབུམ་བཞིའི》མིང་མ་ཉམས་པ་དེང་གི་བར་དུ་ལྐོག་ཉར་བྱེད་ཐུབ་པ་བྱུང་ཡོད་འདུག སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་དགུང་ལོ་བཅུ་གཉིས་སྐབས་སུ་རོག་སྟོན་དཀོན་མཆོག་སྐྱབས་ལས《གསོ་རིག་རྒྱུད་བཞི》ཆ་ཚང་ཞུས། 《རྒྱུད་བཞི》ལ་མཆན་འགྲེལ་གཉིས་མཛད་པ་ལ་གསེར་མཆན་དང་། ཟངས་མཆན་ཞེས་ཟེར། དུས་དེར་ཁོང་གིས《རྒྱུད་བཞིའི》དབུ་ཞབས་བར་ཚིག་སྦྱོར་ལེགས་བཅོས་དང་། ལེའུའི་གོ་རིམ་རྣམས་བསྐྱར་སྒྲིག་མཛད་ནས་འཆད་ཉན་དང་དར་སྤེལ་བཏང་བ་ལ་གཡུ་ཐོག་པའི《རྒྱུད་བཞི》ཞེས་ཡོངས་སུ་གྲགས་པ་འདི་བྱུང་། ༢༠༠༤ལོའི་《བོད་ལྗོངས་ཞིབ་འཇུག》དུས་དེབ་གཉིས་པ་ལས་བཤུས། འདིར་འདྲེན་དགོས་པ་ནི་རང་ལུགས་བོད་ཀྱི་གསོ་བ་རིག་པར་དོ་སྣང་ཡོད་མཁན་རྣམས་ལ་དཔྱད་པ་བྱ་འགྱུར་ཕན་ཡོང་བསམས་སོང་། །
གོང་དུ་བགྲོ་གླེང་མང་པོ་བྱས་པ་ལ་ཐུགས་རྗེ་ཆེ། གསོ་རིགས་ཀྱི་གཞུང་འདི་འདྲ་གསར་བསྐྲུན་བྱས་པ་ལ་རྗེས་སུ་ཡིད་རངས་ཡོད། གནམ ཀརྡོ་སོགས་ཀྱིས་བྱ་རོག་སོར་རྟོག་གི་གཏམ་བརྒྱུད་ལྟ་བུ་མང་པོ་ཞིག་བཤད་པ་དེ་དག་ནི་དགོས་པ་ཆེར་མ་མཐོང་མོད། ནམ་རྒྱུན་རྩོད་གཞིར་གྱུར་པའི་པ་བ་པོ་བོ་འདི་རྣམས། བདག་སྒྲ་ཡིན་པ་གང་ཞིག་ལ་དེ་གཉིས་ཁྱད་མེད་དུ་བྲིས་ན་དོན་ལ་འགྱུར་བ་མེད་པའི་ཨེ་ཁྱབ། མཁས་པའི་དབང་པོ་དག་གིས་གསུང་ལན་སྩོལ་རོགས་མཁྱེན།
ཁྲི་རལ་པ་ནས་གསལ་བྱས་པ་ལེགས། ལ་དྭགས་མེ་ལོང་དང་འབྲས་ལྗོངས་བྱ་མ་རྟ།འབྲུག་པའི་གསར་འཕྲིན་ཁག་བོད་ཀྱི་སྤྱི་སྐད་དང་མཐུན་པོ་འདུག་བློ་གཟུ་བོར་གནས་མཁན་ཚོས་ལྟོས་དང་ཤེས་ངེས་རེད།ཁྱེད་ཚོའི་ལ་དྭགས་མེ་ལོང་དེ་རིགས་བཀའ་འགྱུར་བསྟན་འགྱུར་ལ་བྱང་ཆུབ་པའི་བོད་ཀྱི་དགེ་བཤེས་ཤིག་གིས་ཀློག་ཀྱང་རྟོགས་མི་ཐུབ་པ་ཁོ་ཐག་རེད། འདི་བདེན། ང་ལ་མཁོ་བའི་གཏམ་ཡིན། འདི་ལུང་པ་གང་དང་གང་གི་ཁ་སྐད་དུ་བྲིས་པ་རྣམས་གཞན་གྱིས་མི་གོ་བ་དེ་དག་བོད་སྤྱིའི་སྐད་ལ་གནོད་པ་དང་། ལུང་པ་་གཞན་གྱིམཁས་པས་གོ་མི་ཐུབ་པ་མ་ཡིན་ནམ། བློ་གཟུ་བོར་གནས་ལ་ཤོད། ལ་དྭགས་མེ་ལོང་དུས་དེབ་དེ་བཀའ་བསྟན་གསུང་འབུམ་གྱི་སྐད་ལ་གནོད་པ་འདུག་ཅེས་སྐྱོན་བརྗོད་ཀྱིས་འཐོན་རྒྱུ་སྔོན་མ་ནས་ཁེགས་ཏེ་ལོ་ཤས་སོང་ཡོད། ལ་དྭགས་ཧི་མཱ་ལ་ཡའི་ལྗོངས་ན་ཆེ་སུ་རྩི་ཡང་མི་གྲངས་ཕྱི་པ་དང་ནང་པ་བསྡོམས་འབུམ་གཅིག་དང་ཕྱེད་ཀ་ལྷག་མེད་ངེས། བླ་མ་ཀླུ་སྨྱོན་ལྟར་ན། ཨ་མདོ་རྒྱ་ཡི་ཞིང་ཆེན་གསུམ་དང་འདྲེས་པ་ལས་ཧ་ཅང་གིས་ཆུང་། མདོ་སྨད་པའི་མཁས་པ་ལ་མཐུན་རྐྱེན་ཡོད་པ་ལྟར་ལ་དྭགས་པ་ལ་མཐུན་རྐྱེན་ཧ་ཅང་གིས་ཆུང་། ༼འོ་ན་རབ་བྱུང་བཞི་བའི་ནང་བྱོན་པ་དབུས་པ་བློ་གསལ་དང་རབ་བྱུང་དྲུག་པའི་ནང་བྱོན་པ་ལོ་ཆེན་ནམ་བཟང་།སྣར་ཐང་སྃགྷཤྲཱི།ཡར་འབྲོག་རིན་ཆེན་ཏོག་སོགས་མང་པོ་ཅིག་གིས་སུམ་རྟགས་འགྲེལ་བ་མཛད་འདུག་པ་ཁག་མ་མཐོང་ཕྱིར་ན་མེད་པ་མིན་ཟེར་བ་དེ་རེད།༽འགྲེལ་མཛད་འདི་རྣམས་ས་པཎ་གྱི་སྔོན་དུ་བྱུང་བའི་སྒྲུབ་བྱེད་ཡོད་དམ། མེད་ན་འདི་ཡིས་བདག་གི་གྲུབ་མཐའ་མི་གནོད། འདི་ཙམ་གྱིས་མི་ཕན། འདི་དག་གི་དཔེ་ཆ་དིང་སང་མིག་ལ་མཐོང་རྒྱུ་ཡོད་དམ། སྤར་ཡོད་དམ་མེད། འདི་དག་གི་སྐོར་ལེགས་པར་སྒྲུབ་ཐུབ་ན། ཁོ་བོའི་བློ་གྲོས་ཀྱི་པདྨ་འབྱེད་པ་ལ་ཉི་ཟེར་དང་འདྲ། ཇི་སྐད་དུ། དཔལ་ཆོས་ཀྱི་གྲགས་པས། རྣམ་འགྲེལ་ཚད་མ་གྲུབ་པའི་ལེའུར། ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། འགའ་ཞིག་ལ་ལར་ཐོགས་མེད་དེ། ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། མ་མཐོང་ཕྱིར་ན་མེད་པ་ཡིན།། ༨༤ །། ང་རང་གི་ཆེད་དུ་ཡིན། སྔ་མོའི་སི་ཏུ་པཎ་ཆེན་སོགས་ཁ་ཤས་ཀྱི་དགོངས་པ་དང་འགལ་ནའང་ང་ལ་ཁྱད་པར་མེད། བོད་སྤྱིའི་སྐད་དེ་བཀའ་བསྟན་འབུམ་བཅས་ལ་རྩི་དགོས་པས། དེ་དག་དང་འགལ་བ་ཞིག་འབྱུང་ན། བདག་མི་དད། ཁྱོད་ཀྱིས་མ་འདང་བར་དགོས་ངེས་ཅན། ཞེས་པ་ན། འདང་བ། ཞེས་པ་དེ་བཀའ་བསྟན་གསུང་འབུམ་དག་དང་བསྟུན་ཏེ། ཟ་མ་ཏོག་དང་། ངག་སྒྲོན་སོགས་ནས་བཤད་པ་འགལ་བར་བྲིས་པ་ལ་ཁུངས་ཡོད་དམ། ཞེས་སོ།
གནས་གསུམ་པར་ནི་འཕོས་པ་ན།།ལུང་འདྲེན་པ་ནི་མཁས་པའི་ལུགས།།ཞེས་པ་ལྟར་བོན་པོ་ལགས་ཀྱིས་འབུམ་བཞི་དང་རྒྱུད་བཞི་དཔྱད་བསྡུར་གྱི་ལོ་རྒྱུས་ཀྱི་ཁུངས་ལུང་འདྲེན་པ་ལེགས་གསོལ་ཞུ། འཐད་པར་སེམས། བདག་གིས་དྲིས་པའི་སོམ་ཉིའི་མུན་པ་བསལ་བས་དེ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ། གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་རྩིས་དང་སྨན་གྱི་ལག་ལེན་རྩ་ཆུ་བརྟག་ཐབས་ཀྱི་རིག་པ་མང་པོ་ཞིག་གསར་གཏོད་གནང་བ་བདེན་ཤོས་ཆེ། སྨན་པ་མཁས་པ་རིམ་བྱུང་གིས་རྒྱ་དཀར་ནག་གི་ལེགས་ཆ་མང་པོ་བཏུས་ནས་འབུམ་བཞི་ལེགས་བཅོས་དང་ཡར་རྒྱས་བཏང་བ་ལས་སྨན་གྱི་རྒྱུད་བཞི་གཏན་འབེབས་གནང་བ་དེ་ཡང་རིགས་པ་དང་མཐུན། རྒྱུད་བཞི་རྩོམ་པ་པོ་སུ་ཡིན་གསལ་ཁ་མེད་ཀྱང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རྒྱ་ཆེར་སྤེལ་བ་ལས་གཏེར་ནས་བཏོན་པ་མིན་ཚུལ་བཤད་པ་གསལ་བོ་རེད། དེ་ལྟར་མིན་ན་འབུམ་བཞི་ལས་རྒྱུད་བཞིར་གྱུར་ཚུལ་བཤད་དཀའ་བ་ཡིན།
རྒན་ལ་དྭགས་པ་ལགས། ཁྱེད་རང་ནས་ཁྲི་རལ་གྱི་མཆན་གྱི་ནང་དོན་ཡག་པོ་རྟོགས་མི་འདུག ཁྱེད་རང་གཉིས་གོ་ནོར་ཏན་ཏན་ཐེབས་ཡོད་ས་རེད
གསོ་བ་རིག་པའི་གཞུང་འདི་ཉིད་བཀར་བཞེད་པའི་ཕྱོགས་གཏོགས་ཀྱིས་རྒྱུ་མཚན་གང་དང་གང་ལ་བལྟས་ནས་བཀར་འདོད་པ་ཡིན་ཞེ་ན། གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞིའི་ཚིག་དོན་འགྲེལ་མཛད་ཀྱི་སྔ་ཕྱིའི་མཁས་པ་རྣམས་ཀྱི་འགྲེལ་ཚུལ་དང་དགོངས་གཞི་མི་འདྲ་བ་ལས། རྒྱུད་འདི་བཀར་འདོད་པ་དང་། བསྟན་བཅོས་སུ་འདོད་པ། བཀའ་བསྟན་གཉིས་ཀར་འདོད་པ་བཅས་ལུགས་མི་འདྲ་བ་གསུམ་བྱུང་ཡོད། སྐབས་སུ་འདིར་བཀར་འདོད་པའི་ཕྱོགས་གཏོགས་ཀྱིས་རྒྱུ་མཚན་གང་ལ་ལྟོས་ནས་བཀར་འདོད་པ་ཡིན་མིན་ཐད་ཅུང་ཟད་གླེང་ན། དེ་ལ། རྒྱུད་ཀྱི་རྩ་བའི་ཚིག་དོན་དབང་དུ་བཏང་ན། བྱང་པ་རྣམ་རྒྱལ་གྲགས་བཟང་དང་། ཟུར་མཁར་དྷརྨ་སྭ་མི་འམ་མཉམ་ཉིད་རྡོ་རྗེ་དང་། ཟུར་མཁར་བློ་གྲོས་རྒྱལ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་སོགས་པའི་རྒྱུད་འགྲེལ་མཛད་པ་པོ་རྣམས་ཞལ་མཐུན་པར་བཀར་བཞེད་པ་ཡིན་ཏེ། རྒྱུ་མཚན་ནི། རྒྱུད་འདིའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་འཆད་པ་པོ་སྤྲུལ་པའི་སྟོན་པ་སངས་རྒྱས་སྨན་གྱི་བླ་མས་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་ཕྱི་ནང་གི་འཁོར་རྣམས་ལ་བསྟན་པ་དང་། རྒྱུད་ཀྱི་གླེང་གཞིར་ཡང་མདོ་རྒྱུད་གཞན་དང་མཐུན་པར་ལོ་ཙཱ་བའི་འགྱུར་ཕྱག་དང་། བཀའ་བསྡུ་བ་པོའི་ཕྱག་གི་ངོས་འཛིན་ཡོད་པ། དེ་བཞིན་རྒྱུད་ཀྱི་གླེང་གཞིར་འདི་སྐད་བདག་གིས་ཐོས་དང་བཤད་ཅེས་བཀོད་པ་སྟོན་པ་དང་བཀའ་བསྡུ་བ་པོ་ཐ་མི་དད་པས་བཀར་ཐད་པ་དང་། ཐོས་ཞེས་པ་ཐ་དད་ཀྱང་རྗེས་སུ་གནང་བའི་བཀའ་ཡིན་པ་སྙིང་རྗེ་པདྨ་དཀར་པོའི་གླེང་གཞི་དང་མཐུན་པ་སོགས་ཀྱི་སྒྲུབ་བྱེད་བཀོད་ཡོད། འོན་ཏེ། ཚིག་གི་འགྱུར་ཁྱད། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཞེས་པ་དང་། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པའི་ཐོས་དང་བཤད་ཅེས་པའི་རྒྱུད་ཚིག་མི་འདྲ་བ་གཉིས་དང་། དེ་བཞིན་རྒྱུད་སྟོན་པ་པོ་སངས་རྒྱས་སྨན་བླ་དང་། གྲོང་ཁྱེར་ལྟ་ན་སྡུག་གི་ངོས་འཛིན་མི་འདྲ་བ་ལས། རྒྱུད་འདི་ཉིད་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་གང་ཡིན་མིན་ཐད་འགྲེལ་ཚུལ་མི་གཅིག་པའི་ལུགས་གཉིས་བྱུང་བ་ཡིན། དེ་ལ་ཐོག་མར་བཤད་དང་ཐོས་ཞེས་པའི་རྒྱུད་ཚིག་མི་འདྲ་བ་གཉིས་ནི། སྐྱེམས་པ་ཚེ་དབང་དང་། ཟུར་མཁར་བློ་གྲོས་རྒྱལ་པོ་གཉིས་ཀྱི་རྒྱུད་འགྲེལ་ལ་དཔྱད་ན་འདི་ལུགས་རྒྱུད་ཚིག་ཏུ་འདི་སྐད་བདག་གིས་ཐོས་ཞེས་པ་ཡོད་པར་སྣང་སྟེ། འདི་སྐབས་སྐྱེམས་པས་ཐོས་ཞེས་ཐད་ཀར་འགྲེལ་བ་མཛད་པ་ལས། འདི་ལས་འཕྲོས་ཏེ་བཤད་དང་ཐོས་ཞེས་པའི་ངོས་འཛིན་གླེང་ཙམ་ཡང་མ་མཛད་ལ། ཟུར་མཁར་བློ་གྲོས་རྒྱལ་པོས་མེས་ཞལ་དུ་ཐོས་དང་བཤད་གང་འཐད་ཀྱི་རྩོད་སྤོང་མཛད་ཡོད། ཡང་བྱང་པ་རྣམ་རྒྱལ་གྲགས་བཟང་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱི་རྒྱུད་འགྲེལ་ལས་བཤད་ཅེས་པ་ལེགས་བཤད་དུ་མངོན་པའི་འགྲེལ་ཚུལ་ལ་དཔྱད་ན། ཟུར་ལུགས་པ་རྣམས་ཀྱི་རྒྱུད་ཀྱི་རྩ་བར་ཐོས་ཞེས་དང་། བྱང་ལུགས་པའི་རྒྱུད་ཀྱི་རྩ་བར་བཤད་ཅེས་འགྱུར་མི་འདྲ་གཉིས་བྱུང་བ་མངོན་གསལ་ཡིན། དེ་བཞིན་དུ་གོང་གི་རྒྱུད་ཚིག་མ་འདྲ་བ་གཉིས་ལས་འཕྲོས་ཏེ། བཀའ་བསྡུ་བ་པོ་དང་སྟོན་པ་པོ་སྨན་བླ་ཐ་དད་དང་མི་དད་ལ་ངོས་འཛིན་མ་གཅིག་པ་དང་དེ་ལས་རྒྱུད་འདི་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་ཡིན་མིན་གྱི་ཐག་གཅོད་སོ་སོར་མཛད། ཇི་འདྲ་ཞེ་ན། ཟུར་མཁར་བློ་གྲོས་རྒྱལ་པོས། རང་ལུགས་ཀྱི་ཐོས་ཞེས་པར་གཞན་གྱིས་སྟོན་པ་དང་བསྡུ་བ་པོ་ཐ་དད་པས་བཀའ་མ་ཡིན་ནོ་ཞེས་རྒྱུད་བཀར་བཞེད་པར་གནོད་བྱེད་བཀོད་པ་དེའི་ལན་དུ། ཚིག་འདི་རྣམས་ཞལ་ནས་གསུངས་པ་དང་བྱིན་གྱིས་བརླབས་པའི་བཀའ་མ་ཡིན་པ་བདེན་ལ། འོན་ཀྱང་རྗེས་སུ་གནང་བའི་བཀའ་ཡིན་པར་འདོད་ཅེས། སྙིང་རྗེ་པདྨ་དཀར་པོའི་ལུང་རྒྱབ་རྟེན་དུ་གླེང་སྟེ་རང་ལུགས་རྒྱུད་ཚིག་དང་མི་འགལ་བར་རྗེས་སུ་གནང་བའི་བཀར་འདོད། ཡང་། རྒྱུད་གསུངས་སའི་གྲོང་ཁྱེར་ལྟ་ན་སྡུག་གི་ངོས་འཛིན་ལས་འཕྲོས། གྲོང་ཁྱེར་ལྟ་ན་སྡུག་འདི་ཉིད་སྨན་གྱི་ནགས་སུ་ངོས་འཛིན་མཛད་དེ་སྨན་གྱི་ནགས་སུ་ལོ་བཞི་སྟེ་ཞེས་སངས་རྒྱས་སྨན་གྱི་ནགས་སུ་བཞུགས་པའི་སྐབས་གསུངས་པར་བཞེད་པ་ལྟར་ན། རྒྱུད་འདི་ཉིད་བཀའ་དངོས་ཏེ་ཞལ་ནས་གསུངས་པའི་བཀར་འདོད་པ་ཡིན་ནོ། །བྱང་པ་ནི་འདི་སྐད་བདག་གིས་བཤད་ཅེས་པ་སྟོན་པ་པོ་དང་བསྡུས་པ་པོ་ཐ་མི་དད་པའི་དགོས་པ་ཁྱད་པར་ཅན་ཡོད་པས་རྒྱུད་འདི་བཀའ་ཡིན་པ་འཁྲུལ་མེད་དུ་འདོད་པའང་སྔར་གླེང་ཟིན་ལྟར། བཀའི་དབྱེ་བར་དངོས་སུ་གསུངས་པ་དང་། སྤྲུལ་པས་གསུངས་པ་གཉིས་ཡོད་པ་ལས་སྤྲུལ་པས་གསུངས་པའི་བཀར་འདོད་དོ། །གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་བརྒྱ་མར། བླ་མ་བརྒྱད་པའི་རིམ་པ་བསྟན་པ་ནི། དུས་ཕུན་སུམ་ཚོགས་པ་སངས་རྒྱས་ཞལ་བཞུགས་དུས་ཤིང་ཕོ་བྱི་བ་(ཡེ་སྔོན་ ༨༩༧ ཤིང་བྱི།)ལོའི་ཆོ་འཕྲུལ་ཁྲ་ཡི་ཟླ་(དབོ་ཟླ་)བའི་ཚེས་ཞག་གཅིག་གི་ཉིན་བར། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་ནས་ནུབ་ཕྱོགས་སུ་དཔག་ཚད་གཉིས་དང་རྒྱང་གྲགས་ཕྱེད་འདས་པ་ན། སྨན་གྱི་གྲོང་ཁྱེར་ལྟ་སྡུག་བྱ་བ་ཡོད། ང་རྒྱ་གར་ལ་ལན་གསུམ་ཕྱིན་དུས་མིག་གིས་མཐོང་ཞིང་། གནས་དེར་ཕྱིན་དུས་ཁོ་བོ་དང་སྨན་པའི་རྒྱལ་པོ་མཇལ་བས། དེ་ནི་འཁོར་ཕུན་སུམ་ཚོགས་པ་ལྷ་དང་དྲང་སྲོང་དང་ཕྱི་ནང་གི་འཁོར་དཔག་ཏུ་མེད་པ་འདུག སྟོན་པ་ཕུན་སུམ་ཚོགས་པ་ངོ་བོ་ཐུབ་པ་རྣམ་པ་སྨན་བླའི་ཆ་བྱད་ཅན་ཞིག་འདུག ཆོས་ཕུན་སུམ་ཚོགས་པ་རྒྱུད་རྒྱལ་བདུད་རྩི་སྙིང་པོ་འདི་ལ་བཤད་ཉན་མཛད་པ་འདུག་གོ། །ཞེས་གསུངས་པ་ལྟར་ནའང་བཀའ་དངོས་སོ། །
ངས་ནི་རྒྱུད་བཞི་འདི་ཉིད་སངས་རྒྱས་ཀྱི་གསུངས་པའི་བཀར་ཕར་ཞོག་རྒྱ་གར་མཁས་པས་མཛད་པའི་བསྟན་བཅོས་སུ་ཡང་འདོད་མི་ཐུབ།
འོན་ཀྱང་ཟུར་མཁར་བས་་་་ཕྱི་ལྟར་དུ་སངས་རྒྱས་ཀྱི་བཀའ། ནང་ལྟར་དུ་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་མཁས་པའི་བསྟན་བཅོས། ་་་ཞེས་གསུངས་པ་ནི་གནད་ལ་ཁེལ་བའི་ལེགས་བཤད་ཅིག་དང་ཐབས་ལ་མཁས་པའི་གསུངས་ཚུལ་ཁྱད་དུ་འཕགས་པ་ཤིག་གོ།།
དཀར་མཚོ་སྐྱིད་ལགས་ཀྱིས་བདག་སྒྲ་ཕྲད་གཞན་དབང་ཅན་ཡིན་པར་ཚེ་ཏན་ཞབས་དྲུང་གིས་རིག་པ་རྣམ་དག་གིས་བསྒྲུབས་ཡོད་ཅེས་པ་ནི་བརྟག་དགོས་པའི་གཞི་རུ་གྱུར་ཡོད། རྒྱུ་མཚན་ནི་ཁོང་གིས་བདག་སྒྲ་ཕྲད་གཞན་དབང་ཅན་ཡིན་པའི་རྒྱུ་མཚན་གཙོ་བོ་གཅིག་སི་ཏུའི་ཞལ་ལུང་ལ་རྒྱབ་བཅོལ་ཡོད། དེ་ཡང་ཁོང་གིས་སི་ཏུའི་ཞལ་ལུང་ལ་སུམ་ཅུ་པའི་དགོངས་དོན་བྱིངས་སི་ཏུ་ལ་ཁུངས་བཅོལ་ནས་བདག་སྒྲའི་ཐད་དུ་སི་ཏུ་དང་མ་འདྲ་བར་བཤད་པ་དེ་ལ་གནད་འགག་ཅིག་ཡོད་ངེས་ཞེས་གཙོ་བོ་དེ་ལ་ཁུངས་བཅོལ་ཡོད། འོན་ཀྱང་སི་ཏུའི་ཞལ་ལུང་རྩོམ་པ་པོ་རང་ཉིད་ཀྱིས་བདག་སྒྲའི་ཐད་དུ་སི་ཏུ་ལས་ཐ་དད་པར་གསུངས་དགོས་དོན་བདག་སྒྲའི་ཐད་ཀྱི་སི་ཏུའི་འགྲེལ་པར་དཔེ་མི་གསལ་བའི་རྐྱེན་གྱིས་ཞྭ་དམར་གྱི་འགྲེལ་ཚུལ་སེམས་ལ་གང་ཡོད་ལྟར་བཤད་པ་ཡིན་པས་གཞུང་གི་དགོངས་པར་འབྱོར་མིན་མི་ཤེས་ཞེས་གསུངས་ཡོད། ལྷ་ས་བ་དང་སེ་ར་བ་ཞེས་པའི་དཔེར་བརྗོད་གྲོང་སྐད་ཡིན་པས་ཡིག་སྐད་ལྟར་ན་ལྷ་ས་པ་དང་སེ་ར་པ་ཞེས་འབྲི་དགོས་ཞེས་པ་ལ་ཚེ་བརྟན་ཚང་གིས་ཡིག་སྐད་ཀྱི་བྱུང་ཁུངས་གྲོང་སྐད་ཡིན་པས་གྲོང་སྐད་དང་བསྟུན་དགོས་པར་བཤད་པ་ཡང་བརྟག་དགོས་པར་གྱུར་ཡོད། དེ་ཡང་དེང་སང་བོད་རིགས་ཚང་མས་ལྷ་ས་བ་དང་སེ་ར་བ་ཞེས་བརྗོད་བཞིན་དུ་དེ་མ་དག་པ་ཡིན་ཟེར་ན་ཚེ་བརྟན་ཚང་ལ་བདེན་ཁ་སྟེར་དགོས་ཀྱང་། ཡིག་སྐད་ཀྱི་འབྱུང་ཁུངས་གྲོང་སྐད་ཡིན་པས་གྲོང་སྐད་དང་ཡིག་སྐད་ཀྱི་ཁྱད་པར་དབྱེ་མི་རུང་བ་ལྟ་བུར་གསུངས་པ་ནི་བརྡ་སྤྲོད་སྨྲ་བ་པོས་བརྡ་སྤྲོད་ཀྱི་ལམ་ལུགས་མི་མཁྱེན་པ་ལྟ་བུའི་རྣམ་འགྱུར་སྟོན་འདུག་པས་ངོ་མ་ཡ་མཚན་རེད། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན་ཞེས་པ་ནི་ཐོས་པའི་དུས་གཅིག་ན་ཞེས་པ་ལས་བྱུང་བར་གོར་མ་ཆག། དེས་ན་བཤད་པ་ཞེས་ཡོད་ཀྱང་ཐོས་པ་ཞེས་ཡོད་ཀྱང་བྱིན་གྱིས་བརླབས་པའི་བཀའ་མ་གཏོགས་ཞལ་ནས་གསུངས་པའི་བཀའ་ལ་འགྲོ་ས་མིན་འདུག། ལེགས་པར་སོམས་དང་དེ་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད། ཧཧཧ
རྒན་ལ་དགས་པ་ལགས་ཀྱི་མཆན་བརྒྱ་དངབཅུ་མེད་བཞི་ཡི་ནང་གི་ལོ་ཆེན་ནམ་བཟང་དང་ཡར་འབྲོག་རིན་ཆེན་ཏོག་སོགས་ས་པན་གྱི་སྔོན་ལ་ཡིན་མིན་དང་དེ་དག་གི་སུམ་འགྲེལ་ད་ལྟ་ཡོད་མེད་ཤེས་མཁན་འདྲ་ཡོད་ན་གསུངས་རོགས་ང་ལའང་བློ་བསྐྱེད་ཡོང་ས་རེད།
༡༠༧༽ རྡོ་རྗེ་རྒྱལ་མཚན་ནས། སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ གི་ཆུ་ཚོད་ ༧ སྐར་མ་ ༤༩ རྒན་ལ་དྭགས་པ་ལགས། ཁྱེད་རང་ནས་ཁྲི་རལ་གྱི་མཆན་གྱི་ནང་དོན་ཡག་པོ་རྟོགས་མི་འདུག ཁྱེད་རང་གཉིས་གོ་ནོར་ཏན་ཏན་ཐེབས་ཡོད་ས་རེད། རྡོ་རྗེ་རྒྱལ་མཚན་ལེགས། གོ་མེད་པའི་ཁུངས་སྐྱེལ་དགོས་པ་གལ་ཆེ། དེ་མིན་ཁྱེད་ཀྱིས་དེ་ལྟར་བྲིས་པ་དེ་འཆལ་གཏམ་དུ་འགྱུར། བདག་རང་གཙོས་པའི་འཆལ་གཏམ་སྨྲ་བ་དང་། གཞན་གྱི་གནད་ལ་འབིགས་པའི་ཚིག་སྨྲ་བ་ནི། ཁ་བརྡ་ཚང་གིས་བོད་སྐད་དང་། བོད་ཀྱི་རིང་གཞུང་ཡར་རྒྱས་ལ་དམིགས་ནས་བཙུགས་པ་ལ་བཀའ་དྲིན་བསམ་པ་ལས་རྒྱང་དུ་འབྲོས་པ་མ་རབས་ཤིག་ཏུ་གོ་དགོས་སོ།།
སྤྱིར་བཀའ་དང་བསྟན་བཅོས་གཉིས་མི་འགལ་ཏེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་།།ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ།།འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ།།གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད།།ཅེས་པ་ལྟར་བཀའ་ལའང་དོན་དེ་ཚང་བའི་ཕྱིར་རོ། །བཀའ་ལ་ཞལ་ནས་གསུངས་པ་མདོ་སྡུད་པ་དང་། རྗེས་སུ་གནང་བ་འདི་སྐད་བདག་ཐོས་སོགས་གླིང་གཞིའི་ལེའུ་དང་། བྱིན་གྱིས་བརླབས་པའི་བཀའ་ལ་གསུམ་ལས། སྐུས་བྱིན་གྱིས་བརླབས་པ་མདོ་སྡེ་ས་བཅུ་བ་དང་། གསུང་གིས་བྱིན་གྱིས་བརླབས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ། ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལ་གསུམ་ལས། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་ཤེར་སྙིང་ལྟ་བུ་དང་། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ་གནོད་སྦྱིན་དང་ལྷ་ཀླུ་སོགས་རང་རང་གི་སྔགས་སྨོས་པ་སངས་རྒྱས་ཀྱི་ཐུགས་རྗེས་ནུས་པ་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པ་ལྟ་བུ་དང་། ཐུགས་བདེན་པས་བྱིན་གྱིས་བརླབས་པ་དེའི་མཐུས་རི་དང་ཤིང་དང་འོད་ཟེར་སོགས་ལས་ཆོས་ཀྱི་ཚིག །བརྩམས་པར་བྱ་ཞིང་དབྱུང་བར་བྱ།།སོགས་བྱུང་བ་ལྟ་བུའོ།།བདག་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་འགྲེལ་ཚུལ་གསུམ་བྱུང་ཡོད་པ་རེད། ཀུན་དགའ་བོས་དུས་གཅིག་ལ་ཐོས་ཀྱི་དུས་གཞན་དུ་མ་ཐོས་ཞེས་པ་དང་། དུས་གཅིག་གི་ཚེ་འདི་ཐོས་དུས་གཞན་ལ་གཞན་ཐོས་ཞེས་དང་། དུས་སྐད་ཅིག་མ་གཅིག་ལ་མདོ་འདི་ཐོས་སོ་ཞེས་རྣམ་ཐར་གྱི་སྒོ་བསམ་མི་ཁྱབ་ལ་སྦྱར་ཚུལ་གསུམ་ཡོད་པ་ཤེས་དགོས། ཀུན་དགའ་བོའི་མདོ་ལས། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་ལས་བཟུང་། གཉིས་ནི་དགེ་སློང་དག་ལས་སོ། །ཞེས་པ་ལྟར་ཀུན་དགའ་བོས་སངས་རྒྱས་ཀྱི་མཐུས་དགེ་སློང་གཞན་ལས་ཐོས་པས་སངས་རྒྱས་ལས་ཐོས་པར་རྒྱན་སྣང་ལས་བཤད། དཔེར་ན། སངས་རྒྱས་ཀྱི་མཐུས་ཆོས་བསྟན་པ་སངས་རྒྱས་ཀྱིས་བསྟན་པ་ཡིན་པ་བཞིན་ནོ། རྒྱན་སྣང་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བྱིན་གྱིས་བརླབས་ཀྱིས་བསྟན་པ་ནི་དེས་བསྟན་པ་ཡིན་པ་ལྟར་ཞེས་གསུངས་སོ། །མདོ་སྡེ་སྡུད་པ་པོ་ཀུན་དགའ་བོ་དང་ཕྱག་རྡོར་ཡིན་པའི་ཚུལ་གཉིས་བཤད་འདུག །བཀའ་འགྱུར་ནང་བཞུགས་བཀའ་ལ་ཞལ་ནས་གསུངས་པ་དང་། རྗེས་སུ་གནང་བ། བྱིན་གྱིས་བརླབས་པའི་བཀའ་གསུམ་དུ་འདུས་དགོས་པ་ཡིན། དེ་མིན་སྨན་གྱི་རྒྱུད་བཞི་ལྟ་བུ་བཀའ་འགྱུར་ནང་མི་བཞུགས་པས་སྟོན་པའི་བཀའ་མིན་པ་གསལ་བོ་རེད། དེ་ལྟར་མ་ཡིན་ན་འཕགས་པ་ཀླུ་སྒྲུབ་ཀྱི་སྨན་དཔྱད་དང་སྐྱེ་བོ་གསོ་ཐིག་ཡང་བཀའ་ཡིན་པར་འགྱུར་རོ། །
གཞན་ཡང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པའི་ཐོས་པ་ལ་དོན་གསུམ་སྟེ། ཆོས་སྟོན་པ་པོ་ལ་སྤྱོད་ལམ་གྱི་དུས་དང་། ནང་དུ་ཡང་དག་པར་འཇོག་པའི་དུས། ཏིང་ངེ་འཛིན་ལ་འཇུག་པའི་དུས་དང་། ཆོས་འཆད་པའི་དུས་བཅས་བཞི་ལས་ཆོས་གསུང་པའི་དུས་སུ་གོ་ནུས་པ་དང་། བསྡུ་བ་པོས་དུས་གཅིག་ཉིད་ལ་ཐོས་པ་ཙམ་གྱིས་ཆོས་འདིའི་དོན་རྟོགས་ཤིང་ཚིག་ཁོང་དུ་ཆུད་པས། མཁྱེན་རབ་མཆོག་ཏུ་གྱུར་བར་གོ་ནུས་པ་དང་། ཡང་དུས་གཅིག་གི་ཚེ་ཁོ་ནར་འདི་ཐོས་ལ་གཞན་དུ་ནི་ཆོས་གཞན་ཡང་མང་དུ་ཐོས་སོ་ཞེས་ཤུགས་ལ་བསྟན་པས་ཐོས་པ་ཕུན་སུམ་ཚོགས་པར་གོ་ནུས་པ་དང་གསུམ་མོ།།
དཀར་མཚོ་སྐྱིད་ལེགས། ཁྱོད་ཀྱིས་བདག་གི་དྲི་བ་དག་ལ་ལན་མེད་པ་གཡོལ་ཐབས་བྱས་ཀྱང་། དེ་ལ་འཐད་ལྡན་གྱི་ལན་མ་རྙེད་པས་བམ་ཤོར་དོགས་ཀྱིས་འཛུར་བ་་ལ་ཁག་མེད་བསམས། འོན་ཀྱང་ཁྱོད་ཀྱིས་བོད་སྤྱིའི་སྐད་སྦྱང་ཡོད་པ་ལ་དགའ་བ་བསྐྱེད་དགོས། ཁྱོད་ཀྱི་མཆན་ཡིག་ ༦༣༽པ་ན། ༼དེས་ན། དེ་ནི་ཕྲད་གཞན་དབང་ཅན་ཡིན་པས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །གསུངས་པ་ལྟར་ཡིན། བཀའ་བསྟན་སོགས་སུ་ཇི་ལྟར་དུ་བྲིས་ཡོད་ནའང་། དེ་ནི་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་རིགས་པ་དང་མ་མཐུན་ན་དག་བཅོས་བྱེད་དགོས་ངེས་རེད།༽ མཆན་༡༠༨༽ བྱང་པ་རྣམ་རྒྱལ་གྲགས་བཟང་དང་། བྱང་པ་ནི། བྱང་པ། ཟུར་མཁར་བློ་གྲོས་རྒྱལ་པོ། རྒྱུད་འགྲེལ་མཛད་པ་པོ། འཆད་པ་པོ། སྟོན་པ་པོ། སྙིང་རྗེ་པདྨ་དཀར་པོའི་ལུང་། སྤྲུལ་པས། འདི་དག་ལ་གོང་དུ་འདོད་པ་ལྟར་བའམ་བོ་རུ་དག་བཅོས་མ་བྱས་པ་གང་ཡིན་ནམ། བཀའ་བསྡུ་བ་པོ་དང་བསྡུས་པ་པོ། བཀའ་བསྟན་ལུགས་ལྟར་ན། སྡུད་པ་པོ། ཞེས་དགོས། ཞེས་དང་། འགྲེལ་བ་མཛད་པ། བཀའ་བསྟན་གསུམ་འབུམ་འཐད་ལྡན་གྱི་གཞུང་དཔེ་ན། འགྲེལ་པ་ཞེས་པ་མང་། ཞེས་དང་། བླ་མ་བརྒྱད་པའི་རིམ་པ་བསྟན་པ་ནི། ཞེས་པ་དེ། བླ་མ་བརྒྱུད་པའི་རིམ་པ་བསྟན་པ་ནི། ཞེས་ཞབས་ཀྱུ་དགོས་པ་མ་ཡིན་ནམ། ཞེས་སོ།
༡༠༣༽ BONPO མཆོག་ནས་བཀོད་པའི་གཤམ་གྱི་རྣམ་གཞག་དེ་བོད་དུ་གསོ་བ་རིག་པ་འབྱུང་ཚུལ་ཤེས་པ་ལ་མཁས་པའི་རྩོམ་དུ་མཆིས། སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ གི་ཆུ་ཚོད་ ༣ སྐར་མ་ ༣༦ ༄༅།། གསོ་རིག་འབུམ་བཞི་དང་རྒྱུད་བཞི་ཕན་ཚུན་གོ་བསྡུར་ནས་དཔྱད་པ། རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས། ཚིག་སྦྱོར་ཕུན་སུམ་ཚོགས་པར་བྲིས་ཀྱང་ཁ་སྐད་ཀྱི་ཤན་ནམ་ལྷད་ཞུགས་ཏེ། མ་ཟད་ཅེས་པའི་སྒྲ་སྦྱོར་ཚུལ་ལ་བོད་སྤྱིའི་སྐད་དང་འགལ་བར་མ་ཟད་ལ་དོན་ར་ཡིག་དོར་བ་ལ་རང་ཚིག་གིས་འགལ་བ་མཐོང་སྟེ། དཔེར་ན། ༼རྩོམ་པ་པོ་མིན་པ་མ་ཟད། ཅེས་དང་། སུས་ཀྱང་ཤེས་པར་མ་ཟད།༽ ཅེས་བྲིས་པ་ལྟ་བུའོ། ༡༡༤༽ མཆན་ཡིག་ན། སློབ་དཔོན་ལེགས་བཤད་ཀྱིས་བཀོད་པའི་ཞལ་གསུང་བྱིན་རླབས་བཀའ་རྣམས་ཤེས་པ་ལ་ཚིག་ཉུང་དོན་གསལ་བ་དེ། བདག་ལྟ་བུ་མ་ཤེས་པ་ལ་ཤེས་འདོད་རྣམས་ཀྱིས་ཡང་དང་ཡང་དུ་དོན་གཉེར་གྱིས་བཀླག་པར་བྱའོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། སྤྱིར་ཁྱོད་ཀྱི་བོད་ཡིག་གནས་སྟངས་ཧ་ཅང་སྐྱོ་དྲག་པས། ཡིག་ནོར་མང་བ་དང་། ཚིག་གྲུབ་ཀྱི་གོ་དོན་རང་གིས་མ་གཏོགས་གཞན་གྱིས་ཤེས་ཐུབ་ཀྱི་མེད་པ། བདག་གི་རིགས་པ་ལ་ལན་མི་སྨྲ་བ། རང་གི་སྐྱོན་ངོས་ལེན་བྱེད་ཀྱི་མེད་པ། བཀའ་བསྟན་ཐེངས་མང་ཀློག་པའི་སློང་མོ་བ་བཅས་ཡིན་པའི་རྐྱེན་ཀྱིས་ཁྱེད་ལ་ལན་འདེབས་འདོད་མེད་པ་དང་འདིར་སློབ་ཁྲིད་བྱེད་འདོད་མེད། ཁྱོད་ལ་དགག་སྒྲུབ་ཀྱི་རིགས་པ་ཡོད་ན་འཕེན་པར་མཛོད་ཅིག རིགས་པའི་གཤོག་རྩལ་ངོམ་པའི་བྱ་ཁྱུང་ཞིག ། ཤེས་བྱའི་པད་མོའི་དོ་ར་འགྲིམ་པའི་ཚེ། ། དམུས་ལོང་འུག་པའི་བརྟུལ་ཞུགས་འཛིན་པ་འདིས། ། ཕྲག་དོག་དུག་གིས་འགྲན་འདི་ཡིད་རེ་མུག །
བསྡུ་བ་པོ་དང་བསྡུས་བ་པོ་གཉིས་ཀ་ནོར་འདུག སྡུད་པ་པོ་ཞེས་འབྲི་དགོས་འཚོ་སྐྱིད་ལགས། དེ་བཞིན་ལྷ་ས་བ་དང་སེ་ར་བ་ནོར་བས། ལྷ་ས་པ་དང་སེ་ར་པ་ཞེས་འབྲི་དགོས་པ་རྩ་བ་རང་ལ་གསལ་སྟོན་གནང་ཡོད།
ཀརྡོ་གཉེར་ཕྱག་པ་ལགས། ཁྱོད་ཀྱིས་ནོར་འདུག་ཅེས་པས་ནོར་ཐུབ་ཀྱི་མ་རེད། ངའི་རང་ལུགས་ནི། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། ། ཞེས་པ་ཡིན་པས། ཁྱེད་ཀྱིས་དེ་མི་འདོད་ན། རྒྱུ་མཚན་ལྡན་པའི་སྒོ་ནས་ངའི་རང་ལུགས་དེ་དགག་དགོས་པ་ཡིན།
ངའི་རང་ལུགས་ནི། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། ། ཟེར་ན། རྐང་པ། དགའ་པོ། དཀར་པོ། དམར་པོ། ཤར་པ། སེར་པོ། སྐུལ་བ་པོ། མཛད་པ་པོ། འདི་ཚང་མ་ཁྱེད་རང་གི་ཡུལ་སྐད་དང་མི་མཐུནད་ཀྱང་ནོར་བ་ཨ་ཡིན་ནམ། ལགས། དཀར་འཚོ་སྐྱིད་ལགས།
ཀརྡོ་གཉེར་ཕྱག་པ་ལགས། ངའི་རང་ལུགས་ནི། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། ། ཡིན། དེར་བརྟེན། རྐང་པ། དགའ་པོ། དཀར་པོ། དམར་པོ། ཤར་པ། སེར་པོ། སྐུལ་བ་པོ། མཛད་པ་པོ། འདི་ཚང་མ་ངའི་རང་ལུགས་ཀྱི་ཐོན་མིའི་དགོངས་དོན་དང་མི་མཐུན་པས་ནོར་བ་རེད།
དཀར་མཚོ་སྐྱིདལེགས་སོ། དེ་དེ་བཞིན་ནོ། ཇི་སྐད་དུ་ས་པཎ་གྱིས། སྐྱེ་བོ་ངན་པ་རང་གི་སྐྱོན། གང་ཡིན་གཞན་ལ་འགོད་པར་བྱེད། ཁ་ཏྭས་མི་གཙང་ཟོས་པའི་མཆུ། ས་གཙང་གཞན་ལ་རྦད་ནས་འཕྱིད། ཁྱོད་ཟེར་བ་བདེན། འདི་ལྟ་བུའི་མཚན་ཉིད་དེ་ང་ལ་ཚང་། བདེན བདེན། བདེན། ངས་བདག་འཛིན་གྱི་འགོང་པོ་འདི་བཏུལ་དགོས་པ་ཡོད། གཞན་ཡང་སློབ་དཔོན་དབྱུག་པ་ཅན་གྱིས། སྐྱེ་བོ་བསྟན་བཅོས་མི་ཤེས་པས། ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། ལོང་བ་དག་ལ་ཡོད་དམ་ཅི།། ཞེས་པ་དེ་རྒྱ་བོད་གཉིས་ཀའི་ཚིག་བཅད་རྣམས་བློ་ལ་བཟུང་སྟེ། བདག་རང་གི་མི་ཤེས་་པ་སེལ་དགོས་པ་ཡིན། མི་ཤེས་པ་བསལ་བ་ན། ཀ་རྡོ་འཇམ་དཔལ་ལྷག་བསམ་མཁའ་དབྱིངས་ལ། རང་རློམ་གཟོ་ལུམ་ཅན་གྱི་ཁྱུང་རྫུས་ཞིག འཕུར་བར་འདོད་ཀྱང་རང་རིག་གཤོག་པ་ཆག ཕྱོགས་ལྷུང་གཅོང་རོང་གཏིང་ལ་ལྷུང་ལ་བྱམས།། ཞེས་སོ།།
དཀར་མཚོ་སྐྱིད། མོ་རེ། ས་དེ་ལ་ག་འདྲ་བྱས་ནས་པ་ཐོབ་པ་རེད། དགོས་བ། ཆོས་བ། ཤེས་བ། མོས་བ། རུས་བ། མཁས་བ། འདི་ཨམ་སྐད་རེད། ཨ་གསལ་བཤད་ཅིག་གནང་དང་། མ་རེད་ནེ།
རང་མཐོང་མུན་པས་བཏུམས་པའི་སྐྱེས་བུ་འགས།། ཡང་དག་བདེན་པའི་གནས་ལས་རྒྱབ་ཕྱོགས་ཤིང་།། རང་སྐྱོན་འགེབས་པར་བརྩོན་པའི་བྱ་བཞག་དེར།། བློ་ལྡན་རྣམས་ནི་བཞད་པའི་གནས་སུ་གྱུར།། ལ་དྭགས་བླ་མའི་མཁྱེན་པའི་ཆུ་གཏེར་ལ།། ཐོས་ཆུང་རྨོངས་པས་འདོམ་གྱིས་འཇལ་བ་འདི།། བྱིས་པའི་ཚོགས་ལ་མཛའ་བར་གྱུར་མོད་ཀྱི།། བློ་ལྡན་སྐྱེས་བུའི་མདུན་ན་ཁྲེལ་བའི་རྒྱུ།།
གནམ་ལགས། ང་ཚོས་འདིར་རྩོད་བཞིན་པ་ནི་སློབ་དཔོན་ཐོན་མིའི་དགོངས་དོན་གྱི་པ་བ་གཉིས་ཀྱི་ཐོབ་ཐང་དང་གོ་དོན་ཡིན་པ་ལས་མདོ་དབུས་ཁམས་གསུམ་གྱི་ལུང་སྐད་རྩོད་ཀྱི་མེད་པ་དང་། ལྷག་པར་དུ་ཨ་མདོའི་ཁ་སྐད་རྩོད་ཀྱི་མེད། ཨ་མདོ་ཁ་སྐད་དང་ཡིག་སྐད་གཉིས་རྩ་བ་ནས་འདྲ་ཡི་མ་རེད། དཔེར་ན། ཨ་མདོའི་ཁ་སྐད་དུ་མི་ལ་མྱི་དང་། འགྲོ་ལ་འགྱོ། གྲི་ལ་གྱི། མེ་ལ་མྱེ་ལ་སོགས་བརྡ་རྙིང་དག་བེད་སྤྱོད་བྱེད་ཀྱི་ཡོད་པ་འདི་ནི་སློབ་དཔོན་ཐོན་མིའི་རང་སྐད་དངོས་ཡིན། དེ་དག་སྐད་གསར་བཅད་ཀྱི་རྗེས་སུ་ཡིག་ཐོག་ཏུ་བེད་སྤྱོད་བྱེད་ཀྱི་མེད་པའི་གནད་དེ་གོ་བར་གྱིས།
རིགས་པའི་ལམ་ནས་བསྟན་པའི་དངོས་དོན་ལ། ། རིགས་པས་དཔྱོད་པའི་བློ་མིག་མི་ལྡན་ཞིང་། ། རིགས་པས་གཏན་ལ་ཕབ་པའི་རིག་གཞུང་ལ། ། རིགས་པ་མེད་པར་སྨྲ་བ་འདི་བླུན་ནོ། །
རང་གི་འཁྲུལ་བ་རང་གིས་མི་རྟོགས་ཤིང།། རང་གི་གཤིས་ཀ་རང་གིས་མི་ཤེས་པས།། རང་རང་ཚད་མར་འཛིན་པའི་ཀུན་རྟོག་གིས།། རང་བློར་འཆར་བའི་དོན་རེ་ཤུགས་ཀྱིས་གླེང།།
བརྡ་ཕྲིན་དུས་སུ་གྲགས་པའི་འཇིག་རྟེན་འདིར།། རང་རང་ཁ་ཕོ་གསོ་བར་མཁས་པ་ལས།། དྲ་བའི་ལམ་ལ་དུང་བའི་འཚོ་བྱེད་ནི།། དཀར་མཚོ་སྐྱིད་ལས་གཞན་པ་སུ་ཞིག་མཆིས།།
དཀར་མཚོ་སྐྱིད་ལགས། སློབ་དཔོན་ཐོན་མིའི་དགོངས་པ་ལྟར་ན་བདག་སྒྲ་པ་བ་གཉིས་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། ཁོ་བོས་ནི་སློབ་དཔོན་ཐོན་མིའི་དགོངས་པ་ཇི་ཡིན་མི་ཤེས་ཀྱང་། སློན་དཔོན་གྱི་དགོངས་པ་འགྲེལ་བྱེད་ཀྱི་མཁན་པོ་ཕྱོགས་གཉིས་ཡོད་པར་སྣང་སྟེ། དེ་ཡང་སི་ཏུ་དང་དེའི་རྗེས་འཇུག་རྣམས་ཀྱིས་སློབ་དཔོན་ཐོན་མིའི་དགོངས་པ་ལ་བདག་སྒྲ་པ་པོ་གཉིས་ཡིན་པར་བཞེད། དེ་ཡང་ཐོན་མིས་སུམ་ཅུ་པར་མིང་གང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་གསུངས་པའི་པུ་ལིངྒ་ཞེས་པ་པུ་རུ་ཥ་དང་ལིངྒ་ཞེས་པའི་སྒྲ་མཚམས་སྦྱོར་བྱས་ཏེ་པུ་ལིངྒ་ཞེས་པའི་སྒྲར་གྲུབ་པ་དང་། དེའི་དོན་ནི་ཕོ་རྟགས་ཞེས་པའི་དོན་དུ་བཀྲལ་ཏེ། ཕོ་རྟགས་ནི་བོད་སྐད་དུ་ཡོངས་སུ་གྲགས་པ་དང་མཐུན་པར་ཕོ་མཚོན་བྱེད་ཀྱི་ཡི་གེ་པ་པོ་ལ་ངོས་འཛིན་པར་མཛད་དོ། །དེ་ནས་ཞ་ལུ་ལོ་ཙཱ་སོགས་ཀྱིས་ནི་པུ་ལིངྒ་ཞེས་པ་སྒྲ་ཀ་ལ་པའི་ལུང་ལ་བརྟེན་ནས་པ་སྡེ་ལ་ངོས་འཛིན་མཛད་ཅིང་། བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་བཞི་བཞེད་པར་སྣང་ངོ་། །
ཚིགས་བཅད་འདིར་བརྡོ་སྤྲོད་སྦྱོར་ཚུལ་གྱིས་གཅིག་དང་། ལ་དོན་མི་འདྲ་བ་བཀོད་དེ། ཞུས་དག་བྱས་སོ། ཀ་རྡོ་འཇམ་དཔལ་ལྷག་བསམ་མཁའ་དབྱིངས་ལ། རང་རློམ་གཟོ་ལུམ་ཅན་གྱི་ཁྱུང་རྫུས་ཤིག འཕུར་བར་འདོད་ཀྱང་རང་རིག་གཤོག་པ་ཆག ཕྱོགས་ལྷུང་གཅོང་རོང་གཏིང་དུ་ལྷུང་ལ་བྱམས།།
༡༢༧༽ དཀར་མཚོ་སྐྱིད་ནས། སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༧ གི་ཆུ་ཚོད་ ༩ སྐར་མ་ ༡༨ རིགས་པའི་ལམ་ནས་བསྟན་པའི་དངོས་དོན་ལ། ། རིགས་པས་དཔྱོད་པའི་བློ་མིག་མི་ལྡན་ཞིང་། ། རིགས་པས་གཏན་ལ་ཕབ་པའི་རིག་གཞུང་ལ། ། རིགས་པ་མེད་པར་སྨྲ་བ་འདི་བླུན་ནོ། ། ཞེས་པའི་ལན་དུ། དཀར་མོའི་མཚོ་ནང་སྐྱིད་པོར་བསྐྱལ་འདོད་མཁན། ། རིགས་པའི་ལམ་ལ་གནས་པའི་དངོས་དོན་ལ། ། རིགས་དཔྱོད་སློབ་པའི་དགེ་རྒན་མི་ལྡན་ཞིང་། ། རིགས་པས་གཏན་ལ་ཕབ་པའི་ལམ་སྟོན་ལ། ། རིགས་པ་མེད་པར་སྨྲ་འདོད་འདོད་རྔམས་ཅན། ། ཕོ་མིན་མོ་མིན་དཀར་ནག་མཚོ་སྐྱིད་ལགས། ། ཧ་ཧ་ཀུ་རེ་ཡིན་ནོ་མཚོ་སྐྱིད་ལགས། །
ས་སྐྱའི་གླེགས་བམ་པོད་གཉིས་པའི་ནང་ས་སྐྱའི་མཁས་པས་མཛད་པའི་སུམ་རྟགས་དག་གསུམ་དང་རིག་གནས་བརྡ་སྤྲོད་སྐོར་བཞུགས་འདུག །མཛད་བྱང་ཞིག་ཏུ་ས་པཎ་གྱིས་མཛད་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་ཞེས་པ་འདུག་ཀྱང་མཇུག་བྱང་དུ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། །ཞེས་གསལ་བས་སུམ་རྟགས་མཛད་པ་པོ་ས་པཎ་མིན་པ་གསལ་བོ་རེད། གཞུང་དེའི་བར་བར་དུ་མཆན་འགྲེལ་དང་དཔེར་བརྗོད་ཅི་རིགས་མཛད་པ་ཞིག་འདུག་པ་དེ་ནི་ས་པཎ་གྱི་ཡིན་པར་ངེས།
ལགས་སོ། དཀར་མཚོ་སྐྱིད། ཁྱེད་ཚོས་དེ་འདྲའི་དགོས་མེད་རྐྱང་བརྩད་ནས་བསྡད་ཡོད་ན། ང་ནི་དེ་ལ་ཇུས་གཏོགས་དང་མགོ་ཚོས་མ་ཚོས་བྱེད་དུ་མི་ཡོང་ཁོ་ཐག་ཡིན། བདེན་དཀར་དཀར།
སློབ་དཔོན་ལེགས་བཤད། ལེགས་སོ། བློ་བསྐྱེད་འབྱུང་བ་ལ་ཕན། ས་སྐྱ་བཀའ་འབུམ་པོད་བཅོ་ལྔ་ཉི་ཤུ་ཙམ་ཡོད་པ་ཉི་ཧོང་སྟེ། རི་པོང་དུ་སྤར་པ་དང་། ཕྱིས་བོད་ནས་འཐོན་པའི་ས་པཎ་གསུང་འབུམ་ན། སྨྲ་སྒོའི་ས་བཅད་དང་། ཚིག་གཏེར། བྱིས་པ་བདེ་བླག་ཏུ་འཇུག་པའི་བོད་ཀྱི་ཡི་གེ་བཀླག་ཐབས་ཀྱི་འགྲེལ་པ། ཡི་གེ་སྦྱོར་བ་སོགས་བརྡ་སྤྲོད་ཀྱི་སྐོར་ཁ་ཤས་གསུངས་པ་བཀླགས་ཀྱང་། །༼མཛད་བྱང་ཞིག་ཏུ་ས་པཎ་གྱིས་མཛད་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་ཞེས་པ་འདུག་ཀྱང་མཇུག་བྱང་དུ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། །༽ཞེས་པ་མི་སྣང་དུ་མ་བྱུང་། སུམ་རྟགས་མཛད་པ་པོ་ས་པཎ་མ་ཡིན་ཀྱང་། དེ་དག་ན་ཡོད་པའི་ཚིགས་བཅད་བརྒྱ་ཆ། བརྒྱད་ཅུ་ནས་དགུ་བར་དུ། ས་པཎ་གྱི་ཡི་གེ་སྦྱོར་བ་ན་ཡོད་པ་དང་། བསྟནབཅོས་ཀྱི་རྗོད་བྱེད་ཚིག་ལ་ཡང་བརྟག་དཔྱད་བྱས་ཏེ། ལོ་རྒྱུས་ལ་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་། སུམ་རྟགས་གཉིས། བོད་ཡུལ་དུ་ཡི་གེའི་སྲོལ་གཏོད་པ་པོ་མཁས་མཆོག་བོད་བཟང་པོ་སྟེ། སཾབྷོ་ཊ་མཚན་ཁྱེར་ནས། རག་ལ་གསེར་གྱི་མིང་བཏགས་ཞེས་ཚིགས་བཅད་ཅིག་ཡོད་ཀྱང་། ཇི་ལྟ་བ་བཞིན་མི་དྲན། རང་ཅག་རྣམས་ཀྱིས་ཀྱང་། ད་དུང་་འཚོལ་སྒྲུབ་བསམ་གཞིགས་ལ་བརྩོན་དགོས་སོ།།
ཞེས་པ་མི་སྣང་དུ་མ་བྱུང་། འདི་ལ་མི་ལ་རྗེས་འཇག་ག་ཆད་པ་དེ། ཡང་སྐྱར་བྲིས་ཏེ། མིག་སྣང་དུ་མ་བྱུང་། ཞེས་བཅོས་སོ།།
ཡང་བཙན་བྱོལ་བ་ཚོས་མ་དྲན་པ་ཞིག་གཞིས་པ་ཚོས་འབད་བརྩོན་གནང་འདུག ཐུགས་རྗེ་ཆེ།
བྱ་བཞག་རླབས་ཆེན་རེད། ཞོར་དུ་གནས་ཚུལ་མཁོ་སྤྲོད་པར་ཐུགས་རྗེ་ཆེ་ཞུ། དྲ་འབུ་སྤྲང་ནག་གི་ཚོགས་དེ་རིག་རྒྱུ་མེད་ག
ཐུགས་རྗེ་བཀའ་དྲིན་དཔལ་དུ་ཆེ། གཞིས་ལུས་ཁྱེད་རྣམ་པར་དཀའ་ངལ་ཇི་ཙམ་འཕྲད་རུང་ཞུམ་པ་མེད་པར་སོ་སོའི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་བར་སྙིང་ཐག་པ་ནས་བཀྲིན་ཆེ། བྱེས་འབྱོར་བ་ཚོས་རང་དོན་རྐྱང་རྐྱང་མ་གནང་བར་ཁོང་ཚོའི་བྱས་རྗེས་བཟང་པོར་མིག་ལྟོས་གནང་སྟེ་རང་དབང་ལུང་པའི་མཐུན་རྐྱེན་ལ་ལོངས་སྤྱད་དེ་འབད་བརྩོན་གནང་རོགས།
འབུམ་བཞིའི་དཔེ་ཡོད་དམ
རླབས་ཆེན་གྱི་བྱ་བར་མཛད་འགན་བཞེས་ཚོས་གངས་རིའི་ར་བའི་ལྗོངས་སུ་འོད་དུ་སྦྲུམ་པའི་ཞབས་རྗེས་ཆེན་མོ་ཞིག་བཀོད་པ་རེད། ཁ་བྲོ་བཀྲིས།
སྨན་པ་དཀར་མཚོ་སྐྱིད་ལ་ཐུགས་རྗེ་ཆེ།
གངས་ལྗོངས་ཀྱི་གཟི་མདངས་ལ་དུངས་བའི་གཞིས་ལུས་ཚོས་རླབས་ཆེ་བའི་བྱ་གཞག་ཅིག་བསྐྲུན་འདུག
ཡག་པོ་འདུག བཀྲ་ཤིས་བདེ་ལེགས།
བན་དེ་ལགས། འབུམ་བཞི་ཡོད་ངེས་རེད། སྤྱིར་ན་རྒྱུད་བཞིའི་ནང་དོན་ལས་ལོགས་སུ་འབུམ་བཞི་ཟེར་བ་ཞིག་མེད་ནི་རེད། འོ།་་་་་་་་་་་རླབས་ཆེན་གྱི་བྱ་བ་ཞིག་ལེགས་གྲུབ་བྱུང་བ་རེད། བོད་ཀྱི་ཐུན་མིན་གྱི་རིག་གནས་དེ་ནི་གསོ་བ་རིག་པ་འདི་ཉིད་རེད།
པེ་ཅིང་གིས་གསོས་བསྐྱངས་བྱས་པའི་དེང་དུས་ཀྱི་བོད་རིགས་མཁས་དབང་འདི་ཚོ་ལ་ཁོག་རྒྱ་ཆེ་ཙམ་ཡོད་པའི་བཟོ་ལྟ་ཞིག་དུས་ནས་དུས་སུ་སྟོན་གྱིན་འདུག་གོ། འདིའི་ནང་་་གནའ་བོའི་གསོ་རིག་གསུང་འབུམ་་་་ཞེས་པ་དེ་ང་ཚོའི་དེ་ཡིན་པར་ངེས། བོད་རྨོངས་དད་ཅན་གྱི་གསོ་བ་རིག་པའི་ཕྱི་མོ་དེ་འདིར་བཞག་མེད་ན་་་་བོད་ཀྱི་གསོ་རིག་ཀུན་བཏུས་་་ཟེར་བ་ཡང་་་་་གླུ་ཨ་ལ་ཐ་ལ་འདྲ་པོ་ཆགས་འགྲོ་གོ་རེད་བ། གཞན་ང་ལ་ཁྱད་པར་ཅང་མི་འདུག། །
དཔལ་ལྡན་རྒྱུད་བཞི་བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་ཡིན་ནམ་མིན། རྒྱུད་བཞི་མཛད་པ་པོ་སུ་ཡིན་མིན་དང་། བོད་ལ་གསོ་བ་རིག་པ་དེ་སྔ་ནས་ཡོད་པ་རྨང་གཞིའི་ཐོག་རྒྱ་གར་ནག་སོགས་ཡུལ་གྲུ་གཞན་གྱི་ལེགས་ཆ་རྣམས་ཁ་སྐོང་མཛད་པ་ཡིན་མིན་གསུང་རོགས།
བོད་ཀྱི་གསོ་རིག་གི་ཕྱི་མོ་རྒྱུད་གཞི་རེད། འབུམ་གཞི་བཤུས་མ་རེད། དྲང་པོས་བལྟས་ན་ཟུར་བལྟས་ལེབ་མཐོང་རེད།
དོན་དག་འདིས་བོད་མི་རིགས་ཀྱི་རྐང་འོག་ཏུ་སྟེགས་བུ་ཁྲི་གང་གི་ཇེ་མཐོར་བཏང་བ་དང་། རིག་གཞུང་སྲོང་སྐྱོབ་ལ་ཟངས་གི་ལྕགས་རི་རིམ་པ་གཅིག་བསྐོར་བ། མི་རིགས་ཀྱི་ཚེ་ཐག་ཇེ་རིང་དུ་བཏང་བ་སོགས་ཀྱི་རང་གར་བསྒྲུབ་དཀའ་བའི་ལས་ཀ་ཅིག་རེད།
ལྟ་མ་ཐུབ་རུང་། བཤམ་ཐུབ་པ་ཙམ་བྱུང་ན་ཡང་འགྲིག་ས་རེད། རང་གི་མྱི་རབས་འདི་ལ་ཡང་ཤུལ་བཞག་འདི་མོ་མཐོང་རྒྱུ་ཡོད་པས་ཡིད་དགའ་བས་སྨྱོས། བྱ་བ་ལམ་ལ་འགྱོ་རྒྱུ་ཆ་བོ།
སྔོན་བྱོན་དམ་པ་རྣམས་ཀྱིས་ལོ་ངོ་ཉིས་སྟོང་དགུ་བརྒྱའི་རིང་ལ་དཀའ་བ་ཁྱད་དུ་བསད་ཅིང་འབད་བརྩོན་གནང་བའི་གསོ་རིག་གི་མཛད་རྗེས་མཐའ་དག་གཞིས་ལུས་ཤེས་ལྡན་པ་དག་གིས་ལོ་ངོ་༢༠་རིང་ལ་བསྡུ་སྒྲིག་མཛད་པ་འདི་ནི་གངས་ཅན་པས་འཛམ་གླིང་ཡོངས་ལ་མངོན་རིན་ཡོད་པའི་གཅེས་ནོར་ཞིག་ཡིན།
ཡིག་ནོར་ཞབས་ཞུ་བ་ལགས། མངོན་ཡིན་རྒྱུ་མ་རེད་པ་ཨ། ངོམ་ཡིན་རྒྱུ་རེད་པ་ཨ། མངོན་ཡིན་པའི་དབང་དུ་གཏང་ན། མངོན་རིན་མེད་པའི་རིག་གཞུང་རྣམས་གང་དང་གང་རེད་ལགས།
གནམ་ལགས། འགྲོ་བ་མིའི་རིགས་ལ་ཕན་རླབས་མེད་པའི་རིག་གཞུང་རྣམས་འཛམ་གླིང་ཡོངས་ལ་མངོན་དུ་གྱུར་བའམ་ཤེས་སུ་འཇུག་པའི་རིན་ཐང་མེད་པ་ཞིག་ཡིན་ནོ། །
ལོ་ངོ་ཉིས་སྟོང་སྔོན་ལ་བོད་ལ་ཤེས་རིག་ཡོད་དམ?
གསོ་བ་རིག་པའི་དཔེ་ཆ་མང་པོ་ཛམ་གླིང་ས་གནས་ཡོངས་ནས་བསྡུས་ཏེ། སྤར་པར་རྗེས་སུ་ཡི་རང་དང་། ཞུ་དགོས་པ་ཞིག་ནི། གལ་ཏེ་སྤར་གསར་དུ་སྒྲིག་དགོས་ན། ལུང་པ་སོ་སོའི་ཁ་སྐད་ཀྱི་རྗེས་སུ་ཡི་གེ་རྣམས་མ་བསྒྱུར་དགོས་པ་གལ་ཆེ། ཉེ་དུས་སྤར་པའི་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་དེབ་གཟུགས་མ་སོགས་ན། པ་ཡིག་གི་མིང་མཐའ་གང་ཡོད་བ་ཡིག་ཏུ་བསྒྱུར་པ་དེ། ཡོངས་གྲགས་བོད་ཀྱི་སྐད་ལ་རྩི་བ་རྣམས་ལ་བཀླག་མི་བདེ་བ་ཡོད་པས་མ་མོས་པའི་གཏམ་གླེང་བྱེད་མཁན་མང་ངོ་།།
ཡིག་ནོར་ཞབས་ཞུ་བས་རང་གི་ཡིག་ནོར་ཡིག་ནོར་ཡིན་པར་ཁས་ལེན་འདོད་མི་བྱེད་པ་དེ་ནི་རྗེས་ཕྱོགས་ཡིག་ནོར་ཞབས་ཞུ་ལམ་འགྲོ་མི་རྒྱུགས་པའི་སྔ་བལྟས་རེད།
མངོན་རིན་ཡོད་པའི་གཅེས་ནོར་ཟེར་ན་གོ་རྒྱུ་མེད། ངོམ་རིན་ཡོད་པའི་གཅེས་ནོར་ཞེས་བརྗོད་དགོས་པ་ཡིན།
དང་ཐོག་ཕྱོགས་སྒྲིག་གནང་བ་ཙམ་གྱིས་དགའ་བསུ་དང་རྗེས་སུ་ཡི་རང་ཞུའོ། འོནད་ཀྱང་། བདག་གི་རིག་གནས་དགེ་རྒན་ཁོང་གིས། ཡིག་མཁན་ནི་མདོ་བསྟན་བཅོས་ཀྱིས་རྐུ་མ་རེད་ཅེས་པ་ཅིག་གསུངས་པ་དྲན། མདོར་དེད་ན་དེའི་དོན་ནི། ཡིག་མཁན་ཚོས་རང་གི་འཚོ་བིའ་དོན་དུ་ཡི་གེ་གསར་དུ་བྲིས་པ་དག་གི་ནང་ལ་མ་དག་པ་མང་པོ་ཅིག་འོངས་ཙང་ཡིན་པ་རེད། དེང་སང་རང་གཞན་གྱི་རིག་གཞུང་དགའ་བ་དང་ཞེན་པ་དཀར་པོས་བྱས་པ་དང་། ཡང་ན། སྡུག་ས་ནས་བཤད་ན་རྒྱུ་དངོས་ཀྱི་འདུ་ཤེས་ཀྱིས་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་སྤ་སྐྲུན་བཞིན་བྱེད་བཞིན་ཡོད། དེ་གཉིས་གང་ལྟར་ཡང་། མ་ཕྱིའི་ཡི་གེ་རྣམས་སོར་བཞག་དགོས་པ་ནི། ཤིནད་ཏུ་ནས་གལ་ཆེ་བ་ཡིན་ནོ། །
པ་དང་བ་གཉིས་ཀྱི་ཐོང་ཐང་ནི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་སྐད་ལ་གཅིག་གྱུར་དུ་མེད་པ་དང་། སློབ་དཔོན་ཐོན་མིའི་པ་དང་བའི་དགོངས་པ་འགྲེལ་བ་ལའང་བོད་གངས་ཅན་གྱི་མཁས་དབང་རྣམས་ཤིན་ཏུ་མི་མཐུན་པས། ད་དུང་། པ་བ་གཉིས་ཀྱི་ཐོབ་ཐང་གཅིག་གྱུར་ཡོང་བ་ལ་རྒྱང་ཐག་རིང་བོ་ཞིག་གནས་ཡོད། དེ་ཡང་གལ་ཆེ་ཤོས་ནི་བོད་ཀྱི་སྐད་གསར་བཅད་བཞི་བ་ཞིག་གིས་པ་དང་བའི་ཐོབ་ཐང་དང་སྒྲ་གདངས་གཉིས་མདོ་དབུས་ཁམས་གསུམ་གྱི་སྐད་ལ་གཅིག་གྱུར་དུ་གཏན་འབེབས་བྱེད་དགོས།
ཐུ་བ་རྒྱ་མཚོ་ལགས། ཁྱེད་ཀྱིས་ངའི་སྒྲུབ་བྱེད་ཡང་དག་དེ་ཁས་ལེན་བྱེད་ཐུབ་བམ། ཐུབ་ན་བསྒྲུབ་བྱ་དེ་དོན་ལྡན་དུ་གྱུར་ཡོད། མི་ཐུབ་ན་སྒྲུབ་བྱེད་དེ་དགག་དགོས་པ་ཡིན། སྒྲུབ་བྱེད་ཟུར་དུ་བཞག་ནས་བསྒྲུབ་བྱ་བཤད་ནི་མི་ཤེས་པའི་རང་རྟགས་སོ། །
གསར་པ། གསར་བ། གསར་ཤོས། བོད་མདོ་ཁམས་གཉིས་ཀྱི་མཁས་པ་ཚོས་ཚིག་དེ་གསུམ་ལ་དགོངས་པ་གཏད་མ་མྱོངས་བས་རྨོངས་ཙང་། པ་ཐོབ་པར་བ་རང་ཤེད་ཀྱིས་བཅུག་པ་ཡིན་པར་ཤེས་པར་མཛོད་ཅིག བོད་ཀྱི་མཁས་གྲགས་་ཅནཚོ།
ང་ནི་བོད་སྨན་ལ་ཡིད་ཆེས་ལྟ་བུ་གང་ཡང་མེད།་འདིས་ནད་ཅིག་དྲག་གི་འདུག་སྙམ་པ་ཞིག་སེམས་ལ་ཡང་འཁོར་གྱི་མི་འདུག ཤ་གཏུབ་དུས་ལག་པ་ལ་རྨ་བཟོས་ནས་བོད་སྨན་གྱིས་ཅི་བྱེད། ཆམ་པ་ཕོག་ན་བོད་སྨན་གྱིས་ཅི་བྱེད། མགོ་ན་ན་བོད་སྨན་གྱིས་ཅི་བྱེད། ཁྱོད་ཚོད་ཤོད་དང་། སུ་མགོ་ན་ནས་བོད་སྨན་ཟས་ནས་དྲག་སོང་། སུ་ཆམ་པ་ན་ནས་བོད་སྨན་ཟོས་ནས་དྲག་སོང་། སུའི་ལག་པ་ལ་རྨ་བཟོས་དུས་བོད་སྨན་བྱུགས་ནས་དྲག་སོང་།
བོད་སྨན་གྱི་འབྱུང་ཁུངས་འདྲ་པོ་གཙོ་བོ་དེ་ནི་རྒྱ་གར་གྱི་ཨཡུར་ཝེ་ཏ་ཟེར་བ་དེ་ཡིན་པར་ཐེ་ཚོམ་མི་འདུག ད་ལྟའི་རྒྱུད་བཞིའི་རྩ་བའི་འགྲོ་སྟངས་འདྲ་པོ་དེ་ནང་པའི་ལྟ་གྲུབ་དང་སྦྱར་ཡོད་པ་རེད། བཀའ་འགྱུར་དུ་བཞུགས་པའི་མདོ་སྡེ་གསེར་འོད་ལས་ཀྱང་ཚེ་ཡི་རིག་བྱེད་མདོར་བསྡུས་ཤིག་ཡོད་པ་བཞིན་བསྟན་འགྱུར་དུ་བཞུགས་པའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་སོགས་ཀྱང་སྤྱི་ཁོགས་གཅིག་མཚུངས་རེད། དེ་བཞིན་རྒྱ་མོ་བཟའ་ཀོང་ཇོས་ཀྱང་སྨན་དཔྱད་ཀྱི་ཡིག་ཆ་འདྲ་པོ་ཁྱེར་ཡོང་ཡོད་ངེས་རེད། བོད་རང་ལ་ཡང་གནའ་ནས་བརྒྱུད་ཡོང་བའི་ལག་ལེན་གྱི་མན་ངག་ལྟ་བུ་ཡོད་ངེས་རེད།
ཐུ་བ་རྒྱ་མཚོ་ལགས། འདོད་མི་བྱེད་པ་དང་། མི་རྒྱུགས། སྔ་བལྟས་བཅས་ཀྱི་གོ་དོན་ག་རེ་ཡིན་ནམ། ཁྱེད་ཀྱིས་བོད་སྐད་ཡང་དག་ཅིག་ཀྱང་བཤད་ཐུབ་ཀྱི་མེད་པ་འདྲ།
ཀརྡོ་གཉེར་ཕྱག་པ་ལགས། པ་ཐོབ་པར་བ་རང་ཤེད་ཀྱིས་བཅུག་པ་ཡིན་པར་ཤེས་པར་མཛོད་ཅིག བོད་ཀྱི་མཁས་གྲགས་ཅན་ཚོ། ཞེས་བྲིས་ཡོད་པ་ལ་བལྟས་ན་ཁྱེད་ཀྱིས་པ་དང་བའི་ཐོབ་ཐང་དང་གོ་དོན་གསལ་བོ་ཤེས་མདོག་བསྟན་ཡོད་པས། དེ་དག་འདིར་སྨྲ་བར་བྱའོ། །
ཀུན་འཏུས། ཀུན་བཏུས།
མཁོ་འདོན་པཿ མཁོ་འདོན་པ།
ཕྱི་ལོ་ སྤྱི་ལོ།
བལ་བོ། བལ་པོ།
སྨན་རྫས་གསར་བ་ སྨན་རྫས་གསར་པ།
གང་དག་པ་རེད། དག་བཅོས་གནོངས་རོགས།
སྤོབས་པ་མཐའ་ཡས་ལགས། ཁྱེད་རང་བོད་སྨན་ལ་ཡིད་ཆེས་མེད་ཟེར་བ་དང་། འདིས་ནད་ཅིག་དྲག་གི་འདུག་སྙམ་པ་ཞིག་སེམས་ལ་ཡང་འཁོར་གྱི་མི་འདུག་ཟེར་བ་སོགས་ལ་བལྟས་ན་ཁྱེད་ཀྱིས་རང་ཉིད་མི་ཞིག་ཡིན་པར་ཡང་ཡིད་ཆེས་བྱེད་ཀྱི་མ་རེད། དེར་མ་ཟད། བོད་སྨན་གྱི་འབྱུང་ཁུངས་འདྲ་པོ་གཙོ་བོ་དེ་ནི་རྒྱ་གར་གྱི་ཨཡུར་ཝེ་ཏ་ཟེར་བ་དེ་ཡིན་པར་ཐེ་ཚོམ་མི་འདུག ད་ལྟའི་རྒྱུད་བཞིའི་རྩ་བའི་འགྲོ་སྟངས་འདྲ་པོ་དེ་ནང་པའི་ལྟ་གྲུབ་དང་སྦྱར་ཡོད་པ་རེད། བཀའ་འགྱུར་དུ་བཞུགས་པའི་མདོ་སྡེ་གསེར་འོད་ལས་ཀྱང་ཚེ་ཡི་རིག་བྱེད་མདོར་བསྡུས་ཤིག་ཡོད་པ་བཞིན་བསྟན་འགྱུར་དུ་བཞུགས་པའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་སོགས་ཀྱང་སྤྱི་ཁོགས་གཅིག་མཚུངས་རེད། དེ་བཞིན་རྒྱ་མོ་བཟའ་ཀོང་ཇོས་ཀྱང་སྨན་དཔྱད་ཀྱི་ཡིག་ཆ་འདྲ་པོ་ཁྱེར་ཡོང་ཡོད་ངེས་རེད། བོད་རང་ལ་ཡང་གནའ་ནས་བརྒྱུད་ཡོང་བའི་ལག་ལེན་གྱི་མན་ངག་ལྟ་བུ་ཡོད་ངེས་རེད་ཅེས་པའི་རྒྱུ་མཚན་སོགས་ཀྱིས་བོད་སྨན་ཀྱིས་ན་ཚ་སོགས་ལ་མི་ཕན་པར་བཤད་ཀྱི་ཡོད་དམ།
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ལ་འཆད་རྒྱུ་མེད་པར་འུ་ཐུག་ནས་གཤམ་གྱི་འདི་དག་བཀོད་པ་ཡིན་ནམ། པ་བའི་ཐོང་ཐང་དང་གོ་དོན་རྣམས་ཐོན་མིའི་དགོངས་པ་ལྟར་འགྲེལ་བཤད་ཡོད་ན་སྨྲ་བར་བྱ། མེད་ན་མཁས་མདོག་མ་སྟོན་ཅིག
ཀུན་འཏུས། ཀུན་བཏུས།
མཁོ་འདོན་པཿ མཁོ་འདོན་པ།
ཕྱི་ལོ་ སྤྱི་ལོ།
བལ་བོ། བལ་པོ།
སྨན་རྫས་གསར་བ་ སྨན་རྫས་གསར་པ།
གང་དག་པ་རེད། དག་བཅོས་གནོངས་རོགས
དཀར་མཚོ་སྐྱིད་ལགས། བོད་སྨན་གྱི་འབྱུང་ཁུངས་འདྲ་པོ་དེ་ངས་དཔེ་ཀློག་བྱས་ནས་ཤེས་ཁུལ་ཡིན། ནད་ལ་མི་ཕན་པ་དེ་རང་གི་ཉམས་མྱོང་ལས་གྲུབ་པ་ཡིན།
ཡིག་ནོར་ཞབས་ཞུ་བ་ལགས། ཞབས་ཞུ་ཡག་པོ་ཞིག་གནང་གི་མེད་པ་འདྲ།
ཉམས་མྱོང་མེད་པའི་སྐྱ་འུར་ཞིག་གི་ལམ་ནས། མྱིང་དེ་འདྲ་ཞིག་ལ་ཞེན་པ་ཤོར་བ་མིན་ནི་ཨ། དེང་སང་ལག་མ་ཡོང་གོང་ལ་ཁ་མང་མང་ཞིག་འདུག། ངའི་ཁ་འདི་ཡང་གཅིག་པ་རེད། བདག་པོ་རྒྱག་ཐུབ་ནིའི་ཁ་ཟིག་མ་རེད། དེའི་ཁུལ་འིས། ང་ཚོ་ལ་དངོས་པར་དུ་ཡིག་ནོར་ཞབས་ཞུ་བ་ཞིག་དགོས་གལ་ཆེ་བས། བྱུང་ན་ཤུགས་རེ་རྒྱག་རོགས་གནང་།
གནམ་ལགས། མིང་ཆེན་པོ་གནམ་ཞེས་བཏགས་ཀྱང་དངོས་སུ་ཡིག་འབྲུ་ཞིག་གི་གོ་དོན་ཙམ་ཡང་མི་ཤེས་པ་ལ་ཞེན་པ་གཏིང་ནས་ལོག འཛིན་གྲྭ་དང་བོར་ཕེབས་ཏེ་དག་ཡིག་བློ་འཛིན་དང་ཚིག་གྲུབ་བཟོ་སྟངས་ལ་འབད་པར་འཚལ།
མི་རྒན་ང་འདྲ་འགྲོ་སའི་འཛིན་གྲྭ་དང་བོ་ཞིག་གནམ་ས་གང་ན་འདུག། ཅིག་གསུང་དང་། ཡོན་ན་འགྲོ་རྐྱང་ཡིན།
བྱེས་ཀྱི་སྨན་པ་ཚོའི་སེམས་སུའང་མ་དྲན་པའི་རླབས་ཆེན་གྱི་བྱ་བཞག་ཅིག་གཞིས་ཀྱི་སྨན་པ་ཚོས་གནང་འདུག་པར་བཀའ་དྲིན་དཔག་མེད་ཞུ་བ་ཡིན། ཞོར་དུ་དྲ་གྲོགས་མང་པོ་ཞིག་གིས་རྒྱུད་བཞི་དང་སྨན་བཅོས་སོགས་ཀྱི་སྐོར་ལ་མཆན་བུ་མང་ཙམ་འདུག་ཀྱང་། ལ་ལས་ཕྱོགས་ཙམ་ལས་མ་རྟོགས་པ་དང་ལ་ལས་རང་མཁོ་ན་རྒྱུ་མཚན་དུ་བྱས་འདུག་པས། སྐད་ཆ་དག་ལ་སྙིང་པོ་དེ་ཙམ་མ་མཐོང་ངོ་།།
ལྷག་བསམ་རྣམ་དག་གིས་རླབས་ཆེན་གྱི་ལས་དོན་དེ་ལེགས་གྲུབ་བྱུང་བར་དགའ་བསུ་ཞུ། རང་དབང་ལུང་པར་སྣང་བ་རྒྱ་ཡན་དུ་གྱུར་བའི་སྙུག་ཐོགས་པའམ་དང་མཆན་བུ་བ་མང་པོ་ཞིག་དང་ལྷག་པར་ལ་དྭགས་པ་བློ་བཟང་འཇམ་དཔལ་ཟེར་མཁན་འདིས་ནམ་ཡང་ཞེན་ཁོག་ཅིག་སེམས་ལ་བཟུང་འདུག སྙིང་རེ་རྗེ། ལ་དྭགས་བློ་འཇམ་ལགས། ཁྱོད་ལ་རང་གི་མི་རིགས་དང་རིག་གཞུང་ལ་དེ་འདྲའི་ཤ་ཞེན་ཞིག་ཡོད་ན། དེང་སྐབས་ལ་དྭགས་དང་ཁུ་ནུ། སྤེལ་ཏི། ཟངས་དཀར། གར་ཤ་སོགས་རང་མི་རིགས་ཀྱི་གོམས་སྲོལ་ཉམས་ནས་ཧིན་དྷུའི་གོམས་གཤིས་ནང་འདྲེན་བྱེད་པ། ཆོས་ལུགས་བསྒྱུར་བ། སྐད་ཡིག་ཉམས་པ། གྱོན་ཆས་ཉམས་པ་སོགས་ལུང་པ་དེ་དག་ཏུ་ཉམས་རྒུད་ཀྱི་གནས་ཚུལ་ཞིག་ལས་བཟང་རྟགས་ཅི་ཡང་མཐོང་རྒྱུ་མེད་པས། རང་ས་རང་ཡུལ་ལ་ཤ་ཞེན་རེ་བཟུང་ནས་དེའི་ཐད་ལ་ཕྱག་ལས་རེ་གནང་ཐུབ་ན་ཧ་ཅང་འོས་བབས་ཆེ་བར་སྣང་ངོ་།།
ཡིག་ནོར་ཞབས་ཞུ་བ་ཟེར་བའི་མི་འདིའི་ཚུགས་ཀར་བལྟས་ན་ཡི་གེ་འབྲི་ཀློག་བྱེད་པའི་ལེའུ་དང་པོ་བ་ཞིག་གི་བཟོ་ལྟ་འདུག ཐ་ན་རྒྱུན་སྤྱོད་ཐ་སྙད་སླ་མོ་འདི་དག་ལ་ཡང་གོ་བ་ལོན་ཐུབ་ཀྱིན་མེད་པ་འདྲ།
ཁས་ལེན་འདོད་མི་བྱེད་པ་ནི་་་་་་་་་་་ཁས་ལེན་བྱེད་པར་འདོད་པ་མེད་པའི་དོན།
ལམ་འགྲོ་མི་རྒྱུགས་པ་ནི་་་་་་་་་་་་་་་་་ལམ་སློང་མི་ཡོང་བའི་དོན།
སྔ་བལྟས་ནི་་་་་་་་་་་་་་་་་་་་་་་་་་་་་་་་་འབྱུང་འགྱུར་ཀྱི་ལས་དོན་སྔོན་རྟགས་སུ་ཤར་བའི་དོན།
མངོན་ནི་་་་་་་གསལ་པར་གྱུར་པའི་དོན་ཏེ། དཔེར་ན། ནད་པའི་ནད་རྟགས་ལུས་ནས་མངོན། དགའ་བའི་འཛུམ་མདངས་གདོང་ནས་མངོན། བླུན་པོའི་རང་རྟགས་ཕྱི་རུ་མངོན་ལྟ་བུ།
ངོམ་ནི་་་་་་་་་་རང་ཉིད་ཀྱི་ཡོན་ཏན་སོགས་གཞན་ལ་ཤེས་སུ་བཅུག་པའི་དོན། དཔེར་ན། མཁས་པས་ཡོན ་ཏན་ངོམ། བྱིས་པས་རྒྱན་གོས་ངོམ། དཔའ་བོས་དཔའ་རྟགས་ངོམ་ལྟ་བུ།
ཡིག་ནོར་ཞབས་ཞུ་བས་ཡིག་ནོར་ཉུང་ཙམ་དང་དག་ཡིག་མང་ཙམ་སྦྱོང་དགོས་པར་འདུག
དངོས་གནས་བྱ་བཞག་རླབས་ཆེན་རེད། རྗེས་སུ་ཡི་རང་ཞུའོ།
བཀྲ་ཤིས་བདེ་ལེགས་ཞུ།
བོད་སྐད་ནང་ལ།
དང་པོ།
གཉིས་པ།
གསུང་པ།
བཞི་པ།
ལྔ་པ།
དྲུག་པ།
བདུན་པ།
བརྒྱད་པ།
དགུ་པ།
བཅུ་པ།
བཅུ་གཅིག་པ།
འཚོ་སྐྱིད་ལགས་ཁྲོང་ཁྲོ་སློང་ཕྱིར་བྲིས་པ་ཡིན། ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་། བོད་སྐད་ནང་ལ་ཡང་འདི་ལྟར་འདུག ཁམས་སྐད་དང་ཨམ་སྐད་ནང་ལ་འདི་ལྟར་མེད་ན་དགོངས་དག་ཞུ་རྒྱུ་ལས་ལྷག་མི་འདུག་གོ །
དཀར་འཚོ་སྐྱིད་ལགས། ད་དུང་དགསོན།
ཁང་པ། ལག་པ། རྐང་པ། འགྲམ་པ། ཞིང་པ། རྟ་པ། བྱང་པ། ཤར་པ། ལྷ་ས་པ། གཞིས་ཀ་རྩེ་པ། རྡ་ས་པ། ཨ་རི་པ། ཁམས་པ། མོན་པ། ཆེན་པོ། བལ་པོ། རྩམ་བྲིས་པ། ལྷ་བྲིས་པ། སྒྱུ་རྩལ་པ་སོགས་སོ།
ཐུ་བ་རྒྱ་མཚོ་ལགས།
ཁས་ལེན་འདོད་མི་བྱེད་པ་ནི་་་་་་་་་་་ཁས་ལེན་བྱེད་པར་འདོད་པ་མེད་པའི་དོན།
ལམ་འགྲོ་མི་རྒྱུགས་པ་ནི་་་་་་་་་་་་་་་་་ལམ་སློང་མི་ཡོང་བའི་དོན།
སྔ་བལྟས་ནི་་་་་་་་་་་་་་་་་་་་་་་་་་་་་་་་་འབྱུང་འགྱུར་ཀྱི་ལས་དོན་སྔོན་རྟགས་སུ་ཤར་བའི་དོན། ཞེས་སོགས་འགྲེལ་བཤད་བྱས་ཡོད་པ་བལྟས་ན་རང་གིས་བྲིས་པ་རང་གིས་ཤེས་ཀྱི་མེད་པའི་བླུན་རྟགས་ཁོ་ན་རེད། ཁས་ལེན་འདོད་མི་བྱེད་པ་ཟེར་བ་ཞིག་བོད་ཀྱི་མཁས་དབང་སུའི་གསུང་རེད། ཁྱེད་ཀྱིས་མ་ཤེས་པའི་རྟོག་བཟོ་རེད། མི་རྒྱུགས་པ་ཞེས་པའི་རྒྱུགས་དེ་དུས་གསུམ་ལས་གང་ཞིག་ཡིན་ནམ། ཡིག་ནོར་ཡིན་པར་མི་ཤེས་པར་ད་དུང་འགྲེལ་བཤད་བྱས་ཁུལ་ལ་བལྟས་ན་བླུན་པོ་ཡིན་པར་གསལ་བར་མངོན་ཡོད། སྔ་བསྟས་ཀྱི་ཚིག་གི་དག་ཆ་ཙམ་ཡང་མི་ཤེས་པར་ད་དུང་བསྐྱར་དུ་བྲིས་ཏེ་ཨུ་ཚུགས་བརྒྱབ་པ་ལ་བལྟས་ན། དེ་བས་ཀྱང་བླུན་རྟགས་གསལ་བོར་མངོན་འདུག མངོན་དང་ངོམ་གཉིས་ཀྱི་ཁྱད་པར་ཅི་ཡང་མི་ཤེས་པར་རང་གིས་རང་ལ་འགྲེལ་བཤད་བྱེད་དགོས་པའི་ཐབས་སྡུག་གི་ལས་ལ་མི་བརྩོན་པར་ཞུ། བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་དགོངས་དོན་དང་མཐུན་པར་བྱེད་འདོད་ན་ཡང་དག་པའི་ལམ་ལ་ཞུགས་ཏེ་རིགས་པའི་ཐབས་ཤེས་ལ་འབད་པར་མཛོད།
སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱིས་བོད་སྨན་གྱིས་ནད་ལ་མི་ཕན་ཟེར་བ་དེ་མཐར་ཐུག་ན་ཁྱོད་ཀྱི་ནད་ལ་མི་ཕན་ཟེར་བ་དེ་རེད། བོད་སྨན་གྱིས་ཁྱོད་ཀྱི་ནད་དང་། ཁྱོད་ཀྱི་ཆམ་པ་སོགས་ལ་མི་ཕན་ན་གཞན་གྱི་ནད་ལ་མི་ཕན་པའི་ངེས་པ་མེད་པ་དང་། གཞན་གྱི་ནད་ཡིན་ན་ཁྱོད་ཀྱི་ནད་ཡིན་པའི་ངེས་པ་མེད་པའི་གནད་དེ་གོ་བར་གྱིས་ཤིག
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ཀྱིས་རང་གི་མིང་ཡང་ཡག་པོ་ཞིག་འབྲི་ཐུབ་ཀྱི་མེད་པ་ལ། ད་དུང་པ་བ་གཉིས་ཀྱི་ཁྱད་པར་ལ་དེ་དང་འབྲེལ་མེད་དོན་གཞན་གྱི་ལུང་སྐད་གཅིག་བུ་སྨྲས་པས་ཕན་ཐོགས་ག་ལ་བྱུང་། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་ལྟར་གང་ཡང་འཆད་རྒྱུ་མེད་པར་ཕལ་སྐད་ལུང་འདྲེན་བྱས་པས་ཅི་ལ་ཕན། ཁྱེད་ཀྱིས་བོད་ཀྱི་སུམ་རྟགས་ཀྱི་བྱེད་འབྲེལ་ཙམ་གྱི་ཁྱད་པར་ཡང་ཤེས་ཀྱི་མེད་པ་ནི་འདི་ལྟར། ༼ ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་།༽ ཁྱེད་ཀྱི་དགེ་རྒན་གྱིས་དེ་ལྟར་བསླབས་པ་ཡིན་ན་ཁྱེད་ཀྱི་དགེ་རྒན་དེ་ཡང་ཁྱེད་རང་ནང་བཞིན་སུམ་རྟགས་ཀྱི་བྱེད་འབྲེལ་དང་པ་བ་སོགས་ཀྱི་གོ་དོན་མི་ཤེས་པ་ཞིག་ཡིན་པར་ངེས།
ཡིན་ནོར་ཞབས་ཞུ་བ་འདིས། བལྟས་བལྟས་རིག་རིག་མེད་པར་ངོ་འབོག་གོན་གི། སྔ་ལྟས་འི་ལྟས་ནི། ལ་ཏ་བཏགས་ལྟ་ས་བཞག་ལྟས་མ་རེད་ནེ།
གནམ་ལགས། མི་ཤེས་ན་མི་ལ་དྲིས། །མི་རིག་ན་སྒང་ལ་བུད། །ཅེས་པ་ལྟར། མི་ཤེས་ན་མི་ལ་དྲིས་ཤིག བལྟས་ནི་མིག་གིས་བལྟས་པའི་དོན་ཡིན། སྔ་ལྟས་ཀྱི་ལྟས་ནི་ལྟས་ཡིན། ད་ཧ་གོ་སོང་ངམ། མི་ཤེས་ན་སློབ་སྦྱོང་བྱོས།
༢༨༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༡ གི་ཆུ་ཚོད་ ༣ སྐར་མ་ ༠༥
ཀུན་འཏུས། ཀུན་བཏུས།
མཁོ་འདོན་པཿ མཁོ་འདོན་པ།
ཕྱི་ལོ་ སྤྱི་ལོ།
བལ་བོ། བལ་པོ།
སྨན་རྫས་གསར་བ་ སྨན་རྫས་གསར་པ།
འདི་ལྟར་རང་རེའི་སྟོད་མངའ་རིས་སྐོར། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ཡུལ་དང་། བོད་ཀྱི་ཉེ་ལོགས་ཀྱི་ཡུལ་གྲུ་རྣམས་ལ་ཁྱབ་པ་རང་རེའི་རྣམ་པར་འདྲེན་ཆེན་པོས་ཡང་དང་ཡང་དུ་ཀློག་དགོས་པར་བསྐུལ་པའི་བཀའ་བསྟན་གསུང་འབུམ་རྣམས་ན་ཡོད་པའི་དག་ཆ་ལྟར་འདུག་པས་དགའ་བསུ་དང་། དཀར་མཚོ་སྐྱིད་ལེགས་ཀྱིས།
༼པ་དང་བ་གཉིས་ཀྱི་ཐོང་ཐང་ནི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་སྐད་ལ་གཅིག་གྱུར་དུ་མེད་པ་༽ཞེས་འདི་ལྟར་བྲིས་པ་ཁ་སྐད་ལ་བདེན་ཀྱང་། རང་རེ་རྣམས་ཀྱིས་ཁ་སྐད་མ་ཡིན་པར་ཡིག་སྐད་དམ། ཆོས་སྐད་དམ། རིག་གཞུང་སྐད་གཙོ་བོར་བྱེད་དགོས། སྐད་གསར་བཅད་ཀྱི་རྗེས་ཀྱི་བཀའ་བསྟན་སོགས་ཀྱི་སྐད་ལ་རྩིས་མེད་པར་དིང་སང་ཡོངས་ཁྱབ་ཀྱི་རིག་གཞུང་སྐད་མ་བྱུང་གོང་གི་སློབ་དཔོན་ཐོན་མིའི་དགོངས་པ་དང་བསྟུན་དགོས་པ་ནི་འོས་སུ་མ་མཐོང་། དཔེར་ན། ནས་ཞེས་པའི་སྒྲ་དེ་བོད་སྐད་བརྡ་སྤྲོད་གསར་དུ་སྦྱོང་མཁན་ཞིག་ལ་འདི་ལྟར་བརྡ་སྤྲོད་དགོས་པར་མཐོང་། ནས་ཞེས་པའི་སྒྲ་མིང་དང་ཕྲད་གཉིས་སུ་དབྱེ། ནས་ནས་རྡོ་བ་བསལ། ཅེས་པའི་བརྗོད་པ་དེ་ན། ནས་དང་པོ་མིང་ཚིག་དང་གཉིས་པ་དེ་རྣམ་དབྱེ་ལྔ་པ་འབྱུང་ཁུངས་དང་། ནས་ནས་རྡོ་བ་བསལ་ནས་ནས་རྔོད། ཅེས་པའི་ནས་སྒྲ་གསུམ་པ་དེ་ལྷག་བཅས་ལ་འཇུག་པ་ཡིན། ཞེས་པ་ལྟར་བརྡ་སྤྲོད་སྦྱོང་མཁན་གསར་བུ་པ་དག་ལ་དེ་ལྟར་སློབ་དགོས་པ་མ་གཏོགས་དེ་ལ་ཐོན་མིའི་དགོངས་པ་ཞིག་བཙལ་དགོས་ན་ཡུན་རིང་འབད་ཀྱང་རྙེད་དཀའ། ཞེས་སོ།།
ཡིག་ནོར་ཞབས་ཞུ་བ། ཁྱོས་བཤད་དང་ནི་ཤིག་འདྲ་ཞིག་མེད་ཀི། བསྟན་དང་ནི་རྟུག་ཙམ་ཞིག་མེད་ཀི། བདེ་མོ་བྱས། ཕྱིར་ལ་ཡོང་གི་ཡིན།
ངོ་མ་ཁྱོད་ཚོ་ཆམ་པ་ན་དུས་བོད་སྨན་གྱིས་དེ་དྲག་སྐྱེད་ཡོང་བའི་ཡིད་ཆེས་ཡོད་དམ། ང་ལ་ནི་མེད། བོད་སྨན་གྱི་ཆམ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། ཤ་གཏུབ་དུས་ལག་པ་ལ་རྨ་བཟོས་ན་བོད་སྨན་བྱུགས་ན་དྲག་པའི་ཡིད་ཆེད་ཡོད་དམ། ང་ལ་ནི་མེད། བོད་སྨན་གའཡི་རྨ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། མགོ་ན་ན་བོད་སྨན་གྱིས་དྲག་པའི་ཡིད་ཆེས་ཡོད་དམ། ང་ལ་ནི་མེད། བོད་སྨན་མགོ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། བོད་སྨན་གྱིས་ཅིག་དྲག་གི་འདུག་ཟེར་བ་དེ་རྨོངས་དད་རེད། ཀླད་རྙིང་རེད། འཁྲུལ་སྣང་རེད།
སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱིས་གཤམ་གྱི་སྐད་ཆ་འདི་དག་ལ་བལྟས་ན། བོད་ཡིག་ཅིག་དང་རྒྱུ་མཚན་ཡང་དག་ཅིག་ཀྱང་འབྲི་ཤེས་ཀྱི་མི་འདུག ༼ངོ་མ་ཁྱོད་ཚོ་ཆམ་པ་ན་དུས་བོད་སྨན་གྱིས་དེ་དྲག་སྐྱེད་ཡོང་བའི་ཡིད་ཆེས་ཡོད་དམ། ང་ལ་ནི་མེད། བོད་སྨན་གྱི་ཆམ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། ཤ་གཏུབ་དུས་ལག་པ་ལ་རྨ་བཟོས་ན་བོད་སྨན་བྱུགས་ན་དྲག་པའི་ཡིད་ཆེད་ཡོད་དམ། ང་ལ་ནི་མེད། བོད་སྨན་གའཡི་རྨ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། མགོ་ན་ན་བོད་སྨན་གྱིས་དྲག་པའི་ཡིད་ཆེས་ཡོད་དམ། ང་ལ་ནི་མེད། བོད་སྨན་མགོ་སྨན་ཟེར་བ་ཞིག་ཡོད་པ་ཡང་གོ་མ་མྱོང་། བོད་སྨན་གྱིས་ཅིག་དྲག་གི་འདུག་ཟེར་བ་དེ་རྨོངས་དད་རེད། ཀླད་རྙིང་རེད། འཁྲུལ་སྣང་རེད།༽ ཁྱོད་ལ་ཡིད་ཆེས་མེད་པ་དང་། ཁྱོད་ཀྱིས་གོ་མ་མྱོང་བ་དག་རྒྱུ་མཚན་དུ་བྱས་ནས་གཞན་ལ་ཡིད་ཆེས་མེད་པར་བསྒྲུབ་ཐུབ་བམ། གོང་དུ་ངས་ཁྱོད་ལ་བཤད་པ་ལྟར་དུ། ཁྱོད་ཀྱིས་བོད་སྨན་གྱིས་ནད་ལ་མི་ཕན་ཟེར་བ་དེ་མཐར་ཐུག་ན་ཁྱོད་ཀྱི་ནད་ལ་མི་ཕན་ཟེར་བ་དེ་རེད། བོད་སྨན་གྱིས་ཁྱོད་ཀྱི་ནད་དང་། ཁྱོད་ཀྱི་ཆམ་པ་སོགས་ལ་མི་ཕན་ན་གཞན་གྱི་ནད་ལ་མི་ཕན་པའི་ངེས་པ་མེད་པ་དང་། གཞན་གྱི་ནད་ཡིན་ན་ཁྱོད་ཀྱི་ནད་ཡིན་པའི་ངེས་པ་མེད་པའི་གནད་དེ་གོ་བར་གྱིས་ཤིག་ཅེས་པ་སོགས་ཀྱི་དོན་མ་གོ་བར་ད་དུང་འབྲི་ཁུལ་བྱས་པའི་བླུན་རྟགས་ལ་ལྟོས་དང་།
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་བཤད་པ་ལྟར་དུ་རྒྱུ་མཚན་འདི་ལྟར་དུ་བཀོད་ན། སྤོབས་པ་མཐའ་ཡས་ཟེར་བ་དེ་རྨོངས་དད་ཅན་དང་། ཀླད་རྙིང་ཅན། འཁྲུལ་སྣང་ཅན། བླུན་རྟགས་ཅན་ཡིན་ཏེ། ངས་དེ་ལྟར་དུ་འདོད་པའི་ཕྱིར་ཟེར་ན། ཁྱེད་ཀྱིས་ལན་ཅི་ལྟར་དུ་གདབ་བམ།
སངས་རྒྱས་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །བོད་སྨན་གྱིས། རླུང་འཁྲིས་བད་ཀན་གསུམ་པོ་གང་རུང་དང་། ་བསྡུས་པའི་ནད་ལ་ཡང་ཕན་པར་གསུངས་པ་དང་། བད་ཀན་གྱི་ནད་ལ་ཕན་བགྱིད་ཡོད་པ་ནི། ང་རང་རང་ལ་ཉམས་མྱོང་ཚད་མ་ཡོད་ལགས།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་ཐོན་མིའི་དགོངས་པ་དང་མ་བསྟུན་པར་རང་གིས་གསར་བཏོད་བྱས་པ་ཡིན་ཟེར་བ་ནི་ཅི་ཡང་མི་ཤེས་པའི་རང་གཤིས་ངོ་མ་དེ་མངོན་འདུག
ཀུན་འཏུས། ཀུན་བཏུས།
མཁོ་འདོན་པཿ མཁོ་འདོན་པ།
ཕྱི་ལོ། སྤྱི་ལོ།
བལ་བོ། བལ་པོ།
སྨན་རྫས་གསར་བ། སྨན་རྫས་གསར་པ་རྣམས་གང་ཞིག་ཡང་དག་ཡིན་མིན་མི་ཤེས་པར་དེ་དག་བཀའ་བསྟན་གསུང་འབུམ་ན་འདུག་པས་དགའ་བསུ་ཞེས་པའི་སྨྱོ་བཤད་དེ་གང་ཞིག་ཡིན་ནམ། བཀའ་བསྟན་ན་དེ་དག་གང་ཞིག་ཡང་དག་ཡིན་པའི་དབྱེ་བ་སྟོན་ཅིག གཤམ་དུ་ཁྱེད་ཀྱི་འདི་ལྟར་བཀོད་འདུག ༼སྐད་གསར་བཅད་ཀྱི་རྗེས་ཀྱི་བཀའ་བསྟན་སོགས་ཀྱི་སྐད་ལ་རྩིས་མེད་པར་དིང་སང་ཡོངས་ཁྱབ་ཀྱི་རིག་གཞུང་སྐད་མ་བྱུང་གོང་གི་སློབ་དཔོན་ཐོན་མིའི་དགོངས་པ་དང་བསྟུན་དགོས་པ་ནི་འོས་སུ་མ་མཐོང་། ཞེས་པའི་གོ་དོན་ག་རེ་ཡིན་ནམ། ཕལ་ཆེར་ཁྱེད་ཀྱིས་བོད་ཡིག་འབྲི་ཤེས་ཀྱི་མེད་པ་འདྲ། ནས་ཞེས་པའི་སྒྲ་དེ་མིང་དང་རྣམ་དབྱེ་གཉིས་ལ་འཇུག་པ་མེད་ཟེར་བ་དེ་སུ་ཡིན་ནམ། ཁྱེད་ཀྱིས་ནས་ཞེས་པའི་སྒྲ་སློབ་ཁྲིད་བྱེད་ཀྱི་འདུག རང་གིས་རང་ལ་སློབ་ཁྲིད་བྱེད་ཀྱི་ཡོད་པ་འདྲ། ནས་ཞེས་པའི་སྒྲ་མིང་དང། རྣམ་དབྱེ། ཕྲད་བཅས་ལ་འཇུག་པ་ནི་ཐོན་མིའི་དགོངས་པ་མིན་པ་ནི་ཁྱེད་ཀྱིས་ཅི་ལྟར་ཤེས་བྱུང་ངམ། བླུན་རྟགས་མ་སྟོན་ཅིག
སྤོབས་པ་མཐའ་ཡས་ལ་བོད་སྨན་གྱིས་ཕན་མིན་མ་ཤེས།འོན་ཀྱང་།ང་རང་ལ་ནད་ཁ་ཤས་ཐོག་ཧ་ཅང་ཕན་པོ་འདུག ཁ་ཤས་ལ་ཕན་གྱི་མི་འདུག་མོད་ཕལ་ཆེར་སྨན་པས་ནད་ངོས་ཟིན་མིན་ཡང་ཡིན་སྲིད་པ་རེད།འོན་ཀྱང་།བོད་སྨན་ལ་ཕྱི་ལུགས་སྨན་ལྟར་གཟུགས་པོར་གནོད་སྐྱེལ་བའི་ཉེན་ད་སྔ་སོ་སོའི་ཉམས་མྱོང་སྟེང་གཏན་ནས་བྱུང་མ་སོང་།
ང་རང་གི་གྲོགས་པོ་ནད་པ་མང་པོ་ཅིག་རྒྱ་གར་ནག་དང་ཕྱི་རྒྱལ་གྱི་སྨན་ཁང་གང་ཡག་ཏུ་སོང་ཡང་ཅི་གང་མི་ཕན་པར་བོད་སྨན་གྱིས་དྲག་བསྐྱེད་བྱུང་བ་དེ་འདྲའང་དངོས་སུ་ཡོད།ཐེངས་མ་གཅིག་ཨ་རིའི་ཨེ་བྷེ་སི་ནོས་སེ་ནས་དངོས་བྱུང་གློག་བརྙན་ཅིག་བཟོས་ཡོད་པའི་ནང་།ཨ་རིའི་རྒན་མོ་འབྲས་སྐྲན་གྱི་ན་ཚ་བྱུང་སྟེ་ནུབ་ཕྱོགས་སྨན་པ་ཚོས་ཟླ་ཁ་ཤས་རྗེས་ནས་འཆི་རྒྱུར་ཐག་ཆོད་པ་གསུམ།སྐུའི་བླ་སྨན་པ་ཡེ་ཤེས་དོན་ལྡན་གྱིས་བོད་སྨན་གྱི་སྨན་བཅོས་བྱས་ཏེ་སངས་དྲག་ཏུ་གྱུར་ཡོད་པར་ཨ་རིའི་སྨན་པ་ཚོ་ཧང་སངས་འདུག།བརྙན་འཁོར་བོད་གཞུང་གི་དྲིལ་བསྒྲགས་སྡེ་ཚན་ན་ཡོད་པ་རེད།
དེ་ནས་སྤོབས་པ་ལགས་སུ་ཆམ་རིམ་ན་ཚེ་སྤང་བརྒྱན་བཅོ་དང་ཚ་བ་འཕར་ན་འཕྲུལ་ཐང་འདྲ་བོ།མགོ་ན་བར་རྒྱུ་རྐྱེན་མང་པོ་ཡོད་པས་མཁྲིས་པའི་རིགས་ལ་གཡུ་རྙིང་དང་གྲིབ་རིགས་ལ་བྱུར་དམར་།རྩ་དཀར་གྱིས་མགོ་ན་བར་རཏྣ་བསམ་འཕེལ་ལྟ་བུ་འཐུང་དང་ཕན་སྲིད་པ་རེད།
ང་རང་ངོ་ཤེས་ཕྱི་རྒྱལ་བ་གཟའ་ནད་དང་རླུང་རིགས་ཀྱི་ནད།རྩ་དཀར་དང་མཁྲིས་པ།གྲིབ་ནད་རིགས་ཀྱི་ནད་སོགས་ཡོད་པ་མང་པོ་ཅིག་བོད་སྨན་ཁོ་ན་བརྟེན་ནས་ཡར་བསྐྱེད་ཡོང་གི་འདུག་མ་གཏོགས།ནུབ་ཕྱོགས་ཀྱི་དེང་རབས་སྨན་གཞུང་ནང་ནད་དེ་རིགས་ལ་སྨན་ཁོ་རང་མི་འདུག་པས།ནད་དེ་ཚོ་མང་པོ་ཅིག་འཕྲུལ་ཆས་ཀྱིས་ངོས་འཛིན་ཡང་ཐུབ་ཀྱི་མི་འདུག འདི་ཚོ་གང་བྱུང་ཨོལ་ཚོད་ཀྱིས་བཤད་པ་མིན་པར་སྨན་ཁང་སྙན་གྲགས་ཆེ་རུ་ཆེ་ཚད་ནས་ཉམས་མྱོང་དངོས་སུ་མཐོང་བ་ཁག་ཡིན་ལགས།
འོན་ཀྱང་།ཛ་དྲག་མྱུར་སྐྱོབ་དང་གཤའ་བཅོས་ཆེ་ཆུང་གི་རིགས།རྨ་བཅོས་སོགས་མང་པོ་ཅིག་དེང་རབས་སྨན་དེ་བོད་སྨན་ལས་བརྒྱ་འགྱུར་གྱིས་བཟང་བོ་ཡོད་པའང་བདེན་པ་རེད།གང་ལྟར་གཉིས་ཀ་ལ་ཁྱད་ཆོས་རེ་རེ་འདུག
ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་།༽ འདིར་ངའི་ཞེས་པར་ངས་ཞེས་བྲིས་པ་ལྟར་དུ། གཞན་དག་ལ་ཡང་བྱུང་ངེས། ངས་ལོ་ངོ་དྲུག་ཅུ་ཙམ་ལྷག་སྔོན་དུ། གཙང་བཀྲ་ཤིས་ལྷུན་པོར་ལ་དྭགས་སྟོད་ནས་ཕེབས་པའི་མཁས་པ་ཆེན་པོ་ཞིག་གིས་རྒྱ་སྤྲུལ་རིན་པོ་ཆེ་ལ་བཀའ་དྲིན་གསོལ་འདེབས་ཤིག་བརྩམས་པའི་སྤར་ཤིང་དེ་ཆོས་སྒྲོགས་པར་ཕྱིན་པའི་སྦྱིན་བདག་བཀྲས་མཐོང་བྲང་ཁང་ན་མཐོང་། དཔེ་ཆའི་མཚན་བྱང་ན། དཔལ་ལྡན་བླ་མའི་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་པར་དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་འཁོད་ཀྱང་། ནོར་འདུག་བསམ་པ་ལས་གཞན་ཅི་བྱེད་ཐུབ། དེས་ན་ཡི་གེ་དག་པར་སྔོན་འཇུག་དང་། ར་མགོ་ལ་མགོ་ས་མགོ་རྣམས་ཀྱི་སྒྲ་གདངས་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་བདག་གིས་ལག་ལེན་ལ་སྟར། ཀོ་ལམ་བི་ཡི་སློབ་གྲྭ་ཆེན་མོར་བོད་རིག་གཞུང་སྐད་(Classical Tibetan) སློབ་པ་ན་གནའ་བོའི་འབོད་ཚུལ་བཞིན་སློབ་པ་ལ་ལ་དྭགས་པའི་འབོད་ཚུལ་ཞེས་ཡོངས་གྲགས་གྱུར་པ་ན། ལ་དྭགས་ཀྱི་འབོད་ཚུལ་མ་ཡིན། བོད་གནའ་བོའི་འབོད་ཚུལ་ཡིན་ཞེས་ཡང་དང་ཡང་དུ་བཤད་དགོས་བྱུང་། དེས་ན་ཚང་མས་སྦྱོར་ཀློག་སློབ་པ་ན། གནའ་བོའི་འབོད་ཚུལ་འདི་བསོད་ནམས་རྩེ་མོས་གསུངས་པ་ལྟར་ཕྲུ་གུ་དག་ལ་ལོ་གསུམ་བཞི་རིང་ཀློག་ཏུ་བཅུག་ན། བོད་ཡིག་དག་ཆ་ལེགས་པར་འབྱུང་ངེས། བོད་ཀྱི་ཡི་གེ་ཐོབ་སྟངས་བཞིན་དུ་ཨིན་ཡིག་འབྲི་བ་(transliteration) ངས་ཞེས་པ་དང་ངའི་ཞེས་པ་དག་གི་transliteration/ ngas/ nga’i བོད་ཡིག་གཏན་ནས་ཀློག་མ་མྱོང་བ་ཞིག་ལ་ཀློག་ཏུ་བཅུག་ན།དེ་ཡིས་གནའ་བོའི་འབོད་ཚུལ་ཇི་ལྟ་བ་བཞིན་དུ་ཀློག་སྟེ། ལ་དྭགས་གཤམ་ཕྱོགས་པ། མུ་སུལ་མན་ཀུན་གྱིས་ཕྱག་བྱས་པ་་ལ། phyag byas pa ཞེས་དང་། བོད་ཤར་ཕྱོགས་རྒྱ་ནག་ས་མཚམས་ན། སྐྲ་ལ། skra ཞེས་འབོད་པ་༢༠༠༦ ལ་ཨ་བླ་དོར་ཞི་ནས་ཐོས་སོ།།
ནམ་རྒྱུན་ངས་སྤོབས་པ་མཐའ་ཡས་འདི་མཐོང་ཐོས་ཆེ་ཞིང་བདེན་པ་དང་རྒྱུ་མཚན་ལ་འཇུ་བའི་མི་བུ་མིག་ལྟོས་བྱེད་ས་ཞིག་ཏུ་བརྩི་བཞིན་ཡོད། འོན་ཀྱང་དེ་རིང་རྨོངས་རྟགས་མང་པོ་ཞིག་དམར་རྗེན་དུ་བཏོན་འདུག ད་དུང་ཨུ་ཚུགས་ཀྱང་མང་ཙམ་བྱས་འདུག
རང་རེ་བོད་ཀྱི་སྨན་གཞུང་ནི་གཞུང་ལུགས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན། ཚན་རིག་རང་བཞིན་དང་ནང་ཆོས་ཀྱི་རང་བཞིན་བཅས་ཆེས་ཕུན་སུམ་ཚོགས་པའི་གཞུང་ལུགས་ཤིག་ཡིན། ལག་ལེན་རང་བཞིན་ལ་མཚོན་ན་མན་རྒྱུད་ནང་སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་ཀྱི་ལུས་ཀྱི་ཆ་ཤས་རེ་རེའི་ནད་ཀྱི་རྒྱུ་དང་རྐྱེན་རྟགས་དང་བཅོས་ཐབས་བཅས་མ་ཚང་མེད་པར་རེ་རེ་ནས་གསུངས་ཡོད།
གཉེན་པོ་དེ་དག་ཐམས་ཅད་ཀྱང་ཕྱི་རྒྱུད་དུ་ཐང་ཕྱེ་མ་རིལ་བུ་ལྡེ་གུ་སྨན་མར་ཐལ་སྨན་སོགས་ཞི་བྱེད་ཀྱི་སྦྱོར་བ་བཅུ་དང་། བཤལ་སྐྱུག་སྣ་སྨན་སོགས་སྦྱོང་བྱེད་ཀྱི་སྦྱོར་བ་བདུན་དང་། གཏར་བསྲེག་དུགས་ལུམས་སོགས་དཔྱད་ཀྱི་གཉེན་པོ་དྲུག་བཅས་ཀྱི་སྒོ་ནས་ལག་ལེན་དུ་བསྡུས་ནས་བསྟན་ཡོད།
དེ་དག་ལག་ལེན་དུ་བྱེད་བཞིན་པའི་རང་རེ་བོད་ཀྱི་སྨན་པ་ཚོས་དེང་རབས་བཅོས་དཀའ་བའི་ནད་གཞི་མང་པོ་ཞིག་དངོས་སུ་བཅོས་ནས་ནད་བདེ་བའི་དཔལ་ལ་བཀོད་པ་མངོན་སུམ་ཡིན་ན། ཆམ་པ་དང་མགོ་ནད་ཙམ་ལ་སྨོས་ཅི་དགོས་སོ།།
འོན་ཀྱང་གང་ཟག་འགའ་ཞིག་ལ་བོད་སྨན་གྱིས་མི་ཕན་པ་དང་། ཡང་རེ་འགའ་ལ་ཕྱི་ལུགས་སྨན་གྱིས་མི་ཕན་པ་ཡང་ཡོད་པས། རང་ལ་མ་ཕན་པ་ཙམ་གྱིས་མེད་པར་སྨྲ་མི་རུང་ངོ་།།
བྱང་ཆུབ་ལམ་རིམ་ནང་སྨན་པ་མཁས་པ་གལ་ཆེན་པོ་གསུང་གི་འདུག །སྨན་པ་མཁས་པས་ནད་པ་ལ་སྨན་གང་འདྲ་དགོས་ཀྱི་ཡོད་མེད་སྔོན་ལ་ནད་པའི་ནད་ངོས་ཟིན་པ་གལ་ཆེན་པོ་རེད། དེ་བཞིན་དུ་སྟོན་པས་ཀྱང་གདུལ་བྱའི་ཁམས་དང་བསམ་པ་ལ་བརྟེན་ནས་ཆོས་གསུངས་པ་རེད། ཆོས་ཉན་པའི་སྣོད་རུང་བརྟག་དགོས་པ་རེད། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།།གཡུ་ཐོག་སྨན་པ་ལྟ་བུ་གྲགས་ཅན་དེ་ཚོས་ནད་གསོའི་ཕན་འདོགས་ཀྱི་ལག་ལེན་དང་ཕན་སེམས་བཟང་པོ་ཡོད་པ་གཉིས་ཀའི་ཐོག་ནས་ཕན་ཐོགས་རྒྱ་ཆེར་བྱུང་བ་རྣམ་ཐར་ལོ་རྒྱུས་སོགས་ལས་ཤེས། ནད་པ་ལ་ཕན་ཐོགས་ཡོང་མིན་ཇི་ཙམ་ཕན་སེམས་ཡོད་པའི་སྨན་པ་ལ་རག་ལས་པས་བོད་ཀྱི་སྨན་པ་ལ་སྨན་གྱི་ལག་ལེན་དེ་འདྲ་ཡོད་པ་རེད།
ནད་ལ་སྔོན་གྱི་ལས་ལས་བྱུང་བའི་ནད་དང་། ལྷ་འདྲེ་གདོན་བགེགས་ལས་བྱུང་བའི་ནད་དང་། འཕྲལ་གྱི་རྐྱེན་ལས་བྱུང་བའི་ནད་གསུམ་ཡོད། གང་གིས་ཀྱང་མི་ཕན་པ་དང་པོ་ཡིན། ཞབས་རིམ་སྒྲུབ་པས་ཕན་ལ་སྨན་བཅོས་བྱེད་པས་མི་ཕན་པ་གཉིས་པ་ཡིན། སྨན་བཅོས་བྱེད་པས་ཕན་ལ་རིམ་གྲོ་སྒྲུབ་པས་ཀྱང་མི་ཕན་པ་གསུམ་པ་ཡིན་ནོ། །
འདི་འདྲའི་རླབས་ཆེན་གྱི་བྱ་བ་བསྒྲུབས་པར་བཀྲ་ཤིས་བདེ་ལེགས་ཞུ།
ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་། ངའི་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་། ལ་བཅོས་གྲོགས་གནང་བར་བཀའ་དྲིན་ཆེ། འདི་ནི་ངས་ཤེས་བཞིན་དུ་ནོར་འདུག་པས་དྲ་གྲོགས་ཚོར་དགོངས་དག་ཞུའོ། །དེ་ལས་ནོར་འཁྲུལ་ཆེ་བ་ངས་མི་ཤེས་རྨོངས་པས་ནོར་བ་དག་ལ་དག་བཅོས་གནང་ན་དང་ཐོག་ནས་ཐུགས་རྗེ་ཆེ་ཞེས་ཞུའོ། །
མི་ཐོད་རྙིང་པ་འབྲུག་རུས་ཏིག་ཏ་གསུམ།། སུམ་གཉིས་བསྡུས་གྲང་མགོ་ནད་སེལ་བར་བྱེད།། ་་་་་་་་་་་་་་་མགོ་སྨན་འདི་སྤོབས་པ་ལགས་མགོ་གཟེར་སྐབས་སུ་མཆོད་དགོས།
ད་དུང་ཆམ་སྨན་དང་། རྨ་སྨན་སོགས་རིམ་གྱིས་འབུལ་ཆོག
དཀར་མཚོ་སྐྱིད་འདི་མཛེས་མ་ཞིག་རེད། ང་སེམས་གཏིང་ནས་དགའ་ནས་ཤི་གྲབས་ཡོད། ཁྱོད་ཅག་གིས་གང་བྱུང་མ་བཤད་རོགས།
ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་རང་གི་ཡིག་སྐྱོན་༼ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་། ངའི་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་།༽ངོས་ལེན་གནང་བར་བསྔགས་བརྗོད་ཡོད། དེ་ནི་བོད་ཀྱི་བརྡ་སྤྲོད་པའི་རིག་གཞུང་ཡར་རྒྱས་དང་ཇེ་ལེགས་སུ་གཏོང་བའི་ཐུན་མོང་གི་སྙིང་སྟོབས་ཤིག་ཡིན། ཡིན་ནའང་། ད་དུང་ལ་དྭགས་བློ་བཟང་འཇམ་དཔལ་གྱིས་༼ངས་དགེ་རྒན་གྱིས་འདི་ལྟར་བསླབས་བྱུང་།༽ ཞེས་པའི་ངས་ནི་ཡང་དག་དང་འཐད་ལྡན་དུ་འདོད་པའི་ལུང་ལ་༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ཞེས་པ་དྲངས་ཡོད་པ་ནི་སྨྱོན་པའི་སྟེང་དུ་སྨྱོན་པ་བསྣན་པའི་དཔེ་ལྟར་དུ་ནོར་བའི་ཡི་གེ་ལ་ནོར་འཁྲུལ་གྱི་དཔེ་དོན་བསྟན་པ་ཞིག་ཡིན་པས། དེ་ནི་བོད་ཀྱི་སུམ་རྟགས་ཀྱི་གཞུང་ལ་གོ་བ་ཅི་ཡང་མེད་པའི་རྟགས་སུ་གྲུབ་བོ། །
པ་པོ་བ་བོ་མ་མོ་སོགས་ཀྱི་ཐོབ་ཐང་གི་འདྲེན་ཚུལ་ནི། ཐོན་མིའི་སུམ་རྟགས་ཀྱི་གཞུང་དུ་གཙོ་བོར་དངོས་བསྟན་དུ་རྟགས་མཚུངས་བསྟན་པ་དང་ཞོར་དུ་སྒྲ་མཚུངས་བསྟན་ཡོད། ༼པྲ་ཏིའི་སུམ་རྟགས་སུ། རང་ཉིད་གཞིར་བཟུང་ཁྱད་པར་དོན། ཞེས་དང་། སི་ཏུའི་སུམ་རྟགས་སུ། ཕོ་མོའི་རྟགས་ཕལ་ཆེར་གྱིས་དེ་ལྟར་འདྲེན་པས་གཙོ་ཆེ་བ་ཙམ་ལ་དགོངས་སྟེ། ཞེས་དང་། ཨ་ལགས་ཚེ་བརྟན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་དུ། རྟགས་མཚུངས་ཀྱི་འདྲེན་ཚུལ་རྩ་བར་དངོས་སུ་བསྟན་པའི་སྤྱིར་བཏང་གཙོ་ཆེ་བའི་ཚུལ་ཏེ།༽ ཞེས་གསུངས་པ་སོགས་ལ་བལྟས་ན་རྟགས་མཚུངས་གཙོ་བོར་འཛིན་དགོས་པ་ནི་ཐོན་མིའི་དགོངས་པ་དངོས་ཡིན། སི་ཏུས་བདག་སྒྲའི་ཐོབ་ཐང་ནི་ཕྲད་རང་དབང་ཡིན་པར་འདོད་ཡོད་ནའང་། ཨ་ལགས་ཚེ་བརྟན་ཞབས་དྲུང་གིས་རིགས་པའི་སྒོ་ནས་དེ་ནི་གཞན་དབང་ཅན་ཡིན་པར་གསུངས་ཡོད། དེས་ན། དེ་ནི་ཕྲད་གཞན་དབང་ཅན་ཡིན་པས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །གསུངས་པ་ལྟར་ཡིན། བཀའ་བསྟན་སོགས་སུ་ཇི་ལྟར་དུ་བྲིས་ཡོད་ནའང་། དེ་ནི་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་རིགས་པ་དང་མ་མཐུན་ན་དག་བཅོས་བྱེད་དགོས་ངེས་རེད།
བོད་སྨན་གྱིས་ཅིག་ཕན་གྱི་འདུག་ཟེར་བ་དེ་རྨོངས་དད་རེད། ཀླད་རྙིང་རེད། འཁྲུལ་སྣང་རེད། བོད་སྨན་འདི་ཡུལ་ལུང་གཞན་ལ་ཁྱེར་ན་ཁྲིམས་འགལ་རེད། བོད་སྨན་གྱིས་ཅིག་ཕན་གྱི་ཡོད་ན་རྡ་རམ་ས་ལའི་གློ་ནད་ཀྲི་བྷི་ཅན་བརྒྱ་བརྒྱ་སྟོང་སྟོང་དེ་ཚོ་ལ་སྨན་རྩིས་ཁང་ཞེས་འབོད་པའི་གཡུ་ཐོག་སྙིང་ཐིག་གྲྭ་ཚང་གི་རྩྭ་ལྡུམ་དེ་ཚོ་ཟ་མི་འཇུག་ནས་རྒྱ་གར་སྨན་ཁང་གི་ནུབ་ལུགས་སྨན་རིལ་དེ་ཚོ་རྩམ་པ་ཟ་ཟ་བྱེད་འདུག་དོན་མི་འདུག་ག དོན་མེད་ལ་ང་ཚོ་སློང་མོ་བའི་དངུལ་དེ་ཚོ་རྒྱ་གར་སྨན་ཁང་ལ་བསྐྱལ་ནས་ག་རེ་བྱེད། རོ་ཐང་ལ་མགོ་ན་རྩ་ལྡུམ་དེ་ཚོ་ནི་ག་ཚོད་དགོས་དགོས་རེད། མགོ་ན་ཅིག་བྱས་ན་ཕན་གྱི་རེད། ཆམ་པ་ན་ན་ཅིག་ཟོས་ན་ཕན་གྱི་རེད་ཟེར་བ་དེ་ཚོ་སྐྱག་རྫུན་ངོ་མ་རེད། གནའ་སྔ་མོའི་བྲམ་ཟེ་དེ་ཚོས་ཉི་མ་མ་འཁྱོལ་ནས་འདྲ་མི་འདྲ་མང་པོ་བསད་ཡོད་རེད། གསེར་འགྱུར་གྱི་རྩི་ཡང་སྒྲུབ་ཐབས་ཡོད་པ་རེད། བོད་སྨན་གྱིས་ཅིག་ཕན་ཐོགས་ཡོད་ཟེར་བ་དེ་ཡང་དེ་དང་གཅིག་མཚུངས་རེད།
བོད་སྨན་གྱིས་ཅིག་ཕན་གྱི་འདུག་ཟེར་བ་དེ་རྨོངས་དད་རེད། ཀླད་རྙིང་རེད། འཁྲུལ་སྣང་རེད། བོད་སྨན་འདི་ཡུལ་ལུང་གཞན་ལ་ཁྱེར་ན་ཁྲིམས་འགལ་རེད། བོད་སྨན་གྱིས་ཅིག་ཕན་གྱི་ཡོད་ན་རྡ་རམ་ས་ལའི་གློ་ནད་ཀྲི་བྷི་ཅན་བརྒྱ་བརྒྱ་སྟོང་སྟོང་དེ་ཚོ་ལ་སྨན་རྩིས་ཁང་ཞེས་འབོད་པའི་གཡུ་ཐོག་སྙིང་ཐིག་གྲྭ་ཚང་གི་རྩྭ་ལྡུམ་དེ་ཚོ་ཟ་མི་འཇུག་ནས་རྒྱ་གར་སྨན་ཁང་གི་ནུབ་ལུགས་སྨན་རིལ་དེ་ཚོ་རྩམ་པ་ཟ་ཟ་བྱེད་འདུག་དོན་མི་འདུག་ག དོན་མེད་ལ་ང་ཚོ་སློང་མོ་བའི་དངུལ་དེ་ཚོ་རྒྱ་གར་སྨན་ཁང་ལ་བསྐྱལ་ནས་ག་རེ་བྱེད། རོ་ཐང་ལ་མགོ་ན་རྩ་ལྡུམ་དེ་ཚོ་ནི་ག་ཚོད་དགོས་དགོས་རེད། མགོ་ན་ཅིག་བྱས་ན་ཕན་གྱི་རེད། ཆམ་པ་ན་ན་ཅིག་ཟོས་ན་ཕན་གྱི་རེད་ཟེར་བ་དེ་ཚོ་སྐྱག་རྫུན་ངོ་མ་རེད། གནའ་སྔ་མོའི་བྲམ་ཟེ་དེ་ཚོས་ཉི་མ་མ་འཁྱོལ་ནས་འདྲ་མི་འདྲ་མང་པོ་བཤད་ཡོད་རེད། གསེར་འགྱུར་གྱི་རྩི་ཡང་སྒྲུབ་ཐབས་ཡོད་པ་རེད། བོད་སྨན་གྱིས་ཅིག་ཕན་ཐོགས་ཡོད་ཟེར་བ་དེ་ཡང་དེ་དང་གཅིག་མཚུངས་རེད།
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་བཤད་པ་ལྟར་དུ་རྒྱུ་མཚན་འདི་ལྟར་དུ་བཀོད་ན། སྤོབས་པ་མཐའ་ཡས་ཟེར་བ་དེ། མི་རྨོངས་དད་ཅན་དང་། ཀླད་རྙིང་ཅན། འཁྲུལ་སྣང་ཅན། བླུན་རྟགས་ཅན་ཡིན་ཏེ། ཁྱེད་རང་གང་དུ་སོང་ནའང་ཁྲིམས་འགལ་ཡིན། ད་དུང་མི་ཤེས་ཤེས་མདོག་སྟོན་མཁན་དང་། གཡོ་སྒྱུ་འཁྲབ་སྟོན་བྱེད་མཁན་གྱི་མི་ཞིག་ཡིན་ཏེ། ངས་དེ་ལྟར་དུ་འདོད་པའི་ཕྱིར་ཟེར་ན། ཁྱེད་ཀྱིས་ལན་ཅི་ལྟར་དུ་གདབ་བམ། གོ་བ་མེད་པའི་གླང་རྒན་ལ། །རྒྱལ་བའི་བཀའ་ལས་དབྱུག་པ་བཙན། །
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་བཤད་པ་ལྟར་དུ་རྒྱུ་མཚན་འདི་ལྟར་དུ་བཀོད་ན། སྤོབས་པ་མཐའ་ཡས་ཟེར་བ་དེ། མི་རྨོངས་དད་ཅན་དང་། ཀླད་རྙིང་ཅན། འཁྲུལ་སྣང་ཅན། བླུན་རྟགས་ཅན་ཡིན་ཏེ། ཁྱེད་རང་གང་དུ་སོང་ནའང་ཁྲིམས་འགལ་ཡིན། ད་དུང་མི་ཤེས་ཤེས་མདོག་སྟོན་མཁན་དང་། གཡོ་སྒྱུ་འཁྲབ་སྟོན་བྱེད་མཁན་གྱི་མི་ཞིག་ཡིན་ཏེ། ངས་དེ་ལྟར་དུ་འདོད་པའི་ཕྱིར་ཟེར་ན། ཁྱེད་ཀྱིས་ལན་ཅི་ལྟར་དུ་གདབ་བམ། གོ་བ་མེད་པའི་གླང་རྒན་ལ། །རྒྱལ་བའི་བཀའ་ལས་དབྱུག་པ་བཙན། །
དྲ་གྲོགས་ཚོ། ང་སྒེར་དོན་རྐྱང་རྐྱང་གི་ཆེད་དུ་ས་རྒྱུག་གནམ་རྒྱུག་བྱས་བྱས་ཏེ།
དེ་རིང་ཁ་བརྡའི་དྲ་ཟུར་ཞིག་ནས་ངལ་གསོ་ཡུད་ཙམ་བྱུང་སྟེ།
དྲ་གྲོགས་ཚོར་བསྐྱར་མཇལ་བྱུང་།
ཡིན་ནའང་ཁ་བརྡའི་དྲ་ཚིགས་ཤིག་ཏུ།
དྲ་གྲོགས་སྤོབས་པ་མཐའ་ཡས་ར་བཟི་འདུག
སྤོབས་པ་མཐའ་ཡས་ལགས། བོད་སྨན་འདི་མིའི་རིགས་ཀྱི་ན་ཚ་ལ་ཕན་ཐོགས་མེད་ན། ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་བོད་ཀྱི་སྔོན་བྱོན་མཁས་དབང་དམ་པ་རྣམས་ཀྱིས་གསར་བཏོད་མཛད་དེ་ལག་ལེན་དུ་བསྟར་བ་དང་སྨན་དཔྱད་གནང་ནས་ནད་པ་གྲངས་ལས་འདས་པ་ལ་བདེ་སྐྱིད་བསྐྲུན་པར་མཛད་པ་དེ་ཅི་ཞིག་ཡིན་ནམ། ཉེ་བའི་དུས་སུའང་བོད་ཕྱི་ནང་ཀུན་ཏུ་རྒྱལ་ཁབ་ཀྱི་གཞུང་དང་སྒེར་ཚང་མས་ལག་ལེན་དུ་བསྟར་བ་དང་མི་རྒན་གཞོན་མཐོ་དམན་ཚང་མས་དད་གུས་བྱེད་པ་དེ་རྣམས་ཁྱེད་རང་ནང་བཞིན་བླུན་རྟགས་ཚ་བོ་ཞིག་ཡིན་ནམ། མདོར་ན། བོད་སྨན་ལ་བསྔགས་བརྗོད་མཛད་པའི་༸གོང་ས་མཆོག་གཙོ་བོར་མཛད་པའི་འཛམ་གླིང་གི་གནད་ཡོད་མི་སྣ་དང་རྒྱ་དཀར་ནག་གི་གཞུང་དང་གྲོས་ཚོགས་ཀྱི་མི་སྣ་དེ་དག་ཁྱེད་རང་ནང་བཞིན་རྨོངས་དད་ཅན་ཞིག་ཡིན་ནམ།
སྤོབས་པ་མཐའ་ཡས་ལགས། བོད་སྨན་འདི་མིའི་རིགས་ཀྱི་ན་ཚ་ལ་ཕན་ཐོགས་མེད་ན། ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་བོད་ཀྱི་སྔོན་བྱོན་མཁས་དབང་དམ་པ་རྣམས་ཀྱིས་གསར་བཏོད་མཛད་དེ་ལག་ལེན་དུ་བསྟར་བ་དང་སྨན་དཔྱད་གནང་ནས་ནད་པ་གྲངས་ལས་འདས་པ་ལ་བདེ་སྐྱིད་བསྐྲུན་པར་མཛད་པ་དེ་ཅི་ཞིག་ཡིན་ནམ། ཉེ་བའི་དུས་སུའང་བོད་ཕྱི་ནང་ཀུན་ཏུ་རྒྱལ་ཁབ་ཀྱི་གཞུང་དང་སྒེར་ཚང་མས་ལག་ལེན་དུ་བསྟར་བ་དང་མི་རྒན་གཞོན་མཐོ་དམན་ཚང་མས་དད་གུས་བྱེད་པ་དེ་རྣམས་ཁྱེད་རང་ནང་བཞིན་བླུན་རྟགས་ཚ་བོ་ཞིག་ཡིན་ནམ། མདོར་ན། བོད་སྨན་ལ་བསྔགས་བརྗོད་མཛད་པའི་༸གོང་ས་མཆོག་གཙོ་བོར་མཛད་པའི་འཛམ་གླིང་གི་གནད་ཡོད་མི་སྣ་དང་རྒྱ་དཀར་ནག་གི་གཞུང་དང་གྲོས་ཚོགས་ཀྱི་མི་སྣ་དེ་དག་ཁྱེད་རང་ནང་བཞིན་རྨོངས་དད་ཅན་ཞིག་ཡིན་ནམ།
སྤོབས་མཐའ་འདི་སྤྱོད་ལོག་ཅིག་ཡིན་ས་རེད། ཁྱོད་རང་ཡོད་ས་དབྱིངས་ལནཌ་ལའང་བོད་སྨན་བཟའ་མཁན་གྱི་དབྱིན་འཇི་བ་མང་པོ་ཡོད་བོད་སྨན་ཁྱེར་མི་ཆོག་པ་མེད་། ད་ཨུ་རུ་སུའི་ནང་ལ་བོད་སྨན་གྱི་ཨེམ་ཇི་མང་པོ་ཡོད་ཁོང་ཚོས་བོད་སྨན་དོ་བོ་དོ་བོ་བྱས་ཏེ་ཁྱེར་གྱི་འདུག་སྨན་བཟའ་མཁན་དེ་ཚོ་ཚང་མས་དངུལ་ཁྲོག་རླག་གཏོང་གི་ཡོད་དམ།
ཀླད་པ་གསར་སྟོང་ཨང་གསར་ཅན་ཁྱེད་འདྲ་བོ་ད་དུང་བོད་ཀྱི་ཆོས་ལུགས་པ་ཡིན་མདོག་དང་གཞན་གྱི་ཆོས་ལུགས་ལ་དམའ་འབེབས་བྱེད་སྟངས་འདི་རིགས་རྨོངས་དད་ཀྱིས་དབང་གི་ཆགས་སྡང་གི་མེ་འབར་བའི་རྟགས་རེད།
རྡ་སའི་སྨན་རྩིས་ཁང་དུ་ཉིན་ལྟར་རྒྱ་གར་བ་དང་ཕྱི་རྒྱལ་བ་བརྒྱ་ཕྲག་བཤར་བ་དེ་ཚོ་རྨོངས་དད་པ་རེད་དམ།
ཁྱོད་ཚོ་ཆམ་པ་ན་དུས་བོད་སྨན་ཟ་གི་ཡོད་དམ་དེངས་དུས་ཀྱི་ཚན་རིག་པས་བཟོས་པའི་སྨན་ཟ་གི་ཡོད། མགོ་ན་དུས་གང་ཟ་གི་ཡོད། ལག་པ་ལ་རྨ་བཟོས་ན་ག་རེ་བྱུགས་གི་ཡོད། རང་རང་གི་མི་ཚེའི་ཉམས་མྱོང་ལ་བསམ་བློ་ཐོངས་དང་། དེ་ནས་ལན་ཞིག་ཁྱེར་ཤོག
ཆམ་པ་ན་དུས་སྨན་སྒྲུབ་ཟས་ནའང་ཕན་གྱི་འདུག
ནོད་སྨན་ད་ཨ་ཅང་ཅང
རྟགས་མཚུངས་འདྲེན་པ་ལས། བརྗོད་བདེ་འདྲེན་པ་དེ། གཞི་དངོས་པོའི་གནས་ཚོད་ཕན་ཆེ་བ་ཡོད་རེད། དེ་ཀུན་གྱིས་མཁྱེན་པར་མཛོད།
་་་་་ སྔ་གཞུག་ཏུ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག ཞིན་ཅང་སོགས་ཞིང་ཆེན་དང་ས་ཁུལ་ཁག་དང་། དེ་མིན། དབྱིན་ཇི་དང་། ཨ་རི། དབྱི་ཐ་ལི། རྒྱ་གར། འབྲུག་ཡུལ། བལ་བོ། སོག་ཡུལ། ཨུ་རུ་སུ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ༡༠ལྷག་ལ་བསྐྱོད་དེ། བོད་ཀྱི་གསོ་རིག་གནའ་དཔེ་ཡིག་ཚགས་༡༡༥༠་ལྷག་བསྟུད་མར་འཚོལ་སྡུད་བྱེད་ཐུབ་པ་བྱུང་། ་་་ཟེར།
ཨ་རོ། སྤོབས་པ་ལགས། ང་ཆུང་དུས་མགོ་ན་འི་འདུག་ས་ཟིག་ཡིན། ཡིན་ན་ཡང་མགོ་སྨན་ཞིག་ཡོད་རབས་དང་ཟོས་རབས་ཞིག་མི་དྲན་གི། ཅིག་དྲན་ནོ་དེ། རི་མགོ་ནས་རི་བོང་རིག་ཚང་ནས་མཆོང་སོང་བ་དེ་འདྲ་མཐོང་ན། དྲོད་མ་ཉམ་པའི་རི་བོང་གི་ཚང་ནང་ལ་མགོ་བཅུག་པ་ཡིན་ན། མགོ་ནད་དེ་རི་བོང་གི་དྲོད་ཀྱིས་ལེན་རབས་ཞིག་གོ། དེ་འདྲ་བྱས་ན་སྡིག་པ་ཡོད་རབས་ཟེར། ཡིན་ན་ཡང་། མགོ་ཁོལ་འིས་མ་བརྟེན་པར་དེ་འདྲ་ཞིག་བྱས་བ་ཡིན། ཕན་དང་མ་ཕན་ཡང་གསལ་བོ་ཞིག་མི་དྲན་གི། ཡིན་ན་ཡང་། དེང་སང་མགོ་ཁོལ་འི་ན་ཚ་དེ་མེད་པར་བདེ་བོ་ཡིན།
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས།
སྐུ་ཉིད་ལ་བོད་སྨན་ཕན་ཐོགས་ཡོད་མེད་སྐོར་མང་པོ་མང་པོ་བཤད་དགོས་མི་འདུག ང་ཚོའི་ཉིན་རེའི་འཚོ་བའི་ནང་གི་ལོངས་སུ་སྤྱད་བྱ་འབྲས། ནས། གྲོ སྲན་མ། མར། ཆུ་ར། ཤ ཆུ། ཇ། འོ་མ། དེ་བཞིན་དུ་སྔོ་ཚོད་ཀྱི་རིགས། འབྲས་བུའི། སྡོང་པོའི་རིགས། ལོ་མའི་རིགས། མེ་ཏོག་གི་རིགས། ཤ་ཁྲག་གི་རིགས་སུ་གྱུར་བའི་ཟས་དང་སྐོམ་གྱིས་ང་ཚོའི་ལུས་ལ་ཕན་ཐོགས་ཡོད་པར་ཁས་ལེན་ནམ་མི་ལེན།
གལ་ཏེ་དེ་དག་གིས་ལུས་དང་འཚོ་ཐབས་བདེ་ཐབས་ལ་ཕན་པར་ཁས་ལེན་ན་ནི། ཟས་སྐོམ་གྱི་འཚོ་ཐབས་རིག་པ་ནི་བོད་སྨན་གྱི་གཞི་འཛིན་སའམ་ལྟ་གྲུབ་གཙོ་བོ་དེ་ཡིན། ཉིན་རེའི་ཟས་དང་སྐོམ་གྱིས་ལུས་ཁམས་ལ་ཕན་ཐོགས་ཡོད་པའི་རིགས་ལམ་དེའི་སྟེང་ནས། རྒྱ་ཆེ་རུ་བཏང་བ་ཞིག་དང་གཏིང་ཟབ་ཏུ་སོང་བ་ཞིག་ཡིན།
ང་ཚོའི་ཉིན་རེའི་འཚོ་ཐབས་ཟས་དང་སྐོམ་གྱི་ང་ཚོའི་ལུས་ཀྱི་བདེ་ཐང་དང་འཚོ་ཐབས་ལ་ཕན་པར་ཁས་མི་ལེན་ན། ང་ཚོས་ཉིན་ལྟར་ཟས་སྐོམ་དང་ལྟོ་རྒྱབ་གཉིས་ཀྱི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་པ་ལ་དགོས་པ་ཅི་ཡོད། སྤོབས་པ་ལགས། སོམས་དང། དེའི་སྟེང་ནས་ལན་ཞིག་གནང་རོགས།
གསོ་རིག་ཀུན་བཏུས་རེད། ཀུན་འཏུས་མ་རེད་དཀར་མཚོ་སྐྱིད་ལབ་མ་རྒྱག །པ་པོ་བདག་སྒྲ་ཡིན་པ་སི་ཏུའི་དགོངས་དོན་རེད། སྨན་རྩིས་ཁང་གིས་ཁྱབ་བསྒྲགས་ཡག་པོ་གནང་འདུག་སྟེ། །ཁྱབ་བསྒྲགས་འགྲོ་ཡ་གལ་ཆེན་པོ་མ་རེད། །
པ་པོ་ཐམས་ཅད་བདག་སྒྲར་སྨྲ་བ་ནི་མུན་འཐོམས་རེད།དཔེར་ན།མུན་པ།སྐུད་པ།ནུས་པ།ལྟ་བུ་དང་།ཡང་མཐུག་པོ།སྔོན་པོ།སྐམ་པོ་ལྟ་བུ་མིང་མཐའ་པ་དང་པོ་ཡིན་ཚད་བདག་སྒྲ་མིན་པ་མངོན་གསུམ་དུ་གྲུབ།
རྩ་བ་ལས།
གང་མིང་གི་ནི་མ་མཐའ་རུ། །
པུལིངྒ་ཡི་སྒྲ་མེད་པ། །
དེ་ལ་པུ་ལིངྒ་སྒྲ་སྦྱར་ན། །
བདག་པོའི་སར་ནི་ཤེས་པར་བྱ། །ཞེས་པའི་དོན་ལས་ཕྱི་རོལ་དུ་མ་འཁྱམས་ན་མི་ལེགས་སམ། ལགས།
སི་ཏུའི་ཞལ་ལུང་དུའང་”སི་ཏུས་བདག་སྒྲ་འདི་རྗེས་འཇུག་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་ཡིན་”གསུངས་པའི་རྗེས་སུ་མ་འབྲངས་པར།ག་ད་བ་ས་ན་མ་པ།།ང་འ་ར་ལ་མཐའ་མེད་བ།།ཅེས་པའི་ཐོབ་ཐང་ལྟར་དུ་གསུངས་ཡོད་ཅིང་།དེ་ཚོ་ཡུལ་དུས་དང་མི་མཐུན་པའི་ཐོན་མིའི་དགོངས་པ་འཚོལ་ཐབས་སུ་མིན་པ་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་དུ་”འོན་ཀྱང་།མུ་ཏིག་ཕྲེང་མཛེས་ལས།ལྷ་ས་བ།སེ་ར་བ།ལྟ་བུ་རྣམས་ནི་གྲོང་བའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས།ཞེས་བཤད་པ་འཐད་པར་མ་མཐོང་སྟེ།ཆོས་སྐད་དང་ཡིག་སྐད་གང་ཡིན་ཡང་ཐོག་མར་སྐྱེ་བོ་དམངས་ཀྱི་ཁ་སྐད་དང་མཐུན་པར་བཟོས་པའི་གནད་འགག་འདི་དོར་ན་ནི་རང་གིས་གང་བཤད་མཐའ་དག་ཡིད་བརྟན་མེད་པའི་འཆལ་ཚིག་ཏུ་འགྱུར་ཉེན་ཆེའོ།།ཞེས་སྤྱོས་འདུག
རྩ་བ་དེ་ལྟར་ལས་ཕྱི་རོལ་ཏུ་མི་འཁྱམས་པ་དགོས་ན་མིང་མཐའི་པ་བ་མ་དང་པོ་བོ་མོ་ཚང་མ་བདག་སྒྲ་ལ་འཇུག་དགོས་པ་ཙམ་ལས་གསུངས་མི་འདུག་པས།མཁས་པ་རྣམས་ཀྱིས་ནང་དོན་བཀྲལ་ལུགས་མི་འདྲ་བ་མང་པོ་ཅིག་མི་བྱུང་ཀ་མེད་གྱུར་པ་རེད།
བོད་ནང་གི་གསོ་བྱེད་མཁས་པ་རྣམས་ཀྱི་བྱས་རྗེས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གྲངས་མེད་ཞུ། འདི་འདྲའི་བྱ་བཞག་རླབས་པོ་ཆེ་ལ་ང་ཚོས་མཐོང་ཆེན་དང་གདེང་འཇོག་བྱེད་དགོས་པ་རེད། སྒྲུབ་དཀའ་བའི་རིག་གནས་ཀྱི་ལས་དོན་འདི་དག་དུས་ཚོད་དང་། འགྲོ་གྲོན། རྒྱུ་ཆ། རྣམ་དཔྱོད་འདོན་མཁན་གྱི་དཀའ་ཚག་སོགས་གང་ལ་བསམ་ཡང་བློ་ཡུལ་ལས་འགོངས་པ་ཞིག་རེད། དང་བོ་སྔོན་ཆད་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་བ་རྣམས་ཀྱིས་ཀུན་འདུས་ཞལ་ཐང་ཆེན་མོ་བཞེངས་ནས་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་དེ་སྐད་གྲགས་ཆགས་ཡོད་པ་རེད། གཉིས་པ་བོད་ཀྱི་གསོ་རིག་མཁས་པ་རྣམས་ཀྱིས་བོད་ཀྱི་གསོ་རིག་གཞུང་ལུགས་ལག་ལེན་དང་བཅས་པ་ཕྱོགས་བསྒྲིགས་གནང་སྟེ་བོད་ཀྱི་ལོ་རྒྱུས་ཙམ་མ་ཟད། འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་འོས་པའི་ཕྱི་རྗེས་བཞག་སོང་། གསུམ་པ་ད་ལྟ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་སྟེ་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་རིན་འོས་པ་ཞིག་ཆགས་སོང་། ད་རིག་གནས་ཀྱི་སྡེ་ཚན་གཞན་རྣམས་ཡིན་ད།
སི་ཏུའི་ཞལ་ལུང་དུའང་པ་པོ་ཐམས་ཅད་བདག་སྒྲ་ཡིན་པར་བཤད་མི་འདུག །མེ་ཏོག་མཛེས་པ། རྐང་པ་ཞེས་པའི་པ་ཡིག་དང་། ཅན་དང་ལྡན་རྣམས་སི་ཏུས་བདག་སྒྲ་མི་འདོད་པ་ལ་བདག་སྒྲ་འདོད་དོ་ཞེས་སྨྲ་བ་འདི་མི་མཛེས་སོ།། དེའི་ཕྱིར་རྗེས་འཇུག་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་ཡིན་གསུངས་པའི་རྗེས་སུ་མ་འབྲངས་པར།ག་ད་བ་ས་ན་མ་པ།།ང་འ་ར་ལ་མཐའ་མེད་བ།།ཅེས་པའི་ཐོབ་ཐང་ལྟར་དུ་གསུངས་མཁན་དེ་དག་གིས་བདག་སྒྲ་པ་པོའི་ཐོབ་ཐང་མིན་པ་ཤེས་དགོས།
སྤོབས་པ་མཐའ་ཡས་ལགས།
སྐུ་ཉིད་ལ་བོད་སྨན་ཕན་ཐོགས་ཡོད་མེད་སྐོར་མང་པོ་མང་པོ་བཤད་དགོས་མི་འདུག
ང་ཚོའི་ཉིན་རེའི་འཚོ་བའི་ནང་གི་ལོངས་སུ་སྤྱད་བྱ་འབྲས། ནས། གྲོ སྲན་མ། མར། ཆུ་ར། ཤ ཆུ། ཇ། འོ་མ།
དེ་བཞིན་དུ་སྔོ་ཚོད་ཀྱི་རིགས། འབྲས་བུའི། སྡོང་པོའི་རིགས། ལོ་མའི་རིགས། མེ་ཏོག་གི་རིགས། ཤ་ཁྲག་གི་རིགས་སུ་གྱུར་བའི་ཟས་དང་སྐོམ་གྱིས་ང་ཚོའི་ལུས་ལ་ཕན་ཐོགས་ཡོད་པར་ཁས་ལེན་ནམ་མི་ལེན།
གལ་ཏེ་དེ་དག་གིས་ལུས་དང་འཚོ་ཐབས་བདེ་ཐབས་ལ་ཕན་པར་ཁས་ལེན་ན་ནི།
ཟས་སྐོམ་གྱི་འཚོ་ཐབས་རིག་པ་ནི་བོད་སྨན་གྱི་གཞི་འཛིན་སའམ་ལྟ་གྲུབ་གཙོ་བོ་དེ་ཡིན།
ཉིན་རེའི་ཟས་དང་སྐོམ་གྱིས་ལུས་ཁམས་ལ་ཕན་ཐོགས་ཡོད་པའི་རིགས་ལམ་དེའི་སྟེང་ནས། རྒྱ་ཆེ་རུ་བཏང་བ་ཞིག་དང་གཏིང་ཟབ་ཏུ་སོང་བ་ཞིག་ཡིན།
ང་ཚོའི་ཉིན་རེའི་འཚོ་ཐབས་ཟས་དང་སྐོམ་གྱི་ང་ཚོའི་ལུས་ཀྱི་བདེ་ཐང་དང་འཚོ་ཐབས་ལ་ཕན་པར་ཁས་མི་ལེན་ན། ང་ཚོས་ཉིན་ལྟར་ཟས་སྐོམ་དང་ལྟོ་རྒྱབ་གཉིས་ཀྱི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་པ་ལ་དགོས་པ་ཅི་ཡོད། སྤོབས་པ་ལགས། སོམས་དང།
དེའི་སྟེང་ནས་ལན་ཞིག་གནང་རོགས།
དཀར་མཚོ་སྐྱིད་ལེགས་ཀྱི་གཤམ་གསལ་གྱི་རང་ཉིད་ཀྱི་ལྟག་ཆོད་ཀྱི་རྩོད་པ་དག་ལ་ལན་སྨྲ་བར་བྱ་སྟེ། དང་པོ་ས་པཎ་གྱི་ལེགས་བཤད་ལས།
ནོར་མེད་ཟས་གོས་མཆོག་འདོད་དང་།
གཞན་ལ་སློང་ཞིང་ང་རྒྱལ་ཆེ།
བསྟན་བཅོས་མ་ཤེས་རྩོད་པར་འདོད།
གསུམ་པོ་འགྲོ་བའི་བཞད་གནས།། ༣ །། རབ་བྱེད་ ༧ པ།
ངས་ཐོན་མིའི་རྗེས་ཀྱི་སྐད་གསར་གྱི་སྐད་བཀའ་བསྟན་གསུང་འབུམ་དག་ན་ཡོད་པ་གཞིར་བཟུང་ནས་བཤད་ཀྱི་ཐོན་མིའི་སྐབས་ཀྱི་གངས་ཅན་པའི་སྐད་བོད་ཀྱི་རྡོ་རིང་དང་། ཏུན་ཧང་གི་ཡིག་རྙིང་སོགས་ན་ཡོད་ཤས་ཆེ། དེ་དག་ལ་ངས་སློབ་སྦྱོང་བྱེད་མ་མྱོང་། དེ་བཞིན་ཁྱེད་ཀྱང་ཡིན་སྙམ། ཐོན་མིས་དེ་དུས་ཀྱི་བོད་སྐད་དང་མཐུན་པར་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པར་གྲགས་ཀྱང་། བོད་སྐད་འགྱུར་བའི་དབང་གིས་དེ་རྣམས་ལས་གཅིག་ཀྱང་རང་རེའི་མིག་གི་་མཐོང་ཡུལ་དུ་མེད། གལ་ཏེ་ཐོན་མིའི་སྐབས་ཀྱི་སྐད་ལ་འགྱུར་བ་མེད་ན། བོད་སྐད་ལ་དོན་གཉེར་ཅན་དག་གིས་དེ་ཀུན་ལ་སློབ་སྦྱོང་བྱས་ཏེ། ཅིའི་ཕྱིར་མི་ལུས་ལུས་དགོས། ས་སྐྱ་པཎྜི་ཏས་བོད་སྐད་ལ་བརྡ་སྤྲོད་ལེགས་པ་ཞིག་མེད་ཅེས་ཅིའི་ཕྱིར་གསུངས་དགོས་པ་བྱུང་། ས་པཎ་རང་ཉིད་ཀྱིས་ཡི་གེ་སྦྱོར་བ་སོགས་སྒྲའི་བསྟན་བཅོས་འགའ་མཛད་ཀྱང་ཡོངས་གྲགས་ཆེར་མ་བྱུང་། ཡི་གེའི་སྦྱོར་བ་ན། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིགས་བཅད་བརྒྱ་ཆ་བརྒྱད་ཅུ་ལྷག་ཡོད་ཀྱང་། ཚིགས་བཅད་དེ་ཀུན་ཐོན་མིས་གསུངས་པ་ཡིན་པར་ས་པཎ་གྱིས་ཚིག་གཅིག་ཀྱང་གསུངས་མེད། ཆོས་རྗེ་ས་པཎ་སྐབས་དང་། ཕྱིས་རྒྱལ་བ་ཙོང་པ་ཡབ་སྲས་གསུམ་སོགས་ཀྱི་དུས་བར་དུ། རྒྱ་གར་མཁས་པས་བརྩམས་པའི་སྨྲ་སྒོ་མཚོན་ཆ་ལ་བོད་ཀྱི་བརྡ་སྤྲོད་ཤེས་པའི་ཆེད་དུ་སློབ་སྦྱོང་བྱེད། མཁས་གྲུབ་རིན་པོ་ཆེས་ཀྱང་། རྒྱུད་སྡེའི་སྤྱི་རྣམ་དུ་རིག་གནས་ལྔ་འཆད་པའི་སྐབས་སུ། བོད་ལ་ཉེ་བར་མཁོ་བ་ལ་པནྜི་ཏ་སྨྲི་ཏིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་པ་མིང་ཚིག་ཡི་གེའི་ཚོགས་གསུམ་སྟོན་པ་ཞིག་ཡོད་དོ། །ཞེས་གསུངས།
སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཐོན་མིས་བརྩམས་པ་མ་ཡིན་པ་བོད་དང་བོད་པ་མ་ཡིན་པ་མཁས་པ་དུ་མས་བསྒྲུབས་ཟིན་པ་ཁྱེད་ཀྱིས་མཐོང་ཡོད་དམ་སྙམ།
འོན་ཀྱང་། ཁྱེད་ལ་བདག་གིས་འདི་ལྟར་འདྲི་བར་བྱ་སྟེ། གལ་ཏེ་སུམ་རྟགས་གཉིས་ཐོན་མིས་མཛད་པ་ཡིན་ན། ས་སྐྱ་པཎ་སོགས་ཀྱིས་མིང་ཙམ་ཡང་བཏོན་་མེད་པ་དང་། ས་པཎ་གྱི་རྗེས་ལོ་བརྒྱ་ཕྲག་མང་པོར་བོད་ཀྱི་བརྡ་སྤྲོད་ཤེས་པའི་ཆེད་དུ་སྨྲ་སྒོ་ལ་སློབ་སྦྱོང་བྱེད་ཀྱི། སུམ་རྟགས་ཞེས་པའི་མིང་ཙམ་ཡང་མེད། དུས་ཕྱིས་ས་པཎ་གྱི་ཡི་གེ་སྦྱོར་བ་འི་ཚིགས་བཅད་རྣམས་བླངས་ཤིང་། རང་ཉིད་ཀྱིས་ཚིགས་བཅད་འགའ་བསྣན་ཏེ། བོད་དུ་ཡི་གེ་སྲོལ་གཏོད་པ་པོ་མཁས་མཆོག་ཐོན་མིས་མཛད་ཅེས། འཇམ་དབྱངས་རྣམ་སྤྲུལ་ཐོན་མི་ལ་ཁ་འཕངས་པ་དེ་ལ་བརྟག་དཔྱད་མེད་པར་ཞ་ལུ་ལོ་ཆེན་སོགས་མཁས་པ་རྣམས་ཀྱིས་ཀྱང་སུམ་རྟགས་གཉིས་མཁས་མཆོག་ཐོན་མི་ཡིན་པར་ཞལ་བཞེས། དེ་གཉིས་ཐོན་མི་ཡིན་པར་དར་སོ་ཆེ་བ་ན། སྨྲ་སྒོ་མཚོན་ཆ་ལ་བོད་ཀྱི་བརྡ་སྤྲོད་ཤེས་པ་ལ་སློབ་སྦྱོང་བོད་ཡུལ་དུ་མེད་པར་སོང་།
བློ་གཟུ་བོར་གནས་པའི་ཁྱེད་ལན་ཡོད་དམ། རྗེ་ཙོང་ཁ་པ་བར་དུ་སུམ་རྟགས་ལ་འགྲེལ་པ་བླ་མ་མཁས་པ་རྣམས་ཀྱིས་མ་མཛད་པ་དང་། དུས་ཕྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བརྩམས་པ་ཅི་ཡིན་ནམ། ཁྱེད་ལ་རིགས་པ་མཐུན་པའི་ལན་ཡོད་དམ།
༼ཁྱེད་ཀྱིས་ཐོན་མིའི་དགོངས་པ་དང་མ་བསྟུན་པར་རང་གིས་གསར་བཏོད་བྱས་པ་ཡིན་ཟེར་བ་ནི་ཅི་ཡང་མི་ཤེས་པའི་རང་གཤིས་ངོ་མ་དེ་མངོན་འདུག༽ འདིར་ ངོ་མ་ ཞེས་པ་དེ་ལ་སྔོན་འཇུག་དང་རྗེས་འཇུག་གཉིས་ཀ་མེད་པར་བཟོས་ཏེ། བོད་སྤྱིའི་སྐད་བཀའ་བསྟན་གསུང་འབུམ་གྱི་དག་ཆ་དོར་བའི་རང་མཚང་ཁྱེད་ཀྱིས་བསྟན་འདུག བོད་ཀྱི་སྐད་མི་བརླག་པའི་ཕྱིར་དུ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ལྟ་བུས། དངོས་མ། ཞེས་བྲིས་ཀྱི་ངོ་མ་ཞེས་མ་བྲིས། ཁྱེད་ལྟ་བུ་ཁ་སྐད་གཙོ་བོར་འཛིན། ངོ་མ་ཞེས་སོགས་མ་དག་པ་བྲིས་ཏེ། བོད་གཅིག་ཏུ་སྒྲིལ་བའི་ལྷག་བསམ་གྱིས་དབེན་ན། བྱེད་ཐབས་མེད།
༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ཞེས་པ་དྲངས་ཡོད་པ་ནི་སྨྱོན་པའི་སྟེང་དུ་སྨྱོན་པ་བསྣན་པའི་དཔེ་ལྟར་དུ་ནོར་བའི་ཡི་གེ་ལ་ནོར་འཁྲུལ་གྱི་དཔེ་དོན་བསྟན་པ་ཞིག་ཡིན་པས། དེ་ནི་བོད་ཀྱི་སུམ་རྟགས་ཀྱི་གཞུང་ལ་གོ་བ་ཅི་ཡང་མེད་པའི་རྟགས་སུ་གྲུབ་བོ། །༽
ཞེས་པ་ནི། བདག་གིས་འདི་ལྟར་བྲིས་པ་དེ་ལ་གོ་བ་ལོག་པར་ཐེབས་འདུག ༼དཔེ་ཆའི་མཚན་བྱང་ན། དཔལ་ལྡན་བླ་མའི་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་པར་དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་འཁོད་ཀྱང་། ནོར་འདུག་བསམ་པ་ལས་གཞན་ཅི་བྱེད་ཐུབ། ༽ཅེས་པར་བརྗོད་པ་དང་པོ་དེ། བདག་གི་འདོད་པ་དང་། བརྗོད་པ་ཕྱི་མ་དེ་ནོར་ཡོད་པ་སྟོན་བྱེད་ཡིན། ངའི་ཞེས་པ་ལ་ངས་བྲིས་པ་བཞིན་དུ། བླ་མའི་ཞེས་པར་བླ་མས་ཞེས་བྲིས་འདུག ཅེས་གསལ་པོར་བྲིས་པ་དེ་ལ་གོ་བ་ལེན་མ་ཐུབ་ན། ད་དུང་བཀའ་བསྟན་གསུང་འབུམ་གྱི་དཔེ་ཆ་དག་པ་རྣམས་ལ་རྟག་སྦྱོར་དང་། གུས་སྦྱོར་གྱིས་སྦྱང་དགོས་པར་མཐོང་།
ངས་ནི་བཀའ་བསྟན་གསུང་དག་པ་རྣམས་ཀྱི་སྐད་ལ་གང་ཐུབ་སྦྱོང་ཞིང་། དེ་དག་ལ་དག་པ་དང་མ་དག་པ་ཅི་རིགས་པ་ཡོད་ཀྱང་། གཞུང་དཔེ་མང་པོར་བལྟས་ཏེ། དཔྱད་པ་བྱེད། ནོར་བ་ཞིག་ཡོད་ན། རང་གི་བླ་མས་བྲིས་པ་ཡང་ཁས་མི་ལེན། ༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ གསུང་མཁན་དེའི་དྲུང་དུ། སྔོན་གྲྭ་སའི་ཆོས་གྲྭར་སློབ་ཁྲིད་ཞུ་བར་ལན་གཅིག་གཉིས་བཅར་མྱོང་ཡང་ནོར་བ་དེ་ནོར་བར་གཟུང་དགོས་བསམ་པ་ཡིན། བཀའ་བསྟན་གསུང་འབུམ་དག་དང་མི་མཐུན་པ་ཞིག་ཡོད་ན། ཇི་ཙམ་མཁས་པར་གྲགས་པ་རང་ཅག་གིས་དཔྱད་པ་དགོས་ཏེ།
དགེ་སློང་དག་གམ་མཁས་རྣམས་ཀྱིས།
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།་
ངེས་པར་བརྟགས་ལ་ང་ཡི་བཀའ།
བླང་བར་བྱ་ཡི་གུས་ཕྱིར་མིན།།
ཞེས་པ་ལྟར་དཔྱད་པ་བྱས་ནས། ཁས་ལེན་པར་བྱེད།
ཁྱེད་ཀྱིས་མཁས་པ་མང་པོའི་མཚན་སྨོས་པ་ལས། མཁས་པ་ཚེ་ཏན་ཞབས་དྲུང་གི་མཚན་སྨོས་ཀྱང་། ཁོང་གིས་མཛད་པའི་མཛད་པའི་སུམ་འགྲེལ་ན། རྗེས་འཇུག་ང་འ་ར་ལ་དང་། དབྱངས་འཇུག་གི་པ་ཡིན་ཚད་བ་རུ་དགོས་པ་ནི། ཁྱེད་ཀྱི་ཁ་སྐད་ལ་རུང་ཡང་། བཀའ་བསྟན་གསུམ་འབུམ་དག་གི་སྐད་ད། བོད་སྤྱིའི་སྐད་ལ་མི་རུང་། དེ་ལྟར་མི་རུང་བ་ནི། མདོ་སྨད་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་སྐད་ཚིག་རྣམས་ལ་བལྟས་པས་ཀྱང་ཁྱེད་ཀྱིས་ཤེས་ཐུབ།
དེས་ན་གོང་གསལ་གྱི་དྲི་བ་དག་ལ་གཟུར་བོར་གནས་པའི་ལན་བྲིས་ནས། རང་ཉིད་བླུན་པོ་མ་ཡིན་པར་མཁས་པར་བསྟན་པའི་རེ་བ་ཡོད། ཅེས་སོ།།
ཡིག་ནོར་ཡོད་པ་རྣམས་འདི་དང་འདི་ཞེས་སྟོན་གྲོགས་བཀའ་དྲིན་ཆེ། ང་ནི་དངོས་གནས་བླུན་པོ་རང་ཡིན།
དྲ་གྲོགས་ཚོ་དང་མཉམ་དུ་བདག་སྒྲའི་སྐོར་ཅུང་ཟད་གླེང་འདོད་བྱུང།
པ་པོ་སོགས་བདག་སྒྲའི་དོན་དུ་འཇུག་པ་ཡོད་ཀྱང་པ་པོ་སོགས་ཡིན་ཚད་བདག་སྒྲ་ཡིན་མི་དགོས་པ་ནི་ཤིན་ཏུ་གསལ། པ་པོ་སོགས་བདག་སྒྲར་འཇུག་པའི་ཚེ་པ་པོ་དང་བ་བོ་ཐོབ་ཐང་སྐོར་བོད་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་མི་མཐུན་པའི་གླེང་གཞི་ཆེ།
འདི་ཅུང་ཟད་གསལ་བཤད་བྱས་ན། ག་ད་ན་བ་མ་ས་ད་དྲག་རྣམས་ཀྱི་རྗེས་སུ་པ་དང་པོ་ཐོབ་ཚུལ་ལ་རྩོད་གླེང་གང་ཡང་མེད། ང་འ་ར་ལ་མཐའ་མེད་རྣམས་ཀྱི་རྗེས་སུ་པ་དང་བའི་ཐོབ་ཚུལ་འདི་རྩོད་གླེང་ཆེ་ཤོས་ཡིན།
འདི་ལ་འདོད་ཚུལ་མི་འདྲ་བ་གཙོ་བོ་གསུམ་ཡོད། ༡ ༽ ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཡིན་ཚེ་པ་པོ་ཁོ་ནར་སྦྱར་བ་ལས་བ་བོ་ནམ་ཡང་མི་སྦྱོར་བའི་ལུགས་ནི་སི་ཏུ་པན་ཆེན་ཡིན། ༢ ༽ ང་འ་ར་ལ་མཐའ་མེད་རྣམས་ཀྱི་རྗེས་སུ་བ་དང་བོ་ཁོ་ན་སྦྱར་བ་ལས་པ་པོ་ནམ་ཡང་མི་སྦྱོར་བ་ནི་ཚེ་ཏན་ཞབས་དྲུང་སོགས་ཡིན།
༣ ༽ ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཡ་གྱུར་བའི་ཚེ་བ་དང་བོ། བདག་སྒྲ་ཆ་གྱུར་བའི་ཚེ་པ་དང་པོ་སྦྱར་བ་དབྱངས་ཅན་གྲུབ་རྡོར་གྱི་ལུགས་ཡིན།
བདག་སྒྲ་པ་བའི་ཐོབ་ཐང་འདི་གསུམ་གང་ལྟར་བྱས་ཀྱང་རང་རང་གི་ལུགས་ཀྱི་རང་ལུགས་རེ་དང་རྒྱུ་མཚན་རེ་ཡོད་པས་འགལ་བ་མེད་པར་སྙམ། དེ་ལྟ་བུའི་རང་ལུགས་གང་ཡང་མེད་པར་ཡར་མར་ཚང་མ་བསྲེ་བསྲེ་བཏང་ན་མི་འཐད་དོ།།
དཀར་མཚོ་སྐྱིད་ཀྱིས།
སྤོབས་པ་མཐའ་ཡས་འདི་ལ་ཁྱོན་ནས་ཐུབ་ཀྱི་མི་འདུག
སྙུག་ཤོག་གྲོན་པའི་རྒྱུ་རང་རེད།
དཀར་མཚོ་སྐྱིད་རིག་སྒོ་གསར་བ་རེ་དང་།
རིགས་ལམ་གཞན་པ་རེ་མི་འདུག་གམ།
ལ་དྭགས་པ་ལ།
དེང་སང་སྤྱིར་བོད་ཡིག་སྟེང་ཚིག་སྦྱོར་སྤེལ་ཐུབ་མཁན་ལ་དྭགས་དང་སྟོད་ཕྱོགས་སུ་རེ་ཟུང་ཙམ་ལས་མེད་སྐབས་འདིར།རེ་ཟུང་བོ་དེས་ནམ་རྒྱུན་པ་དང་བ་གཉིས་ཀྱི་སྦྱོར་ཚུལ་ཙམ་ལ་ཁག་བཞག་སྟེ་ཨ་མདོ་བ་ཚོས་བོད་ཀྱི་རིག་གཞུང་གཏོར་བརླག་བྱས་སོང་མདོག་མདོག་དང་།བོད་སྤྱི་སྐད་དང་མི་མཐུན་པའི་ཨ་མདོའི་ཚིག་བརྗོད་མང་པོ་ཅིག་བོད་ཡིག་ནང་བཅུག་སོང་མདོག་མདོག་བཤད་ཀྱིན་ཡོད་མོད།དོན་དངོས་སུ་སྙིང་རྗེ།ཁྱེད་རང་ཚོ་རང་རློམ་ཆེ་དྲག་པ་དང་མཐོང་རྒྱ་མེད་དྲག་པའི་སྐྱོན་རེད་མ་གཏོགས།ཨ་མདོའི་མཁས་པའི་སུམ་རྟགས་འགྲེལ་བ་ཁག་ནི་ཨམ་སྐད་དང་བསྟུན་ཏེ་སྔར་མེད་གསར་སྤྲོས་བྱས་པ་ཅི་གང་མིན་པར།སྔ་མོའི་དབུས་གཙང་གི་མཁས་པ་བོད་སྤྱི་ལ་རྩོད་མེད་དུ་གྱུར་པ་དཔང་ལོ་དང་ཞ་ལུ་ལོ་ཙཱ་བ།དངུལ་ཆུ་ཡབ་སྲས་སོགས་ཀྱི་རྗེས་སུ་འབྲངས་བཞག་པ་ཙམ་རེད།
ལར་ཁྱེད་ཚོས་རྟག་པར་བཀའ་འགྱུར་བསྟན་འགྱུར་ན་ཅིག་ལབ་ཁུལ་བྱེད་ཀྱི་འདུག་མོད།དེང་སང་མདོ་སྨད་དུ་དེང་དུས་ཀྱི་རྩོམ་ལུས་སྣ་ཚོགས་སྟེང་ལོ་རེར་རྩོམ་ཡིག་ཁྲི་ཚོ་མང་པོ་འཐོན་བཞིན་པ་ཁག བཀའ་བསྟན་དང་སུམ་རྟགས།དག་ཡིག་བཅས་དང་མཐུན་པོ་འདུག་གམ།ཡང་ན་ཁྱེད་ཚོའི་ལ་དྭགས་མེ་ལོང་དང་འབྲས་ལྗོངས་བྱ་མ་རྟ།འབྲུག་པའི་གསར་འཕྲིན་ཁག་བོད་ཀྱི་སྤྱི་སྐད་དང་མཐུན་པོ་འདུག་བློ་གཟུ་བོར་གནས་མཁན་ཚོས་ལྟོས་དང་ཤེས་ངེས་རེད།ཁྱེད་ཚོའི་ལ་དྭགས་མེ་ལོང་དེ་རིགས་བཀའ་འགྱུར་བསྟན་འགྱུར་ལ་བྱང་ཆུབ་པའི་བོད་ཀྱི་དགེ་བཤེས་ཤིག་གིས་ཀློག་ཀྱང་རྟོགས་མི་ཐུབ་པ་ཁོ་ཐག་རེད།
ས་པཎ་གྱི་ཡི་གེའི་སྦྱོར་བ་དེ་དགའ་ན་སྡུག་ན་མཁས་པ་མང་པོས་སུམ་རྟགས་ཀྱི་དོན་འགྲེལ་ཚིགས་བཅད་ཅིག་ཏུ་བརྩིས་བཞིན་པ་རེད།༧རྗེའི་ཙོང་ཁ་བའི་རྗེས་ཙམ་མ་གཏོགས་སུམ་རྟགས་འགྲེལ་བ་དེ་ཙམ་མ་དར་མདོག་མདོག་བཤད་འདུག་མོད།འོ་ན་རབ་བྱུང་བཞི་བའི་ནང་བྱོན་པ་དབུས་པ་བློ་གསལ་དང་རབ་བྱུང་དྲུག་པའི་ནང་བྱོན་པ་ལོ་ཆེན་ནམ་བཟང་།སྣར་ཐང་སྃགྷཤྲཱི།ཡར་འབྲོག་རིན་ཆེན་ཏོག་སོགས་མང་པོ་ཅིག་གིས་སུམ་རྟགས་འགྲེལ་བ་མཛད་འདུག་པ་ཁག་མ་མཐོང་ཕྱིར་ན་མེད་པ་མིན་ཟེར་བ་དེ་རེད།
རྒྱ་ལ་བཀའ་འགྱུར་བསྟན་འགྱུར་ནང་དུའང་བརྡ་རྙིང་མང་པོ་ཡོད་པ་དང་གཞུང་ལུགས་མང་པོ་གོང་མ་བསྒྲིགས་ན་གོ་དཀའ་བ་སོགས་མང་དུ་གདའ་ལ།བཀའ་བསྟན་གྱི་སྐད་དོད་རང་བྱས་ཏེ་ཕན་ཚུན་སྐད་ཆ་བཤད་ན་བོད་མི་དཀྱུས་མའི་ནང་གོ་ཐུབ་མཁན་ག་ཚོད་ཡོད་མེད་ང་ཚོ་རང་བློ་རང་ལ་ལྐོག་གྱུར་མིན་པས།སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པར་དམངས་བྱིངས་ཀྱི་གོ་སླའི་ཁ་སྐད་ལེགས་ཆ་བསྡུས་ཏེ་བོད་ཡིག་ཡར་རྒྱས་གཏོང་རྒྱུ་གནད་འགག་ཡིན་པར་བརྟེན།སྔ་མོའི་སུམ་རྟགས་ནང་མ་གསལ་བ་དང་ཤུགས་བསྟན་གྱི་ཚུལ་དུ་ཡོད་པ།མ་འདང་བར་དགོས་ངེས་ཅན་དུ་གྱུར་བ་སོགས་མང་པོ་ཅིག་ཨ་མདོའི་མཁས་པ་དཔའ་རིས་དོར་ཞི་དང་དཔའ་རིས་སངས་རྒྱས་སོགས་ཀྱི་སུམ་རྟགས་དཀའ་གནད་དུ་ཡོད་ཅིང་།ཡང་ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན་སོགས་ཕྱི་ནང་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་ཁག་གིས་དེ་སྔ་སུམ་འགྲེལ་ཁག་ཏུ་དེ་ཙམ་གསལ་བོ་མེད་པ་བདག་སྒྲའི་པ་བ་པོ་བོ་སོགས་རྗེས་འཇུག་གང་ལ་འཇུག་ཚུལ་གྱི་ཐོབ་ཐང་ཞིག་གསལ་གསལ་ཐིང་ཐིང་བྱས་བཞག་པ་དེ།སྔ་མོའི་སི་ཏུ་པཎ་ཆེན་སོགས་ཁ་ཤས་ཀྱི་དགོངས་པ་དང་འགལ་ནའང་།དེ་ནི་དཔལ་ལྡན་ཟླ་བའི་ཞབས་ནས།བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར།།མ་མཛད་རྣམ་གྲོལ་ཕྱིར་ན་ཞི་ཉིད་སྟོན།།གལ་ཏེ་དེ་ཉིད་རྣམ་པར་དཔྱད་པ་ན།།གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད།།ཅེས་གསུངས་པ་ལས་མ་འདས་སོ།།
འདི་ལ་འདོད་ཚུལ་མི་འདྲ་བ་གཙོ་བོ་བཞི་ཡོད། ༡ ༽ ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཡིན་ཚེ་པ་པོ་ཁོ་ནར་སྦྱར་བ་ལས་བ་བོ་ནམ་ཡང་མི་སྦྱོར་བའི་ལུགས་ནི་སི་ཏུ་པན་ཆེན་ཡིན། ༢ ༽ ང་འ་ར་ལ་མཐའ་མེད་རྣམས་ཀྱི་རྗེས་སུ་བ་དང་བོ་ཁོ་ན་སྦྱར་བ་ལས་པ་པོ་ནམ་ཡང་མི་སྦྱོར་བ་ནི་ཚེ་ཏན་ཞབས་དྲུང་སོགས་ཡིན།
༣ ༽ ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཡ་གྱུར་བའི་ཚེ་བ་དང་བོ། བདག་སྒྲ་ཆ་གྱུར་བའི་ཚེ་པ་དང་པོ་སྦྱར་བ་དབྱངས་ཅན་གྲུབ་རྡོར་གྱི་ལུགས་ཡིན།
༤༽རྩ་བའམ་ཐོན་མིས་ནི། སི་ཏུ་ལྟར་པ་དང་པོ་ཁོ་ན་འཇུག་པའི་ལུགས་ཉིད་འཐད་པ་ཡིན་ནོ། ཧ་ཧ་ཧ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། རང་གི་རྩ་བ་བོར་ནས་ཡལ་གའི་ཚིག་ཉོག་དག་གིས་ཕན་ཐོགས་གང་ཡང་མེད། ངའི་རིགས་པའི་རྩོད་པ་ལ་ལན་སྨྲོས་ཤིག ཁྱོད་ཀྱིས་བཀའ་བསྟན་གཉིས་མི་ཚེའི་གང་ལ་བཀླགས་ཀྱང་བརྡ་སྤྲོད་པའི་རིགས་ལམ་ཁྱོད་ཀྱི་རྒྱུད་ལ་བསླེབ་ཐུབ་ཀྱི་མ་རེད། རྩ་བའི་རྩོད་པ་ནི། ༼ངས་དགེ་རྒན་གྱིས་འདི་ལྟར་བསླབས།༽ཞེས་པ་དེ་རེད། བདག་གིས་༼ངས་དགེ་རྒན་གྱིས་འདི་ལྟར་བསླབས།༽་ཞེས་པའི་ངས་དེ་བྱེད་སྒྲ་མ་རེད། འབྲེལ་སྒྲ་རེད་ཟེར་གྱི་ཡོད། དེ་ལ་ཁྱོད་ཀྱིས་འཐད་དང་མི་འཐད་འབྲི་དགོས་པ་ལས་བཀའ་བསྟན་ཐེངས་མང་བོ་བཀླགས་ཡོད་མེད་ཀྱི་སྐད་ཆ་མ་རེད། སྤྱིར་ཁྱོད་ཀྱིས་རང་གི་སེམས་ལ་འདོད་པ་ནང་བཞིན་བོད་ཡིག་གི་ལམ་ལ་འབྲི་ཤེས་ཀྱི་མེད་པ་གཤམ་གསལ་ལྟར་ཡིན།
དཀར་མཚོ་སྐྱིད་ལེགས་ཀྱི་གཤམ་གསལ་གྱི་རང་ཉིད་ཀྱི་ལྟག་ཆོད་ཀྱི་རྩོད་པ་དག་ལ་ལན་སྨྲ་བར་བྱ་སྟེ། དང་པོ་ས་པཎ་གྱི་ལེགས་བཤད་ལས།
ནོར་མེད་ཟས་གོས་མཆོག་འདོད་དང་།
གཞན་ལ་སློང་ཞིང་ང་རྒྱལ་ཆེ།
བསྟན་བཅོས་མ་ཤེས་རྩོད་པར་འདོད།
གསུམ་པོ་འགྲོ་བའི་བཞད་གནས།། ༣ །། རབ་བྱེད་ ༧ པ།
ངས་ཐོན་མིའི་རྗེས་ཀྱི་སྐད་གསར་གྱི་སྐད་བཀའ་བསྟན་གསུང་འབུམ་དག་ན་ཡོད་པ་གཞིར་བཟུང་ནས་བཤད་ཀྱི་ཐོན་མིའི་སྐབས་ཀྱི་གངས་ཅན་པའི་སྐད་བོད་ཀྱི་རྡོ་རིང་དང་། ཏུན་ཧང་གི་ཡིག་རྙིང་སོགས་ན་ཡོད་ཤས་ཆེ། དེ་དག་ལ་ངས་སློབ་སྦྱོང་བྱེད་མ་མྱོང་། དེ་བཞིན་ཁྱེད་ཀྱང་ཡིན་སྙམ། ཐོན་མིས་དེ་དུས་ཀྱི་བོད་སྐད་དང་མཐུན་པར་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པར་གྲགས་ཀྱང་། བོད་སྐད་འགྱུར་བའི་དབང་གིས་དེ་རྣམས་ལས་གཅིག་ཀྱང་རང་རེའི་མིག་གི་་མཐོང་ཡུལ་དུ་མེད། གལ་ཏེ་ཐོན་མིའི་སྐབས་ཀྱི་སྐད་ལ་འགྱུར་བ་མེད་ན། བོད་སྐད་ལ་དོན་གཉེར་ཅན་དག་གིས་དེ་ཀུན་ལ་སློབ་སྦྱོང་བྱས་ཏེ། ཅིའི་ཕྱིར་མི་ལུས་ལུས་དགོས། ས་སྐྱ་པཎྜི་ཏས་བོད་སྐད་ལ་བརྡ་སྤྲོད་ལེགས་པ་ཞིག་མེད་ཅེས་ཅིའི་ཕྱིར་གསུངས་དགོས་པ་བྱུང་། ས་པཎ་རང་ཉིད་ཀྱིས་ཡི་གེ་སྦྱོར་བ་སོགས་སྒྲའི་བསྟན་བཅོས་འགའ་མཛད་ཀྱང་ཡོངས་གྲགས་ཆེར་མ་བྱུང་། ཡི་གེའི་སྦྱོར་བ་ན། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིགས་བཅད་བརྒྱ་ཆ་བརྒྱད་ཅུ་ལྷག་ཡོད་ཀྱང་། ཚིགས་བཅད་དེ་ཀུན་ཐོན་མིས་གསུངས་པ་ཡིན་པར་ས་པཎ་གྱིས་ཚིག་གཅིག་ཀྱང་གསུངས་མེད། ཆོས་རྗེ་ས་པཎ་སྐབས་དང་། ཕྱིས་རྒྱལ་བ་ཙོང་པ་ཡབ་སྲས་གསུམ་སོགས་ཀྱི་དུས་བར་དུ། རྒྱ་གར་མཁས་པས་བརྩམས་པའི་སྨྲ་སྒོ་མཚོན་ཆ་ལ་བོད་ཀྱི་བརྡ་སྤྲོད་ཤེས་པའི་ཆེད་དུ་སློབ་སྦྱོང་བྱེད། མཁས་གྲུབ་རིན་པོ་ཆེས་ཀྱང་། རྒྱུད་སྡེའི་སྤྱི་རྣམ་དུ་རིག་གནས་ལྔ་འཆད་པའི་སྐབས་སུ། བོད་ལ་ཉེ་བར་མཁོ་བ་ལ་པནྜི་ཏ་སྨྲི་ཏིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་པ་མིང་ཚིག་ཡི་གེའི་ཚོགས་གསུམ་སྟོན་པ་ཞིག་ཡོད་དོ། །ཞེས་གསུངས།
སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཐོན་མིས་བརྩམས་པ་མ་ཡིན་པ་བོད་དང་བོད་པ་མ་ཡིན་པ་མཁས་པ་དུ་མས་བསྒྲུབས་ཟིན་པ་ཁྱེད་ཀྱིས་མཐོང་ཡོད་དམ་སྙམ།
འོན་ཀྱང་། ཁྱེད་ལ་བདག་གིས་འདི་ལྟར་འདྲི་བར་བྱ་སྟེ། གལ་ཏེ་སུམ་རྟགས་གཉིས་ཐོན་མིས་མཛད་པ་ཡིན་ན། ས་སྐྱ་པཎ་སོགས་ཀྱིས་མིང་ཙམ་ཡང་བཏོན་་མེད་པ་དང་། ས་པཎ་གྱི་རྗེས་ལོ་བརྒྱ་ཕྲག་མང་པོར་བོད་ཀྱི་བརྡ་སྤྲོད་ཤེས་པའི་ཆེད་དུ་སྨྲ་སྒོ་ལ་སློབ་སྦྱོང་བྱེད་ཀྱི། སུམ་རྟགས་ཞེས་པའི་མིང་ཙམ་ཡང་མེད། དུས་ཕྱིས་ས་པཎ་གྱི་ཡི་གེ་སྦྱོར་བ་འི་ཚིགས་བཅད་རྣམས་བླངས་ཤིང་། རང་ཉིད་ཀྱིས་ཚིགས་བཅད་འགའ་བསྣན་ཏེ། བོད་དུ་ཡི་གེ་སྲོལ་གཏོད་པ་པོ་མཁས་མཆོག་ཐོན་མིས་མཛད་ཅེས། འཇམ་དབྱངས་རྣམ་སྤྲུལ་ཐོན་མི་ལ་ཁ་འཕངས་པ་དེ་ལ་བརྟག་དཔྱད་མེད་པར་ཞ་ལུ་ལོ་ཆེན་སོགས་མཁས་པ་རྣམས་ཀྱིས་ཀྱང་སུམ་རྟགས་གཉིས་མཁས་མཆོག་ཐོན་མི་ཡིན་པར་ཞལ་བཞེས། དེ་གཉིས་ཐོན་མི་ཡིན་པར་དར་སོ་ཆེ་བ་ན། སྨྲ་སྒོ་མཚོན་ཆ་ལ་བོད་ཀྱི་བརྡ་སྤྲོད་ཤེས་པ་ལ་སློབ་སྦྱོང་བོད་ཡུལ་དུ་མེད་པར་སོང་།
བློ་གཟུ་བོར་གནས་པའི་ཁྱེད་ལན་ཡོད་དམ། རྗེ་ཙོང་ཁ་པ་བར་དུ་སུམ་རྟགས་ལ་འགྲེལ་པ་བླ་མ་མཁས་པ་རྣམས་ཀྱིས་མ་མཛད་པ་དང་། དུས་ཕྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བརྩམས་པ་ཅི་ཡིན་ནམ། ཁྱེད་ལ་རིགས་པ་མཐུན་པའི་ལན་ཡོད་དམ།
༼ཁྱེད་ཀྱིས་ཐོན་མིའི་དགོངས་པ་དང་མ་བསྟུན་པར་རང་གིས་གསར་བཏོད་བྱས་པ་ཡིན་ཟེར་བ་ནི་ཅི་ཡང་མི་ཤེས་པའི་རང་གཤིས་ངོ་མ་དེ་མངོན་འདུག༽ འདིར་ ངོ་མ་ ཞེས་པ་དེ་ལ་སྔོན་འཇུག་དང་རྗེས་འཇུག་གཉིས་ཀ་མེད་པར་བཟོས་ཏེ། བོད་སྤྱིའི་སྐད་བཀའ་བསྟན་གསུང་འབུམ་གྱི་དག་ཆ་དོར་བའི་རང་མཚང་ཁྱེད་ཀྱིས་བསྟན་འདུག བོད་ཀྱི་སྐད་མི་བརླག་པའི་ཕྱིར་དུ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ལྟ་བུས། དངོས་མ། ཞེས་བྲིས་ཀྱི་ངོ་མ་ཞེས་མ་བྲིས། ཁྱེད་ལྟ་བུ་ཁ་སྐད་གཙོ་བོར་འཛིན། ངོ་མ་ཞེས་སོགས་མ་དག་པ་བྲིས་ཏེ། བོད་གཅིག་ཏུ་སྒྲིལ་བའི་ལྷག་བསམ་གྱིས་དབེན་ན། བྱེད་ཐབས་མེད།
༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ཞེས་པ་དྲངས་ཡོད་པ་ནི་སྨྱོན་པའི་སྟེང་དུ་སྨྱོན་པ་བསྣན་པའི་དཔེ་ལྟར་དུ་ནོར་བའི་ཡི་གེ་ལ་ནོར་འཁྲུལ་གྱི་དཔེ་དོན་བསྟན་པ་ཞིག་ཡིན་པས། དེ་ནི་བོད་ཀྱི་སུམ་རྟགས་ཀྱི་གཞུང་ལ་གོ་བ་ཅི་ཡང་མེད་པའི་རྟགས་སུ་གྲུབ་བོ། །༽
ཞེས་པ་ནི། བདག་གིས་འདི་ལྟར་བྲིས་པ་དེ་ལ་གོ་བ་ལོག་པར་ཐེབས་འདུག ༼དཔེ་ཆའི་མཚན་བྱང་ན། དཔལ་ལྡན་བླ་མའི་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་པར་དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། ཞེས་འཁོད་ཀྱང་། ནོར་འདུག་བསམ་པ་ལས་གཞན་ཅི་བྱེད་ཐུབ། ༽ཅེས་པར་བརྗོད་པ་དང་པོ་དེ། བདག་གི་འདོད་པ་དང་། བརྗོད་པ་ཕྱི་མ་དེ་ནོར་ཡོད་པ་སྟོན་བྱེད་ཡིན། ངའི་ཞེས་པ་ལ་ངས་བྲིས་པ་བཞིན་དུ། བླ་མའི་ཞེས་པར་བླ་མས་ཞེས་བྲིས་འདུག ཅེས་གསལ་པོར་བྲིས་པ་དེ་ལ་གོ་བ་ལེན་མ་ཐུབ་ན། ད་དུང་བཀའ་བསྟན་གསུང་འབུམ་གྱི་དཔེ་ཆ་དག་པ་རྣམས་ལ་རྟག་སྦྱོར་དང་། གུས་སྦྱོར་གྱིས་སྦྱང་དགོས་པར་མཐོང་།
ངས་ནི་བཀའ་བསྟན་གསུང་དག་པ་རྣམས་ཀྱི་སྐད་ལ་གང་ཐུབ་སྦྱོང་ཞིང་། དེ་དག་ལ་དག་པ་དང་མ་དག་པ་ཅི་རིགས་པ་ཡོད་ཀྱང་། གཞུང་དཔེ་མང་པོར་བལྟས་ཏེ། དཔྱད་པ་བྱེད། ནོར་བ་ཞིག་ཡོད་ན། རང་གི་བླ་མས་བྲིས་པ་ཡང་ཁས་མི་ལེན། ༼དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ།༽ གསུང་མཁན་དེའི་དྲུང་དུ། སྔོན་གྲྭ་སའི་ཆོས་གྲྭར་སློབ་ཁྲིད་ཞུ་བར་ལན་གཅིག་གཉིས་བཅར་མྱོང་ཡང་ནོར་བ་དེ་ནོར་བར་གཟུང་དགོས་བསམ་པ་ཡིན། བཀའ་བསྟན་གསུང་འབུམ་དག་དང་མི་མཐུན་པ་ཞིག་ཡོད་ན། ཇི་ཙམ་མཁས་པར་གྲགས་པ་རང་ཅག་གིས་དཔྱད་པ་དགོས་ཏེ།
དགེ་སློང་དག་གམ་མཁས་རྣམས་ཀྱིས།
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།་
ངེས་པར་བརྟགས་ལ་ང་ཡི་བཀའ།
བླང་བར་བྱ་ཡི་གུས་ཕྱིར་མིན།།
ཞེས་པ་ལྟར་དཔྱད་པ་བྱས་ནས། ཁས་ལེན་པར་བྱེད།
ཁྱེད་ཀྱིས་མཁས་པ་མང་པོའི་མཚན་སྨོས་པ་ལས། མཁས་པ་ཚེ་ཏན་ཞབས་དྲུང་གི་མཚན་སྨོས་ཀྱང་། ཁོང་གིས་མཛད་པའི་མཛད་པའི་སུམ་འགྲེལ་ན། རྗེས་འཇུག་ང་འ་ར་ལ་དང་། དབྱངས་འཇུག་གི་པ་ཡིན་ཚད་བ་རུ་དགོས་པ་ནི། ཁྱེད་ཀྱི་ཁ་སྐད་ལ་རུང་ཡང་། བཀའ་བསྟན་གསུམ་འབུམ་དག་གི་སྐད་ད། བོད་སྤྱིའི་སྐད་ལ་མི་རུང་། དེ་ལྟར་མི་རུང་བ་ནི། མདོ་སྨད་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་སྐད་ཚིག་རྣམས་ལ་བལྟས་པས་ཀྱང་ཁྱེད་ཀྱིས་ཤེས་ཐུབ།
དེས་ན་གོང་གསལ་གྱི་དྲི་བ་དག་ལ་གཟུར་བོར་གནས་པའི་ལན་བྲིས་ནས། རང་ཉིད་བླུན་པོ་མ་ཡིན་པར་མཁས་པར་བསྟན་པའི་རེ་བ་ཡོད། ཅེས་སོ།།
ཡིག་ནོར་ཡོད་པ་རྣམས་འདི་དང་འདི་ཞེས་སྟོན་གྲོགས་བཀའ་དྲིན་ཆེ། ང་ནི་དངོས་གནས་བླུན་པོ་རང་ཡིན།
ཨ་མདོར་བོད་སྐད་ཆ་ཚང་བ་ཞིག་མེད་ཚོད་འོན་ཀྱང་བརྡ་སྙན་དངགས་མང་པོ་ཞིག་ཨ་མདོ་མཁས་པས་བརྩམས་འདུག
དེས་ན་བོད་སྐད་ལ་རང་སྐད་ཀྱིས་ནཅོས་བསྒྱུར་ཀྱང་གང་མང་བྱས་བཟོ་འདུག
དཔེར་ན། དར་བ་ལ། འོ་མ་སྐྱུར་མོ་ཞེས་བཤད་འདུག
འོ་མ་ནི་བོད་ཡོངས་གྲགས་སུ་དཀར་གསུམ་མངར་གསུམ་སྐབས་ཀྱི་མངར་གསུམ་གྱི་ནང་ཚན་ཞིག་རེད།
དམུ་ཐག་དཀར་པོ་ལགས། རིགས་པ་ལ་ལན་བརྒྱག་མ་ཐུབ་པར་གཤམ་གྱི་ཚིག་འདི་དག་སྨྲས་ནས་བློ་སྒོ་འབྱེད་ཐུབ་ཀྱི་མ་རེད། ད་དུང་རང་མཚང་ཕྱིར་མངོན་པ་ཙམ་ཡིན།
༼དམུ་ཐག་དཀར་པོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༣ གི་ཆུ་ཚོད་ ༩ སྐར་མ་ ༥༩
དཀར་མཚོ་སྐྱིད་ཀྱིས།
སྤོབས་པ་མཐའ་ཡས་འདི་ལ་ཁྱོན་ནས་ཐུབ་ཀྱི་མི་འདུག
སྙུག་ཤོག་གྲོན་པའི་རྒྱུ་རང་རེད།
དཀར་མཚོ་སྐྱིད་རིག་སྒོ་གསར་བ་རེ་དང་།
རིགས་ལམ་གཞན་པ་རེ་མི་འདུག་གམ།༽
སྒྲ་སྦྱོར་བམ་གཉིས་ཀྱི་སྐབས་སུ་ཨ་མདོ་དང་ཁམས་སྐད་ལ་སྐད་གསར་བཅད་བྱས་ཐུབ་ཡོད་པ་མ་རེད། དབུས་སྐད་ལའང་རྒྱལ་པོའི་བཀས་སྐད་གསར་བཅས་མཛད་ཐུབ་པ་གང་ནས་ཡིན་མོད། བོད་ཀྱི་བརྡ་སྤྲོད་མིང་ཚིག་མང་པོ་ཞིག་བསྒྱུར་བཅོས་བཏང་ནས་ཞོར་ལ་སྐད་ལའང་འགྱུར་བ་སོང་ཡོད་པ་ཏན་ཏན་རེད། འདི་དགེ་འདུན་ཆོས་འཕེལ་གྱི་རིགས་པ་རེད། ཁྱེད་སྨན་རྩིས་ཁང་གིས་སློབ་ཕྲུག་ཚོས་དག་ཡིག་སུམ་རྟགས་ཡག་པོ་སློབ་ཀྱི་ཡོད་པ་ཡག་པོ་རེད། སཱ་ར་མཐོ་སློབ་ཀྱི་སློབ་མ་ཁ་ཤས་རྩོམ་མང་པོ་བྲིས་འདུག །ཁྱེད་སྨན་རྩིས་མཐོ་སློབ་ཀྱི་སློབ་མ་ཚོས་ཀྱང་སྨན་རྩིས་དང་འབྲེལ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་འོས་འགན་ཆེ་ཙམ་སྒྲུབ་ཀྱིན་ཡོད་པའི་བཟོ་ལྟ་འདུག །ཞོགས་དུང་བ་སོགས་མི་བུ་སྨྲ་བ་དེ་དག་གི་ལད་མོ་གཏན་ནས་བྱེད་མི་ཉན།
རང་རང་གི་ལུགས་ལྟར་ལུགས་གཞན་ལ་དགག་པ་བརྒྱབ་མི་ཆོག་ཅེས་གཏན་ཚིགས་སྨྲ་བ་ཞིག་ཡིན་ན་སུས་ཀྱང་ཀྱང་ཁས་ལེན་ཐུབ་ཐབས་བྲལ་ཞིང་དེ་ཡང་རིགས་པས་སྒྲུབ་བྱེད་དང་ལྡན་པ་དགོས་ཀྱི་ཨུ་ཚིགས་མཐར་སྐྱེལ་བྱེད་པ་ཡག་རྟགས་ཤིག་གཏན་ནས་མ་རེད། སྟོན་པས་ཀྱང་གསུངས་ཡོད་པ་མ་རེད་ལ། ཀླུ་སྒྲུབ་ཐོགས་མེད་དང་ཕྱོགས་གླང་ཆོས་གྲགས་ཀྱི་གཞུང་ལུགས་དག་ལས་ཀྱང་དགག་སྒྲུབ་ཀྱི་རིགས་པ་རང་རང་གི་ལུགས་ལྟར་བྱེད་པ་དེ་གལ་ཆེན་པོ་རེད། དེ་མིན་ཆགས་སྡང་གི་དབང་དུ་གྱུར་ན་དངོས་པོའི་གནས་ཚུལ་ངོ་མ་ཞིག་ནམ་ཡང་བརྙེད་མི་སྲིད་པར་སློབ་དཔོན་ཟླ་གྲགས་ཀྱིས་གསུངས་ལ། དེ་ལྟར་མ་ཡིན་པར་རང་གི་ཁས་ལེན་དེ་སྐྱོན་དུ་མཐོང་གིས་མཐོང་གིས་ཨུ་ཚིགས་བྱེད་པ་དེ་ལ་ཕན་ཐོགས་ཡོང་རེ་བྲལ་བས། གལ་ཏེ་བློ་གཟུ་བོར་གནས་བའི་སྒོ་ནས་གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད་པ་ནི་ཤེས་ལྡན་པའི་མི་ཞིག་ཡིན་ན་དེ་ལྟར་རེད།
གངས་ཅན་མཁས་པའི་འབྱུང་གནས་སྨན་རྩིས་ཁང་། །
རིགས་པའི་རྩེད་རྭ་ངོམ་པའི་སྨན་རྩིས་ཁང་། །
གནའ་དེང་ཟུང་དུ་འབྲེལ་བའི་སྨན་རྩིས་ཁང་། །
གསོ་རིག་བསྟན་པ་རྒྱས་པའི་སྨན་རྩིས་ཁང་། །
བླ་དྭགས་བླ་མ་བོད་ལ་བཀའ་དྲིན་ཆེ།།
སྤོབས་པ་མཐའ་ཡས་མཐོང་རྒྱ་མིག་རྒྱ་ཆེ།།
དཀར་མཚོ་སྐྱིད་ཀྱིས་བསྟོད་པའི་སྨན་རྩིས་ཁང་།།
དེ་དང་དེ་འདྲ་ཡིན་ན་ངོ་མཚར་ཆེ།།
བཀའ་བསྟན་རིག་གནས་མཁས་པ་དེ་ལ་ནི།།
བུ་མོ་དཀར་མཚོ་སྐྱིད་ཀྱིས་ཅོ་འདྲི་བ།།
རིགས་པ་རྡོ་ཡི་རལ་གྲི་དེ་ལ་ནི།།
ངོ་མཚར་ཁྱད་ཆོས་གང་ཡང་མ་མཐོང་ངོ་།།
སུམ་རྟགས་གཞུང་ལ་ལོ་མང་སྦྱངས་ཟིན་པ།།
དཀར་མཚོ་སྐྱིད་དང་ཁྲི་རལ་ལ་སོགས་པས།།
ལེགས་བཤད་ལུང་གི་ཆུན་པོ་སྤུངས་བའི་ཚེ།།
བཅོས་མིན་དགའ་བའི་མེ་ཏོག་འཛུམ་གྱིས་བསུ།།
ཨིན་ཨིན་ཨིན། བསྟོད་པ་ཟེར་ནོ་རེད།
སྨན་རྩིས་ཁང་། བོད་གངས་ཅན་གྱི་མཁས་པའི་འབྱུང་གནས།
སྨན་རྩིས་ཁང་། གནའ་དེང་ཟུང་འབྲེལ།
གཏད་སོ་ཅི་ཡང་མེད་པའི་གང་དྲན་དྲན་ནི་ཨ་ཁུ་འབྲོང་གི་གསེར་སྣ་དང་ཁྱད་པར་ཅི། ཡིད་འཇོག་བྱེད་མཁན་ཞིག་ཨེ་ཡོང་།
ད་དུང་། ལ་དྭགས་པ་བོད་ལ་བཀའ་དྲིན་ཆེ། ཧཧཧ
ཁ་བརྡ་ཚང་གི་བླ་བརྒྱུད་བྱུང་རབས་ཁྲོད།།
མཁས་པ་བླ་མ་བློ་བཟང་འཇམ་དཔལ་གྱིས།།
གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཡིག་གི།
བཀའ་བསྟན་རིག་གནས་སློབ་ཁྲིད་བྱེད་པ་ལ།།
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས།།
ཀརྡོ་གཉེར་ཕྱག་ཆོས་ཀྱི་སྤྱན་མངའ་པས།།
རྗེས་རབས་རྣམས་ལ་ཐོས་བསམ་སྒོར་བསྐྲུན་པ།།
མཆན་བུ་འདེབས་པར་མུ་མཐུད་ཕེབས་ནས་ནི།།
ཁ་བརྡ་ཚང་གི་མཚན་སྙན་དགུང་ལ་བཏེགས།།
རྣམ་པ་གཉིས་ལ་འཚམས་འདྲི་བཀྲ་ཤིས་ཡོད།།
ཇི་སྐད་དུ། པཎྡི་ཏ་ཆེན་པོ་དམུ་སྟིའི་ཞལ་ནས།
རི་བོང་འཛིན་པ་སྒྱུ་སྐར་ཕྲེང་བ་ཅན། །
མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། །
དྭངས་བའི་མཚོ་ནང་འདི་ན་ཟླ་བ་ཞེས། །
གཟུགས་བརྙན་ཚད་མར་འཛིན་པ་ཤིལ་ཏུ་འཁྲུལ། །
ཞེས་པ་ཡང་ཡང་དྲན།
གཡུ་ཐོག་བླ་མའི་དགོངས་པའི་ཉི་མའི་འོད། །
གངས་ཅན་དགུང་དུ་ཡོངས་སུ་ཤར་བའི་ཚེ། །
མ་རྟོགས་འཁྲུལ་བའི་བློ་མིག་ཟུམ་ན་ཡང་། །
མཁས་དབང་དམ་པའི་ཞལ་གྱི་པད་མོ་བཞད། །
༄༅།། གསོ་རིག་འབུམ་བཞི་དང་རྒྱུད་བཞི་ཕན་ཚུན་གོ་བསྡུར་ནས་དཔྱད་པ།
རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།
སྤེལ་དུས། 2010-12-29
གཅིག གསོ་རིག་འབུམ་བཞི་ངོ་སྤྲོད།
ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་དང་། དགོས་མེད་ཀྱི་ཁ་ཕོ་ལ་རྒྱའི་ཞེན་པས་མ་བཅིངས་པར་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་རྣམ་དག་དང་། ལུང་རིགས་དྲང་པོར་སྨྲ་བའི་སྤྱོད་བཟང་གི་སྒོ་ནས་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་བདེན་པར་སྨྲ་བ་ནི་གཞོན་ནུ་ཤེས་ཡོན་ཅན་རྣམས་ཀྱི་འོས་འགན་ཡིན་ལ། ནང་པ་སངས་རྒྱས་པའི་ལྟ་སྤྱོད་དངོས་དང་ཡང་མཐུན་པ་ཞིག་ཡིན། དེར་བརྟེན《གསོ་རིག་འབུམ་བཞི》ལོ་རྒྱུས་དང་ཁྱད་ཆོས་དངོས་ཅུང་ཟད་ངོ་སྤྲོད་ཞུ་བར།
མིག་སྔར་མཐོང་ཆོས་སུ་གྱུར་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྔ་ཤོས་ནི《གསོ་རིག་འབུམ་བཞི》འདི་ཉིད་ཡིན་ཞིང་། 《གསོ་རིག་ཐུགས་འབུམ་མཁའ་སྔོན》གྱི་མཇུག་བྱང་ལྟར་ན་གཞུང་འདི་སྟོན་པ་གཤེན་རབ་ཀྱི་ཞལ་རྒྱུན་གདམས་ངག་རྣམས་ཁོང་གི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་རྒྱུན་འཛིན་དང་དར་སྤེལ་བྱས་པ་ཞིག་ཡིན། གཤེན་རབ་མི་བོ་བྱོན་པའི་དུས་ཚོད་ནི་བོན་གྱི་ལོ་རྒྱུས་ཡིག་རྙིང་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་གཅིག་ཁྲི་དྲུག་སྟོང་ཐམ་པ་དང་བརྒྱད་ལོར་སྐུ་འཁྲུངས་པར་གསུངས། འོན་ཀྱང་བན་བོན་གྱི་ལོ་རྒྱུས་ཡིག་ཆ་རྙིང་པའི་ལོ་རྒྱུས་དོན་རྐྱེན་རྣམས་ཕན་ཚུན་གོ་བསྡུར་ནས་བརྟག་དཔྱད་དང་། དེང་དུས་ས་འོག་ནས་ཐོན་པའི་གནའ་རྫས་དག་ལ་དཔྱད་པ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་བྱུང་ཡོད་དགོས་པ་ཞིག་རེད། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས་གཤེན་རབ་མི་བོ་ཆེ་འཁྲུངས་པའི་དུས་ནི་སྤྱི་ལོའི་སྔོན་གྱི ༡༩༡༧ པའི་ཤིང་བྱི་གཅིག་དཀར་ལོ་དེར་སྐུ་འཁྲུངས་ཡོད་པར་གསུངས། དེ་ལྟར་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་མར་བྱུང་ནས་ད་བར་ལོ་ངོ་བཞི་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་ཡོད།
《གསོ་རིག་འབུམ་བཞི》ཐོག་མར་གསུངས་སའི་གནས་ནི། དེང་དུས་མངའ་རིས་ས་ཁུལ་གངས་ཏི་སེའི་ཉེ་འགྲམ་དུ་ཡིན་པར་གསལ་ཏེ། 《ཐུགས་འབུམ་མཁའ་སྔོན》ལས། “གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། དེ་ཡང་མཚོ་མུ་ཁྱུད་བདལ་པའི་འཁོར་མོ་འཁོར་ཁྱུད་ཀྱི་གླིང་ན། ཡངས་ལ་ཁོད་སྙོམས་ཤིང་བདལ་བ། ངོ་མཚར་གྱི་ལྟས་མོ་ཕུན་གསུམ་དུ་འཚོགས་པ། རི་བོ་དང་རི་བྲན་དང་། རྒྱ་མཚོ་དང་ནེའུ་ཐང་དང་། ཆུ་བོ་དང་ཆུ་ཕྲན་དང་། ལུ་མ་དང་ལྡིང་ཀ་་དང་། དཔག་བསམ་དང་ནགས་ཚལ་དང་། མེ་ཏོག་དང་། སྨན་དང་། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རི་དྭགས་དང་། གཅན་གཟན་དང་། འདབ་ཆགས་དང་། ཆུ་གནས་དང་། གཡུང་དྭགས་དང་། མི་ནོར་དང་། ཡུལ་མཁར་དང་། ལོངས་སྤྱོད་ཕུན་གསུམ་འཚོགས་པ་རུ་མངའ་འོ།”ཞེས་དང་། ཡང་“ཤར་ཕྱོགས་སུ་ཤམ་པོ་ལྷ་རྩེ། བྱང་ཕྱོགས་སུ་ཁོ་མ་ནེའུ་ཆུང་། ནུབ་ཕྱོགས་སུ་ཁྲི་སྨོན་རྒྱལ་བཞེད། ལྷོ་ཕྱོགས་སུ་བལ་པོ་སོ་བརྒྱད།”ཅེས་སོགས《གསོ་རིག་འབུམ་བཞི》གསུངས་ཡུལ་འོལ་མོ་གླིང་ཆེན་དང་། དེའི་ཕྱོགས་བཞིའི་ཡུལ་གཙོ་བོ་བཞི། དེའི་ཕྱིའི་གླིང་ཆེན་བཅུ་གཉིས་དང་ཡུལ་ཆེན་བཅུ་དྲུག་སོགས་ངོ་སྤྲོད་བྱས་ཡོད་པ་འདི་ལ་ཞིབ་ཏུ་བརྟག་ན་དེང་དུས་མངའ་རིས་གངས་ཏི་སེའི་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་ཡུལ་གྲོང་དང་ས་ཆའི་མིང་ཤ་སྟག་སྣང་བས། འདི་ལ་བལྟས་པ་ཙམ་གྱིས《གསོ་རིག་འབུམ་བཞི》གསུངས་ཡུལ་དེ་ལྷའི་ཞིང་ཁམས་སོགས་གནས་གཞན་གང་ཡང་མ་ཡིན་པར་འགྲོ་བ་མིའི་ཡུལ་དང་དེ་ལས་ཀྱང་བོད་གངས་ཅན་གྱི་ཡུལ་དུ་གསུངས་ཡོད་པ་གནག་ཕྱུགས་ཀྱི་རྫི་བོས་ཀྱང་ཤེས་སླ་བ་ཞིག་རེད།
《གསོ་རིག་འབུམ་བཞིའི》ནང་དོན་གཙོ་བོ་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་རང་རྒྱུ་འབྱུང་བ་བཞིའི་རྫས་ཡོད་པ་དང་། ནད་ཀྱི་རྒྱུ་གཙོ་བོ་རླུང་། མཁྲིས་པ། བད་ཀན། འདུས་པ་ཁྲག་དང་བཞི་གཙོ་བོ་ཡིན་པ་དེའང་ངོ་བོ་འབྱུང་བ་བཞིའི་རྫས་ལས་མ་འདས་པ་ཞིག་ཡིན་པ་དང་། རྩི་ཤིང་ལ་སོགས་དངོས་པོའི་སྨན་རྫས་རྣམས་ཀྱང་ངོ་བོ་འབྱུང་བ་བཞིའི་རྫས་ཡིན་པར་བསྟན་པ་སོགས་ཀྱི་གཞུང་ལུགས་ཤིག་ཡིན། ལྷག་པར་དུ་སྨན་འབུམ་དཀར་པོའི་རྩ་ཆུ་བརྟག་པའི་ལེའུ་གཉིས་པོ་ལས་ཕྱི་དུས་བཞི་ཁམས་ལྔའི་འབྱུང་བ་དང་། ནང་ལུས་ཁམས་ཀྱི་འབྱུང་བ་གཉིས་པོ་ཕན་ཚུན་འབྲེལ་ཚུལ་ལ་བརྟེན་ནས་གང་ཟག་སོ་སོའི་ལུས་ཁམས་བདེ་ཐང་གི་གནས་ལུགས་དང་། གང་ཟག་དེ་དང་འབྲེལ་བའི་གཉེན་ཉེ་དང་ལས་དོན་སོགས་ཀྱི་ལེགས་ཉེས་གང་འབྱུང་བརྟག་ཐབས་ཀྱི་ཁྱིམ་ཕྱྭ་དང་། མགྲོན་ཕྱྭ་དང་། དགྲ་ཕྱྭ། གྲོགས་ཕྱྭ། གདོན་ཕྱྭ་ལ་སོགས་པ་ངོ་མཚར་རྩ་བདུན་དང་། ཆུ་ཕྱྭ་སྣ་ཚོགས་བསྟན་ཡོད་པ་འདི་ནི་བོད་ཀྱི་གནའ་བོའི་ཤེས་རིག་བོན་ཆོས་ཀྱི་ལུགས་སྲོལ་མ་ཉམས་པ་ཞིག་ཡིན་པ་དང་། རྒྱ་དཀར་ནག་གང་གི་ཤེས་རིག་ནང་དུ་ཡང་རྙེད་ཡས་མེད་པའི་ཐ་སྙད་ཅིག་ཡིན་པ་ནི་བོད་ཀྱི་ཤེས་རིག་རྣལ་མ་ཅུང་ཟད་རྟོགས་མཁན་ཚང་མ་མཁྱེན་གསལ་ལྟར་རེད། དེས་ན་བོད་ཀྱི་གསོ་རིག་གཞུང་གི་རྩ་ཆུ་བརྟག་ཐབས་ཀྱི་ཤེས་རིག་འདི་ཐོག་མར་གངས་ཏི་སེའི་ཉེ་སྐོར་གྱི་གནའ་གྲོང་ཁག་ལས་བྱུང་བའི་རིག་གནས་ཤིག་ཡིན་པ་བསྙོན་དུ་མེད་དོ། །
གཉིས། གསོ་རིག་འབུམ་བཞི་དང་དཔལ་ལྡན་རྒྱུད་བཞི་གཉིས་ཀྱི་ཁྱད་པར།
《གསོ་རིག་འབུམ་བཞི》དང་《རྒྱུད་བཞི》གཉིས་པོར་བརྗོད་བྱ་དོན་གྱི་ཆ་ནས་དཔྱད་ན་ཁྱད་པར་ཆེར་མ་མཐོང་ཡང་། རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན《གསོ་རིག་འབུམ་བཞིའི》ཚིག་སྦྱོར་རྣམས་ཚིག་རྐང་མི་སྙོམ་པ་དང་། སྡེབ་སྦྱོར་མི་སྙན་པ་ལ་སོགས་པའི་ཚིག་སྐྱོན་མང་བ་མ་ཟད། ལྷག་པར་དུ་ནད་འབུམ་ནག་པོའི་རྗོད་ཚུལ་རྣམས་ཚིགས་བཅད་དང་ཚིག་ལྷུག་གང་ཡིན་དབྱེ་དཀའ་བ། གནའ་བོའི་ཡིག་རྙིང་གི་ཁྱད་ཆོས་མང་བ་སོགས《དཔལ་ལྡན་རྒྱུད་བཞི》ལས་བྱུང་བའི་རྟགས་མཚན་མང་བ་དང་། 《དཔལ་ལྡན་རྒྱུད་བཞི》ནི་ཚིག་རྐང་སྙོམ་པ་དང་། ཚིག་གི་སྡེབ་སྦྱོར་སྙན་པ། བརྡ་དག་དོན་གསལ་བ་སོགས《འབུམ་བཞི》ལས་བྱུང་ཕྱི་བ་དང་ཡར་རྒྱས་ཆེ་བའི་ཁྱད་ཆོས་མང་། བྱེ་བྲག་སོ་སོའི་ཁྱད་པར་ནི། 《གསོ་རིག་འབུམ་བཞིའི》ཐོག་མ《ཐུགས་འབུམ་མཁའ་སྔོན》དང་། 《རྒྱུད་བཞིའི》ཐོག་མ《རྩ་རྒྱུད》གཉིས་ལས། 《ཐུགས་འབུམ་མཁའ་སྔོན》གྱི་དབུར་ཞང་ཞུང་སྐད་དུ། ཞེས་པ་དེ《རྩ་རྒྱུད》དུ་རྒྱ་གར་སྐད་དུ་ཞེས་བསྒྱུར་འདུག ལེའུ་དང་པོའི་མཆོད་བརྗོད་སྐབས། ཐུགས་རྗེ་འགྲོ་བའི་དོན་མཛད་གཤེན་རབ་མཆོག་ཅེས་པ་དེ། ཐུགས་རྗེ་འགྲོ་བའི་དོན་མཛད་བཅོམ་ལྡན་འདས་ཞེས་བསྒྱུར་བ་ཙམ་ལས་གཞན་ཚིག་རྐང་གསུམ་པོ་གཅིག་མཚུངས་སུ་སྣང་། 《འབུམ་བཞི》ལས། གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞེས་པ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་པའི། མཚོ་མུ་ཁྱུད་བདལ་བའི་གླིང་། ཞེས་པ་དེའི་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་ཡུལ་གྲུ་རྣམས་དང་། ཆུ་བོ་ཆེན་པོ་བཞི། དེའི་ ཕྱི་རིམ་ན་གནས་པའི་ཡུལ་ཆེན་བཅུ་དྲུག་སོགས་མདོར་ན་གངས་ཏི་སེའི་ཉེ་སྐོར་གྱི་ཞང་ཞུང་མངའ་རིས་ཡུལ་གྱི་ཡུལ་གྲུ་སོ་སོའི་ས་མིང་དང་། གནས་བཀོད་གསལ་པོར་ཡོད་པ་དེ་དག《རྩ་རྒྱུད》དུ་ལྟ་ན་སྡུག་པའི་ཞིང་ཁམས་ཞེས་བསྒྱུར་འདུག 《རྩ་རྒྱུད》དུ་ལྟ་ན་སྡུག་གི་ཞིང་ཁམས་དང་། རི་བོ་འབིགས་བྱེད་དང་གངས་ཅན། རྒྱུད་ཞུ་བ་པོ་དྲང་སྲོང་ཡིད་ལས་སྐྱེས་དང་། གསུང་པོ་དྲང་སྲོང་རིག་པའི་ཡེ་ཤེས་ལ་སོགས་པའི་རྣམ་བཤད་དེ་དག་དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འདི་ལྟར་གསལ་ཏེ། (སྨད་ཆ། ཤོག་ངོས ༡༥༢༢ ཕྲེང་ ༥ པ། པེ་ཅིན་པར།) “འདི་ཉིད(གཡུ་ཐོག་གསར་མ)མཆོག་གི་སྤྲུལ་སྐུ་དངོས་ཡིན་ཞིང་ཁོང་རང་གི་བཞུགས་གནས་དེའི་ཤར་ན་སྤང་རི་སྔོ་སྨན་མང་པོ་སྐྱེ་བ་སྤོས་ངད་ལྡན་དང་འདྲ་བ་དང་། ལྷོ་ན་སྔོ་སྨན་ཚ་བ་སྐྱེ་བ། བྱང་ན་གངས་རི་དང་བསིལ་སྨན་སྐྱེ་བ། ནུབ་ན་ནགས་ཚལ་སོགས་ཆ་མཐུན་ཡོད་པས་ཁོང་རང་གི་བཞུགས་གནས་དེ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་། ཐུགས་ཆོས་ཀྱི་དབྱིངས་སངས་རྒྱས་སྨན་གྱི་བླ་དང་། ཀུན་རྟོགས་སྣ་ཚོགས་པ་རྣམས་འཁོར་སྡེ་བཞི་དང་། རྩོམ་འདོད་ཀྱི་རྟོག་པ་དྲང་སྲོང་ཡིད་ལས་སྐྱེས་དང་། རིག་པའི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་སུ་མཛད་ནས་རྒྱུད་བཞི་བཤད་དོ་ཞེས་རྗེ་ཕྲིན་ལས་ཞབས་གསུངས་ལ། ཐུན་མོང་གི་སྣང་བ་དེ་ཉིད་ཡིན་ལ། སྣང་བ་དག་པའི་གདུལ་བྱའི་ངོར་གླེང་གཞིར་ཇི་ལྟར་བཤད་པ་ལྟར་སྣང་ཡང་མི་འགལ་ལོ་ཞེས་བདག་སེམས་སོ།”ཞེས་གསུངས་སོ། ། དེ་ལྟར་ན་སྔོན་བྱོན་གྱི་མཁས་པ་ཆེན་པོ་རྗེ་ཕྲིན་ལས་ཞབས་དང་། དཔའ་བོ་གཙུག་ལག་ཕྲེང་བ། ཟུར་མཁར་བློ་གྲོས་རྒྱལ་པོ། གླིང་སྨན་བཀྲ་འབུམ་པ་སོགས་གནས་ལུགས་དོན་ལ་མཁས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་རྗེ་གཡུ་ཐོག་པས《རྒྱུད་བཞི》འཆད་ཉན་མཛད་པའི་ཡུལ་གང་དེ་དག་པའི་སྣང་ངོར་ལྟ་ན་སྡུག་གི་ཞིང་ཁམས་ཡིན་པ་ལས། གཞན་དུ་ལྟ་ན་སྡུག་གི་ཞིང་ཁམས་སུ་སངས་རྒྱས་ཀྱིས་གསུངས་པ་ཞིག་མིན་ཚུལ་ལུང་རིགས་གཉིས་ཀྱི་སྒོ་ནས་བསྒྲུབས་འདུག《ཐུགས་འབུམ་མཁའ་སྔོན》གྱི་ལེའུ་བདུན་པ་འབུམ་བཞིའི་ཆེ་བརྗོད་པ་འདི《རྩ་རྒྱུད》དུ་མེད་པས་རྩ་རྒྱུད་ལ་ལེའུ་དྲུག་ལས་མེད། 《འབུམ་བཞིའི》གཉིས་པ《གསོ་བྱེད་སྨན་འབུམ་དཀར་པོ》དང་། 《རྒྱུད་བཞིའི》《ཕྱི་མ་འཕྲིན་ལས་རྒྱུད》གཉིས་ལས། དང་བོ་སྨན་འབུམ་གསུང་པ་པོ་སྟོན་པ་གཤེན་རབ་མི་བོ་དང་། ཞུ་བ་བོ་སྲས་དཔྱད་བུ་ཁྲི་ཤེས། གསུངས་སའི་ཡུལ་འོལ་མོ་ལུང་རིང་ཞེས་གསལ་བ་དེ། 《ཕྱི་མ་རྒྱུད》ལས་གསུང་བ་བོ་དྲང་སྲོང་རིག་པའི་ཡེ་ཤེས་དང་། ཞུ་བ་བོ་དྲང་སྲོང་ཡིད་ལས་སྐྱེས། གསུངས་སའི་ཡུལ་ལྟ་ན་སྡུག་གི་ཞིང་ཞེས་བསྒྱུར་འདུག སྤྱིར་གཞུང་འདི་གཉིས་བརྗོད་དོན་ཕལ་ཆེར་མཚུངས་ཀྱང་རྗོད་བྱེད་ཚིག་སྦྱོར་གྱི་ཁྱད་པར་ཆེ། ལེའུ་གཉིས་པ་ཆུ་བརྟག་ཐབས་ལས་གདོན་རིགས་རྣམས་ཀྱི་མིང་དང་གྲངས་ཅུང་ཟད་མི་འདྲ་བར་འདུག 《སྨན་འབུམ་དཀར་པོར》ལེའུ་སོ་གཉིས་དང་། 《ཕྱི་མ་རྒྱུད》ལ་ལེའུ་ཉེར་བདུན་ཏེ། དེ་ཡང་《སྨན་འབུམ་དཀར་པོའི》ལེའུ་དང་པོ་གླེང་སློང་གི་ལེའུ་དང་། ལེའུ་ཉེར་བདུན་པ་གཉེན་པོ་གཅིག་རྒྱུད། ལེའུ་ཉེར་བརྒྱད་པ་འགོག་སྲུང་། ལེའུ་སུམ་ཅུ་པ་རྒྱུད་ཀྱི་ཆེ་བ་བརྗོད་པ། ལེའུ་སོ་གཉིས་པ་འཁོར་གྱི་གཙོ་བོ་བསྟོད་པའི་ལེའུ་སྟེ《སྨན་འབུམ》ལ་ལེའུ་ལྔ་ལྷག་པོ་བྱུང་འདུག འོན་ཀྱང་《ཕྱི་མ་རྒྱུད》ཀྱི་ནང་དུ་གོང་གསལ་གྱི་ལེའུ་འདི་དག་གི་ནང་དོན་ཕལ་ཆེར་ལེའུ་ཉེར་བདུན་གྱི་ནང་དུ་བསྡུས་འདུག
འབུམ་བཞིའི་གསུམ་པ《དཔྱད་བུ་ཁྲ་བོ》དང་། 《རྒྱུད་བཞིའི》གཉིས་པ《བཤད་རྒྱུད》གཉིས་ལེའུའི་གྲངས་དང་། བརྗོད་བྱའི་ནང་དོན། རྗོད་བྱེད་ཀྱི་ཚིག་སྦྱོར་སོགས་ཕྱོགས་གང་ཐད་ནས་ཕལ་ཆེར་གཅིག་མཐུན་དུ་འདུག འོན་ཀྱང་《དཔྱད་འབུམ》གྱི་དབུར་གཞུང་གསུང་པ་པོ་དང་། གསུངས་སའི་ཡུལ། ཞུ་བ་བོ་སོགས་བོན་ལུགས་རྣམས《བཤད་རྒྱུད》དུ་ནང་པའི་ལུགས་སུ་བསྒྱུར་འདུག་པ་མ་ཟད། གཞུང་འདིའི་བརྗོད་དོན་གཙོ་བོ་བོད་ཀྱི་སྨན་རྫས་ཀྱི་རོ་དྲུག་པོའི་ལྕི་སྣུམ་ལ་སོགས་འབྱུང་བའི་རྫས་ཀྱི་ནུས་པ་ཆེ་ཆུང་གི་གོ་རིམ་རྣམས་གཏན་འབེབས་བྱེད་ཐབས་སྐོར་ལ་གཞུང་གཉིས་པོའི་ལྟ་བ་མི་འདྲ་བ་རེ་བྱུང་འདུག་སྟེ།《དཔྱད་འབུམ་ཁྲ་བོ》ལས།
བསྐ་མངར་ལན་ཚྭ་རྣམས་གསུམ་རིམ་བཞིན་ལྕི། །
དེ་བཞིན་མངར་སྐྱུར་ལན་ཚྭ་སྣུམ་པ་ཡིན། །
བསྐ་མངར་ཁ་བསིལ་ཁ་བསྐ་མངར་བ་རྟུལ། །
སྐྱུར་ཚ་ཁ་བ་རྣམས་གསུམ་ཡང་ལ་རྩུབ། །
སྐྱུར་དང་ལན་ཚྭ་ཚ་གསུམ་ཚ་ལ་རྣོ། །
ཞེས་རོ་དྲུག་པོ་དག་སོ་སོའི་ནུས་པ་ལྕི་སྣུམ་གང་ཆེ་གོ་རིམ་འདི་བཞིན་དུ་དཔྱད་བརྗོད་བྱས་ཡོད་པ་དང་། 《བཤད་རྒྱུད》ལས།
ལན་ཚྭ་བསྐ་མངར་རྣམས་གསུམ་རིམ་བཞིན་ལྕི། །
དེ་བཞིན་ལན་ཚྭ་སྐྱུར་མངར་སྣུམ་ཡིན། །
བསྐ་ཁ་མངར་བསིལ་ཁ་བསྐ་མངར་བ་རྟུལ། །
སྐྱུར་ཚ་ཁ་བ་རྣམས་གསུམ་ཡང་ལ་རྩུབ། །
ཚ་སྐྱུར་ལན་ཚྭ་རྣམས་གསུམ་ཚ་ལ་རྣོ། ། ཞེས་གསུངས་སོ། །
རིག་པ་འདི་ནི་བོད་ཀྱི་སྨན་རྫས་རིག་པའི་ནུས་པ་བརྟགས་ཐབས། འབྱུང་བཞིའི་ནུས་པའི་སྙིང་པོ་བསྡུས་པ་ཞིག་ཡིན་ལ། དེང་དུས་ཚན་རིག་ཤེས་བྱའི་ནང་གི་སྐྱེ་དངོས་སོགས་སྨན་རྫས་ཀྱི་དངོས་པོ་རྣམས་ཀྱི་གྲུབ་ཆ་དང་ནུས་པ་གང་ཡིན་བརྟག་ཐབས་ཀྱི་རྫས་འགྱུར་རིག་པ་དང་། སྐྱེ་དངོས་རིག་པའི་རྩ་བའི་གཞུང་དོན་དང་ནང་དོན་གཅིག་མཚུངས་སུ་སྣང་། 《འབུམ་བཞིའི》བཞི་བ《ནད་འབུམ་ནག་པོ》དང་། 《རྒྱུད་བཞིའི》གསུམ་པ《མན་ངག་རྒྱུད》གཉིས་ཀྱི་ཁྱད་པར་ཡང་གོང་གི་རྒྱུད་གཞན་རྣམས་དང་འདྲ་བ་དབུ་མའི་མཚན་དོན་དང་། ཞུ་བ་བོ་དང་ཞུ་བའི་ཡུལ་སོགས་མི་འདྲ་བ་དང་། རྗོད་བྱེད་ཀྱི་ཚིག་སྦྱོར་ལ་ལེའུ་གཉིས་པ་རླུང་ནད་སྐོར་ཕལ་ཆེར་ཚིག་ལྷུག་ཡིན་པ་དང་། གཞན་རྣམས་ཚིག་རྐང་རིང་ཐུང་མ་སྙོམས་ཅི་རིགས་སུ་སྣང་། 《མན་ངག་རྒྱུད》དུ་ལེའུ་ལྔ་བ་བད་ཀན་སྨུག་པོ་ཞེས་པ་དེ། ནད་འབུམ་ལས་འདུས་པ་ཁྲག་ནད་ཀྱི་ལེའུ་ཞེས་མིང་མི་འདྲ་བར་བྱུང་བ་མ་ཟད། 《རྒྱུད་བཞིར》ཉེས་པ་གསུམ་ཞེས་པ་དེ《འབུམ་བཞི》ལ་རླུང་། མཁྲིས། བད་ཀན། ཁྲག་དང་ཉེས་པ་བཞིར་བཤད། དེ་ཡང་རླུང་ཆུ། མཁྲིས་པ་མེ། བད་ཀན་ས་ཆུ། ཁྲག་མེ་ཁམས་ཡིན་པ་བཅས་བསྟན་པ《རྒྱུད་བཞི》དང་ཉེས་པའི་རྣམ་གྲངས་མི་འདྲ། 《ནད་འབུམ་ནག་པོར》ལེའུ་ཞེ་བཞི་པ་མོ་ནད་སྤྱི་བཅོས་བསྟན་པ་དང་། 《མན་ངག་རྒྱུད》ཀྱི་ལེའུ་ཞེ་བཞི་པ་སྐད་འགག་གསོ་བའི་ཚུལ་བསྟན་ཡོད་ཅིང་། འདི་མན་ཆད་འབུམ་རྒྱུད་གཉིས་པོའི་ལེའུའི་གོ་རིམ་རྣམས་ཕན་ཚུན་མི་མཐུན། 《ནད་འབུམ》ལས་གཟའ་ནད་བཅོས་པ་དང་། ཀླུ་འདོན་བཅོས་པའི་ལེའུ་ནང་གི་ཞང་སྐད་དུ་ཡོད་པའི་སྔགས་རྣམས《མན་རྒྱུད》དུ་མི་སྣང་། རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་ལས་ཚེ་བཀྲགས་བསྐྱེད་པའི་ཞང་སྐད་ཀྱི་སྔགས་རྣམས《མན་རྒྱུད》དུ་ལེགས་སྦྱར་སྐད་ཀྱི་གཟུངས་སྔགས་སུ་བསྒྱུར་འདུག 《མན་རྒྱུད》ལ་ལེའུ་གོ་གཉིས་ཡོད་ ཅིང་《ནད་འབུམ་ནག་པོ》ལ་བསྟོད་པའི་ལེའུ་དང་། གཉེར་གཏད་ཀྱི་ལེའུ་སྟེ་གཉིས་ཀྱིས་ལྷག་པས་ལེའུ་གོ་བཞི་ཡོད་འདུག
གསུམ། འབུམ་བཞི་ལས་རྒྱུད་བཞིར་གྱུར་ཚུལ།
དེང་དུས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི《རྩ་བ་གསོ་རིག་རྒྱུད་བཞི》ཡིན་པར་བཤད་ཅིང་། 《རྒྱུད་བཞི》ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བརྩམས་པར་བཤད། གནའ་བོའི་དུས་སུ《རྒྱུད་བཞི》སངས་རྒྱས་ཀྱི་གསུང་དུ་བཅོས་མཁན་བྱུང་མྱོང་ཡང་དེ་ལ་ཟུར་མཁར་བ་དང་། བཀྲ་འབུམ་པ་སོགས་ཀྱིས་ལུང་རིགས་གཉིས་ཀྱི་སྒོ་ནས་བཀག་ཟིན། འོ་ན《གསོ་རིག་རྒྱུད་བཞིའི》རྩོམ་པ་པོ་དངོས་སུ་ཞེ་ན། 《གསོ་རིག་རྒྱུད་བཞི》བྲིས་མ་དང་པར་མ་གང་ཡིན་ཡང་རྩོམ་པ་པོ་སུ་ཡིན་གསལ་པོར་བཀོད་ཡོད་པ་ཞིག་གཏན་ནས་མཐོང་རྒྱུ་མེད། གཡུ་ཐོག་པས་བརྩམས་པར་བཞེད་པ་ཡང་དོན་ལ་ནང་བའི་མཁས་པ་རྣམས་ཀྱི་ཞེན་ཕྱོགས་ཙམ་ལས་ལུང་རིགས་ཀྱི་རྒྱུ་མཚན་ཆེར་མ་མཐོང་སྟེ། གཡུ་ཐོག་གསར་མའི་རྣམ་ཐར་ལས།“གཡུ་ཐོག་པ་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས། རྟ་སྒ་སྲབ་དང་བཅས་པའི་འབུལ་བ་ཕུལ་ནས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས།”ཞེས་དང་། ཡང་དེ་ཉིད་ལས། “ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་རིག་ཀུན་གྱི་ཡང་རྩེར་གཟིགས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གསེར་མཆན་དང་། ཟངས་མཆན་གཉིས་བཏབ།” ཅེས་སོགས་འཁོད་ཡོད་པར་གཞིགས་ན་གཡུ་ཐོག་གསར་མ《རྒྱུད་བཞི》རྩོམ་པ་པོ་མིན་པ་ཤིན་ཏུ་གསལ། གཡུ་ཐོག་རྙིང་མའི་རྣམ་ཐར་ལས།“གཡུ་ཐོག་པ་དགུང་ལོ་སོ་ལྔའི་ཐོག་རྒྱ་གར་ནས་ཕྱིར་འཁོར་དུས་རྒྱལ་པོས་རྒྱུད་བཞི་གཏེར་ནས་འདོན་དགོས་པར་གསུངས་ཀྱང་། གཡུ་ཐོག་པས་བདག་རྒྱ་གར་ལ་ད་དུང་སྐྱར་གཅིག་འགྲོ་བ་དེ་བར་མི་འདོན་ཞུས།”ཞེས་དང་། ཡང་དེ་ཉིད་ལས། “དགུང་ལོ་ཞེ་ལྔ་བཞེས་དུས་གཏེར་ནས་སྤྱན་དྲངས། དགུང་ལོ་ང་ལྔ་བར(764A.C)ཀོང་པོ་སྨན་ལུང་དུ་བྱོན་ནས་གསོ་རིག་སློབ་གྲྭ་བཙུགས་ཏེ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱུད་བཞི་འཆད་ཉན་བྱས”ཚུལ་བཀོད་ཡོད་པ་རེད། དེས་ན་གཡུ་ཐོག་རྙིང་མ་ཡང་རྒྱུད་བཞི་རྩོམ་པ་པོ་མིན་པ་མ་ཟད། དེའི་གོང་དུ་རྒྱུད་བཞི་གཏེར་དུ་སྦས་ཡོད་པ་གསལ་པོར་བསྟན་འདུག
འོ་ན《གསོ་རིག་རྒྱུད་བཞི》དེ་གང་འདྲ་བྱས་ནས་བྱུང་ཡོད་ཅེ་ན། གོང་གསལ་ལྟར་འདིར་འབུམ་རྒྱུད་གཉིས་ཕན་ཚུན་གོ་བསྡུར་ནས་བརྟག་ན། ཐོག་མར《གསོ་རིག་འབུམ་བཞི》བྱུང་ཞིང་དེ་ནས་རིམ་བཞིན་ཚིག་སྦྱོར་དང་། ལེའུའི་གོ་རིམ་རྣམས་དག་བཅོས་དང་ལེགས་སྒྲིག་བྱས་པ་ནི《གསོ་རིག་རྒྱུད་བཞི》ཡིན་པ་བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་འབུམ་རྒྱུད་གཉིས་པོ་ཕན་ཚུན་གོ་བསྡུར་ནས་བལྟས་པ་ཙམ་གྱིས་ཤེས་སླ། འོན་ཀྱང་ཆགས་སྡང་གཉིས་ཀྱི་ཁྲི་ལ་ང་རྒྱལ་གྱི་ཅོད་པན་གསོལ་ནས་མཁས་པའི་མཚན་སྙན་འཛིན་ནས་བཞུགས་པ་རྣམས་ལ་སངས་རྒྱས་དངོས་བྱོན་ནས་བདེན་དོན་ངོ་སྤྲོད་གནང་ཡང་རང་འདོད་ཀྱི་ལྟ་བ་ནང་ཡང་འགྱུར་མི་སྲིད་པས། དེ་དང་དེའི་རིགས་ལ་བདེན་དོན་ར་སྤྲོད་པའི་ངལ་བ་མི་བྱའོ། ། བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རྙིང་ལྟར་ན《གསོ་རིག་འབུམ་བཞིའི》ཐོག་མ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་སྟོང་ཕྲག་གཉིས་ཙམ་ཞིག་ནས་བྱུང་ཡོད་ཅིང་། དེ་ནས་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བར་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་དེ་ལ་ཁ་སྣོན་དང་ཉམས་ཡིག་གསར་སྣོན་བྱས་ནས《གསོ་རིག་རྒྱུད་བཞི》ཞེས་ཡོངས་གྲགས་སུ་དར་ཡོད་པར་ངེས།
སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱིས་བོན་གྱི་བསྟན་པ་བསྣུབས་ནས་ནང་ཆོས་སྤེལ་སྐབས《འབུམ་བཞིའི》མིང་ཡང་《རྒྱུད་བཞིར》བསྒྱུར་ཡོད་པར་ངེས་ཏེ། 《བཀའ་ཐང་ཤེལ་བྲག་མའི》ལེའུ་གྱ་བཞི་པ་ལས། “བེེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། ། བེེ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། ། བེེ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། ། ”ཞེས་སོགས་གསུངས་པ་འདི་ལས་བོན་ཆོག་རྣམས་ནང་པའི་ཆོས་ཀྱི་རྣམ་པར་བསྒྱུར་ཡོད་པའི་དོན་ཡིན་པ་ལས། བོན་ཆོས་བོད་སྐད་དུ་བསྒྱུར་མི་དགོས་པ་ནི་སུས་ཀྱང་ཤེས་པར་མ་ཟད། བོན་ཆོག་གི་གཏོར་མདོས་ཡས་གླུད་རྣམས་ནང་ཆོས་ཀྱི་རྣམ་པར་བསྒྱུར་ནས་ད་ལྟར་ཡང་བེད་སྤྱོད་བཞིན་ཡོད་པ་འདིས་ཀྱང་ཤེས་སོ། ། དེས་ན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས《རྒྱུད་བཞི》གཏེར་ནས་བཏོན་ཞེས་པ་ཡང་དོན་དུ་སྐབས་དེར་བན་བོན་འཁྲུགས་པའི་དུས་ཟིང་གི་ནང་དུ་བོན་གཞུང་གཏེར་དུ་སྦས་པའམ། སྦས་སྐུང་བྱས་པ་དག་ལས《འབུམ་བཞི》ཕྱིར་བཏོན་ནས་ཐུན་མིན་བོན་ལུགས་ཀྱི་ཐ་སྙད་ཡོད་པ་རྣམས་ནང་ཆོས་ཀྱི་ཐ་སྙད་དུ་བསྒྱུར་ནས《གསོ་རིག་རྒྱུད་བཞི》ཞེས་མཚན་གསོལ་ཏེ་ཀོང་པོ་སྨན་ལུང་དུ《རྒྱུད་བཞི》འཆད་ཉན་མཛད་པ་ནི་གསོ་རིག《འབུམ་བཞི》ནས《རྒྱུད་བཞི》ཞེས་མཚན་འགྱུར་བའི་དུས་སྐབས་ཡིན་པར་སེམས། ཡིན་ནའང་བོན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས《འབུམ་བཞིའི》མིང་མ་ཉམས་པ་དེང་གི་བར་དུ་ལྐོག་ཉར་བྱེད་ཐུབ་པ་བྱུང་ཡོད་འདུག
སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་དགུང་ལོ་བཅུ་གཉིས་སྐབས་སུ་རོག་སྟོན་དཀོན་མཆོག་སྐྱབས་ལས《གསོ་རིག་རྒྱུད་བཞི》ཆ་ཚང་ཞུས། 《རྒྱུད་བཞི》ལ་མཆན་འགྲེལ་གཉིས་མཛད་པ་ལ་གསེར་མཆན་དང་། ཟངས་མཆན་ཞེས་ཟེར། དུས་དེར་ཁོང་གིས《རྒྱུད་བཞིའི》དབུ་ཞབས་བར་ཚིག་སྦྱོར་ལེགས་བཅོས་དང་། ལེའུའི་གོ་རིམ་རྣམས་བསྐྱར་སྒྲིག་མཛད་ནས་འཆད་ཉན་དང་དར་སྤེལ་བཏང་བ་ལ་གཡུ་ཐོག་པའི《རྒྱུད་བཞི》ཞེས་ཡོངས་སུ་གྲགས་པ་འདི་བྱུང་།
༢༠༠༤ལོའི་《བོད་ལྗོངས་ཞིབ་འཇུག》དུས་དེབ་གཉིས་པ་ལས་བཤུས།
འདིར་འདྲེན་དགོས་པ་ནི་རང་ལུགས་བོད་ཀྱི་གསོ་བ་རིག་པར་དོ་སྣང་ཡོད་མཁན་རྣམས་ལ་དཔྱད་པ་བྱ་འགྱུར་ཕན་ཡོང་བསམས་སོང་། །
གོང་དུ་བགྲོ་གླེང་མང་པོ་བྱས་པ་ལ་ཐུགས་རྗེ་ཆེ། གསོ་རིགས་ཀྱི་གཞུང་འདི་འདྲ་གསར་བསྐྲུན་བྱས་པ་ལ་རྗེས་སུ་ཡིད་རངས་ཡོད། གནམ ཀརྡོ་སོགས་ཀྱིས་བྱ་རོག་སོར་རྟོག་གི་གཏམ་བརྒྱུད་ལྟ་བུ་མང་པོ་ཞིག་བཤད་པ་དེ་དག་ནི་དགོས་པ་ཆེར་མ་མཐོང་མོད། ནམ་རྒྱུན་རྩོད་གཞིར་གྱུར་པའི་པ་བ་པོ་བོ་འདི་རྣམས། བདག་སྒྲ་ཡིན་པ་གང་ཞིག་ལ་དེ་གཉིས་ཁྱད་མེད་དུ་བྲིས་ན་དོན་ལ་འགྱུར་བ་མེད་པའི་ཨེ་ཁྱབ། མཁས་པའི་དབང་པོ་དག་གིས་གསུང་ལན་སྩོལ་རོགས་མཁྱེན།
ཁྲི་རལ་པ་ནས་གསལ་བྱས་པ་ལེགས།
ལ་དྭགས་མེ་ལོང་དང་འབྲས་ལྗོངས་བྱ་མ་རྟ།འབྲུག་པའི་གསར་འཕྲིན་ཁག་བོད་ཀྱི་སྤྱི་སྐད་དང་མཐུན་པོ་འདུག་བློ་གཟུ་བོར་གནས་མཁན་ཚོས་ལྟོས་དང་ཤེས་ངེས་རེད།ཁྱེད་ཚོའི་ལ་དྭགས་མེ་ལོང་དེ་རིགས་བཀའ་འགྱུར་བསྟན་འགྱུར་ལ་བྱང་ཆུབ་པའི་བོད་ཀྱི་དགེ་བཤེས་ཤིག་གིས་ཀློག་ཀྱང་རྟོགས་མི་ཐུབ་པ་ཁོ་ཐག་རེད།
འདི་བདེན། ང་ལ་མཁོ་བའི་གཏམ་ཡིན། འདི་ལུང་པ་གང་དང་གང་གི་ཁ་སྐད་དུ་བྲིས་པ་རྣམས་གཞན་གྱིས་མི་གོ་བ་དེ་དག་བོད་སྤྱིའི་སྐད་ལ་གནོད་པ་དང་། ལུང་པ་་གཞན་གྱིམཁས་པས་གོ་མི་ཐུབ་པ་མ་ཡིན་ནམ། བློ་གཟུ་བོར་གནས་ལ་ཤོད། ལ་དྭགས་མེ་ལོང་དུས་དེབ་དེ་བཀའ་བསྟན་གསུང་འབུམ་གྱི་སྐད་ལ་གནོད་པ་འདུག་ཅེས་སྐྱོན་བརྗོད་ཀྱིས་འཐོན་རྒྱུ་སྔོན་མ་ནས་ཁེགས་ཏེ་ལོ་ཤས་སོང་ཡོད། ལ་དྭགས་ཧི་མཱ་ལ་ཡའི་ལྗོངས་ན་ཆེ་སུ་རྩི་ཡང་མི་གྲངས་ཕྱི་པ་དང་ནང་པ་བསྡོམས་འབུམ་གཅིག་དང་ཕྱེད་ཀ་ལྷག་མེད་ངེས། བླ་མ་ཀླུ་སྨྱོན་ལྟར་ན། ཨ་མདོ་རྒྱ་ཡི་ཞིང་ཆེན་གསུམ་དང་འདྲེས་པ་ལས་ཧ་ཅང་གིས་ཆུང་། མདོ་སྨད་པའི་མཁས་པ་ལ་མཐུན་རྐྱེན་ཡོད་པ་ལྟར་ལ་དྭགས་པ་ལ་མཐུན་རྐྱེན་ཧ་ཅང་གིས་ཆུང་།
༼འོ་ན་རབ་བྱུང་བཞི་བའི་ནང་བྱོན་པ་དབུས་པ་བློ་གསལ་དང་རབ་བྱུང་དྲུག་པའི་ནང་བྱོན་པ་ལོ་ཆེན་ནམ་བཟང་།སྣར་ཐང་སྃགྷཤྲཱི།ཡར་འབྲོག་རིན་ཆེན་ཏོག་སོགས་མང་པོ་ཅིག་གིས་སུམ་རྟགས་འགྲེལ་བ་མཛད་འདུག་པ་ཁག་མ་མཐོང་ཕྱིར་ན་མེད་པ་མིན་ཟེར་བ་དེ་རེད།༽འགྲེལ་མཛད་འདི་རྣམས་ས་པཎ་གྱི་སྔོན་དུ་བྱུང་བའི་སྒྲུབ་བྱེད་ཡོད་དམ། མེད་ན་འདི་ཡིས་བདག་གི་གྲུབ་མཐའ་མི་གནོད།
འདི་ཙམ་གྱིས་མི་ཕན། འདི་དག་གི་དཔེ་ཆ་དིང་སང་མིག་ལ་མཐོང་རྒྱུ་ཡོད་དམ། སྤར་ཡོད་དམ་མེད། འདི་དག་གི་སྐོར་ལེགས་པར་སྒྲུབ་ཐུབ་ན། ཁོ་བོའི་བློ་གྲོས་ཀྱི་པདྨ་འབྱེད་པ་ལ་ཉི་ཟེར་དང་འདྲ། ཇི་སྐད་དུ། དཔལ་ཆོས་ཀྱི་གྲགས་པས། རྣམ་འགྲེལ་ཚད་མ་གྲུབ་པའི་ལེའུར།
ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར།
འགའ་ཞིག་ལ་ལར་ཐོགས་མེད་དེ།
ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན།
མ་མཐོང་ཕྱིར་ན་མེད་པ་ཡིན།། ༨༤ །། ང་རང་གི་ཆེད་དུ་ཡིན།
སྔ་མོའི་སི་ཏུ་པཎ་ཆེན་སོགས་ཁ་ཤས་ཀྱི་དགོངས་པ་དང་འགལ་ནའང་ང་ལ་ཁྱད་པར་མེད། བོད་སྤྱིའི་སྐད་དེ་བཀའ་བསྟན་འབུམ་བཅས་ལ་རྩི་དགོས་པས། དེ་དག་དང་འགལ་བ་ཞིག་འབྱུང་ན། བདག་མི་དད།
ཁྱོད་ཀྱིས་མ་འདང་བར་དགོས་ངེས་ཅན། ཞེས་པ་ན། འདང་བ། ཞེས་པ་དེ་བཀའ་བསྟན་གསུང་འབུམ་དག་དང་བསྟུན་ཏེ། ཟ་མ་ཏོག་དང་། ངག་སྒྲོན་སོགས་ནས་བཤད་པ་འགལ་བར་བྲིས་པ་ལ་ཁུངས་ཡོད་དམ། ཞེས་སོ།
གནས་གསུམ་པར་ནི་འཕོས་པ་ན།།ལུང་འདྲེན་པ་ནི་མཁས་པའི་ལུགས།།ཞེས་པ་ལྟར་བོན་པོ་ལགས་ཀྱིས་འབུམ་བཞི་དང་རྒྱུད་བཞི་དཔྱད་བསྡུར་གྱི་ལོ་རྒྱུས་ཀྱི་ཁུངས་ལུང་འདྲེན་པ་ལེགས་གསོལ་ཞུ། འཐད་པར་སེམས། བདག་གིས་དྲིས་པའི་སོམ་ཉིའི་མུན་པ་བསལ་བས་དེ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ། གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་རྩིས་དང་སྨན་གྱི་ལག་ལེན་རྩ་ཆུ་བརྟག་ཐབས་ཀྱི་རིག་པ་མང་པོ་ཞིག་གསར་གཏོད་གནང་བ་བདེན་ཤོས་ཆེ། སྨན་པ་མཁས་པ་རིམ་བྱུང་གིས་རྒྱ་དཀར་ནག་གི་ལེགས་ཆ་མང་པོ་བཏུས་ནས་འབུམ་བཞི་ལེགས་བཅོས་དང་ཡར་རྒྱས་བཏང་བ་ལས་སྨན་གྱི་རྒྱུད་བཞི་གཏན་འབེབས་གནང་བ་དེ་ཡང་རིགས་པ་དང་མཐུན། རྒྱུད་བཞི་རྩོམ་པ་པོ་སུ་ཡིན་གསལ་ཁ་མེད་ཀྱང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རྒྱ་ཆེར་སྤེལ་བ་ལས་གཏེར་ནས་བཏོན་པ་མིན་ཚུལ་བཤད་པ་གསལ་བོ་རེད། དེ་ལྟར་མིན་ན་འབུམ་བཞི་ལས་རྒྱུད་བཞིར་གྱུར་ཚུལ་བཤད་དཀའ་བ་ཡིན།
རྒན་ལ་དྭགས་པ་ལགས།
ཁྱེད་རང་ནས་ཁྲི་རལ་གྱི་མཆན་གྱི་ནང་དོན་ཡག་པོ་རྟོགས་མི་འདུག ཁྱེད་རང་གཉིས་གོ་ནོར་ཏན་ཏན་ཐེབས་ཡོད་ས་རེད
གསོ་བ་རིག་པའི་གཞུང་འདི་ཉིད་བཀར་བཞེད་པའི་ཕྱོགས་གཏོགས་ཀྱིས་རྒྱུ་མཚན་གང་དང་གང་ལ་བལྟས་ནས་བཀར་འདོད་པ་ཡིན་ཞེ་ན། གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞིའི་ཚིག་དོན་འགྲེལ་མཛད་ཀྱི་སྔ་ཕྱིའི་མཁས་པ་རྣམས་ཀྱི་འགྲེལ་ཚུལ་དང་དགོངས་གཞི་མི་འདྲ་བ་ལས། རྒྱུད་འདི་བཀར་འདོད་པ་དང་། བསྟན་བཅོས་སུ་འདོད་པ། བཀའ་བསྟན་གཉིས་ཀར་འདོད་པ་བཅས་ལུགས་མི་འདྲ་བ་གསུམ་བྱུང་ཡོད། སྐབས་སུ་འདིར་བཀར་འདོད་པའི་ཕྱོགས་གཏོགས་ཀྱིས་རྒྱུ་མཚན་གང་ལ་ལྟོས་ནས་བཀར་འདོད་པ་ཡིན་མིན་ཐད་ཅུང་ཟད་གླེང་ན། དེ་ལ། རྒྱུད་ཀྱི་རྩ་བའི་ཚིག་དོན་དབང་དུ་བཏང་ན། བྱང་པ་རྣམ་རྒྱལ་གྲགས་བཟང་དང་། ཟུར་མཁར་དྷརྨ་སྭ་མི་འམ་མཉམ་ཉིད་རྡོ་རྗེ་དང་། ཟུར་མཁར་བློ་གྲོས་རྒྱལ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་སོགས་པའི་རྒྱུད་འགྲེལ་མཛད་པ་པོ་རྣམས་ཞལ་མཐུན་པར་བཀར་བཞེད་པ་ཡིན་ཏེ། རྒྱུ་མཚན་ནི། རྒྱུད་འདིའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་འཆད་པ་པོ་སྤྲུལ་པའི་སྟོན་པ་སངས་རྒྱས་སྨན་གྱི་བླ་མས་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་ཕྱི་ནང་གི་འཁོར་རྣམས་ལ་བསྟན་པ་དང་། རྒྱུད་ཀྱི་གླེང་གཞིར་ཡང་མདོ་རྒྱུད་གཞན་དང་མཐུན་པར་ལོ་ཙཱ་བའི་འགྱུར་ཕྱག་དང་། བཀའ་བསྡུ་བ་པོའི་ཕྱག་གི་ངོས་འཛིན་ཡོད་པ། དེ་བཞིན་རྒྱུད་ཀྱི་གླེང་གཞིར་འདི་སྐད་བདག་གིས་ཐོས་དང་བཤད་ཅེས་བཀོད་པ་སྟོན་པ་དང་བཀའ་བསྡུ་བ་པོ་ཐ་མི་དད་པས་བཀར་ཐད་པ་དང་། ཐོས་ཞེས་པ་ཐ་དད་ཀྱང་རྗེས་སུ་གནང་བའི་བཀའ་ཡིན་པ་སྙིང་རྗེ་པདྨ་དཀར་པོའི་གླེང་གཞི་དང་མཐུན་པ་སོགས་ཀྱི་སྒྲུབ་བྱེད་བཀོད་ཡོད།
འོན་ཏེ། ཚིག་གི་འགྱུར་ཁྱད། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཞེས་པ་དང་། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པའི་ཐོས་དང་བཤད་ཅེས་པའི་རྒྱུད་ཚིག་མི་འདྲ་བ་གཉིས་དང་། དེ་བཞིན་རྒྱུད་སྟོན་པ་པོ་སངས་རྒྱས་སྨན་བླ་དང་། གྲོང་ཁྱེར་ལྟ་ན་སྡུག་གི་ངོས་འཛིན་མི་འདྲ་བ་ལས། རྒྱུད་འདི་ཉིད་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་གང་ཡིན་མིན་ཐད་འགྲེལ་ཚུལ་མི་གཅིག་པའི་ལུགས་གཉིས་བྱུང་བ་ཡིན། དེ་ལ་ཐོག་མར་བཤད་དང་ཐོས་ཞེས་པའི་རྒྱུད་ཚིག་མི་འདྲ་བ་གཉིས་ནི། སྐྱེམས་པ་ཚེ་དབང་དང་། ཟུར་མཁར་བློ་གྲོས་རྒྱལ་པོ་གཉིས་ཀྱི་རྒྱུད་འགྲེལ་ལ་དཔྱད་ན་འདི་ལུགས་རྒྱུད་ཚིག་ཏུ་འདི་སྐད་བདག་གིས་ཐོས་ཞེས་པ་ཡོད་པར་སྣང་སྟེ། འདི་སྐབས་སྐྱེམས་པས་ཐོས་ཞེས་ཐད་ཀར་འགྲེལ་བ་མཛད་པ་ལས། འདི་ལས་འཕྲོས་ཏེ་བཤད་དང་ཐོས་ཞེས་པའི་ངོས་འཛིན་གླེང་ཙམ་ཡང་མ་མཛད་ལ། ཟུར་མཁར་བློ་གྲོས་རྒྱལ་པོས་མེས་ཞལ་དུ་ཐོས་དང་བཤད་གང་འཐད་ཀྱི་རྩོད་སྤོང་མཛད་ཡོད། ཡང་བྱང་པ་རྣམ་རྒྱལ་གྲགས་བཟང་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱི་རྒྱུད་འགྲེལ་ལས་བཤད་ཅེས་པ་ལེགས་བཤད་དུ་མངོན་པའི་འགྲེལ་ཚུལ་ལ་དཔྱད་ན། ཟུར་ལུགས་པ་རྣམས་ཀྱི་རྒྱུད་ཀྱི་རྩ་བར་ཐོས་ཞེས་དང་། བྱང་ལུགས་པའི་རྒྱུད་ཀྱི་རྩ་བར་བཤད་ཅེས་འགྱུར་མི་འདྲ་གཉིས་བྱུང་བ་མངོན་གསལ་ཡིན། དེ་བཞིན་དུ་གོང་གི་རྒྱུད་ཚིག་མ་འདྲ་བ་གཉིས་ལས་འཕྲོས་ཏེ། བཀའ་བསྡུ་བ་པོ་དང་སྟོན་པ་པོ་སྨན་བླ་ཐ་དད་དང་མི་དད་ལ་ངོས་འཛིན་མ་གཅིག་པ་དང་དེ་ལས་རྒྱུད་འདི་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་ཡིན་མིན་གྱི་ཐག་གཅོད་སོ་སོར་མཛད། ཇི་འདྲ་ཞེ་ན། ཟུར་མཁར་བློ་གྲོས་རྒྱལ་པོས། རང་ལུགས་ཀྱི་ཐོས་ཞེས་པར་གཞན་གྱིས་སྟོན་པ་དང་བསྡུ་བ་པོ་ཐ་དད་པས་བཀའ་མ་ཡིན་ནོ་ཞེས་རྒྱུད་བཀར་བཞེད་པར་གནོད་བྱེད་བཀོད་པ་དེའི་ལན་དུ། ཚིག་འདི་རྣམས་ཞལ་ནས་གསུངས་པ་དང་བྱིན་གྱིས་བརླབས་པའི་བཀའ་མ་ཡིན་པ་བདེན་ལ། འོན་ཀྱང་རྗེས་སུ་གནང་བའི་བཀའ་ཡིན་པར་འདོད་ཅེས། སྙིང་རྗེ་པདྨ་དཀར་པོའི་ལུང་རྒྱབ་རྟེན་དུ་གླེང་སྟེ་རང་ལུགས་རྒྱུད་ཚིག་དང་མི་འགལ་བར་རྗེས་སུ་གནང་བའི་བཀར་འདོད།
ཡང་། རྒྱུད་གསུངས་སའི་གྲོང་ཁྱེར་ལྟ་ན་སྡུག་གི་ངོས་འཛིན་ལས་འཕྲོས། གྲོང་ཁྱེར་ལྟ་ན་སྡུག་འདི་ཉིད་སྨན་གྱི་ནགས་སུ་ངོས་འཛིན་མཛད་དེ་སྨན་གྱི་ནགས་སུ་ལོ་བཞི་སྟེ་ཞེས་སངས་རྒྱས་སྨན་གྱི་ནགས་སུ་བཞུགས་པའི་སྐབས་གསུངས་པར་བཞེད་པ་ལྟར་ན། རྒྱུད་འདི་ཉིད་བཀའ་དངོས་ཏེ་ཞལ་ནས་གསུངས་པའི་བཀར་འདོད་པ་ཡིན་ནོ། །བྱང་པ་ནི་འདི་སྐད་བདག་གིས་བཤད་ཅེས་པ་སྟོན་པ་པོ་དང་བསྡུས་པ་པོ་ཐ་མི་དད་པའི་དགོས་པ་ཁྱད་པར་ཅན་ཡོད་པས་རྒྱུད་འདི་བཀའ་ཡིན་པ་འཁྲུལ་མེད་དུ་འདོད་པའང་སྔར་གླེང་ཟིན་ལྟར། བཀའི་དབྱེ་བར་དངོས་སུ་གསུངས་པ་དང་། སྤྲུལ་པས་གསུངས་པ་གཉིས་ཡོད་པ་ལས་སྤྲུལ་པས་གསུངས་པའི་བཀར་འདོད་དོ། །གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་བརྒྱ་མར། བླ་མ་བརྒྱད་པའི་རིམ་པ་བསྟན་པ་ནི། དུས་ཕུན་སུམ་ཚོགས་པ་སངས་རྒྱས་ཞལ་བཞུགས་དུས་ཤིང་ཕོ་བྱི་བ་(ཡེ་སྔོན་ ༨༩༧ ཤིང་བྱི།)ལོའི་ཆོ་འཕྲུལ་ཁྲ་ཡི་ཟླ་(དབོ་ཟླ་)བའི་ཚེས་ཞག་གཅིག་གི་ཉིན་བར། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་ནས་ནུབ་ཕྱོགས་སུ་དཔག་ཚད་གཉིས་དང་རྒྱང་གྲགས་ཕྱེད་འདས་པ་ན། སྨན་གྱི་གྲོང་ཁྱེར་ལྟ་སྡུག་བྱ་བ་ཡོད། ང་རྒྱ་གར་ལ་ལན་གསུམ་ཕྱིན་དུས་མིག་གིས་མཐོང་ཞིང་། གནས་དེར་ཕྱིན་དུས་ཁོ་བོ་དང་སྨན་པའི་རྒྱལ་པོ་མཇལ་བས། དེ་ནི་འཁོར་ཕུན་སུམ་ཚོགས་པ་ལྷ་དང་དྲང་སྲོང་དང་ཕྱི་ནང་གི་འཁོར་དཔག་ཏུ་མེད་པ་འདུག སྟོན་པ་ཕུན་སུམ་ཚོགས་པ་ངོ་བོ་ཐུབ་པ་རྣམ་པ་སྨན་བླའི་ཆ་བྱད་ཅན་ཞིག་འདུག ཆོས་ཕུན་སུམ་ཚོགས་པ་རྒྱུད་རྒྱལ་བདུད་རྩི་སྙིང་པོ་འདི་ལ་བཤད་ཉན་མཛད་པ་འདུག་གོ། །ཞེས་གསུངས་པ་ལྟར་ནའང་བཀའ་དངོས་སོ། །
ངས་ནི་རྒྱུད་བཞི་འདི་ཉིད་སངས་རྒྱས་ཀྱི་གསུངས་པའི་བཀར་ཕར་ཞོག་རྒྱ་གར་མཁས་པས་མཛད་པའི་བསྟན་བཅོས་སུ་ཡང་འདོད་མི་ཐུབ།
འོན་ཀྱང་ཟུར་མཁར་བས་་་་ཕྱི་ལྟར་དུ་སངས་རྒྱས་ཀྱི་བཀའ། ནང་ལྟར་དུ་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་མཁས་པའི་བསྟན་བཅོས། ་་་ཞེས་གསུངས་པ་ནི་གནད་ལ་ཁེལ་བའི་ལེགས་བཤད་ཅིག་དང་ཐབས་ལ་མཁས་པའི་གསུངས་ཚུལ་ཁྱད་དུ་འཕགས་པ་ཤིག་གོ།།
དཀར་མཚོ་སྐྱིད་ལགས་ཀྱིས་བདག་སྒྲ་ཕྲད་གཞན་དབང་ཅན་ཡིན་པར་ཚེ་ཏན་ཞབས་དྲུང་གིས་རིག་པ་རྣམ་དག་གིས་བསྒྲུབས་ཡོད་ཅེས་པ་ནི་བརྟག་དགོས་པའི་གཞི་རུ་གྱུར་ཡོད། རྒྱུ་མཚན་ནི་ཁོང་གིས་བདག་སྒྲ་ཕྲད་གཞན་དབང་ཅན་ཡིན་པའི་རྒྱུ་མཚན་གཙོ་བོ་གཅིག་སི་ཏུའི་ཞལ་ལུང་ལ་རྒྱབ་བཅོལ་ཡོད། དེ་ཡང་ཁོང་གིས་སི་ཏུའི་ཞལ་ལུང་ལ་སུམ་ཅུ་པའི་དགོངས་དོན་བྱིངས་སི་ཏུ་ལ་ཁུངས་བཅོལ་ནས་བདག་སྒྲའི་ཐད་དུ་སི་ཏུ་དང་མ་འདྲ་བར་བཤད་པ་དེ་ལ་གནད་འགག་ཅིག་ཡོད་ངེས་ཞེས་གཙོ་བོ་དེ་ལ་ཁུངས་བཅོལ་ཡོད། འོན་ཀྱང་སི་ཏུའི་ཞལ་ལུང་རྩོམ་པ་པོ་རང་ཉིད་ཀྱིས་བདག་སྒྲའི་ཐད་དུ་སི་ཏུ་ལས་ཐ་དད་པར་གསུངས་དགོས་དོན་བདག་སྒྲའི་ཐད་ཀྱི་སི་ཏུའི་འགྲེལ་པར་དཔེ་མི་གསལ་བའི་རྐྱེན་གྱིས་ཞྭ་དམར་གྱི་འགྲེལ་ཚུལ་སེམས་ལ་གང་ཡོད་ལྟར་བཤད་པ་ཡིན་པས་གཞུང་གི་དགོངས་པར་འབྱོར་མིན་མི་ཤེས་ཞེས་གསུངས་ཡོད།
ལྷ་ས་བ་དང་སེ་ར་བ་ཞེས་པའི་དཔེར་བརྗོད་གྲོང་སྐད་ཡིན་པས་ཡིག་སྐད་ལྟར་ན་ལྷ་ས་པ་དང་སེ་ར་པ་ཞེས་འབྲི་དགོས་ཞེས་པ་ལ་ཚེ་བརྟན་ཚང་གིས་ཡིག་སྐད་ཀྱི་བྱུང་ཁུངས་གྲོང་སྐད་ཡིན་པས་གྲོང་སྐད་དང་བསྟུན་དགོས་པར་བཤད་པ་ཡང་བརྟག་དགོས་པར་གྱུར་ཡོད། དེ་ཡང་དེང་སང་བོད་རིགས་ཚང་མས་ལྷ་ས་བ་དང་སེ་ར་བ་ཞེས་བརྗོད་བཞིན་དུ་དེ་མ་དག་པ་ཡིན་ཟེར་ན་ཚེ་བརྟན་ཚང་ལ་བདེན་ཁ་སྟེར་དགོས་ཀྱང་། ཡིག་སྐད་ཀྱི་འབྱུང་ཁུངས་གྲོང་སྐད་ཡིན་པས་གྲོང་སྐད་དང་ཡིག་སྐད་ཀྱི་ཁྱད་པར་དབྱེ་མི་རུང་བ་ལྟ་བུར་གསུངས་པ་ནི་བརྡ་སྤྲོད་སྨྲ་བ་པོས་བརྡ་སྤྲོད་ཀྱི་ལམ་ལུགས་མི་མཁྱེན་པ་ལྟ་བུའི་རྣམ་འགྱུར་སྟོན་འདུག་པས་ངོ་མ་ཡ་མཚན་རེད།
འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན་ཞེས་པ་ནི་ཐོས་པའི་དུས་གཅིག་ན་ཞེས་པ་ལས་བྱུང་བར་གོར་མ་ཆག། དེས་ན་བཤད་པ་ཞེས་ཡོད་ཀྱང་ཐོས་པ་ཞེས་ཡོད་ཀྱང་བྱིན་གྱིས་བརླབས་པའི་བཀའ་མ་གཏོགས་ཞལ་ནས་གསུངས་པའི་བཀའ་ལ་འགྲོ་ས་མིན་འདུག། ལེགས་པར་སོམས་དང་དེ་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད། ཧཧཧ
རྒན་ལ་དགས་པ་ལགས་ཀྱི་མཆན་བརྒྱ་དངབཅུ་མེད་བཞི་ཡི་ནང་གི་ལོ་ཆེན་ནམ་བཟང་དང་ཡར་འབྲོག་རིན་ཆེན་ཏོག་སོགས་ས་པན་གྱི་སྔོན་ལ་ཡིན་མིན་དང་དེ་དག་གི་སུམ་འགྲེལ་ད་ལྟ་ཡོད་མེད་ཤེས་མཁན་འདྲ་ཡོད་ན་གསུངས་རོགས་ང་ལའང་བློ་བསྐྱེད་ཡོང་ས་རེད།
༡༠༧༽ རྡོ་རྗེ་རྒྱལ་མཚན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ གི་ཆུ་ཚོད་ ༧ སྐར་མ་ ༤༩
རྒན་ལ་དྭགས་པ་ལགས།
ཁྱེད་རང་ནས་ཁྲི་རལ་གྱི་མཆན་གྱི་ནང་དོན་ཡག་པོ་རྟོགས་མི་འདུག ཁྱེད་རང་གཉིས་གོ་ནོར་ཏན་ཏན་ཐེབས་ཡོད་ས་རེད།
རྡོ་རྗེ་རྒྱལ་མཚན་ལེགས། གོ་མེད་པའི་ཁུངས་སྐྱེལ་དགོས་པ་གལ་ཆེ། དེ་མིན་ཁྱེད་ཀྱིས་དེ་ལྟར་བྲིས་པ་དེ་འཆལ་གཏམ་དུ་འགྱུར། བདག་རང་གཙོས་པའི་འཆལ་གཏམ་སྨྲ་བ་དང་། གཞན་གྱི་གནད་ལ་འབིགས་པའི་ཚིག་སྨྲ་བ་ནི། ཁ་བརྡ་ཚང་གིས་བོད་སྐད་དང་། བོད་ཀྱི་རིང་གཞུང་ཡར་རྒྱས་ལ་དམིགས་ནས་བཙུགས་པ་ལ་བཀའ་དྲིན་བསམ་པ་ལས་རྒྱང་དུ་འབྲོས་པ་མ་རབས་ཤིག་ཏུ་གོ་དགོས་སོ།།
སྤྱིར་བཀའ་དང་བསྟན་བཅོས་གཉིས་མི་འགལ་ཏེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་།།ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ།།འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ།།གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད།།ཅེས་པ་ལྟར་བཀའ་ལའང་དོན་དེ་ཚང་བའི་ཕྱིར་རོ། །བཀའ་ལ་ཞལ་ནས་གསུངས་པ་མདོ་སྡུད་པ་དང་། རྗེས་སུ་གནང་བ་འདི་སྐད་བདག་ཐོས་སོགས་གླིང་གཞིའི་ལེའུ་དང་། བྱིན་གྱིས་བརླབས་པའི་བཀའ་ལ་གསུམ་ལས། སྐུས་བྱིན་གྱིས་བརླབས་པ་མདོ་སྡེ་ས་བཅུ་བ་དང་། གསུང་གིས་བྱིན་གྱིས་བརླབས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ། ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལ་གསུམ་ལས། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་ཤེར་སྙིང་ལྟ་བུ་དང་། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ་གནོད་སྦྱིན་དང་ལྷ་ཀླུ་སོགས་རང་རང་གི་སྔགས་སྨོས་པ་སངས་རྒྱས་ཀྱི་ཐུགས་རྗེས་ནུས་པ་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པ་ལྟ་བུ་དང་། ཐུགས་བདེན་པས་བྱིན་གྱིས་བརླབས་པ་དེའི་མཐུས་རི་དང་ཤིང་དང་འོད་ཟེར་སོགས་ལས་ཆོས་ཀྱི་ཚིག །བརྩམས་པར་བྱ་ཞིང་དབྱུང་བར་བྱ།།སོགས་བྱུང་བ་ལྟ་བུའོ།།བདག་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་འགྲེལ་ཚུལ་གསུམ་བྱུང་ཡོད་པ་རེད། ཀུན་དགའ་བོས་དུས་གཅིག་ལ་ཐོས་ཀྱི་དུས་གཞན་དུ་མ་ཐོས་ཞེས་པ་དང་། དུས་གཅིག་གི་ཚེ་འདི་ཐོས་དུས་གཞན་ལ་གཞན་ཐོས་ཞེས་དང་། དུས་སྐད་ཅིག་མ་གཅིག་ལ་མདོ་འདི་ཐོས་སོ་ཞེས་རྣམ་ཐར་གྱི་སྒོ་བསམ་མི་ཁྱབ་ལ་སྦྱར་ཚུལ་གསུམ་ཡོད་པ་ཤེས་དགོས། ཀུན་དགའ་བོའི་མདོ་ལས། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་ལས་བཟུང་། གཉིས་ནི་དགེ་སློང་དག་ལས་སོ། །ཞེས་པ་ལྟར་ཀུན་དགའ་བོས་སངས་རྒྱས་ཀྱི་མཐུས་དགེ་སློང་གཞན་ལས་ཐོས་པས་སངས་རྒྱས་ལས་ཐོས་པར་རྒྱན་སྣང་ལས་བཤད། དཔེར་ན། སངས་རྒྱས་ཀྱི་མཐུས་ཆོས་བསྟན་པ་སངས་རྒྱས་ཀྱིས་བསྟན་པ་ཡིན་པ་བཞིན་ནོ། རྒྱན་སྣང་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བྱིན་གྱིས་བརླབས་ཀྱིས་བསྟན་པ་ནི་དེས་བསྟན་པ་ཡིན་པ་ལྟར་ཞེས་གསུངས་སོ། །མདོ་སྡེ་སྡུད་པ་པོ་ཀུན་དགའ་བོ་དང་ཕྱག་རྡོར་ཡིན་པའི་ཚུལ་གཉིས་བཤད་འདུག །བཀའ་འགྱུར་ནང་བཞུགས་བཀའ་ལ་ཞལ་ནས་གསུངས་པ་དང་། རྗེས་སུ་གནང་བ། བྱིན་གྱིས་བརླབས་པའི་བཀའ་གསུམ་དུ་འདུས་དགོས་པ་ཡིན། དེ་མིན་སྨན་གྱི་རྒྱུད་བཞི་ལྟ་བུ་བཀའ་འགྱུར་ནང་མི་བཞུགས་པས་སྟོན་པའི་བཀའ་མིན་པ་གསལ་བོ་རེད། དེ་ལྟར་མ་ཡིན་ན་འཕགས་པ་ཀླུ་སྒྲུབ་ཀྱི་སྨན་དཔྱད་དང་སྐྱེ་བོ་གསོ་ཐིག་ཡང་བཀའ་ཡིན་པར་འགྱུར་རོ། །
གཞན་ཡང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པའི་ཐོས་པ་ལ་དོན་གསུམ་སྟེ།
ཆོས་སྟོན་པ་པོ་ལ་སྤྱོད་ལམ་གྱི་དུས་དང་། ནང་དུ་ཡང་དག་པར་འཇོག་པའི་དུས། ཏིང་ངེ་འཛིན་ལ་འཇུག་པའི་དུས་དང་། ཆོས་འཆད་པའི་དུས་བཅས་བཞི་ལས་ཆོས་གསུང་པའི་དུས་སུ་གོ་ནུས་པ་དང་།
བསྡུ་བ་པོས་དུས་གཅིག་ཉིད་ལ་ཐོས་པ་ཙམ་གྱིས་ཆོས་འདིའི་དོན་རྟོགས་ཤིང་ཚིག་ཁོང་དུ་ཆུད་པས། མཁྱེན་རབ་མཆོག་ཏུ་གྱུར་བར་གོ་ནུས་པ་དང་།
ཡང་དུས་གཅིག་གི་ཚེ་ཁོ་ནར་འདི་ཐོས་ལ་གཞན་དུ་ནི་ཆོས་གཞན་ཡང་མང་དུ་ཐོས་སོ་ཞེས་ཤུགས་ལ་བསྟན་པས་ཐོས་པ་ཕུན་སུམ་ཚོགས་པར་གོ་ནུས་པ་དང་གསུམ་མོ།།
དཀར་མཚོ་སྐྱིད་ལེགས། ཁྱོད་ཀྱིས་བདག་གི་དྲི་བ་དག་ལ་ལན་མེད་པ་གཡོལ་ཐབས་བྱས་ཀྱང་། དེ་ལ་འཐད་ལྡན་གྱི་ལན་མ་རྙེད་པས་བམ་ཤོར་དོགས་ཀྱིས་འཛུར་བ་་ལ་ཁག་མེད་བསམས། འོན་ཀྱང་ཁྱོད་ཀྱིས་བོད་སྤྱིའི་སྐད་སྦྱང་ཡོད་པ་ལ་དགའ་བ་བསྐྱེད་དགོས།
ཁྱོད་ཀྱི་མཆན་ཡིག་ ༦༣༽པ་ན།
༼དེས་ན། དེ་ནི་ཕྲད་གཞན་དབང་ཅན་ཡིན་པས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །གསུངས་པ་ལྟར་ཡིན། བཀའ་བསྟན་སོགས་སུ་ཇི་ལྟར་དུ་བྲིས་ཡོད་ནའང་། དེ་ནི་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་རིགས་པ་དང་མ་མཐུན་ན་དག་བཅོས་བྱེད་དགོས་ངེས་རེད།༽
མཆན་༡༠༨༽ བྱང་པ་རྣམ་རྒྱལ་གྲགས་བཟང་དང་། བྱང་པ་ནི། བྱང་པ། ཟུར་མཁར་བློ་གྲོས་རྒྱལ་པོ། རྒྱུད་འགྲེལ་མཛད་པ་པོ། འཆད་པ་པོ། སྟོན་པ་པོ། སྙིང་རྗེ་པདྨ་དཀར་པོའི་ལུང་། སྤྲུལ་པས། འདི་དག་ལ་གོང་དུ་འདོད་པ་ལྟར་བའམ་བོ་རུ་དག་བཅོས་མ་བྱས་པ་གང་ཡིན་ནམ།
བཀའ་བསྡུ་བ་པོ་དང་བསྡུས་པ་པོ། བཀའ་བསྟན་ལུགས་ལྟར་ན། སྡུད་པ་པོ། ཞེས་དགོས། ཞེས་དང་། འགྲེལ་བ་མཛད་པ། བཀའ་བསྟན་གསུམ་འབུམ་འཐད་ལྡན་གྱི་གཞུང་དཔེ་ན། འགྲེལ་པ་ཞེས་པ་མང་། ཞེས་དང་། བླ་མ་བརྒྱད་པའི་རིམ་པ་བསྟན་པ་ནི། ཞེས་པ་དེ། བླ་མ་བརྒྱུད་པའི་རིམ་པ་བསྟན་པ་ནི། ཞེས་ཞབས་ཀྱུ་དགོས་པ་མ་ཡིན་ནམ། ཞེས་སོ།
༡༠༣༽ BONPO མཆོག་ནས་བཀོད་པའི་གཤམ་གྱི་རྣམ་གཞག་དེ་བོད་དུ་གསོ་བ་རིག་པ་འབྱུང་ཚུལ་ཤེས་པ་ལ་མཁས་པའི་རྩོམ་དུ་མཆིས། སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ གི་ཆུ་ཚོད་ ༣ སྐར་མ་ ༣༦
༄༅།། གསོ་རིག་འབུམ་བཞི་དང་རྒྱུད་བཞི་ཕན་ཚུན་གོ་བསྡུར་ནས་དཔྱད་པ། རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།
ཚིག་སྦྱོར་ཕུན་སུམ་ཚོགས་པར་བྲིས་ཀྱང་ཁ་སྐད་ཀྱི་ཤན་ནམ་ལྷད་ཞུགས་ཏེ། མ་ཟད་ཅེས་པའི་སྒྲ་སྦྱོར་ཚུལ་ལ་བོད་སྤྱིའི་སྐད་དང་འགལ་བར་མ་ཟད་ལ་དོན་ར་ཡིག་དོར་བ་ལ་རང་ཚིག་གིས་འགལ་བ་མཐོང་སྟེ། དཔེར་ན། ༼རྩོམ་པ་པོ་མིན་པ་མ་ཟད། ཅེས་དང་། སུས་ཀྱང་ཤེས་པར་མ་ཟད།༽ ཅེས་བྲིས་པ་ལྟ་བུའོ།
༡༡༤༽ མཆན་ཡིག་ན། སློབ་དཔོན་ལེགས་བཤད་ཀྱིས་བཀོད་པའི་ཞལ་གསུང་བྱིན་རླབས་བཀའ་རྣམས་ཤེས་པ་ལ་ཚིག་ཉུང་དོན་གསལ་བ་དེ། བདག་ལྟ་བུ་མ་ཤེས་པ་ལ་ཤེས་འདོད་རྣམས་ཀྱིས་ཡང་དང་ཡང་དུ་དོན་གཉེར་གྱིས་བཀླག་པར་བྱའོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། སྤྱིར་ཁྱོད་ཀྱི་བོད་ཡིག་གནས་སྟངས་ཧ་ཅང་སྐྱོ་དྲག་པས། ཡིག་ནོར་མང་བ་དང་། ཚིག་གྲུབ་ཀྱི་གོ་དོན་རང་གིས་མ་གཏོགས་གཞན་གྱིས་ཤེས་ཐུབ་ཀྱི་མེད་པ། བདག་གི་རིགས་པ་ལ་ལན་མི་སྨྲ་བ། རང་གི་སྐྱོན་ངོས་ལེན་བྱེད་ཀྱི་མེད་པ། བཀའ་བསྟན་ཐེངས་མང་ཀློག་པའི་སློང་མོ་བ་བཅས་ཡིན་པའི་རྐྱེན་ཀྱིས་ཁྱེད་ལ་ལན་འདེབས་འདོད་མེད་པ་དང་འདིར་སློབ་ཁྲིད་བྱེད་འདོད་མེད། ཁྱོད་ལ་དགག་སྒྲུབ་ཀྱི་རིགས་པ་ཡོད་ན་འཕེན་པར་མཛོད་ཅིག
རིགས་པའི་གཤོག་རྩལ་ངོམ་པའི་བྱ་ཁྱུང་ཞིག །
ཤེས་བྱའི་པད་མོའི་དོ་ར་འགྲིམ་པའི་ཚེ། །
དམུས་ལོང་འུག་པའི་བརྟུལ་ཞུགས་འཛིན་པ་འདིས། །
ཕྲག་དོག་དུག་གིས་འགྲན་འདི་ཡིད་རེ་མུག །
བསྡུ་བ་པོ་དང་བསྡུས་བ་པོ་གཉིས་ཀ་ནོར་འདུག སྡུད་པ་པོ་ཞེས་འབྲི་དགོས་འཚོ་སྐྱིད་ལགས། དེ་བཞིན་ལྷ་ས་བ་དང་སེ་ར་བ་ནོར་བས། ལྷ་ས་པ་དང་སེ་ར་པ་ཞེས་འབྲི་དགོས་པ་རྩ་བ་རང་ལ་གསལ་སྟོན་གནང་ཡོད།
ཀརྡོ་གཉེར་ཕྱག་པ་ལགས། ཁྱོད་ཀྱིས་ནོར་འདུག་ཅེས་པས་ནོར་ཐུབ་ཀྱི་མ་རེད། ངའི་རང་ལུགས་ནི། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། ། ཞེས་པ་ཡིན་པས། ཁྱེད་ཀྱིས་དེ་མི་འདོད་ན། རྒྱུ་མཚན་ལྡན་པའི་སྒོ་ནས་ངའི་རང་ལུགས་དེ་དགག་དགོས་པ་ཡིན།
ངའི་རང་ལུགས་ནི། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། ། ཟེར་ན།
རྐང་པ། དགའ་པོ། དཀར་པོ། དམར་པོ། ཤར་པ། སེར་པོ། སྐུལ་བ་པོ། མཛད་པ་པོ། འདི་ཚང་མ་ཁྱེད་རང་གི་ཡུལ་སྐད་དང་མི་མཐུནད་ཀྱང་ནོར་བ་ཨ་ཡིན་ནམ། ལགས། དཀར་འཚོ་སྐྱིད་ལགས།
ཀརྡོ་གཉེར་ཕྱག་པ་ལགས། ངའི་རང་ལུགས་ནི། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། ། ཡིན། དེར་བརྟེན། རྐང་པ། དགའ་པོ། དཀར་པོ། དམར་པོ། ཤར་པ། སེར་པོ། སྐུལ་བ་པོ། མཛད་པ་པོ། འདི་ཚང་མ་ངའི་རང་ལུགས་ཀྱི་ཐོན་མིའི་དགོངས་དོན་དང་མི་མཐུན་པས་ནོར་བ་རེད།
དཀར་མཚོ་སྐྱིདལེགས་སོ།
དེ་དེ་བཞིན་ནོ། ཇི་སྐད་དུ་ས་པཎ་གྱིས།
སྐྱེ་བོ་ངན་པ་རང་གི་སྐྱོན།
གང་ཡིན་གཞན་ལ་འགོད་པར་བྱེད།
ཁ་ཏྭས་མི་གཙང་ཟོས་པའི་མཆུ།
ས་གཙང་གཞན་ལ་རྦད་ནས་འཕྱིད།
ཁྱོད་ཟེར་བ་བདེན། འདི་ལྟ་བུའི་མཚན་ཉིད་དེ་ང་ལ་ཚང་། བདེན བདེན། བདེན། ངས་བདག་འཛིན་གྱི་འགོང་པོ་འདི་བཏུལ་དགོས་པ་ཡོད། གཞན་ཡང་སློབ་དཔོན་དབྱུག་པ་ཅན་གྱིས།
སྐྱེ་བོ་བསྟན་བཅོས་མི་ཤེས་པས།
ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ།
གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས།
ལོང་བ་དག་ལ་ཡོད་དམ་ཅི།།
ཞེས་པ་དེ་རྒྱ་བོད་གཉིས་ཀའི་ཚིག་བཅད་རྣམས་བློ་ལ་བཟུང་སྟེ། བདག་རང་གི་མི་ཤེས་་པ་སེལ་དགོས་པ་ཡིན། མི་ཤེས་པ་བསལ་བ་ན།
ཀ་རྡོ་འཇམ་དཔལ་ལྷག་བསམ་མཁའ་དབྱིངས་ལ།
རང་རློམ་གཟོ་ལུམ་ཅན་གྱི་ཁྱུང་རྫུས་ཞིག
འཕུར་བར་འདོད་ཀྱང་རང་རིག་གཤོག་པ་ཆག
ཕྱོགས་ལྷུང་གཅོང་རོང་གཏིང་ལ་ལྷུང་ལ་བྱམས།།
ཞེས་སོ།།
དཀར་མཚོ་སྐྱིད། མོ་རེ།
ས་དེ་ལ་ག་འདྲ་བྱས་ནས་པ་ཐོབ་པ་རེད། དགོས་བ། ཆོས་བ། ཤེས་བ། མོས་བ། རུས་བ། མཁས་བ། འདི་ཨམ་སྐད་རེད། ཨ་གསལ་བཤད་ཅིག་གནང་དང་། མ་རེད་ནེ།
རང་མཐོང་མུན་པས་བཏུམས་པའི་སྐྱེས་བུ་འགས།།
ཡང་དག་བདེན་པའི་གནས་ལས་རྒྱབ་ཕྱོགས་ཤིང་།།
རང་སྐྱོན་འགེབས་པར་བརྩོན་པའི་བྱ་བཞག་དེར།།
བློ་ལྡན་རྣམས་ནི་བཞད་པའི་གནས་སུ་གྱུར།།
ལ་དྭགས་བླ་མའི་མཁྱེན་པའི་ཆུ་གཏེར་ལ།།
ཐོས་ཆུང་རྨོངས་པས་འདོམ་གྱིས་འཇལ་བ་འདི།།
བྱིས་པའི་ཚོགས་ལ་མཛའ་བར་གྱུར་མོད་ཀྱི།།
བློ་ལྡན་སྐྱེས་བུའི་མདུན་ན་ཁྲེལ་བའི་རྒྱུ།།
གནམ་ལགས། ང་ཚོས་འདིར་རྩོད་བཞིན་པ་ནི་སློབ་དཔོན་ཐོན་མིའི་དགོངས་དོན་གྱི་པ་བ་གཉིས་ཀྱི་ཐོབ་ཐང་དང་གོ་དོན་ཡིན་པ་ལས་མདོ་དབུས་ཁམས་གསུམ་གྱི་ལུང་སྐད་རྩོད་ཀྱི་མེད་པ་དང་། ལྷག་པར་དུ་ཨ་མདོའི་ཁ་སྐད་རྩོད་ཀྱི་མེད། ཨ་མདོ་ཁ་སྐད་དང་ཡིག་སྐད་གཉིས་རྩ་བ་ནས་འདྲ་ཡི་མ་རེད། དཔེར་ན། ཨ་མདོའི་ཁ་སྐད་དུ་མི་ལ་མྱི་དང་། འགྲོ་ལ་འགྱོ། གྲི་ལ་གྱི། མེ་ལ་མྱེ་ལ་སོགས་བརྡ་རྙིང་དག་བེད་སྤྱོད་བྱེད་ཀྱི་ཡོད་པ་འདི་ནི་སློབ་དཔོན་ཐོན་མིའི་རང་སྐད་དངོས་ཡིན། དེ་དག་སྐད་གསར་བཅད་ཀྱི་རྗེས་སུ་ཡིག་ཐོག་ཏུ་བེད་སྤྱོད་བྱེད་ཀྱི་མེད་པའི་གནད་དེ་གོ་བར་གྱིས།
རིགས་པའི་ལམ་ནས་བསྟན་པའི་དངོས་དོན་ལ། །
རིགས་པས་དཔྱོད་པའི་བློ་མིག་མི་ལྡན་ཞིང་། །
རིགས་པས་གཏན་ལ་ཕབ་པའི་རིག་གཞུང་ལ། །
རིགས་པ་མེད་པར་སྨྲ་བ་འདི་བླུན་ནོ། །
རང་གི་འཁྲུལ་བ་རང་གིས་མི་རྟོགས་ཤིང།།
རང་གི་གཤིས་ཀ་རང་གིས་མི་ཤེས་པས།།
རང་རང་ཚད་མར་འཛིན་པའི་ཀུན་རྟོག་གིས།།
རང་བློར་འཆར་བའི་དོན་རེ་ཤུགས་ཀྱིས་གླེང།།
བརྡ་ཕྲིན་དུས་སུ་གྲགས་པའི་འཇིག་རྟེན་འདིར།།
རང་རང་ཁ་ཕོ་གསོ་བར་མཁས་པ་ལས།།
དྲ་བའི་ལམ་ལ་དུང་བའི་འཚོ་བྱེད་ནི།།
དཀར་མཚོ་སྐྱིད་ལས་གཞན་པ་སུ་ཞིག་མཆིས།།
དཀར་མཚོ་སྐྱིད་ལགས། སློབ་དཔོན་ཐོན་མིའི་དགོངས་པ་ལྟར་ན་བདག་སྒྲ་པ་བ་གཉིས་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། ཁོ་བོས་ནི་སློབ་དཔོན་ཐོན་མིའི་དགོངས་པ་ཇི་ཡིན་མི་ཤེས་ཀྱང་། སློན་དཔོན་གྱི་དགོངས་པ་འགྲེལ་བྱེད་ཀྱི་མཁན་པོ་ཕྱོགས་གཉིས་ཡོད་པར་སྣང་སྟེ། དེ་ཡང་སི་ཏུ་དང་དེའི་རྗེས་འཇུག་རྣམས་ཀྱིས་སློབ་དཔོན་ཐོན་མིའི་དགོངས་པ་ལ་བདག་སྒྲ་པ་པོ་གཉིས་ཡིན་པར་བཞེད། དེ་ཡང་ཐོན་མིས་སུམ་ཅུ་པར་མིང་གང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་གསུངས་པའི་པུ་ལིངྒ་ཞེས་པ་པུ་རུ་ཥ་དང་ལིངྒ་ཞེས་པའི་སྒྲ་མཚམས་སྦྱོར་བྱས་ཏེ་པུ་ལིངྒ་ཞེས་པའི་སྒྲར་གྲུབ་པ་དང་། དེའི་དོན་ནི་ཕོ་རྟགས་ཞེས་པའི་དོན་དུ་བཀྲལ་ཏེ། ཕོ་རྟགས་ནི་བོད་སྐད་དུ་ཡོངས་སུ་གྲགས་པ་དང་མཐུན་པར་ཕོ་མཚོན་བྱེད་ཀྱི་ཡི་གེ་པ་པོ་ལ་ངོས་འཛིན་པར་མཛད་དོ། །དེ་ནས་ཞ་ལུ་ལོ་ཙཱ་སོགས་ཀྱིས་ནི་པུ་ལིངྒ་ཞེས་པ་སྒྲ་ཀ་ལ་པའི་ལུང་ལ་བརྟེན་ནས་པ་སྡེ་ལ་ངོས་འཛིན་མཛད་ཅིང་། བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་བཞི་བཞེད་པར་སྣང་ངོ་། །
ཚིགས་བཅད་འདིར་བརྡོ་སྤྲོད་སྦྱོར་ཚུལ་གྱིས་གཅིག་དང་། ལ་དོན་མི་འདྲ་བ་བཀོད་དེ། ཞུས་དག་བྱས་སོ།
ཀ་རྡོ་འཇམ་དཔལ་ལྷག་བསམ་མཁའ་དབྱིངས་ལ།
རང་རློམ་གཟོ་ལུམ་ཅན་གྱི་ཁྱུང་རྫུས་ཤིག
འཕུར་བར་འདོད་ཀྱང་རང་རིག་གཤོག་པ་ཆག
ཕྱོགས་ལྷུང་གཅོང་རོང་གཏིང་དུ་ལྷུང་ལ་བྱམས།།
༡༢༧༽ དཀར་མཚོ་སྐྱིད་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༧ གི་ཆུ་ཚོད་ ༩ སྐར་མ་ ༡༨
རིགས་པའི་ལམ་ནས་བསྟན་པའི་དངོས་དོན་ལ། །
རིགས་པས་དཔྱོད་པའི་བློ་མིག་མི་ལྡན་ཞིང་། །
རིགས་པས་གཏན་ལ་ཕབ་པའི་རིག་གཞུང་ལ། །
རིགས་པ་མེད་པར་སྨྲ་བ་འདི་བླུན་ནོ། །
ཞེས་པའི་ལན་དུ།
དཀར་མོའི་མཚོ་ནང་སྐྱིད་པོར་བསྐྱལ་འདོད་མཁན། །
རིགས་པའི་ལམ་ལ་གནས་པའི་དངོས་དོན་ལ། །
རིགས་དཔྱོད་སློབ་པའི་དགེ་རྒན་མི་ལྡན་ཞིང་། །
རིགས་པས་གཏན་ལ་ཕབ་པའི་ལམ་སྟོན་ལ། །
རིགས་པ་མེད་པར་སྨྲ་འདོད་འདོད་རྔམས་ཅན། །
ཕོ་མིན་མོ་མིན་དཀར་ནག་མཚོ་སྐྱིད་ལགས། ། ཧ་ཧ་ཀུ་རེ་ཡིན་ནོ་མཚོ་སྐྱིད་ལགས། །
ས་སྐྱའི་གླེགས་བམ་པོད་གཉིས་པའི་ནང་ས་སྐྱའི་མཁས་པས་མཛད་པའི་སུམ་རྟགས་དག་གསུམ་དང་རིག་གནས་བརྡ་སྤྲོད་སྐོར་བཞུགས་འདུག །མཛད་བྱང་ཞིག་ཏུ་ས་པཎ་གྱིས་མཛད་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་ཞེས་པ་འདུག་ཀྱང་མཇུག་བྱང་དུ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། །ཞེས་གསལ་བས་སུམ་རྟགས་མཛད་པ་པོ་ས་པཎ་མིན་པ་གསལ་བོ་རེད། གཞུང་དེའི་བར་བར་དུ་མཆན་འགྲེལ་དང་དཔེར་བརྗོད་ཅི་རིགས་མཛད་པ་ཞིག་འདུག་པ་དེ་ནི་ས་པཎ་གྱི་ཡིན་པར་ངེས།
ལགས་སོ། དཀར་མཚོ་སྐྱིད། ཁྱེད་ཚོས་དེ་འདྲའི་དགོས་མེད་རྐྱང་བརྩད་ནས་བསྡད་ཡོད་ན། ང་ནི་དེ་ལ་ཇུས་གཏོགས་དང་མགོ་ཚོས་མ་ཚོས་བྱེད་དུ་མི་ཡོང་ཁོ་ཐག་ཡིན། བདེན་དཀར་དཀར།
སློབ་དཔོན་ལེགས་བཤད། ལེགས་སོ། བློ་བསྐྱེད་འབྱུང་བ་ལ་ཕན། ས་སྐྱ་བཀའ་འབུམ་པོད་བཅོ་ལྔ་ཉི་ཤུ་ཙམ་ཡོད་པ་ཉི་ཧོང་སྟེ། རི་པོང་དུ་སྤར་པ་དང་། ཕྱིས་བོད་ནས་འཐོན་པའི་ས་པཎ་གསུང་འབུམ་ན། སྨྲ་སྒོའི་ས་བཅད་དང་། ཚིག་གཏེར། བྱིས་པ་བདེ་བླག་ཏུ་འཇུག་པའི་བོད་ཀྱི་ཡི་གེ་བཀླག་ཐབས་ཀྱི་འགྲེལ་པ། ཡི་གེ་སྦྱོར་བ་སོགས་བརྡ་སྤྲོད་ཀྱི་སྐོར་ཁ་ཤས་གསུངས་པ་བཀླགས་ཀྱང་། །༼མཛད་བྱང་ཞིག་ཏུ་ས་པཎ་གྱིས་མཛད་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་ཞེས་པ་འདུག་ཀྱང་མཇུག་བྱང་དུ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། །༽ཞེས་པ་མི་སྣང་དུ་མ་བྱུང་། སུམ་རྟགས་མཛད་པ་པོ་ས་པཎ་མ་ཡིན་ཀྱང་། དེ་དག་ན་ཡོད་པའི་ཚིགས་བཅད་བརྒྱ་ཆ། བརྒྱད་ཅུ་ནས་དགུ་བར་དུ། ས་པཎ་གྱི་ཡི་གེ་སྦྱོར་བ་ན་ཡོད་པ་དང་། བསྟནབཅོས་ཀྱི་རྗོད་བྱེད་ཚིག་ལ་ཡང་བརྟག་དཔྱད་བྱས་ཏེ། ལོ་རྒྱུས་ལ་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་། སུམ་རྟགས་གཉིས། བོད་ཡུལ་དུ་ཡི་གེའི་སྲོལ་གཏོད་པ་པོ་མཁས་མཆོག་བོད་བཟང་པོ་སྟེ། སཾབྷོ་ཊ་མཚན་ཁྱེར་ནས། རག་ལ་གསེར་གྱི་མིང་བཏགས་ཞེས་ཚིགས་བཅད་ཅིག་ཡོད་ཀྱང་། ཇི་ལྟ་བ་བཞིན་མི་དྲན། རང་ཅག་རྣམས་ཀྱིས་ཀྱང་། ད་དུང་་འཚོལ་སྒྲུབ་བསམ་གཞིགས་ལ་བརྩོན་དགོས་སོ།།
སཾབྷོ་ཊའི་མཚན་ཁྱེར་ནས། ཞུས་དག་བྱས་སོ།
ཞེས་པ་མི་སྣང་དུ་མ་བྱུང་། འདི་ལ་མི་ལ་རྗེས་འཇག་ག་ཆད་པ་དེ། ཡང་སྐྱར་བྲིས་ཏེ། མིག་སྣང་དུ་མ་བྱུང་། ཞེས་བཅོས་སོ།།