བོད་ཀྱི་དུས་བབ་ནི་དམངས་གཙོ་ཚགས་པར་གྱི་རྗེས་མཐུད་པ་ཞིག་རེད། དུས་ཡུན་གང་འཚམ་གྱི་རིང་ལ། དེའི་རྣམ་པ་དང་ཁྱད་ཆོས་དང་ལྡན་པའང་བྱུང་ཡོད། ཀློག་མཁན་མང་པོར་ཡང་དམངས་གཙོ་ཚགས་པར་ཀློག་གིན་ཡོད་པའི་ཚོར་སྣང་སྤྲད་ཡོད། ཡིན་ནའང་། དེ་ནི་བསྐལ་པ་བཟལ་པོའི་སྐབས་ཀྱི་གནས་སྟངས་རེད། རིམ་པས་བོད་ཀྱི་དུས་བབ་ཀྱི་རིན་ཐང་ཉམས་མགོ་ཚུགས་ཡོད། ཉམས་རྒུད་དེ་ནི། གཙོ་བོ་ཚིག་སྦྱོར་དང་དག་ཆའི་སྟེང་ནས་སླེབས་ཡོད།
བོད་ཀྱི་དུས་བབ་ཀྱི་དག་ཆ་གླེང་བ་ཡིན་ན། དག་ནོར་གཅིག་ཀྱང་མེད་པའི་ཤོག་ལྷེ་ཞིག་ད་བར་བཏོན་མྱོང་མེད་ནའང་། སྔ་མོའི་སྐབས་ལ་ཡིག་ནོར་ཧ་ཅང་ཉུང་ངུ་རེད། ད་ལྟའི་སྐབས་ནི། ཕལ་ཆེར་ཡིག་ནོར་ཐོན་སྐྱེད་བྱེད་ཀྱིན་ཡོད་པ་དང་ཧ་ཅང་འདྲ། གསར་ཤོག་ན་ཡིག་ནོར་མང་ལ། དྲ་ངོས་ན་ཡིག་ནོར་ཧ་ཅང་མང་། ཕལ་ཆེར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་ཡིག་དྲ་ཚིགས་སྟེང་གི་ཡིག་ནོར་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་ཡིག་དྲ་ཚིགས་ཀྱི་ཡིག་ནོར་ལས་ཀྱང་བརྒལ་འགྲོ་ཡི་ཡོད། ད་ཆ་ཀློག་མཁན་མང་པོ་ཞིག་གིས། བོད་ཀྱི་དུས་བབ་ནི་ཡིག་ནོར་བཟོ་གྲྭ་ལྟ་བུར་མཐོང་གིན་ཡོད། དེ་ནི་དུས་བབ་གསར་ཤོག་དང་དྲ་ཚིགས་གཉིས་ཀྱིས། བོད་ཀྱི་དུས་བབ་གསར་ཤོག་དང་དྲ་ཚིགས་བརྒྱུད་ནས་མི་མང་གི་མིག་ལམ་ལ་ཡིག་ནོར་སྤེལ་མྱུར་ལ་གྲངས་མང་བའི་མཐོང་སྣེ་ཞིག་ཆགས་ཡོད།
དེ་སྔར་དུས་བབ་དྲ་ངོས་ནས། བོད་ཀྱི་དུས་བབ་གླེང་མཁན་ཞིག་གིས། ༼དུས་བབ་ཚང་གི་ཟ་འདྲེ་ཚོ།༽ཞེས་སྡིག་རྩོམ་ཞིག་སྤེལ་སོང་། གཞན་ཡང་། བོད་ཀྱི་དུས་བབ་ཀྱི་ལེགས་ཉེས་གླེང་རིམ་ནང་ལ། ཉེས་པ་དང་འགལ་བ། ནོར་བ་བཅས་གླེང་ཐལ་ཆེ་བར་སོང་མཚམས་ཤིག་ནས། དུས་བབ་ཀྱིས་དག་ཆ་དང་ཚིག་སྦྱོར་ཡར་རྒྱས་གཏོང་རྒྱུའི་ཚབ་ལ། བོད་ཀྱི་དུས་བབ་གླེང་མཁན་ཚོའི་སྐེ་བཙིར་སོང་། ལག་བསྡམས་སོང་། ཐ་ན་ཁ་ཤས་ཤིག་ལ་མཚན་འདེབས་པའི་གོ་སྐབས་ཀྱང་འཕྲོག་སོང་། དེ་ནས་བོད་ཀྱི་དུས་བབ་ལ་མཆན་འདེབས་མཁན་ཇེ་ཉུང་དུ་སོང་། ཟིན་བྲིས་གཉེར་མཁན་ཡང་ཇེ་ཉུང་དུ་གྱུར། དུས་བབ་ཀྱི་དབྱར་དགུན་བརྗེ་མཚམས་གཅིག་འདི་རེད།
བོད་ཀྱི་དུས་བབ་ནི། དགོས་མཁོ་ཞིག་མཐོང་ནས་བཙུགས་པ་ཞིག་རེད། བོད་ཀྱི་དུས་བབ་ཀྱིས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་འགན་ཁུར་གྱི་ཡོད་པ་ཞིག་དུས་བབ་ཀྱིས་བསྒྲགས་མྱོང་ཡོད། ཡིན་ནའང་། ད་ལྟ་འགན་ཁུར་དེ་ཚོ་དང་ལམ་ཐིག་དེ་དང་ལོགས་ཀ་ཞིག་ཏུ་ཕྱིན་སོང་། རེ་སྐུལ་ཞིག་ཞུ་འདོད། བོད་ཀྱི་དུས་བབ་ཐོག་མར་གསར་འཛུགས་གནང་མཁན་རྣམ་པས་ད་ལྟའི་དུས་བབ་ཀློག་གིན་ཨེ་ཡོད། དུས་བབ་འདི་ལྟར་ཉམས་ན་ཕངས་སེམས་སྐྱེ་བ་ཞིག་རེད། ད་ལྟའི་དུས་བབ་རྩོམ་སྒྲིག་དང་གསར་འགོད་པ་ཚོར་ཞུ་རྒྱུ་གཅིག་ཡོད། ཡིག་ནོར་ཐོན་སྐྱེད་ལྟ་བུ་འདི་མཚམས་ཤིག་འཇོག་རོགས། ཞུ་ཉེས་བྱས་ཡོད་ན་དགོངས་སེལ་ཞུ་བ་ཡིན། དུས་བབ་གསར་ཤོག་དང་དྲ་ཚིགས་ལ་མིག་བཤེར་བྱེད་ཐེངས་རེར། བསམ་ཚུལ་འདི་འདྲ་ཞིག་འགོག་མེད་དུ་འཆར་གྱིན་འདུག་པས། ཉུང་ངུའི་ཚིག་གིས་ཞུས་པ་ཙམ་ཡིན།
དུས་བབ་ཉམས་འགོ་ཚུགས་པའི་རྒྱུ་རྐྱེན་གཙོ་བོ་ནི་གསར་འགྱུར་ལས་སོགས་ཀྱི་རྩོམ་འགྲོས་དང་དག་ཆ་དང་ཚིག་སྦྱོར་གྱི་གནས་སྟངས་ཞིག་མ་རེད་བསམ། དང་པོ། དྲ་རྒྱ་མང་དག་ཅིག་དར་ནས་ཉམས་པ་དང། གཉིས་པ། ཝི་ཆེཊ་ལས་སོགས་ནས་གནས་ཚུལ་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་པ་དང། གསུམ་པ། དུས་བབ་ཀྱིས་ཁ་རི་ཁ་ཐུག་གི་འཛམ་གླིང་གི་གསར་འགྱུར་འདོན་མི་ཐུབ་པ་དང། བཞི་པ། དུས་བབ་ཀྱིས་གནས་ཚུལ་རྣམས་གོང་ས་མཆོག་དང་འབྲེལ་བ་ཙམ་ལས་དེ་མིན་དུས་རབས་དང་མཐུན་པའི་གནས་ཚུལ་དང། རྒྱུན་མཁོའི་ཤེས་བྱ་ཅི་ཡང་ཐོབ་རྒྱུ་མེད་པ་དང། དུས་བབ་ཀྱི་གསར་འགོད་པ་ཚོས་གནས་ཚུལ་རྙིང་པ་རྣམས་སྐྱར་བཟློས་ཙམ་ལས་འཛམ་གླིང་གི་གནས་ཚུལ་གསར་པ་གསར་པ་འདོན་མི་ཐུབ་པའམ་བསྒྱུར་མི་ཐུབ་པའི་རྐྱེན་ལས་བྱུང་བ་རེད། བོད་རིགས་མང་པོ་ཞིག་བོད་ཡིག་ཙམ་ལས་གཞན་སྐད་དབྱིན་ཡིག་ལས་ཀློག་མི་ཐུབ་མཁན་རྣམས་ལ་གསར་འགྱུར་བོད་སྐད་དུ་འདོན་མི་ཐུབནཔའི་རྒྱུ་རྐྱེན་ལས་ཉམས་འགོ་ཤར་པ་རེད། དུས་བབ་ལས་སོགས་བོད་སྐད་ཀྱི་དྲ་ཀློག་མཁན་ཕལ་ཆེ་བ་ནི་དགོན་པ་གྲྭ་ཚང་གི་སློབ་གཉེར་བ་ཡིན་པ་ལས་དབྱིན་ཡིད་སྦྱོང་མཁན་གྱི་མི་སྐྱ་ཕོ་མོ་དག་ནི་ཀློག་མཁན་ཞིག་མིན་པས་དེས་ན་བོད་ཡིག་ཐོག་ནས་འཛམ་གླིང་གི་གསར་འགྱུར་དང་གནས་ཚུལ་སོགས་མཁོ་འདོན་བྱེད་མ་ཐུབ་པ་ལ་བརྟེན་ནས་ཀློག་མཁན་ཇེ་ཉུང
ནས་ཇེ་ཉུང་དུ་ཕྱིན་པ་རེད།
དུས་བབས་ཚང་ནི་༼བོད་མའི་རང་དབང་དང༽ འདྲ་བར་གནས་ཚུལ་ཕྱོགས་གཅིག་ལས་མེད་པ་འདི་ཡང་གཞུང་གི་གནོན་ཤུགས་འདྲ་ཐེབ་ཡོད་སྲིད་པ་ཞིག་རེད།
རེད།
བོད་ཀྱི་དུས་བབ་ནང་ལ། ད་རེས་ལ། ད་རེབ་དང་། སྲུང་བརྩི་ལ། སྲུང་གཙིར་བྲིས། དག་ཆ་འདི་ཡི་རིགས་ལ་རྒྱབ་སྐྱོར་མེད་ལ། ངོ་རྒོལ་ཡོད་དོ།།
བཏང་ས་ནོར་འདུག དགོངས་དག
བོད་ཀྱི་དུས་བབ་ཀྱི་ཡིག་ནོར་ནི་གླེང་ཚར་བ་ཞིག་མ་རེད། དེ་གླེང་ནས་ཐང་ཆད་རོགས་ཡིན་འགྲོ། ཡིག་ནོར་སྤེལ་ནས་གླ་ཕོགས་ལེན་མཁན་ཚོར་སྙིང་རྗེ་སྒོམ་རོགས།
དུས་བབ་ཀྱི་༼ཉམས་རྒུད་དེ་ནི། གཙོ་བོ་ཚིག་སྦྱོར་དང་དག་ཆའི་སྟེང་ནས་སླེབས་ཡོད།༽ དེ་འདྲ་ཞིག་ཡིན་མི་སྲིད། དགའ་མིན་དགའ་སྡུག་གི་སྐད་ཆ་ཙམ་ལས། རྒྱུ་མཚན་ཡང་དག་ཡོད་པ་ཞིག་མ་རེད།
དེང་སང་མགོ་འཁོར་ས་མང་པོ་རེད། རྡུལ་འཕྲུལ་མ་ལག་ལ་དར་སྐྱོད་ཆེ་སོང་བས། རྒན་མགོ་ལོ་ལོན་འགའ་རེ་མིན་ན། འཛམ་གླིང་གི་ཚགས་ཤོག་དང་སྦྲག་ཡིག་གི་ལམ་ལ་འབུད་ནི་ཉུང་ཉུང་རེད། དེ་ནི་བོད་པ་ཚང་གཅིག་པོ་མ་རེད། ཡུལ་སོ་སོའི་ཚགས་ཤོག་ལས་ཁུང་ཚང་མ་ལ་གཅིག་མཚུང་རེད།
དུས་བབ་ཚང་གིས་དུས་ཀྱི་འགྱུར་འགྲོས་ལ་བབ་པའི་རྒྱ་སྐྱེད་དང་གོང་འཕེལ་གཏོང་ཐུབ་པར་རེ་བ་ཡིད་ཆེ་ཡོད། ཀློག་ནིའི་མི་དམངས་མེད། རྒྱབ་རྟེན་ལ་གཞུང་རྒྱུ་མེད་ན། དཀའ་མོ་དཀའ་མོ་ཞིག་ལས་སླ་མོ་སླ་མོར་བཤད་ཀྱིན་ཡོད་པ་ཤེས་ཡོད། སེམས་ཤུགས་མ་ཆག། དུས་བབ་ཚང་བཀའ་དྲིན་ཆེན་པོ་ཡིན།
དུས་བབ་ཉམས་འགྲོ་བ་འདི་དངོས་ཡོད་རེད།
དེ་ཡང་གཙོ་བོ་དག་ཆ་དང་བརྡ་སྤྲོད་པའི་འགྲོས་ཀྱི་སྟེང་ནས་དང་། ལྷག་པར་དུ་གསར་འགྱུར་གྱི་རྩོམ་ཡིག་མང་པའི་ནང་བརྗོད་དོན་ལ་འགན་ཆེ་བའི་དག་ཆ་དེ་འདྲ་ཡོང་གི་འདུག
དུས་བབ་འདི་རང་ཉིད་ལ་དྲིན་ཆེ་བའི་དབང་གིས་རྒྱབ་བཤད་གཅིག་པུ་བརྒྱབ་ནས་མི་བསྡད་པར་སྐབས་འཔྲལ་མཆན་གྱི་ཐོག་ནས་རང་ནུས་གང་ཡོད་ཀྱིས་ནོར་བཅོས་བྱས་ཡོད། སྦས་སྐུང་བྱེད་ཀྱི་འདུག
འདིའི་ཐོག་ལ་དུས་བབ་ཉིན་ལྟར་ཀློག་མཁན་ང་དང་ང་འདྲ་བ་ཚོ་བློ་ཕམ་ཚད་མེད་ཡོང་གི་འདུག
ལྷག་པར་དུ་དོན་མེད་ཐ་སྙད་གསར་པའི་རིགས་གང་བྱུང་སྤྱོད་པ་དཔེར་ན་ད་རེབ་ཟེར་བ་ལྟ་བུ་དང་། སྲུང་བརྩིའི་ཚབ་ཏུ་སྲུང་གཙི་ཟེར་བ་ལྟ་བུ་རེད།
ཚིག་འདི་ཚོ་ནི་བོད་ཆོལ་ཁ་གསུམ་ཀའི་སྤྱི་ཚོགས་ཁྱོན་ཡོངས་སུ་ཁྱབ་པའི་ཐ་སྙད་ཡིན་པས་དེ་ཚོར་བཅོས་སྒྲིག་གང་ཡང་བྱེད་མི་དགོས། འདི་ཚོ་གསར་གཏོད་ག་ལ་ཡིན། འདི་ནི་ཀློག་མཁན་གསར་པ་རྣམས་མགོ་རྨོངས་པའི་ངལ་བ་ཙམ་དུ་མཐོང་།
དུང་ཟླ་སྒོར་མོས་དུས་ཐོག་གི་ཆར་པ་ཕབ་པར་ཐུགས་རྗེ་ཆེ། ང་ཚོས་སྐད་ཡིག་ཆེད་དུ་བསམ་ཚུལ་བརྗོད་དགོས།
ལྷག་པར་དུ་དེང་སང་དུས་བབ་ཏུ་ཆེད་རྩོམ་འབྲི་མཁན་ཆེས་ཉུང་དུ་སོང་བ་འདི་ཡང་གོང་གི་གནས་ཚུལ་དང་འབྲེལ་བ་ཡོད་སྲིད་པ་རེད།
དུས་བབ་ཚང་གི་ཡིག་ནོར་ངོ་མ་ཇེ་མང་ལ་སོང་འདུག ལ་ལ་ཞིག་བྲེལ་ཚབ་དབང་གིས་ཡིན་སྲིད། ཡུལ་ལུང་འགའ་རེའི་མིང་ཁྱོན་ནས་ཀློག་སྟབས་མི་བདེ་བ་དེ་འདྲའང་མང་གི དེ་ཚོ་ཕལ་ཆེར་གི་གུ་ཞབས་ཀྱུའི་སྒྲ་ལ་དབྱེ་བ་མེད་པའི་ཨམ་སྐད་དབང་གིས་རེད་སྙམ། ཚགས་པར་ཀློག་མ་མྱོང་བས་ཡིག་ནོར་འབྲི་བཞིན་ཡོད་མེད་མི་ཤེས།
ལྷག་པར་དུ་༸གོང་ས་མཆོག་གི་གསུང་ཆོས་ཀྱི་སྐོར་ལྟ་བུའི་ཚེ་རང་གར་ཆོས་ཚིག་ནོར་བ་དེ་འདྲ་ཡང་སྤྱད་པ་ངས་མང་པོ་མཐོང་མྱོང་། ལྷག་པར་གསར་འགྱུར་རྩོམ་ཡིག་ནི་རྩོམ་ཡིག་གི་རྣམ་པ་མི་འདྲ་བ་ཞིག་ཡིན་པའི་རྣམ་པ་དེ་ཙམ་མེད་པར་ཚིག་མཁྲེགས་པོ་དེ་འདྲ་མང་དག་ཅིག་སྤྱོད་པ་འདི་དང་། འགོ་བརྗོད་འབྲི་སྟངས་ལ་ཡང་དོ་སྣང་བྱེད་དགོས་ཀྱི་འདུག གང་ལྟར་གལ་ཆེ་ཤོས་ནི་ཀློག་མཁན་གྱི་ཁྲོད་དུ་གསར་འགྱུར་ཙམ་ལ་དོ་སྣང་བྱེད་མཁན་རྐྱང་མིན་པ་དེ་རེད། མི་མང་པོས་གསར་འགྱུར་ཀློག་པ་དང་མཉམ་དུ་རང་ཉིད་ཀྱི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་གི་ཡོད་པས། ད་ནས་ཡིད་གཟབ་བྱེད་རོགས། འདི་ཚོ་ཚང་མ་དུས་བབ་ཀྱི་ལས་དབང་ལ་བཅངས་པའི་བརྩེ་སེམས་ཤ་སྟག་ཡིན།
སྤྱིར་བཏང་ཡིག་ནོར་དང་དག་ནོར་སོགས་ནི་བོད་ཡིག་གི་དྲ་ཚིགས་དང་ཚགས་པར། གསར་འགྱུར་བརྒྱུད་ལམ། གསལ་བསྒྲགས། ཐ་ན་གཞུང་འབྲེལ་གྱི་རྒྱབ་གཉེར་ཡིག་ཆ་སོགས་སྤྱི་ཡོངས་ལ་ཁྱབ་བསྡད་པའི་རིམས་ནད་ཅིག་རེད།
ལྷག་པར་དུ་བོད་མི་རིགས་ཀྱི་མཚན་གནས་དང་རྗེས་འབྲེལ་གྱི་ཐོག་ནས་གསར་འགྱུར་བརྒྱུད་སྒྲོག་ཙམ་གྱི་ཆེད་དུ་གླ་ཕོགས་མཐོ་བོ་ལེན་མཁན་ཨེ་རླུང་དང་། ཨ་རླུང་། གཞུང་འབྲེལ་གསར་ཁང་ཁག་གིས་འགན་མེད་ངང་བོད་ཡིག་གི་ཡིག་ནོར་དང་དག་ནོར་སོགས་རྒྱུན་འབྱམས་སུ་སྤྱོད་བཞིན་པ་དེར་ལེགས་བཅོས་མེད་ན།
གཞུང་དང་དངུལ་གྱི་རྒྱབ་རྟེན་ཅི་ཡང་མེད་པའི་ཚོགས་ཆུང་སྒེར་བ་དང་། མི་ཆུང་སྒེར་གྱི་དྲ་ཚིགས་དག་གི་ཡིག་ནོར་འགའ་ལ་ཆེད་གཟས་ཀྱིས་མུག་བཤད་བྱེད་སྡོད་པ་དེར་རྒྱུ་མཚན་དང་གནས་ལུགས་ཡང་དག་ཅིག་མཐོང་མ་སོང་།
དེ་བས་ཀྱང་ཡ་མཚར་ཞིང་ཡིད་སྐྱོ་དགོས་པ་ཞིག་ལ། གཞུང་དང་གཞུང་འབྲེལ་གྱི་ལས་སྣེ་རིགས་ཀྱིས་སྐྱོན་དང་ནོར་འཁྲུལ་བྱུང་བཞིན་དུ་ཡང་། ཁོ་ཚོར་ད་དུང་ཟོལ་བཅོས་ཀྱི་བསྔགས་བརྗོད་ལས་དྲང་བདེན་གྱི་སྐྱོན་བརྗོད་འགྲོ་ས་མེད་པ་དེ་རེད།
བོད་ཀྱི་དུས་བབ་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་དང་། འགན་འཁུར་པའི་སྐད་བཀའ་མོལ་གནང་བ་དེ་ཞེ་དྲག་སྣང་བར་འགྲོ་མ་སོང་། ངས་ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཙམ་མ་ཟད། བོད་ཕྱི་ནང་གཉིས་སུ་བོ་ཡིག་དང་བོད་སྐད་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཡོངས་རྫོགས་ལས་བོད་ཀྱི་དུས་བབ་དེ་ཚད་མཐོ་ཤོས་ཀྱི་རྩེ་མོ་རུ་མཐོང་གི་ཡོད།
ཁ་ཡོད་ལག་ཡོད་ཀྱིས་དྲང་བདེན་དང་ཕྱོགས་ལྷུང་མེད་པ། ཞེན་སྣང་དང་འཇིགས་ཞུམ་སོགས་མེད་པར་གསར་འགྱུར་འདོན་སྤེལ་བྱེད་ཐུབ་མཁན་དེ་བོད་ཀྱི་དུས་བབ་ཁོ་ན་རེད། ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་ཀྱི་གསར་འགོད་པ་ཚོས་དངུལ་རེག་ཐབས་ཙམ་ལ་གསར་འགྱུར་གང་བྱུང་མང་བྱུང་སྤེལ་གྱིན་འདུག ནོར་ཝེ་རླུང་འཕྲིན་ཟེར་བ་དེར་ལྟ་ཉན་བྱེད་མཁན་མང་པོ་མི་འདུག་ལ། གསར་འགྱུར་གང་སྤེལ་བ་དེ་གཞུང་འབྲེལ་ཡིག་ཆ་ཁག་དང་གཅིག་པ་གཅིག་རྐྱང་རེད། བོད་ཀྱི་བང་ཆེན་གསར་ཁང་ཆབ་སྲིད་དང་ཡུལ་ཕྱོགས་གཉིས་ཐད་ནས་ཆད་མཐར་ལྷུང་ལྷུང་ཡོད། བོད་ཀྱི་དུས་བབ་གསར་ཤོག་གི་གསར་འགྱུར་རེ་རེ་ལ་ཞིབ་འཇུག་དཔྱད་རྩོམ་དང་འདྲ་བའི་ནུས་པ་དང་གོ་དོན་ཡོད་པ་ཞིག་རེད།
བོད་ཀྱི་དུས་བབ་རྩོམ་སྒྲིག་པའི་ལྷག་བསམ་རྣམ་དཔྱོད་ལ་འགྲན་ཟླ་བྲལ་བས་ང་རང་དགའ་མོས་ཆེ་ཤོས་ཀྱི་རླབས་ཆེན་མི་སྣ་ཞིག་ཡིན་།།
བོད་ཀྱིདུས་བབ་གསར་ཤོག་མ་རེད་རྙིང་ཤོག་རེད། གཟིགས་དང་ཉིན་མ་ཁ་ཤས་འགྲོ་སོང་ག་ཚད་ལྟས་ཀྱང་སྔར་གྱི་གསར་འགྱུར་དེ་རང་ལ་བསྡད་འདུག་ལས་ཀ་བྱེད་ཀྱི་མེད་པ་འདྲ་ཡང་ན་ཁོང་ཚོ་ཚང་མ་དགུང་གསེང་ཡིན་པའི་བཟོ་འདུག་སློབ་གྲྭ་དགོངའ་གསེང་བཏང་བ་ནང་བཞིན་གསར་འགོད་པ་ཚོའང་དགུངས་གསེང་ལ་ཕྱིན་ནས་གསར་འགྱུར་རང་འཇགས་ལས་འགྱུར་བ་མཐོང་གི་མི་འདུག བརྡ་སྤྲོད་ཚིག་སྦྱོར་སོགས་མེད་ནའང་མེད། བོད་ཡིག་མ་གཏོགས་མི་ཤེས་མཁན་གྱི་བོད་རིགས་ཡོངས་ལ་ཕན་པའི་འཛམ་གླིང་གི་གསར་འགྱུར་དུས་ཐོག་ཏུ་འདོན་ཐུབ་ན་བོད་ཡིག་ལ་དོ་སྣང་ཡོད་མཁན་ཚོས་ཀློག་རྒྱུར་ཐེ་ཚོམས་མེད། བོད་མིའི་སྒྲིགས་འཛུགས་དང་གོང་ས་མཆོག་གི་མཛད་འཕྲིན་གཅིག་པོ་ལས་མེད་ན་དེར་ནི་གསར་ཤོག་དགོས་པ་མི་འདུག རླུང་འཕྲིན་ལས་བཤད་བཞིན་པ་རེད།
དུས་བབ་ཚང་གི་གསར་འགྱུར་ལམ་སེང་སྤེལ་མི་ཐུབ་པར། མཚམས་རེར་ཉིན་གསུམ་བཞིར་དུས་བབ་དྲ་ཚིགས་སུ་བལྟས་ན་ཡང་སྔར་བཞིན་གསར་བ་ཅི་ཡང་མི་འདུག དེར་ཉོབ་ཤོས་རེད། དེ་མིན་དག་ཆ་སོགས་དུས་བབ་གཅིག་པོ་མ་ཡིན་པར་གང་ཡིན་སར་མཐོང་ཡ་འདུག
བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་རེ་རེ་ལ་དཔྱད་རྩོམ་ལྟ་བུའི་ཁྱད་ཆོས་ལྡན་པ་མ་ཟད། བོད་ཀྱི་དུས་བབ་ཚང་གི་རྩོམ་ཡིག་ཁག་ལ་སྤྱི་ཚོགས་ལ་སྒུལ་ཤུགས་སྤྲོད་ཐུབ་པའི་ནུས་པ་ཡོད། བོད་ཀྱི་དུས་བབ་ནི་བཙལ་བྱོལ་བོད་གཞུང་གི་ཕྱེད་ཀ་ཡིན་ལ། བོད་གཞིས་བྱེས་གཉིས་ཀྱི་འཐབ་རྩོད་ཀྱི་རྣོ་ངར་ལྡན་པའི་རལ་གྲི་ཡིན། བོད་ཀྱི་དུས་བབ་ཚང་གི་རྩོམ་སྒྲིག་པ་མཆོག་ལ་ཡི་རངས་སྔགས་བརྗོད་གྲངས་མེད་ཞུ་བཞིན་ཡོད།
སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་མི་མང་མང་གིས་རྒྱུན་དུ་བོད་ཀྱི་དུས་བབ་བོད་ཀྱི་དུས་བབ་ཟེར་ནས་བཟང་ངན་གྱི་ཆ་མང་པོ་ཞིག་གླེང་བཞིན་པ་འདི་དུས་བབ་ཀྱི་རིན་ཐང་དང་གཟི་བརྗིད་ཅིག་གི་མཚོན་རྟགས་ཡིན་པ་བརྗོད་མི་དགོས་པ་རེད། གང་ཡིན་ཟེར་ན། ང་ཚོའི་སྤྱི་ཚོགས་ནང་གསར་ཁང་དང་དུས་དེབ་སོགས་མང་དྲགས་མེད་ནའང་ཉུང་དྲགས་མེད་པ་རེད། ཡིན་ནའང་། མི་མང་པོ་ཞིག་གིས་དུས་བབ་གཅིག་པུའི་དགེ་སྐྱོན་གླེང་བཞིན་པ་འདིས། བོད་ཀྱི་དུས་བབ་ཀྱི་དར་རྒུད་ནི་ཀློག་པ་པོ་མང་པོའི་ཐོད་པའི་མིག་དང་ཁོག་གི་སྙིང་ལྟ་བུར་གྱུར་ཡོད་པའི་རྐྱེན་གྱིས་རེད། ང་རང་ལ་མཚོན་ན། བོད་ཀྱི་དུས་བབ་ནི་ཕྱི་ནང་གསར་འགྱུར་གྱི་འབྱུང་ཁུངས་ཁོ་ན་དེ་ཡིན་ཞེས་བཤད་ནའང་ཐལ་ཁྱོན་ནས་དྲགས་མེད། ཉིན་རེར་དུས་བབ་ཀྱི་དྲ་ཚིགས་ཐོག་ཐེངས་རེར་མ་བལྟས་ན་བློ་མི་བདེ་བའི་ཚོར་སྣང་དེ་རང་བཞིན་གྱིས་ཡོང་གི་འདུག ངས་ལོ་མང་དུས་བབ་ལ་བལྟས་བའི་མྱོང་སྣང་གི་ཐོག་ནས་བཤད་ན། དུས་བབ་ལ་ཡིག་ནོར་དང་ཚིག་སྦྱོར་མི་བདེ་བ་ཡོད་པ་དངོས་ཡོད་ཡིན་ནའང་། བརྗོད་བྱ་འདེམས་སྟངས་དང་བརྗོད་བྱ་སྤེལ་སྟངས་སོགས་ཀྱི་ཐད་ནས་བོད་པའི་གསར་ཁང་གཞན་གྱིས་ནམ་ཡང་བྱེད་མ་མྱོང་བའི་གསར་འགྱུར་ཧ་ཅང་མང་པོ་ཞིག་དུས་བབ་ཀྱིས་འདོན་སྤེལ་བྱས་དང་བྱེད་བཞིན་པ་ང་ཚོའི་མིག་གིས་མཐོང་ཞིང་ལག་པས་འཛིན་ཐུབ་པ་ཞིག་རེད། དེ་བས་གསར་ཁང་ཞིག་གི་ངོས་ནས་བཤད་ན་དུས་བབ་ནི་བོད་པའི་གསར་ཁང་ཆེས་ཚད་ལྡན་དང་གསར་འགོད་པའི་འགན་འཁྲི་དང་དུ་ལེན་མཁན་གཅིག་པུ་དེ་རེད་ཅེས་བརྗོད་ཆོག་པ་རེད།
གོང་དུ། དུས་བབ་རྒུད་པའི་རྒུད་རྐྱེན་མང་པོ་བཤད་འདུག འོན་ཀྱང་། རྒུད་རྐྱེན་གཞན་ཞིག་ཡོད་པ་ནི་གསར་འགོད་པ་བརྗེ་སྒྱུར་མང་བ་རེད། སྒོར་མོའི་ཚ་ལྷགས་ལྡང་བའི་བོད་མིའི་སྤྱི་ཚོགས་ནང་། མི་ཚེ་གང་བོ་ཤེས་རིག་ནང་སྟིམ་བསམ་མཁན་མང་པོ་རྩ་བ་ནས་མ་རེད། དེ་མཚུངས་དུས་བབ་ཚང་ནང་། གསར་འགོད་པ་བརྟན་པོ་ཞིག་དང་། གསར་འགོད་ཆེད་ལས་པ་བྱེད་འདོད་མཁན་ག་ཚོད་ཡོད་རེད། དེའི་ཐད་ནས་འཐུས་ཤོར་ཞིག་རང་ཤུགས་ཀྱིས་མི་ཐོན་ནམ།
གོང་དུ་དུས་བབ་ཚང་གིས་གསར་འགྱུར་མང་པོ་ཞིག་སྤེལ་དགོས་ཀྱིན་ཡོད་མདོག་མདོག་གི་སྐད་ཆ་ཅིག་ཤོད་བཞིན་འདུག གྲངས་ཀ་གཙོ་བོ་མ་རེད་སྤུས་ཚད་གཙོ་བོ་རེད། གལ་སྲིད་ཁྱོད་རང་ལ་གྲངས་ཀ་དགོས་ན་ཁྱོད་རང་གི་ངོ་དེབ་ནང་རྒྱུགས་དང་ཉི་མ་རེ་ལ་གནས་ཚུལ་བརྒྱ་ཕྲག་རེ་སྤུངས་ནས་ཡོང་གི་འདུག། དེ་དག་ལ་ཆ་འཇོག་བྱེད་རིན་འདུག་གམ། དེ་དག་གིས་ཁྱོད་ལ་བློ་སྐྱེད་ཅི་ཙམ་བསྟེར་ཐུབ་ཀྱི་འདུག འོ་འདི་ལ་བསམ་བློ་གཏོང་རོགས་གནོངས།
སྒང་གི་རྩོམ་ཡིག་ཚུད་པའི་འོག་གི་མཆན་དག་ལ་བལྟས་ཡོང་ན། དུས་བབ་ལ་ཡིག་ནོར་ཡོད་ཚུལ་དང་ཚིག་སྦྱོར་འགྱུར་ཚུལ་ཙམ་ཡང་དང་བསྐྱར་སྐོར་དུ་ཤོད་པ་ལས་གཞན་ཅི་གང་བཤད་ཡག་མི་འདུག སྤྱིར་བཏིང་ཚིག་སྦྱོར་དང་དག་ཆ་ཙམ་ལ་འཁྲེངས་སེམས་བྱེད་མཁན་ཚོ་གནད་འགག་འཇུ་ཐུབ་མཁན་དང་ནང་དོན་དངོས་ལ་དཔྱད་པ་གཏོང་བྱེད་ཀྱི་བློ་མིག་ཡོད་མཁན་དག་རྩ་བ་མ་རེད། ནམ་རྒྱུན་སྙན་ངག་ཐན་ཐུན་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དག་གིས་མིང་ཚིག་གི་དག་ཆ་དང་ཚིག་སྦྱོར་སྙན་པོ་ཡོད་མེད་ལ་རྩོད་པ་བརྒྱབ་ནས་སྡོད་ཡོད་པ་དང་གཅིག་མཚུངས་རེད། སྤྱིར་བཏིང་ཁོང་རྣམ་པར་ཡང་རྗེས་སུ་ཡི་རངས་དང་སྔགས་བརྗོད་ཡོད།
ཡིན་ནའང་གསར་འགྱུར་ཟེར་བ་འདི་ཆབ་སྲིད་ཀྱི་དོན་རྩ་དང་། སྤྱི་ཚོགས་ནང་གི་གནད་དོན་གྱི་འགག་རྩར་ཐེར་འདོན་དང་དབྱེ་ཞིབ་བྱེད་མཁན་ཞིག་ཡིན་སྟབས། ཡིག་ནོར་དང་ཚིག་སྦྱོར་ཙམ་ལ་འཁྲེང་སྡོད་རྒྱུ་དེ་ཧ་ལམ་གསར་འགོད་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞིའི་ནང་ཡོད་པ་ཞིག་མ་རེད། གལ་སྲིད་ཡོད་པ་རེད་ཟེར་མཁན་ཡོད་ན་ལུང་དང་རིགས་པའི་སྒྲུབ་བྱེད་འཁོད་དང་ག་ལེར་ཞུ་ཆོག རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་རུ་ཆེ་ཁག་ནང་ཚིག་སྦྱོར་དང་དག་ཆའི་ཐོག་གནད་དོན་མང་ཐག་ཆོད་ཡོད་པ་རེད།
སྐད་ཆ་བཤད་སྟངས་འདི་དག་ལ་བལྟས་ཡོང་ན་འུ་ཅག་བོད་པ་ཚང་ད་ལྟའི་ཆ་འཕྲིན་གྱི་དུས་རབས་ཀྱི་རྗེས་ཆོད་ཀྱི་མེད་པ་མ་ཟད། ཆབ་སྲིད་གནད་དོན་ཐོག་ལའང་གོ་རྟོགས་ཧ་ཅང་ཞན་པོ་ཡིན་པ་རྟོགས་ཐུབ་ཀྱི་འདུག གང་ཡིན་ཟེར་ན་ད་ལྟའི་གསར་འགྱུར་བརྒྱུད་ལམ་གྱི་གཟི་བརྗིད་ཆེ་ཤོས་དེ་ཆབ་སྲིད་གནད་དོན་ལ་དཔྱད་ཞིབ་ཀྱི་བློ་མིག་ཡོད་མེད་འདིའི་ཐོག་ནས་འཇོག་གི་ཡོད། བོད་ཀྱི་དུས་བབ་ལ་མཚོན་ན་སྤྱི་ཚོགས་ནང་གི་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་འགན་འཁུར་སྟངས་དང་ཆབ་སྲིད་ཀྱི་གནད་འགག་འཇུ་སྟངས་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ལས་རྩེ་མོའི་ཏོག་ཏུ་མཐོང་གི་ཡོད།
ལྷག་པར་དུ་ཁྱད་ཆོས་འབུར་ཐོན་ཅན་གཞན་ཞིག་ནི་གཞུང་དང་མང་ཚོགས་བར་གཡོ་གཟུར་མེད་པ། ཆོས་ལུགས་གྲུབ་མཐའི་བར་ཕྱོགས་ལྷུང་མེད་པ། ཆོལ་ཁ་ལུང་ཚན་བར་འཐེན་འཁྱེར་མེད་པ། ཆབ་སྲིད་ལངས་ཕྱོགས་བར་ལྕི་ཡངས་མེད་པ་འདི་དག་རེད་བསམ་གྱི་འདུག འདི་ངས་དུས་བབ་ཚང་ལ་ངོ་བསྟོད་བྱས་པ་དང་སོ་སོའི་དགའ་ཁ་ཁྱེར་ཕྱོགས་བཤད་པ་རྩ་བ་ནས་མིན། བཙན་བྱོལ་ནང་གི་གསར་ལམ་གཞན་དག་དང་བསྡུར་ནས་ཤོད་བཞིན་ཡོད། ངའི་ཤོད་སྟངས་དྲང་མོ་མ་རེད་བསམ་མཁན་ཡོད་ན་གསར་ལམ་འདི་དང་དེ་ཞེས་དཔེ་མཚོན་ཤོད་དང་སུས་ཀྱང་ཁས་ལེན་ཐུབ་པ་དང་ང་ཚོའི་སེམས་ལ་འབབ་རྒྱུ་ཞིག་ཡོད་པ་རེད། དེ་མ་གཏོགས་དགའ་མིན་དགའ་ཐོག་དང་། ཕྱོགས་ལྷུང་གི་སྐད་ཆ་བཤད་བསྡད་ནས་ཆོལ་ཡོད་མ་རེད།
ཁྱུང་སེ་སོགས་ཀྱིས་སྐད་ཆ་གནད་འགག་ཅན་ཁ་ཤས་ལབ་འདུག་པར་བདེན་པ་རེད། རྒྱབ་སྐྱོར་ཡོད།
སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད་ཟེར་བ་བཞིན། དྲྭ་འབུ་ཚོའི་ཁ་དུས་བབ་ཀྱིས་ཆོད་ཁག་པོ་རེད།
གང་ལྟར་གསར་འགྱུར་སོགས་དུས་ཐོག་ཏུ་སྤེལ་ཐུབ་རྒྱུ་གལ་ཆེན་རེད། མིའི་ཁ་ལ་བདག་པོ་བརྒྱག་ཚད་ཡོད་མ་རེད། དུས་བབ་ཚང་ལ་ཕྱོགས་ཡོངས་ནས་མནོན་ཤུགས་ཡོད་རེད་བསམ་ཡོད། དེས་རྐྱེན་གྱིས་དུས་བབ་ཚང་གསོན་དགོས་ལ་དུས་བབ་ཚང་གི་དམིགས་ཡུལ་ཡང་འགྲུབ་དགོས། དག་ཆ་ཕྲན་བུ་ཡོད་མེད་ལ་མ་ལྟོས་པར་ནམ་ཡང་རྒྱབ་སྐྱོར་ཡོད།
མཆན་འདོགས་མཁན་ཁོ་རང་ཚོའི་ཡིག་ནོར་ལ་སུས་ཞིབ་དག་བྱེད་དགོས་སམ།
གོང་གི་མཆན་བཏབ་པའི་ནང་ན་ཡིག་ནོར་མེད་མཁན་གཅིག་ཀྱང་མི་འདུག
ནམ་ཞིག་ལ་དག་མཆན་འབྲི་ཤེས་སམ། འདི་དྲྭ་འབུ་ཚོའི་ལས་དབང་ཡིན་པ་འདྲ།
བསམ་ཚུལ་བཤད་པ་ཡག་པོ་འདུག
ཞོར་དུ་རང་རང་གི་ཤེས་ཡོན་གྱི་གནས་སྟངས་ལ་ཡང་གཟིགས་རྒྱུ་མ་བརྗེད་རོགས།
ཡར་བཤད་མར་བཤད་བརྒྱ་སྟོང་ག་ཚད་བཤད་ཀྱང་། ད་ལྟའི་དུས་ཚོད་འདི་ལ་བོད་ཀྱི་དུས་བབ་གསར་ཁང་གི་རྗེས་ཟིན་མཁན་གསར་ཁང་གཅིག་ཀྱང་མི་འདུག ཐབ་ཆུང་ཆུང་ནང་མེ་ཚ་བོ་ཟེར་བ་བཞིན། དངོས་གནས་དྲང་གནས་དུས་བབ་ཀྱིས་གསར་འགྱུར་སྤུས་དག་མོ་གཏིང་ཟབ་མོ་སྤེལ་ཡོང་གི་འདུག་པ་དེ་ཚོས་ཕན་ཆེན་པོ་ཐོག་གི་འདུག ང་རང་གིས་ནམ་རྒྱུན་འདི་འདྲ་ཞིག་བསམས་བསྡད་ཡོད། རྡ་རམ་ས་ལའི་ཚོགས་པ་འདྲ་མིན་ཚོས་སྒོར་མོ་འབུམ་མང་པོའི་འགྲོ་སོང་བཏང་སྟེ་ཟབ་སྦྱོང་དང་བགྲོ་གླེང་། ཚོགས་འདུ་དེ་འདྲ་མང་པོ་ཞིག་ཚོགས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ལས་འགུལ་ཐབས་ཆག་རེ་སྤེལ་བ་ལས་བོད་ཀྱི་དུས་བབ་ཚང་གིས་གསར་འགྱུར་ཡག་པོ་ཞིག་སྤེལ་ན། ཁྱབ་རྒྱ་དེས་ཆེ་བ་དང་། མི་མང་ལ་གོ་རྟོགས་ཀྱང་དེས་སྤེལ་ཐུབ་པ། སྤྱི་ཚོགས་ནང་ནུས་པ་ཡང་དེས་འཐོན་ཆེ་བ་འདུག འདི་དངོས་གནས་དྲང་གནས་ཀྱི་ཚང་མས་བསམ་བློ་ཞིབ་ཚགས་གཏོང་དགོས་པ་ཞིག་ཡིན། སོ་སོས་དུས་བབ་ལ་དགའ་མིན་དགའ་ཐོག་གི་སྐད་ཆ་བཤད་དེ་ཕན་ཐོགས་ཡོད་མ་རེད། དུས་བབ་གསར་ཁང་གིས་ན་ནིང་ད་ལོར་གསར་འགྱུར་སྤུས་དག་མོ་ཞིབ་འཇུག་གཏིང་ཟབ་མོ་བྱས་ཡོད་པ་འགའ་རེ་ཞིག་སྤེལ་ཡོང་བ་དེ་དག་གིས་སོ་སོར་དངོས་གནས་དྲང་གནས་བློ་སྐྱེད་ཆེན་པོ་སྤྲད་སོང་། ང་རང་གིས་ལྟ་ཡོང་ན། བཙན་བྱོལ་ནང་གི་གསར་འགྱུར་ཁང་ཁ་ཤས་ཤིག་གིས་གཞུང་གི་ཕྱོགས་རྐྱང་རྐྱང་བཤད་ཡོང་གི་འདུག ཡང་ཁ་ཤས་ཤིག་གིས་ཆབ་སྲིད་ལངས་ཕྱོགས་དང་ཆོལ་ཁ་ལུང་ཚན་གྱི་ལངས་ཕྱོགས་རྦད་དེ་ཕྱོགས་སུ་ལྷུང་འདུག་པའི་གནས་ཚུལ་རྐྱང་སྤེལ་ཡོང་གི་འདུག ཡང་ཁ་ཤས་ཤིག་གིས་བོད་ནང་ལ་དགོངས་པ་བཞེས་ཀྱི་ཡོད་པ་ཡིན་ན་གང་ཤེས་བཙན་བྱོལ་སྤྱི་ཚོགས་ནང་གི་གནས་ཚུལ་ཐབས་སྐྱོ་བོ་དེ་འདྲར་བདག་པོ་རྒྱག་གི་འདུག སྤྱིར་བཏང་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་ཚང་སོགས་ཡག་པོ་འདུག ཡིན་ནའང་ཕྱོགས་ཡོངས་ནས་བསམ་བློ་བཏང་ཡོང་ན་བོད་ཀྱི་དུས་བབ་ཚགས་པར་དང་དྲ་རྒྱ་གཉིས་རྦད་དེ་ཡག་ཤོས་རེད་བསམ་གྱི་འདུག
སྒང་དུ་དགེ་འདུན་རྒྱ་མཚོ་ལགས་ཀྱིས་གསུང་པ་དེ་ཧ་ཅང་བདེན་པ་དང་ཤ་ཚའི་སྐད་ཆ་རེད། དེའི་རྒྱབ་ལྗོངས་ལ་བསམ་བློ་མང་པོ་གཏོང་རྒྱུ་འདུག མགོ་ན་སྐྲ་དང་རྐུབ་ན་སྐྱག་པ་མ་གཏོགས་མེད་མཁན་ཁོག་སྟོང་ཁ་ཤས་ཀྱིས་ནམ་རྒྱུན་དུས་ བབ་ལ་སྐྱོན་ཞིག་འཛུགས་དགོས་བསམ་ནས་ཉིན་ཁུག་གི་ཡོད་པ་མ་རེད། མི་དེ་དག་ཚང་མ་ཨ་མདོ་བ་དང་ལྷག་པར་དུ་དུས་བབ་ཚང་གི་ཉེ་འཁོར་རྐྱང་རྐྱང་རེད་བསམ་གྱི་ཡོད། ལོ་གཉིས་གསུམ་གོང་ལའང་མི་རེ་ཟུང་གིས་དུས་བབ་ཚང་མ་རྨ་ཕབ་ཐབས་ལ་འབད་བརྩོན་མང་པོ་དག་ཅིག་བྱས་པ་ང་རང་གིས་ནམ་རྒྱུན་མཐོང་བསྡད་ཡོད། ངས་མང་པོ་བཤད་མ་དགོས་པ་བགྱིས། མདོ་དོན་སྙིང་བོ། གཞན་གྱིས་ཅི་ཞིག་བྱེད་ཀྱིན་ཡོད་པ་མཐོང་དགོས་པ་དང་རང་གིས་ཅི་ཞིག་བྱེད་དགོས་པ་དེ་ཡང་ཤེས་དགོས།
དགེ་འདུན་རྒྱ་མཚོ་ལགས་ཀྱིས་ཁ་གསལ་བོར་ཞུ་མ་དགོས་པའི་ཐོག་ནས་དོན་འདུ་གནད་ཐུག་གི་སྐད་ཆ་འགའ་བཤད་འདུག་པ་དེ་དེ་བཞིན་རེད།
དུས་བབ་ཚང་ལ་གནོན་ཤུགས་གང་ས་ཅི་ཐད་ནས་ཡོད་རེད། དེ་ང་ཚོས་ཐོས་གསལ་མཐོང་གསལ་རེད། དུས་བབ་ཚང་གིས་གདོང་ལེན་བྱེད་དགོས་པ་མང་པོ་ཞིག་ཡོད་པ་རེད། ཆེ་ས་ནས་དགྲ་བོ་རྒྱ་དམར་གཞུང་དང་ཆུང་ས་ནས་ཆོལ་ཁ་ཆོས་ལུགས་དང་ལྟ་བ་ལངས་ཕྱོགས། གཞུང་དང་ཚོགས་པ་ཁག མཐའ་ན་མི་སྒེར་སོགས་ག་ཚོད་ཅིག་ལ་ཉི་མ་རེ་རེ་བཞིན་ཛ་དྲག་གི་འབྲེལ་འདྲིས་དང་གདོང་ལེན་ཁ་གཏད་གཅོག་དགོས་ཀྱི་ཡོད་པ་རེད། ང་ ཚོས་འདི་དག་གི་ལས་དོན་ཐོག་ཐད་ཀར་རྒྱབ་སྐྱོར་མ་ཐུབ་ཀྱང་བསམ་བློའི་ཐོག་ནས་ དངོས་ཤུགས་བརྒྱུད་གསུམ་ནས་གདེང་འཇོག་དང་རྒྱབ་སྐྱོར་བྱེད་དགོས།
ཡང་ཁ་ཤས་ཀྱིས་སྐྱོན་དང་ནོར་འཁྲུལ་བཏོན་ན་ཡར་རྒྱས་འགྲོ་བ་རེད་དགོངས་མཁན་ཡོད་སྲིད་ཀྱང་དེ་དག་འགན་འཁུར་མེད་པའི་སྐད་ཆ་རེད། གཞུང་དང་ཚོགས་པ་ཆེན་པོ་དེ་འདྲ་ཡིན་ན་གཅིག་བྱས་ན་དེ་འདྲ་ཡིན་འགྲོ འོན་ཀྱང་ང་ཚོའི་ཕྱོགས་ཡོངས་ནས་དེ་འདྲ་ཞིག་ལ་སླེབས་ཡོད་མ་རེད་དོ།།། དུས་བབ་ཚང་གི་མགོ་ལས་ཡོངས་ཀྱིས་མུ་མཐུད་ཤུགས་རྒྱག་དགོས།