བསྟན་འཛིན་རབ་དགའ།
༼སྐད་འཕྲིན་ཚོགས་པ་ཞིག་ཏུ་རྩོད་གླེང་གི་སྙིང་པོ་བསྡུས་པ༽
ང་རང་བོད་ཀྱི་དུས་བབ་ཚགས་པར་སྐྱེས་པ་ནས་དེ་རིང་བར་གྱི་ཀློག་པ་པོ་ཞིག་ཡིན། དང་པོ་ཤོག་ངོས་ནས་བོད་ཀྱི་དུས་བབ་བཀླགས་པ་རེད། དེ་ནས་རིམ་པས་ཤོག་ངོས་ཀྱི་ཡི་གེ་དང་གློག་རྡུལ་གྱི་ཡི་གེ་གཉིས་ཀ་ཀློག་རྒྱུ་ཡོད་པ་ཞིག་ཆགས་སོང་། ལོ་ངོ་ཉི་ཤུ་ཡི་དུས་ཚོད་ནང་ལ། བོད་ཀྱི་དུས་བབ་ཀྱིས་དབྱར་དགུན་མང་པོ་ཞིག་བརྗེས་ཡོད། ལོ་བཅུ་འཁོར་བའི་མཚམས་དེར་དུས་དྲན་ཞིག་བྱས་སོང་།
གངས་སྐྱིད་ཀྱི་སྤྱི་ཐབ་ཐོག་ཁ་ནས་བྱས་སོང་། དེ་དུས། དུས་བབ་ཀྱི་འདོན་ཐེངས་དམིགས་བསལ་བ་ཞིག་ཀྱང་བཏོན་སོང་། དེ་ནི་མི་ལོ་བཅུའི་ལམ་ཚད་ལ་ཕྱོགས་བསྡོམས་ཐེངས་ཤིག་ཡིན་ངེས། དུས་དྲན་དེའི་སྔ་རྗེས་སུ། རྩོམ་པ་པོ་ཁ་ཤས་ཀྱིས་དུས་བབ་ལ་བསྟོད་པ་རྫུན་མའང་བྱས་ཡོད། དེརཡ་མཚན་པོ་ཅུང་བྱུང་།
དུས་དྲན་དེའི་རྗེས་སུ། ངས་ཀློག་མཁན་མང་པོ་ཞིག་གི་ལྟ་སྟངས་ལ་དོ་སྣང་བྱས་པ་ཡིན། རྒན་རབས་པ་མང་པོས་ཚིག་སྦྱོར་གྱི་འགྲོས་འཁྱོར་སོང་། བོད་སྐད་ཀྱི་ཁྱད་ཆོས་མི་འདུག ཚིག་གྲུབ་རེ་ཤས་ནི་གོ་ཐུབ་ཀྱི་མི་འདུག རྩེད་མོ་རྩེས་ཀྱི་ཡོད་པ་འདྲ་པོ་འདུག ཅེས་སོགས་ཟེར། ཡང་རེ་འགས་ནི། དུས་བབ་ནི་ཡིག་ནོར་ཐོན་སྐྱེད་དང་འགྲེམས་སྤེལ་གྱི་བཟོ་གྲྭ་ཆགས་སོང་ཟེར། ད་དུང་གངས་སྐྱིད་ཀྱི་གནས་ཆུང་ཟ་ཁང་གི་ལྗོན་པ་ཆེན་པོའི་འོག་ན་ཇ་འཐུང་ནས་ཁ་བརྡ་གློད་མཁན་ཚོར་ཉན་པ་ཡིན་ན། ཡིག་ནོར་མེད་པའི་དུས་བབ་ཅིག་ཀློག་རྒྱུ་ཡོད་པར་བསམ་མྱོང་མེད་ལ་རྨི་ལམ་ལའང་དེ་འདྲའི་རེ་བ་མེད་སོགས་ཟེར། འདི་ཚང་མ་ངས་ཉན་མི་འདོད་པ་རྐྱང་རེད། དེ་བས་ངས། དེ་དག་ལ། བོད་ཀྱི་དུས་བབ་གླེང་ན་དགའ་བསུ་ཡོད། དུས་བབ་ཀྱི་ཡིག་ནོར་གླེང་ན་དགའ་བསུ་མེད་ཅེས་བཤད་དང་ཤོད་ཀྱིན་ཡོད།
ངས། བོད་ཀྱི་དུས་བབ་ནི་བརྡ་སྤྲོད་དགེ་རྒན་མ་རེད། དེ་ཚགས་པར་ཞིག་རེད། གསར་ཤོག་ཅིག་རེད། གནས་ཚུལ་མཁོ་སྤྲོད་ཙམ་རེད། གནས་ཚུལ་བཤུ་སྒྲིག་བྱེད་པ་ཙམ་རེད་ཅེས་ལབ་ནས་ངར་ངར་བྱེད་མ་ཤེས་པ་མིན། དེ་ལྟར་ལབ་ན། ཁོང་ཚོས་འདི་ལྟར་ཟེར་ངེས་པ་སྟེ། ཡི་གེ་དག་པ་ཞིག་དགོས་པ་རེད། མ་དག་ཡི་གེ་བྲིས་པས་བརྡ་དེ་ཡང་ཏག་ཏག་འཕྲོད་ཀྱི་མ་རེད་སོགས་ཆུ་བྱོ་བ་བཞིན་ལབ་ཡོང་ན། ངས་ཁོང་ཚོར་ལན་ཅི་ཞིག་སྟེར་དགོས། ང་དུས་བབ་ལ་དགའ་དྲགས་ནས། ང་དུས་བབ་ལ་ཞེན་ཁོག་ཆེ་དྲགས་ནས། ངས། བོད་ཀྱི་དུས་བབ་གླེང་ན་དགའ་བསུ་ཡོད། དུས་བབ་ཀྱི་ཡིག་ནོར་གླེང་ན་དགའ་བསུ་མེད་ཅེས་ཁེར་བཤད་ཀྱང་བྱེད་ཀྱིན་ཡོད།
ལོ་ལྔའི་གོང་ནས། ངས་བོད་ཀྱི་དུས་བབ་ཚགས་པར་མཐོང་མ་མྱོང་། དྲ་ངོས་ཁོ་ན་ནས་བོད་ཀྱི་དུས་བབ་བཀླགས་པ་ཡིན། ཚགས་ཤོག་ཀློག་མཁན་གྱི་དགེ་གྲོགས་འགའ་ཡོད་པ་ཁོང་ཚོས་ཤོད་སྟངས་བྱས་ན། ཡིག་ནོར་སྔར་ལས་ཇེ་མང་ལ་བཏང་འདུག འདི་དུས་བབ་ཀྱི་འགྱུར་བ་ཞིག་རེད། གཅིག་ཐང་ན། འཕེལ་རྒྱས་ཤིག་ཀྱང་རེད་ཟེར་དགོས་མེད་འགྲོ་ཞེས་འཕྱ་བར་འདུག དུས་བབ་ཀྱི་འཕེལ་རྒྱས་ནི་ཡིག་ནོར་གྱི་འཕེལ་རྒྱས་ཤིག་རེད་ལབ་ན། དེ་ནི་ཏག་ཏག་ཅིག་ཨེ་ཡིན་མི་ཤེས། གང་ལྟར་སྐད་ཆ་འདི་ང་ལ་མཚོན་ན། སྐད་ཆ་སྙན་མོ་ཞིག་རྩ་བ་ནས་མ་རེད།
ང་ལ་བསམ་ཚུལ་འདི་སྟེ། བོད་ཀྱི་དུས་བབ་གླེང་ན་དགའ་བསུ་ཡོད། དུས་བབ་ཀྱི་ཡིག་ནོར་གླེང་ན་དགའ་བསུ་མེད་ཅེས་བཤད་དང་ཤོད་ཀྱིན་ཡོད་པ་འདི་ཇི་ལྟར་སྐྱེས་སམ་ཞེས་འདྲི་བར་འདོད་མཁན་དག་ལ་ཞུ་བྱ་འདི་ལྟར་ཡོད། ཏག་ཏག་རེད། དེ་ཡང་ལོ་ངོ་མང་པོིའི་གོང་ལ་རེད། གླ་ཡོད་གསལ་བསྒྲགས་ཤིག་གི་ཆེད་དུ། དུས་བབ་གསར་ཁང་ལ་བཅར་ནས་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་མོལ་མཆིད་ཞུས་ཏེ་བསྡད། སྐབས་དེར་ལས་ཁུངས་དག་ལའང་མིག་གཡེང་ཙམ་བྱ་རྒྱུ་བྱུང་། ཅོག་ཙེ་རེ་རེའི་སྟེང་ན་བོད་ཡིག་གི་དག་ཡིག་རེ་འདུག་པ་ཞིག་མཇལ། དེར་དགའ་ཡང་དགའ་སོང་། ཡིན་ནའང་། དེས་ཅི་གང་ཕན་གྱི་ཡོད་སྣང་མ་སྐྱེས། གང་ལ་ཟེར་ན། ངས་གླ་ཡོད་གསལ་བསྒྲགས་དེ་ཤོག་ངོས་ནས་སྤྲད་པ་ཡིན། ཁོང་ཚོས་གཏགས་ནས་ཚགས་ཤོག་ངོས་ལ་སྤེལ་སླེབས་དུས། ཡིག་ཕྲེང་བཅོ་ལྔ་དང་ཡིག་གྲངས་བཞི་བརྒྱར་ཉེ་བ་དེའི་ནང་ཡིག་ནོར་བཅུ་གྲངས་ཤིག་བཏང་འདུག དེ་ནི་ཤོག་ངོས་ནས་ཕབ་བཤུ་ཙམ་གྱི་བར་ནས་བྱུང་བ་རེད། དེ་ནས་ང་ལ་ཚོར་བ་ཞིག་བྱུང་བ་ནི། དུས་བབ་ཀྱིས་བཤུས་ནས་ནོར་གྱི་ཡོད་ན། གསར་རྩོམ་ལ་ནི་དེ་བས་ཁག་ཡོད་པ་མ་རེད་བསམ་པ་འདི་བྱུང་། དེ་ནས་བཟུང་ངས་དུས་བབ་ཀྱི་ཡིག་ནོར་ལ་བསམ་བློ་གང་ཡང་གཏོང་གིན་མེད། ཚིག་པའང་ཟ་ཡི་མེད། དེ་ནི་དུས་བབ་ཀྱིས་འཇོན་པའི་ལས་ཀ་ཞིག་མ་རེད། འཇོན་འགྲོ་བའི་དུས་ཤིག་ཧ་ལམ་ཡོང་མི་སྲིད་པ་རེད། ངས་ལྟ་སྟངས་འདི་བཟུང་ནས་དུས་བབ་ཀློག་གིན་ཡོད། མཚམས་རེར། དུས་བབ་ཀྱི་ཡིག་ནོར་གླེང་མཁན་ཚོར་རྩོད་གླེང་ཡང་བྱེད་ཀྱིན་ཡོད། ཡིན་ནའང་། བོད་ཀྱི་དུས་བབ་གླེང་ན་དགའ་བསུ་ཡོད། དུས་བབ་ཀྱི་ཡིག་ནོར་གླེང་ན་དགའ་བསུ་མེད་ཅེས་ངས་ད་དུང་ཡང་བཤད་དང་ཤོད་ཀྱིན་ཡོད།
ངའི་བསམ་སྟངས་འདི་འགྲིག་གི་ཡོད་མེད་མི་ཤེས། ལྐུགས་པའི་ཞེན་ཁོག་ཡིན་ཡང་སྲིད། ཡིན་ནའང་། ད་ལྟའི་བོད་ཀྱི་དུས་བབ། ད་ལྟའི་ལས་བྱེད། ད་ལྟའི་གསར་འགོད་པ་གང་ལ་རྩིས་དེད་ནའང་། ཡིག་ནོར་མེད་པ་ཞིག་གི་རེ་བ་བྱ་ས་མི་འདུག ཐོག་མའི་མི་ལོ་བཅུ་དེར་རེ་བ་ཨེན་ཙམ་བྱུང་། ཡིན་ནའང་། དེ་ཡང་རིམ་པས་ཕམ་ཉེས་ཕྱིན་སོང་། བརྒྱ་བཤད་སྟོང་ལ་བཤད་ཀྱང་། ཡོས་ལ་བབས་པའི་རྩམ་པ་འདི་རེད།
དེ་རིང་བོད་ཀྱི་དུས་བབ་ཀྱིས་གནས་མཆོག་རྡོ་རྗེ་གདན་ན། མི་ཚོགས་འབུམ་གཉིས་མ་ཟིན་ཙམ་གྱི་ཀློང་ན། ག་ལེར་ཡིག་ནོར་གྱི་ཐང་མ་བརྡལ་བཞིན་ཡོད་ནའང་། གནས་ཚུལ་ཤིག་སྤེལ་གྱིན་ཡོད་པ་འདི། བཀའ་དྲིན་ཆེན་པོ་རེད་བསམ་དགོས། བོད་ཀྱི་དུས་བབ་གླེང་ན་དགའ་བསུ་ཡོད། དུས་བབ་ཀྱི་ཡིག་ནོར་གླེང་ན་དགའ་བསུ་མེད། འདི་ངའི་ལྟ་སྟངས་ཡིན། ཀློག་མཁན་ཁྱེད་རང་ལ་ལྟ་སྟངས་ཅི་ཡོད།
དུས་བབ་མཁས་པའི་ཡིག་ནོར། གསར་འགོད་པའི་ཡིག་ནོར། ཡིག་མཁན་གྱི་ཡིག་ནོར། བོད་ཡིག་ཚགས་པར་གྱི་བོད་ཡིག་ཡིག་ནོར། ཡིག་ནོར་མེད་ན། མིང་དང་གླ་ཆ་མི་རག་པའི་ཚོད་དུ་འདུག ཧ་ཧ།། །།
དུས་བབ་ཀྱིས་ནི་བོད་ཕྱི་ནང་གི་གནས་ཚུལ་རྣམས་དུས་ལྟར་བོད་རང་གི་སྐད་ཡིག་ཐོག་ཏུ་སྤེལ་བ་དང་། དེ་ལ་བརྟེན་ནས་བོད་མི་མང་པོའི་དོ་སྣང་བྱ་ས་གཙོ་བོ་ཞིག་ཏུ་གྱུར་པ་བདེན་པ་ཡིན། དུས་མཚུངས་སུ་རང་དབང་ལུང་པར་བསྙད་པའི་ཁོར་ཡུག་ཅིག་ནས་བོད་ཀྱི་སྐད་ཡིག་དེ་ཉིད་མཐོ་རིམ་ལས་སྣེ་ཚོ་གཙོས་པའི་བོད་པ་རང་གིས་དམར་གསོད་གཏོང་བཞིན་པ་ལ་བརྟེན་ནས། དུས་བབ་ཀྱིས་ནི་ཛ་དྲག་གི་དགོས་མཁོ་ཞིག་དང་བསྟུན་ཏེ་ཉག་ཕྲ་བའི་བོད་ཡིག་གི་ཚེ་སྲོག་སྲུང་སྐྱོབ་ཐད་ལ་འ་ཆད་འུ་ཐུག་ངང་ནུས་པ་བླ་ལྷག་ཅིག་བཏོན་ཡོད་པ་ཡང་བདེན་པ་ཡིན།
སྤྱིར་གྱི་ཡིག་ནོར་ཙམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་། བོད་མི་མང་སྤྱི་འཐུས་ཀྱི་དྲ་ཚིགས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག བོད་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་སོགས་ཚང་མར་འདྲ་མཉམ་དུ་ཡོད་པའི་ནད་ཡམས་ཞིག་རེད།
ཡིན་ནའང་། ནད་ཡམས་དེ་འདྲ་ཡོད་པ་ཤེས་བཞིན་དུའང་གཏན་འགོག་གི་ཐབས་ལམ་ནན་གྱིས་མི་བསྟེན་པར། དེ་ལ་སྣང་ཆུང་ངང་རྒྱུན་འབྱམས་སུ་བཞག་ན་གནོད་སྐྱོན་ཆེ་བ་ཡོད་པའང་བདེན་དོན་འབའ་ཞིག་ཏུ་འཁུམས།
ཨིན་ཡིག་དང་རྒྱ་ཡིག་སོགས་ལ་ཡིག་ནོར་ཤོར་མི་ཆོག་པའམ་ཧ་ཅང་ཉུང་བ་དེ་བཞིན། བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཞིག་གི་ངོས་ནས་ཡིག་ནོར་ཉུང་ཐབས་ཡོང་བར་འབད་དགོས་པ་དེའང་ཁ་ཚ་དགོས་གཏུག་ཅིག་རེད།
གང་ལྟར་དུས་བབ་ཀྱིས་བོད་ཡིག་སྲུང་སྐྱོབ་ཐད་ལ་ནུས་པ་ཆེན་པོ་བཏོན་ཡོད་པར་ཐུགས་རྗེ་ཆེ་ཞུ་དང་རྗེས་སུ་ཡི་རངས་ཡོད།
གལ་ཏེ་འདིར་གཞུང་སྒེར་གྱི་ཡིག་ཆ་ཡིག་ནོར་ཤོར་མེད་ས་ཞིག་བསྟན་དགོས་བྱུང་ཚེ། ཧ་ཅང་བསྟན་ཁག་པོ་ཡོད། དེས་ག་རེ་མཚོན་ཞེ་ན། ཡིག་ནོར་མི་ཤོར་བ་དེ་ལས་སླ་བོ་ཞིག་མེད་པའི་རྟགས་རེད། སོང་ཙང་། བོད་ཀྱི་དུས་བབ་ལ་ཁག་མེད། དུས་བབ། ཁ་བརྡ། བང་ཆེན་དག་བོད་ཡིག་གི་གསར་འགྱུར་ཡག་ཤོས་ཚོ་རེད་ཟེར་ཆོག ཁོ་ཚོ་སྐུ་ཚེ་བརྟན་པའི་ཆེད་དུ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་གལ་ཆེ་ཡི། རྟག་ཏུ་སྐྱོན་བརྗོད་བྱས་བསྡད་ན་ཕན་ལས་གནོད་ཆེ་སྙམ་མོ།།
བསྟན་འཛིན་རབ་དགའ་ཟེར་བ་དང་བསྟན་འཛིན་རབ་རྒྱས་ཟེར་བ། བསྟན་འཛིན་མ་ཡིན་པར་བསྟན་འཛིན་གྱི་མིང་འོག་ནས་ཡོང་མཁན་དུས་བབ་ཀྱི་ཉེ་འཁོར་དང་ཉེན་འབྲེལ་མང་པོ་ཞིག་གིས་དུས་བབ་ལ་ཤ་ཚ་གི་ཡོད་དང་གློ་ཉེ་གི་ཡོད་ཟེར་བཞིན་ཤ་ཚ་སྟངས་དང་གློ་ཉེ་སྟངས་མ་ཤེས་ནས་དུས་བབ་རྨེག་མེད་གཏོང་ཐབས་བྱས་པ་ཐེངས་གཅིག་གཉིས་ཙམ་མིན་ལོ་བཅུ་གྲངས་གོང་ནས་ངུ་སྐད་བརྒྱབ་ཡོད་ལ་ལྷག་པར་དུ་ལོ་ལྔ་དྲུག་ཙམ་ནས་ཤི་སྐད་བརྒྱབ་ཀྱང་བརྒྱབ་ཡོད། སྤྱིར་བཏང་གསར་འགྱུར་ལས་ཁུངས་ཤིག་ལ་རྩོམ་ཉམས་འཐོན་གྱི་མི་འདུག་ཟེར་བ་དང་ཡི་གེ་དག་ཆ་འགྲིག་གི་མི་འདུག་ཟེར་མཁན་ཞིག་ཡིན་ན་མི་དེའང་གནས་ཚད་གང་འདྲ་ཞིག་ལ་སླེབས་ཡོད་མེད་གསལ་བོར་མཐོང་ཐུབ་ཀྱི་འདུག་འདི་གཅིག་ཡིན།
གཉིས་པ་ཡིག་ནོར་དོན་ནོར་སྤུངས་གསོག་བརྒྱབ་ཡོད་པའི་ཤེས་བྱ་དང་བོད་མིའི་རང་དབང་། བོད་ཀྱི་བང་ཆེན་དང་ཨེ་ཤི་ཡ། ཨ་རིའི་རླུང་འཕྲིན་ཁང་སོགས་མི་གླེང་བར། ཡིག་ནོར་ཐད་ནས་ཡིན་ན་རེད་ལ་ནང་དོན་གྱི་ཐད་ནས་ཡིན་ནའང་རེད། མཐའ་ན་གསར་འགྱུར་གྱི་སྤུས་ཚད་དང་ཚིག་སྦྱོར་གང་ཐད་ནས་མིག་དཔེར་ལྟ་འོས་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ་བོད་ཀྱི་དུས་བབ་གླེང་བ་འདི་གླེང་མཁན་ཁོའི་ཀུན་སློང་ལ་སྐྱོན་ཡོད་པ་དང་། ཡང་ན་དམིགས་ཡུལ་གཞན་ཞིག་གི་ཆེད་དུ་བོད་ཀྱི་དུས་བབ་ལ་ཁ་གཏོང་གི་ཡོད་པ་གསལ་བོ་ཡིན། ཁ་གསལ་བོར་ཞུས་ན། ཡར་འགྲོའི་མི་ལ་མ་འཐེན་མང་ཟེར་བའི་དཔེ་ལྟར། བོད་ཀྱི་དུས་བབ་ཀྱི་འདས་པའི་ལོ་ངོ་ཉི་ཤར་ཕྱི་མིག་བལྟས་ན་བཙན་བྱོལ་ནང་གི་གསར་འགྱུར་ཙམ་མ་ཡིན་པར་བོད་པའི་སྐད་ཡིག་ལ་ཞབས་ཞུ་བླ་ན་མ་མཆིས་པ་ཞུ་མཁན་གཅིག་བོད་ཀྱི་དུས་བབ་འདི་ཡིན་པ་ཀླད་ཤ་དྭངས་པའི་མི་སུས་ཀྱང་ཁས་ལེན་པ་ཞིག་རེད།
ད་མང་པོ་མི་བཤད། བསྟན་འཛིན་རབ་དགའ་མིང་འོག་ཏུ་སྦས་པའི་དྲ་འབུ་དེ་ལ་ཞུ་རྒྱུ་ཞིག་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་གསར་འགྱུར་ལས་ཁུངས་བཅུ་གྲངས་ཤིག་འདུག གསར་འགྱུར་གྱི་སྤུས་ཚད་ཀྱི་ཕྱོགས་ནས་བོད་ཀྱི་དུས་བབ་ལ་འགྲན་དོ་མཁན་འདུག་གམ། གསར་འགྱུར་མགྱོགས་ཤོས་དང་བོད་དང་རྒྱ་ནག་རྒྱལ་སྤྱི་སོགས་ཁྱབ་ཁོངས་ཆེ་ཤོས་བོད་ཀྱི་དུས་བབ་ལས་ལྷག་ཅིག་འདུག་གམ། ཡི་གེ་དག་ཆ་དང་ཚིག་གི་ལྡེབ་སྦྱོར། མཐའ་ན་གསར་འགྱུར་གྱི་སྒྲོམ་གཞིའི་ཆ་རྐྱེན་ཚང་བ་ཞིག་བོད་ཀྱི་དུས་བབ་ལས་ལྷག་ཅིག་འདུག་གམ། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་ལ་བོད་ཀྱི་དུས་བབ་ཀྱི་གསར་འགྱུར་ཁྱབ་ཚད་དང་དུས་ཚོད་མྱུར་ཚད། གསར་འགྱུར་གྱི་སྤུས་ཚད་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་མིག་ལྡན་སུས་ཀྱང་མཐོང་གསལ་རེད། དགེ་མཚན་འདི་དག་མི་གླེང་བར་དུས་བབ་རྩ་མེད་བཟོ་སྟངས་མ་ཤེས་པར་ཡིག་ནོར་ཁབ་ཀྱིས་སྒྲུག་ནས་ངུ་ཤུམས་རྒྱག་བཞིན་པ་འདི་ལ་ཇི་ལྟར་བཤད་དགོས་པ་དང་ཅི་ཞིག་བཤད་དགོས་པའང་ཤེས་མ་སོང་ངོ་།།
བསྟན་འཛིན་རབ་དགའ་སོགས་ཀྱིས་ཉོནད་ཨ། དུས་བབ་ལ་ཡིག་ནོར་ཡོད་པར་གླེང་མི་ཆོག དུས་བབ་ལ་དགེ་མཚན་ཡོད་པར་གླེང་དགོས། འདི་ང་ཚོའི་རྩ་དོན་ཡིན། འདོད་པ་ཡོད་ནའང་འདྲ། འདོད་པ་མེད་ནའང་འདྲ། དུས་བབ་ནི་རྩ་བ་དང་རྩེ་མོ་གཉིས་ཀ་ཡིན་དགོས་ཟེར་གྱི་ཡོད་པ་ཨེ་རེད། དེ་གནས་ལུགས་ཤིག་ཡིན་ནམ།
བསྟན་འཛིན་རབ་དགའ་ཟེར་བ་འདིའི་དམིགས་ཡུལ་དུས་བབ་ལ་སྐྱོན་བརྗོད་བྱེད་དགོས་པ་རེད་དེ། ངས་བཙན་བྱོལ་ནང་གི་གསར་ཁང་གཞན་དག་གི་ནག་ཉེས་ལ་བསམ་བློ་བཏང་ན། བོད་ཀྱི་དུས་བབ་ལ་སྐྱོན་བརྗོད་ཆ་ཕྲ་མོ་ཙམ་ཡང་བྱེད་ས་རེག་མ་སོང་བ་མ་ཚད། བོད་ཀྱི་དུས་བབ་ལ་ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ། ཁྱོད་ནི་དཀོན་མཆོག་ཟེར་སྙིང་འདོད་སོང་།
བོད་རིགས་ཤིག ཡིན་ཕྱིར། བོད་ཡིག་གི ཡིག་ནོར་ལ་སྐྱོན་བརྗོད་བྱ་ཡ་ཐོབ་ཐང་ཆ་ཚང་ཡོད་རེད་དོ།།
དུས་བབ་ནང་དུ་ཡིག་ནོར་མང་བ་དངོས་ཡོད་རེད། འདི་བཤད་མཁན་གྱི་ཀུན་སློང་ཅི་ཡིན་གཙོ་བོ་མ་རེད། སྐད་ཆ་བདེན་མིན་གཙོ་བོ་རེད། དོན་དངོས་ཁས་ལེན་ཐུབ་མིན་ནི་དུབ་བབ་ཀྱི་འབྲེལ་ཡོད་ལས་མི་དག་གི་བློ་གཤོགས་དང་དཔྱོད་ཤེས་ལ་རག་ལས་ཡོད།
ཡིག་ནོར་མེད་པར་བཟོ་རྒྱུ་གལ་ཆེན་པོ་རེད།
བརྡ་སྤྲོད་དང་མཐུན་པར་ཞུ་དག་གཏོང་དགོས་པ་གལ་ཆེན་པོ་རེད།
དེང་སང་ཁ་སྐད་མ་གཏོགས་བྱ་ཚིག་ལ་དགོས་མཁོ་མེད་པ་ལྟ་བུར་གྱུར་འདུག
དེང་སང་དེབ་གང་ལ་ཞིག་བལྟས་ཀྱང་ཡིག་ནོར་མེད་ས་མེད་ལབ་ཆོག་པ་འདྲ་བོ་རེད།
གསུང་འབུམ་དག་ན་ཡང་ཡིག་ནོར་གྱིས་བཀང་བསྡད་ཡོད་པ་རེད།
འགའ་ཤས་ཀྱིས་གསུམ་འབུམ་ནང་ཡིག་ནོར་ཡོད་ཀྱང་ཞིབ་དག་བཏང་ཆོག་གི་མ་རེད་ཟེར།
ཡིག་ནོར་མི་བཟོ་པའི་ཁ་དང་ལག་པ་སེམས་པ་གཙང་མ་ཞིག་རྙེད་མི་སྲིད་དོ།།
བོད་ཀྱི་དུས་བབ་ཀྱི་རིག་པ་འདོན་སྤེལ་བྱེད་སར་ཟུར་མཆན་ནང་། འདིར་ཕེབས་མཁན་ཚོས་གོང་གི་བརྗོད་གཞི་དང་འབྲེལ་བའི་ཐོག་སྤྱི་ལ་ཕན་པའི་དཔྱད་གཏམ་སྤེལ་རྒྱུར་དགའ་བསུ་ཞུ་བཞིན་ཡོད། དོ་སྣང་བྱེད་དགོས་པ་ཞིག་ནི། གང་ཟག་སྒེར་ལ་དོན་མེད་སྐྱོན་བརྗོད་བྱེད་པ་དང་། ཆོལ་ཁ་ཆོས་ལུགས་ཕྱོགས་ཞེན་བྱེད་པ། མི་གཞན་གྱི་མིང་ཐོག་ནས་དཔྱད་གཏམ་སྤེལ་བ་སོགས་མི་གནང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད་ལ། བོད་ཀྱི་དུས་བབ་ནི་བོད་ཡིག་རྐྱང་པའི་དྲ་ཚིགས་ཤིག་ཡིན་སྟབས་རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་ཡིག་གཞན་ཡང་མི་སྤྱོད་རྒྱུ་ཐུགས་འཇགས་ཞུ། །ཞེས་པ་འདི་དུས་བབ་ཀྱི་དྲ་རྒྱ་ལས་སྤེལ།
ཕྱི་མིག་ཀློང་གི་དུས་འཁོར་དབང་ཆེན་ཚར་ལྔ་ཞེས་པ་ཀླུ་སྨྱོན་གྱིས་༢༠༡༦ཟླ་༡༢ཚེས་༢༤ཉིན་ཁ་བརྡར་སྤེལ་བ་ལ་མཆན་ཉི་ཤུ་རྩ་བཞི་པ་དེ་གུས་པས་སྤེལ་བ་ཡིན། མཆན་དེ་སླར་ཡང་འདིར་འགོད་པར་བྱའོ། བར་ལམ་ནས་བོད་ཀྱི་དུས་བབ་དང་ཁ་བརྡ་བེད་སྤྱད་ནས་རང་རེའི་ཆོས་བརྒྱུད་དང་བླ་ཆེན་རྣམས་ལ་མཚན་སྨད་དང་ཟུར་ཟ་གནང་མཁན་རེ་ཟུང་ཡོང་གི་འདུག་པ་ཁྱེད་རྣམས་ཀྱིས་ཁ་ན་མ་མཐོ་བའི་ཉེས་པ་ཚབས་ཆེན་པོ་གསོག་གི་ཡོད་ན་དེ་རིགས་མི་གནང་བར་ཞུ་ཞེས་ལག་གཉིས་ཐལ་མོ་སྦྱར་བ་ལགས། གཞན་ཡང་གི་གུ་དགོས་སར་ཞབས་ཀྱུ་དང་། ཞབས་ཀྱུ་དགོས་སར་ན་རོ་བྲིས་པ་སོགས་ཡི་གེ་མ་དག་པ་མང་དྲགས་ནས་མ་དག་རྒྱུན་འབྱམས་སོང་ན་དག་པ་ཡང་མ་དག་པ་ཆགས་པའི་ཉེན་ཁ་འདུག་ན་འབྲེལ་ཆགས་ཚང་མས་ཐུགས་སྣང་གནང་རོགས་ཞེས་རེ་འདུན་ལགས། ཞེས་པའི་མཆན་དེ་གུས་པའི་སེམས་ཀྱིས་མ་བཟོད་པར་སྤེལ་བ་ཡིན་པས་བློ་གཟུ་བོར་གནས་པ་རྣམས་ཀྱིས་དཔྱད་པར་ཞུ།
ེཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཕྲེང་རིང་བསྟན་ནོར་གྱིས་བོད་ཀྱི་ལོ་རྒྱུས་ཐོག་སྔོན་བྱུང་མ་མྱངས་བའི་ཧ་ཅང་ཚབས་ཆེའི་དག་ནོར་འདིར་ལྟར་བྲིས་པ་་་འཆི་དབར་སྟག་རྩེ་་་་འདི་གཅིག་བྱས་ན་དངོས་གནས་སྐྱག་སྐྱག་བྱས་ནས་བྲིས་པ་ཡིན་སྲིད།
རང་ཅག་བོད་བཙན་པོའི་རྒྱལ་ཁབ་ཀྱི་རྒྱལ་མཁར་ཐོག་མ་དེའི་མིང་རེད།
སྤྱིེར་མཚན་བྱང་འབྲི་སྟངས་མི་འདྲ་བ་ཁ་ཤས་འདུག དཔེར་ན་ངས་ཤེས་པ་འདི་ལྟར། བྱི་བ་སྟག་རྩེ། འཕྱིང་བ་སྟག་རྩེ། ཕྱིངས་བ་སྟག་རྩེ། ཕྱིང་བ་སྟག་རྩེ། སོགས་བྲིས་པ་འདུག ཡིན་ནའང་་་འཆི་དབར་སྟག་རྩེ་་་་བྲིས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་དྲན། །
http://www.rfa.org/tibetan/sargyur/tibet-lhoka-tourist-area-08312016110126.html
དུས་བབ་ཚང་གིས་ཀྱང་་་ཕྱྭ་ཡབ་བླ་བདལ་དྲུག་་་་ལ་་་ཕྱྭ་ཡུལ་ལྷ་སྡེ་དྲུག་་་ཅེས་བྲིས་ཡོད་བསམ་སོང་ཡིན་ནའང་དེ་རིང་བརྙེད་མ་སོང་། །
གང་ན་སུ་ཞིག་ཡར་རྒྱས་འགྲོ་བཞིན་ཡོད་ན་དེའི་རྐང་པའི་འཐེན་ཐབས་བྱེད་པ་དེ་བོད་པ་ཚང་གི་རང་གཤིས་ཡིན། བོད་ཀྱི་དུས་བབ་གསར་ཁང་ལོ་ངོ་འདི་དག་ནང་ཡར་རྒྱས་ཕྱིན་པ་དེ་ཙམ་ཞིག་གསར་ཁང་གཞན་སུ་ཡང་ཡར་རྒྱས་ཕྱིན་མེད་པ་མ་ཟད། གསར་ཁང་ཙམ་མིན་པར་བཙན་བྱོལ་སྤྱི་ཚོགས་ནང་གི་ལས་ཁུངས་ཆ་ཕྲ་ཆུང་གསུམ་གང་ཡང་ཡར་རྒྱས་དེ་ལྟ་བུ་ཞིག་སོང་མེད། ཡིག་ནོར་ཙམ་གླེང་གི་ཡོད་པ་དེ་གཞན་གླེང་ཡག་མ་རྙེད་ནས་རྐང་བཙུགས་ནས་དུས་བབ་ལ་སྐྱོན་ཞིག་འཚོལ་འདོད་ནས་གླེང་བ་རེད། བཙན་བྱོལ་སྤྱི་ཚོགས་ནང་གི་གསར་ཁང་ཚང་མ་དང་། དེབ་དང་དྲ་རྒྱ་ཚང་མའི་ནང་ཡིག་ནོར་མེད་མཁན་སུ་ཡོད་པ་རེད། དེ་དག་ཚང་མ་དང་བསྡུར་ན་བོད་ཀྱི་དུས་བབ་སྤུས་དག་ཤོས་དང་དག་སྡེབ་ཡག་ཤོསོ་ཨང་དང་པོ་ཆགས་ཡོད།
བོད་ཀྱི་དུས་བབ་གསར་ཁང་ནང་གསར་འགོད་པ་ཉུང་ཉུང་རེད། དུས་བབ་ཚགས་པར་གྱི་རྒྱབ་ལོག་ལ་ལྟོས་དང་མཐོང་གི་རེད། བོད་ཀྱི་དུས་བབ་ཚགས་པར་དང་དྲ་རྒྱ། དྲ་བརྙན་སོགས་ལོ་ངོ་འདི་དག་ནང་ལ་ཡར་རྒྱས་དང་གྲུབ་འབྲས་ཆེན་པོ་བྱུང་སོང་། ལྷག་པར་དུ་བོད་ཀྱི་དུས་བབ་དྲ་རྒྱ་དེ་ཧ་ཅང་སྤུས་དག་མོ་དང་ཚད་མཐོན་པོ་རེད་འདུག མི་ཉུང་ཉུང་གིས་ལས་ཀ་གྲུབ་འབྲས་ཅན་འདི་ལྟ་བུ་གནང་མཁན་ཞིག་བཙན་བྱོལ་སྤྱི་ཚོགས་ནང་སུ་ཞིག་ཡོད་པ་རེད། ངའི་སྐད་ཆ་བདེན་པ་མ་རེད་བསམ་ནས་ལས་ཁུངས་འདི་དང་འདི་ཡོད་རེད་ལབ་ནས་གྲངས་ཀ་རྩིས་དང་།། ཁོང་རྣམ་པས་བོད་པའི་སྐད་ཡིག་རིག་གཞུང་དང་བོད་པའི་རྩ་དོན་འཐབ་རྩོད་ཁོ་ནར་དམིགས་ཏེ་ཕྱག་ལས་གནང་གི་ཡོད་པ་རེད། དམིགས་ཡུལ་འཁྱེར་བ་ནང་བཞིན་གྲུབ་འབྲས་ཀྱང་ཚོགས་པ་སྐྱིད་སྡུག་གཞན་སུ་གང་གིས་ཀྱང་ལེན་ཐུབ་མེད་པ་ཞིག་བོད་ཀྱི་དུས་བབ་གསར་ཁང་གིས་བླངས་ཡོད་པ་མི་ཚང་མའི་སེམས་ནང་གསལ་བོར་ཡོད་པ་རེད། རྡ་རམ་ས་ལར་གསར་ཁང་མང་པོ་ཡོད་ཀྱང་ཕྱག་ལས་གནང་སྟངས་ཀྱི་རླབས་ཆེ་ཆུང་དང་རིན་ཐང་འདྲ་བ་མ་རེད། གསར་ཁང་གཞན་དག་ལ་མཚོན་ན་དངུལ་གྱི་ཆེད་རེད། གསར་འགྱུར་ཅི་ཙམ་བཏང་ན་དངུལ་དེ་ཙམ་རེག་གི་ཡོད་པ་རེད། ཨ་རླུང་ཚང་དང་ཨེ་རླུང་ཚང་། ནོར་ཝེ་ཚང་སོགས་ཀྱི་གསར་འགོད་པ་འགའ་རེ་ཡིས་དངུལ་གྱི་ཆེད་དུ་གསར་འགྱུར་རྫུན་མ་བཟོ་བཞིན་ཡོད་པའང་གོ་ཐོས་བྱུང་།
བོད་ཀྱི་དུས་བབ་ཀྱིས་གང་ཞིག་ན་བྱས་རྗེས་བཞག་ཡོད་པ་དང་། གྲུབ་འབྲས་སོན་ཡོད་ན་དེར་ང་ཚོས་གུས་བརྩི་བྱེད་དགོས་པ་རེད། ཡིན་ནའང་། བྱས་རྗེས་བཞག་ཡོད་ཟེར་བ་ཁ་ལ་འཁྱེར་ནས་དུས་བབ་ཚགས་པར་དང་དྲ་ངོས་ཀྱི་ཡིག་ནོར་གླེང་མི་ཆོག་འདྲ་པོ་ལབ་ན། དེ་ཏག་ཏག་ཅིག་ཨེ་ཡིན་ན།
གཞན་ཞིག་གིས། ཡིག་ནོར་མེད་པའི་དུས་བབ་འདོན་ཐེངས་ཤིག་སྟོན་རྒྱུ་ཡོད་ན་སྟོན་རོགས་ཞེས་ལབ་ཡོང་ན། ང་ཚོས་ཅི་ཞིག་སྟོན་ནམ། དེ་དུས་ང་ཚོས་མཐོང་ཆུང་དང་ཁྱད་གསོད་གཞན་ཞིག་མྱོང་དགོས་པ་ཆགས་ན་ཅི་བྱེད་དམ། དེ་དུས་ཅི་ཞིག་གླེང་ངམ། ལས་སླ་པོ་མ་རེད། སོང་ཙང་། ང་ཚོས་དུས་བབ་ཀྱི་ཡིག་ནོར་ཐད་ནས་ཞེན་ཁོག་ཧམ་པ་ཅན་གྱི་རིགས་མ་བྱས་པས་དགའ་བ་མེད་འགྲོ།
བོད་ཀྱི་དུས་བབ་ལ་མ་འགྲིག་མ་འཐུས་པ་བཤད་རྒྱུ་གང་ཡང་མེད། སྔོན་ཆད་སློབ་གྲྭའི་སྐབས་སུ་བོད་ཀྱི་དུས་བབ་ནི་ཕྲན་གྱི་བོད་ཡིག་དགེ་རྒན་ཡིན། ད་ལྟ་སྤྱི་ཚོགས་ནང་ཞུགས་ཏེ་བོད་པའི་སྤྱི་དོན་ལ་ལས་ཀ་ཕྲན་ཙམ་རེ་བྱེད་སྐབས། བོད་ཀྱི་དུས་བབ་ནི་ཕྲན་གྱི་ཆབ་དགེ་རྒན་དང་བླངས་དོར་ལམ་སྟོན་པ་དེ་ཡིན། བོད་ཀྱི་དུས་བབ་རྒྱལ་ལོ།།
བོད་ཀྱི་དུས་བབ་ཀྱི་དགེ་སྐྱོན་གླེང་ཆོག་གི་རེད། དམིགས་ཡུལ་ཡར་རྒྱས་ཀྱི་ཆེད་ཡིན་དགོས། སྐད་ཆ་ཡར་བཤད་མར་བཤད་ཀྱི་དམིགས་ཡུལ་དུས་བབ་ཀྱི་རྐང་བ་ནས་འཐེན་ཐབས་ཡིན་མི་འོས།
སྐད་ཆ་ཤོད་སྟངས་འདི་ལ་གཡོ་སྒྱུ་འདུག ༼དུས་བབ་གླེང་ན་དགའ་བསུ་ཡོད། དུས་བབ་ཀྱི་ཡིག་ནོར་གླེང་ན་དགའ་བསུ་མེད༽ ཅེས་བསྟོད་པའི་ཟོལ་ལམ་ཤ་ཚ་བའི་ཚུལ་སྟོན་གྱིན་སྟོན་གྱིན་དུས་བབ་ལ་ཡིག་ནོར་མང་ཚུལ་རང་གི་གསལ་བསྒྲགས་ནས་མི་ཁ་ཡན་ནས་སྐད་ཆ་བསྒྲུགས་ཏེ་གླེང་སྟངས་འདི། དུས་བབ་ཀྱི་རྐང་བ་ནས་འཐེན་སྟངས་ཤིག་དང་གཉའ་གཅོག་སྟངས་ཤིག་རེད།
ཁག་པོ་ལ་ལ་དྭགས་ཕལ་སྐད་དུ། ཀགས་པོ་ཟེར། བེད་སྤྱད། འདིར་”་བེད་”་ཞེས་པ་དེ་ཇི་ལྟར་བྱུང་། རོགས་ཞེས་པར་གྲོགས་ཞེས་འབྲི་ན། སྐྱོན་ག་རེ་འདུག གསལ་བ་སོགས་ལ་ནོ་རོ་འགོད་ན། པ་འབྲི་དགོས་པ་དགོས་པ་བོད་ཀྱི་དག་ཡིག་ན་བཤད་མི་འདུག་གམ། དེ་ཙམ་ཡིན། འདི་དག་ལ་ལན་རྒྱབ་མཁན་འདྲ་འོང་སྲིད་པའི་རེ་བ་ཡིན།
ཧཧཧ། དུས་བབ་ཀྱི་ཡིག་ནོར་གླེང་ན། དེ་དམའ་འབེབས་རེད་ལབ་ཨེ་རུང་། ང་ཚོས་ཁོ་རང་ཚོར་དུས་བབ་ཀྱི་གསར་ཤོག་དང་དྲ་ངོས་ཀྱི་ཡི་གེའི་ཁྱད་ཆོས་དང་དག་ཆའི་ཁྱད་ཆོས་དེ་ཚོ་དཔེ་མཚོན་དུ་བཀོད་ནས། གང་ན་ཡིག་ནོར་འདུག གང་ཞིག་ཡིག་ནོར་རེད། ཁྱེད་རང་ཚོས་སྟོན་ཤོག་ད། ཞེས་ཕར་དྲི་བ་གཏོང་དགོས་རེད། དེ་ནས་ང་ཚོས་དུས་བབ་ཀྱི་ཚགས་པར་དང་དྲ་ངོས་ཀྱི་གསར་འགྱུར་དེ་ཚོ་ཁོང་ཚོར་བསྟན་ནས། འདི་རེད། ཁྱེད་རང་ཚོས་དུས་བབ་ལ་རྫུན་བཤད་འདུག དུས་བབ་ལ་དམའ་འབེབས་བྱས་འདུག དེ་ཡག་པོ་མ་རེད་ཅེས་བདེན་པ་ར་སྤྲོད་བྱེད་དགོས་རེད། དེ་མ་གཏོགས་དྲ་འབུ་ཚོས་ག་དུས་ཡིན་ནའང་དུས་བབ་ལ་ཅིག་བཤད་བསྡད་ན་ང་ཚོ་ཚང་མ་མ་སྐྱིད་པ་ཆགས་ཀྱི་འདུག དུས་བབ་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོས་འགན་ཁུར་ནས་འདི་ཚོ་ལ་བདེན་པ་ར་སྤྲོད་གནང་ནས་ཚར་གཅོད་དགོས་རེད། ངེས་པར་དུ་ཚར་གཅོད་བྱེད་དགོས་པ་རེད།
དུས་བབ་ནང་ལ་ཡིག་ནོར་འོངས་བ་ཆོས་ཉིད་རེད། ཡིན་ན་ཡང་། སྐྱོན་བརྗོད་བྱས་ནས་ཡར་རྒྱས་མ་བཏང་ན་རང་གཞན་ཀུན་ལ་གནོད་འགྲོ
ཁག་པོ་དང་ཀགས་པོ་ཟེར་བ་གཉིས་ཀ་དཀའ་བ་ཞེས་པ་ལས་བྱུང་། བོད་ཡིག་ཐོག་ནས་གཅིག་འགྱུར་འདོད་ན། དཀའ་བ་ཞེས་པའི་སྒྲ་དགོས་པར་མཐོང་།
བེད་སྤྱོད། འདིར་”་བེད་”་ཞེས་པ་འབྱུང་ཚུལ་གཉིས་ཐོག་ལ་དཔྱད་ན། བྱེད་ཅེས་པ་གནའ་བོའི་ཚུལ་དུ་འབོད་པས་ཡ་སྟ་མེད་པར་སོང་སྟེ། བེད་སྤྱོད། ཅེས་པས་བྱུང་། ཡང་ན། འབད་སྤྱོད་ཞེས་པ་གྱུར་ནས། བེད་སྤྱོད། ཅེས་ཆགས་སོ་སྙམ།
རོགས་ཞེས་པར་གྲོགས་ཞེས་འབྲི་ན། སྐྱོན་ག་རེ་འདུག ཅེས་པར་གྲོགས་ཞེས་འབྲི་ན། སྐྱོན་མེད་པར་ཟད་པར་ཡོན་ཏན་དུ་མཐོང་། གྲོགས་ཞེས་པ་མིང་ཚིག་ཡོངས་རྫོགས་དང་། རོགས་ཞེས་པ་ཟུར་ཆག་ཡིན།
གསལ་བ་སོགས་ལ་ནོ་རོ་འགོད་ན། པ་འབྲི་དགོས་པ་དགོས་པ་བོད་ཀྱི་དག་ཡིག་ན་བཤད་པས། གསལ་བ་ལ་གསལ་པོ་དང་། བཟང་བ་ལ་བཟང་པོ་དང་། རྒྱལ་བ་ལ་རྒྱལ་པོ། ཞེས་པ་བོད་ཡིག་སྐད་ཡོངས་ལ་དགོས་པ་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་དག་ན་མཆིས་སོ།
་
དག་ཆ་ནོར་ཡོད་ལ་ཞུས་དག་མཛད་ཐུབ་རང་གཞན་བློ་གྲོས་གོང་འཕེལ་ལ་ཕན་ནོ།
བོད་ཀྱི་དུས་བབ་ཀྱི་སྐྱོན་ཡོན་དང་ཡིག་ནོར་གྱི་དཔེ་མཚོན་གཅིག་ཀྱང་མི་སྟོན་པར་དེའི་སྐྱོན་ཡོན་དང་ཡིག་ནོར་གླེང་བ་འདི་ཅི་ཡིན་ནམ། དོན་དངོས་གཅིག་ཀྱང་མི་སྟོན་པར་ཁ་འཐབ་བྱེད་པ་འདི་ནི་ཁ་འཐབ་ཀྱི་ཆེད་དུ་ཡིན་པ་མ་གཏོགས་དོན་དངོས་ལེགས་བཅོས་ཀྱི་ཆེད་དུ་ཡིན་པ་མི་མཐོང་།
བོད་ཀྱི་དུས་བབ་ནང་ལ། དུས་ཆེན་སྲུང་བརྩི་ལ། སྲུང་གཙི་དང། ད་རེས་ལ། ད་རེབ་འབྲི་བཞིན་འདུག ད་ལྟ་ཁ་ཐུག་དྲན་པ་དེ་ཙམ་མོ།།
བྱང་ཆུབ་ལོ་མ་ལགས། བོད་ཀྱི་དུས་བབ་སྤུས་དག་ཤོས་དེ་རེད། བཙན་བྱོལ་ནང་གི་ཚགས་པར་དང་དྲ་ཚིགས་ཡིག་ནོར་མེད་མཁན་འདི་རེད་ཟེར་བ་ཞིག་འཁྱེར་ཤོག་དང་། ཚགས་པར་ཙམ་མ་རེད་བོད་ཡིག་དཔེ་དེབ་ཡིག་ནོར་མེད་པ་འདི་རེད་ཟེར་བ་གཅིག་སྟོན་དང་། བོད་ཀྱི་དུས་བབ་ཀྱི་གསར་འགྱུར་རེ་རེ་གསར་འགྱུར་ལས་ཁུངས་གཞན་གྱི་ཟླ་གཅིག་གི་གསར་འགྱུར་ཕྱོགས་བསྡོམས་བྱས་པ་ལས་ཀྱང་རིན་ཐང་ཆེ་བ་དང་སྤུས་དག་པ་འདུག སློབ་གྲྭ་ཁག་དང་དགོན་སྡེ་ཁག་གི་གཞོན་སྐྱེས་ཚོར་བོད་ཡིག་བོད་སྐད་ལ་དགའ་ཞེན་དང་བོད་ཡིག་གི་ཚིག་སྦྱོར་ཚུན་ལའང་བོད་ཀྱི་དུས་བབ་ཀྱིས་བག་ཆགས་དང་ཤུགས་རྐྱེན་གཏང་ཟབ་མོ་ཞིག་བཞག་ཡོད་པའི་བཟང་པོའི་ཡོན་ཏན་དེ་དག་མི་གླེང་དོན་ཅི་ཡིན། བསྟན་འཛིན་རབ་དགའ་ཅན་སོགས་ཀུན་སློང་མ་དག་པ་རྣམས་ལ་ཟློ་བཞིན་ཡོད།
བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་ཕྱག་ལས་གནང་བ་ནས་བཟུང་བོད་ཀྱི་དུས་བབ་ཕྱོགས་མང་པོ་ཞིག་ནས་ཡར་རྒྱས་ཆེན་པོ་འགྲོ་སོང་། སྔོན་ཆད་བོད་ཀྱི་དུས་བབ་ཟླ་ཕྱེད་ཚགས་པར་ཙམ་ལས་ཡོད་མ་རེད། ཚགས་པར་ནང་གི་གསར་འགྱུར་ཡང་དུས་ཚོད་ཧ་ཅང་རྒྱུན་རིང་པོ་འགོར་འགྱངས་ཅན་རྐྱང་རེད། ད་ལྟ་ཡར་རྒྱས་ཨང་དང་པོ་གསར་འགྱུར་གྱི་ཁ་ཕྱོགས་བོད་ཕྱི་ནང་གི་གནས་ཚུལ་ཙམ་ལས་བརྒལ་ཏེ་རྒྱ་ནག་དང་རྒྱལ་སྤྱི་ལ་ཁ་ཕྱོགས་ཏེ་ཀློག་པ་པོ་ཚོར་མཐོང་རྒྱ་གསར་པ་བསྐྲུན་ཡོད། ཨང་གཉིས་བ་དྲ་བརྙན་གསར་འགྱུར་གསར་གཏོད་གནང་སྟེ་དེང་གི་བརྡ་འཕྲིན་འཕེལ་རྒྱས་ཆེན་པོའི་ནང་མང་ཚོགས་མང་པོ་ཞིག་ལ་སྐོམ་པའི་དུས་ཀྱི་ཆུ་ལྟར་འདོད་པ་སྐོང་ཡོད་པ་མ་ཟད་བོད་ཀྱི་དུས་བབ་ཚགས་པར་དང་དྲ་ཚིགས་ལས་བརྙན་འཕྲིན་གྱི་ལམ་དུ་འཕེལ་རྒྱས་སོང་ཡོད་པ་རེད། ཨང་གསུམ་པ་གསར་འགྱུར་འབྲི་སྟངས་ཀྱི་སྤུས་ཚད་ཇེ་མཐོར་སོང་སྟེ་གསར་འགྱུར་མང་ཆེ་བ་ཞིག་དཔྱད་རྩོམ་ལས་ཀྱང་རྩ་ཆེ་བ་དང་རིན་ཐང་ཡོད་པའི་མ་ཚད། ལྷག་པར་དུ་དུས་བབ་ཚང་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་བཅར་འདྲི་རྒྱས་བཤད་གནང་བ་དེ་དག་ལ་ལོ་ངོ་སྟོང་ལ་རིན་ཐང་མི་ཉམས་པའི་ཁྱད་ཆོས་འདུག
ཡོད་པའི་མ་ཚད། ཅེས་པའི་ ཚིག་འགྲོས འདི་ཉིད་ཆོས་སྐད་ཀྱི།་ཡོད་པར་མ་ཟད། ཅེས་པ་ལས་འབྱུང་བར་སེམས་སོ།
ད་རེས་ལ། ད་རེབ་འབྲི་བ་ནི་བོད་ཀྱི་སྤྱི་སྐད་མགྱོགས་པར་འཇིག་པའི་རྒྱུར་འགྱུར་བ་ཡིན་པས། ཕལ་སྐད་དམ་ལུང་སྐད་འདི་འདྲ། བོད་སྤྱི་སྐད་དུ་མི་འབྱུང་བ་ལ་ནན་ཏན་མཛོད་ཞུ་བ་ལགས་སོ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་སྐུ་ཉིད་ནས་མུ་མཐུད་ཡོ་བསྲང་གང་ཡོད་གནང་རོགས། ང་ལྟ་བུར་ཕན་ཐོགས་ཆེན་པོ་འདུག བཀྲིན་བླ་ན་མེད་པ་ཆེ་ཞུ།
ཀ་བ་ཚེ་རིང་ ལེགས།་བསྡུས་ཡིག་འབྲི་བ་ནི་དག་ཡིག་གི་དགྲ་ཡིན་ཞེས་ལོ་ངོ་དྲུག་ཅུ་རེ་ལྔ་རེ་དྲུག་སྔོན་དུ་དཔེ་ཆའི་དགེ་རྒན་གྱིས་གཙང་བཀྲ་ཤིས་ལྷུན་པོར་གསུངས་པས། ད་ནས་བཟུང་། བཀའ་དྲིན་ཆེ། ཞེས་འབྲི་བར་མཇོད།
སྤྱིར་བཏང་བྱས་ན། ཁ་བརྡ་འདི་དང་། དུས་བབ་གཉིས་ཀྱིས། བོད་ཡིག་བོད་སྐད་ལ་ཞབས་འདེགས་བླ་ན་མེད་པ་ཞུས་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད་དོ།།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་བཀའ་དྲིན་ཆེ། རྒྱུ་མཚན་ལྡན་པ་འདུག ད་ནས་བཟུང་དེ་བཞིན་དེ་བཞིན་ཞུ།
ཚང་མའི་ཁ་ལ་གོམས་ལག་གིས་བྲིས་ན་སྤྱི་སྐད་ཇེ་མང་མ་རེད་པས།@
བོད་ཀྱི་དུས་བབས་གསར་འགྱུར་ནང་ཡིག་ནོར་མང་ཙམ་འདུག་པས་རྗེས་མ་ཡིད་གཟབ་དགོས་པར་བརྗོད་སྐབས་ཚགས་ཤོག་གཞན་ལ་ནོར་འཁྲུལ་མི་འདུག་གམ་ཞེས་འགན་འཁྲིར་གཡོལ་ན་དེ་ལས་བྱབ་ཆུང་བའི་ཤེས་ཡོན་པ་མེད་ཁོ་ཐག་རེད།