ཤར་ཕྱོགས་ཁུག་རྟ།
མ་བརྗེད། འདས་པའི་དར་རྒུད་བྱུང་རབས་མ་བརྗེད།
བཙན་པོའི་རུ་དཔུང་གིས།
ཆེན་པོ་བོད་ཡུལ་གཅིག་ཏུ་སྒྲིལ་ཅིང།
རྔམ་བརྗིད་ཟིལ་གནོན་གྱི་སྤོབས་པ།
མཁས་མཛངས་དྲང་བདེན་གྱི་དཔའ་ངར།
སུམ་གཉིས་ས་ཡི་ཁྱོན་ལ་བརྡལ་བའི།
གངས་ཅན་བོད་ཀྱི་རྒྱལ་ཁབ་ཆེན་པོ། རྒྱལ་ཁབ་ཆེན་པོ།
སྡེ་གཟར་ཁེང་ལོག་གི་ལོ་ཟླ་རིང་མོ།
ལུང་ཚན་རྩོད་རེས་ཀྱིས་གཅིག་གྱུར་སྲིད་དབང་གཏོར་ཡང་།
ཆོས་རིག་ཉི་ཟླའི་འོད་སྣང་ཡུག་ཅིག་གིས།
ཕྲེང་བར་རྒྱུས་པའི་གངས་ཅན་བོད་པ་རྣམས།
༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོས།
ས་ལ་མ་གྲགས་པའི་སྲིད་གཞུང་གཅིག་ཏུ་སྒྲིལ་སོང་།
འཇིག་རྟེན་ཧྲིལ་བོར་བོད་ཀྱི་རྡོ་རིང་བསླངས་སོང་།
གངས་ཅན་བོད་པ་འཇིག་རྟེན་ཧྲིལ་བོས་ཤེས་སོང་།
༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ། གངས་ཅན་བོད་ཀྱི་བླ་སྲོག
གངས་ལྗོངས་གཅིག་ཏུ་སྒྲིལ་མཁན། ༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ།
ཆོས་སྲིད་ཁྲིམས་ཀྱི་ཀ་ཆེན་འཛུགས་མཁན།
མང་གཙོ་གཙང་མའི་གསོལ་རས་གནང་མཁན།
འགན་ཁུར་གསུམ་གྱིས་འཇིག་རྟེན་སྐྱོང་མཁན།
དབུ་མའི་ལམ་གྱི་དེད་དཔོན། ཡོངས་རྫོགས་བསྟན་པའི་བདག་པོ།
བདེན་པ་དང་རྣམ་དཔྱོད་ཀྱི་དཔའ་བོ་ཆེན་པོ།
༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ།
གངས་ཅན་བོད་ཀྱི་བླ་སྲོག གངས་ཅན་བོད་ཀྱི་ཆིག་སྒྲིལ།
ཆིག་སྒྲིལ་གནམ་སའི་བདག་པོ། གནམ་ས་མ་འཇིག ཆིག་སྒྲིལ་མི་འཇིག
༢༠༡༥། ༦། ༢༢། མདོ་སྨད་ཀྱི་སྐུའི་གྱ་སྟོན་དངོས་གཞིའི་ཞོགས་ཀར་བྲིས།
བོད་ཀྱི་རྒྱལ་གླུ་གསར་རྩོམ་གྱི་བགྲོ་གླེང་འདི་རྒྱལ་སྲིད་རྩིས་སྤྲོད་གནང་བའི་ལོ་དེའི་གཞུང་མང་ཚོགས་ཆེན་གྱི་སྐབས་ནས་བཟུང་ང་ཚོ་སྐོར་ཞིག་གིས་གླེང་མྱོང་ཞིང། བོད་ཀྱི་རྒྱལ་གླུ་དང་རྒྱལ་དར་གྱི་བྱུང་བའི་ངོས་ནས་བཤད་ན། བོད་ཀྱི་རྒྱལ་དར་ནི་ ༡༩༤༧ ལོར་རྒྱ་གར་དུ་འཚོགས་པའི་ཨེ་ཤ་ཡའི་མཉམ་འབྲེལ་ཚོགས་འདུར་བཅར་སྐབས་དགོས་མཁོ་བྱུང་སྟེ་གྲ་བཞི་དམག་སྒར་གྱི་དམག་དར་ཞིག་ཡོད་པ་གློ་བུར་བེད་སྤྱོད་བཏང་ཞིང། དེའི་སྐོར་༧སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྐབས་དེའི་ཚོགས་བཅར་བ་བསམ་ཕོ་བསྟན་འཛིན་དོན་གྲུབ་དང། ཀུན་དགའ་རྒྱལ་མཚན། བྱང་པ་དངོས་གྲུབ་རྡོ་རྗེ་བཅས་ཀྱིས་གསལ་བཤད་གནང་འདུག་ཅིང། ༧གོང་ས་ཆེན་པོས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་མའོ་ཙེ་ཏུང་ལ་མཇལ་འཕྲད་སྐབས་བོད་ལ་དམག་དར་ཞིག་ཡོད་སྐོར་བཀའ་གནང་བ་བཅས་ལས་ད་ལྟའི་སེང་གེ་ཁ་སྤྲོད་ཅན་གྱི་རྒྱལ་དར་འདིའི་གནས་ཚུལ་ཤེས་ནུས་ཤིང། རྒྱལ་གླུ་ནི་ཕྱིས་སུ་བཙན་བྱོལ་དུ་འབྱོར་རྗེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པ་ཀུན་གསལ་ལྟར་ལགས་ཤིང།
སྤྱིར་རྒྱལ་གླུ་དང་རྒྱལ་དར་གྱི་མཚོན་དོན་ཁྱབ་ཁོངས་ནི་རྒྱལ་ཁབ་གང་དེའི་ས་ཁོངས་ཀྱི་སྣོད་བཅུད་གཉིས་ཀྱི་བྱུང་རབས་དང་ཕུགས་བསམ་མཚོན་པ་ལས་བརྒལ་སྟེ། ས་ཁོངས་དེའི་ལེགས་བྱང་དང་། ཤེས་རིག རྣམ་དཔྱོད་བཅས་ཀྱིས་སྐྱེ་འགྲོ་སྤྱི་ལ་ཕན་བདེ་བསྐྲུན་ཐུབ་པ། བསྐྲུན་ཟིན་པ་བཅས་ཀྱི་མཚོན་ཆོག་པས། ༧རྒྱལ་མཆོག་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོའི་མཁས་མཛངས་འཕྲུལ་གསུམ་གྱི་མཛད་རྗེས་ཁོ་ན་ལས་གསོན་པོར་གནས་པ། བོད་ཀྱི་ད་ལྟའི་གནས་བབ་ལ་གཞིགས་ན་ང་ཚོས་འདོན་བཞིན་པའི་རྒྱལ་གླུ་འདིའི་ཚིག་དོན་ལ་ངེས་པར་དུ་བསྐྱར་ཞིབ་ཅིག་བྱེད་དགོས་གལ་དུ་མཐོང་ལ། ང་ཚོར་འཛིན་སྐྱོང་གཅིག་གི་རང་སྲིད་རང་སྐྱོང་མ་ཐོབ་པར་འཐུས་ཚང་བའི་རྒྱལ་གླུ་ཞིག་ཡོད་ཆོག་པ་ཐོབ་ཐང་དང་འགན་འཁུར་གཉིས་ཀ་ཡོད་པ་གཞིར་བྱས་ཏེ། གོང་གི་རྒྱལ་གླུའི་ཚིག་དོན་འདི་བསྐྱར་ཞིབ་བསམ་འཆར་གྱི་གྲོས་གཞིར་ཕུལ་བ་ཡིན།།
རྒྱ་ནག་གི་ཁྲག་དར་འཁྱེར་མཁན་ཞིག་ལ་བོད་ཀྱི་རྒྱལ་གླུ་གླེང་བའི་ཐོབ་ཐང་མེད།
དེས་ན་བོད་ཀྱི་རྒྱལ་དར་ལ་ལོ་རྒྱུས་རིང་པོ་མི་འདུག་གཱ
དབུ་ལམ་གྱི་རྗེས་སུ་འགྲོ་མཁན་ཡིན་མདོག་བྱེད་མཁན་འདིའི་ག་རེ་བཤད་ཀྱི་ཡོད་སྨྱོ་ལབ
ངོས་ནས་དེ་ལ། བོད་ཀྱི་རྒྱལ་དར་མ་རེད་ཕམ་དར་རེད། ཞི་དར་མ་རེད་ཤི་དར་རེད། རྒྱལ་གླུ་མ་རེད་སྡུག་གླུ་རེད། དེ་ནས་བཟུང་བོད་ལ་སྡུག་བསྔལ་མནར་གཅོད་ལས་བདེ་བ་ཐོབ་མྱོང་མེད། xxx བསྟོད་མ་ཤེས་ན་སྨད་དགོས་དོན་འདུག་གམ།
ཁྲི་བྱང་གིས་བརྩམས་པར་གྲགས་པའི་རྒྱལ་གླུ་དེར་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མེད། ང་ཚོ་སློབ་གྲྭའི་སྐབས་སུ་གླུ་གཞས་ཀྱི་དགེ་རྒན་ཕར་ཞོག མཐའ་ན། བོད་དགེ་དེ་ཚོས་ཀྱང་ཁྲི་བྱང་གི་རྒྱལ་གླུའི་ཚིག་དོན་ལ་འགྲེལ་བཤད་ཡག་པོ་ཞིག་བརྒྱབ་མི་ཐུབ། རང་ཉིད་མཁས་ཉམས་སྟོན་ཆེད་ཙམ་གྱི་ཆེད་དུ་བརྩམས་བཞག་པ་ལས་དངོས་ཡོད་གནས་ཚུལ་དང་ཡོངས་སུ་བརྒལ་བའི་མགོ་རྙོག་གི་ཚིག་དོན་ཁོ་ན་ལས་གྲུབ་པའི་འུ་ཚོའི་རྒྱལ་གླུ་དེ་ངེས་པར་དུ་བཅོས་འགྱུར་བྱེད་རན་འདུག མ་གཞི་ཁྲི་བྱང་ཚང་ལ་རྒྱལ་གླུ་སོགས་བརྩམས་པའི་གོ་སྐབས་ཡོངས་རྫོགས་ཀྱང་༧རྒྱལ་བའི་ཡོངས་འཛིན་ཞེས་པའི་ཐ་སྙད་དེའི་དབང་གིས་བྱུང་བ་ཤ་སྟག་ལས། དེ་མིན་ང་ཚོའི་རྒྱལ་གླུ་ཡག་པོ་ཞིག་གོ་བདེར་རྩོམ་ཐུབ་མཁན་ཞིག་མེད་པ་རྩ་བ་ནས་མིན། གང་ལྟར་རང་རེའི་རྒྱལ་གླུ་བརྩམས་པའི་སྐབས་སུ་ཁྲི་བྱང་ནི་དོལ་རྒྱལ་གྱི་བསྟོད་འགྲེལ་ལ་མགོ་གཡེང་ནས་བསྡད་ཡོད་པར་གོར་མ་ཆག འདི་ལས་ང་ཚོའི་གསུམ་བཅུའི་དུས་དྲན་གྱི་ཚོག་དོན་ལྡབ་འགྱུར་གྱིས་བཟང་ངོ་། ཉི་ཧོང་དང་རྒྱ་ནག ནེའུཛེལནཌ་སོགས་ཀྱི་རྒྱལ་གླུའི་ཚིག་དོན་ནི་བྱིས་པ་ཚུན་གྱིས་ཀྱང་འཕྲལ་དུ་ཤེས་རྒྱུར་ངལ་བ་དེ་ཙམ་མེད་ལ། རྒྱལ་་གླུ་གཏོང་བ་ཙམ་གྱིས་ལམ་སེང་སོ་སོའི་སེམས་ཁམས་སུ་རང་བཞིན་གྱིས་རང་གི་རྒྱལ་ཁབ་ལ་དགའ་ཞེན་ངང་གིས་འབྱུང་ཐུབ་ཞིག་བྱུང་ན་ད་གཟོད་རྒྱལ་གླུ་དེ་གཏོང་གོ་ཆོད་པ་རེད་འདོད་དོ།
ང་ཚོ་ནི་དབུ་མའི་ལམ་གྱི་རྒྱབ་བསྐྱོར་པ་ཡིན།
ང་ཚོར་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ཡོད།
སུ་ཡིས་ངོ་རྒོལ་བྱེད་ན་དེ་ནི་གོང་ས་མཆོག་ལ་ངོ་རྒོལ་ཡིན།
འཐབ་ཕྱོགས་གཅིག་གྱུར་ཁང་ནི་ང་ཚོའི་ཕ་མའི་ཕ་མ་ཡིན།
མཁྱེན་སང་ངམ། དད་པ་ཅན་ཚོ།
ཁྲི་བྱང་རིན་པོ་ཆེ་སྐུ་གོངམ་ཡི་རྩོམ་གནང་བའི་རྒྱལ་གླུར་གོ་བ་ལོན་མ་ཤེས་མཁན་དེ་ཚོ་བོང་བུ་དང་ཅིག་པ་རེད་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་རངཉིད་ཀྱི་མི་ཤེས་གཞན་ལ་ཕྲག་དོག་དང་དང་དམའ་འབེབ་བྱེད་མཁན་བོང་བུ་གང་མང་ཞིག་ཡོང་གི་འདུག་
རྒྱལ་དར་སྐོར་ལ་སྔོན་ཆད་གླེང་མོ་མང་དུ་བྱུང་བ་ཁ་བརྡའི་དྲ་བར་ཡོད་སྲིད་པས་གཟིགས། དམག་དར་དེ་ཁྲི་སྲོང་ལྡེའུ་བཙན་དུས་ནས་ཡོད། རྒྱལ་དར་དུ་སྒྱུར་མཁན་རྒྱལ་དབང་བཅུ་གསུམ་པའི་དུས་ཉི་ཧོང་མཁས་པ.青木教授。ཟེར་བས་བྱས་པ་ཁོ་རང་གི་རྣམ་ཐར་དུ་ཡོད། མང་པོ་བཤད་ཀྱང་བལྟ་མཁན་མི་འདུག །
མཁས་དབང་དྲི་མེད་ལྷག་བསམ་ལགས། ད་སྐབས་མཁས་པས་གསུངས་ཀྱང་འཐད་པར་མ་མཐོང་སྟེ། གང་ཡིན་ན་ཁྲི་སྲོང་སྐབས་ཀྱི་དམག་དར་ལ་གངས་སེང་གཅིག་ལས་སེང་གཉིས་མེད་པར་གསལ་བོ་འདུག རྒྱལ་དབང་བཅུ་གསུམ་པའི་སྐབས་སུ་གངས་སེང་ནོར་བུ་འཛིན་པ་ཞིག་ལས་མཐའ་འཁོར་སེར་པོ་སྔོ་དམར་ཉི་མ་འདི་རིགས་གཏན་ནས་མེད། དོལ་བདག་གིས་དགེ་ལུགས་ཀྱི་ནང་འཁྲུག་ཆེད་དུ་བཟོ་པ་ལས་བོད་གངས་ཅན་ལ་ཕན་པའི་ཐབས་མིན་པར་ཤེས་དགོས། འགའ་རེས་རྒྱལ་བ་རིན་པོ་ཆེའི་ཁྱད་ཆོས་སུ་འབྲེལ་བ་གཏན་ནས་མི་འཐད། རྒྱལ་བས་དོལ་འདྲེ་དགག་པ་ཡིན་ན་ཐོག་མར་དོལ་དར་འདི་དགག་དགོས་སོ།། ས་སྐྱའི་མཁས་དབང་གདོང་ཐོག་འདས་པ་དང་བྱ་བྲལ་སངས་རྒྱས་རྡོ་རྗེས་གསལ་བོ་བཤད་འདུག བོད་འཚོ་ཁག་བཅུ་གསུམ་དུ་གཏོར་བྱེད་དེ་ཤི་དར་འདི་རེད། མང་པོ་བཤད་ཀྱང་བལྟ་མཁན་དཔྱོད་མཁན་དཀོན་པས་དེ་ཙམ་ཡིན།།
起来,起来,起来!不愿做奴隶的人们。
དྲ་འབུ་འཐེན་འཁྱེར་བ་རེ་བཟུང་གི་སྐད་ཆ་ག་རེ་བཤད་ཀྱང་སྤྱི་ཚོགས་དཀྲུག་ཤིང་གི་སྐད་ཆ་མ་ཏོག་བཤད་རྒྱུ་མེད་
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བསྡད་ནས་བོད་ཀྱི་རྒྱལ་དར་གང་དུ་འདྲེན་གྱི་ཡིན་བོད་ཀྱི་རྒྱལ་གླུ་གང་དུ་གཏོང་ཡིན་།ཧ་ཧ་
པདྨ་ལེགས། དཔྱད་བརྗོད་གནང་བར་ཐུགས་རྗེ་ཆེ། ༡༽ཁྲི་སྲོང་དུས་ཀྱི་དམག་དར། སེངྒེ་གཅིག་ལས་མེད་པ་བདེན། བཀའ་མ་རྣམ་སྲས་སྤྲིན་གསེབ་མའི་ལོ་རྒྱུས་སུ་བཞུགས་པ་བཞིན་རིགས་གཉིས་ཡོད། གཞི་དམར་པོ་ལ་སེངྒེ་གནམ་ལྡིང་གི་སྟེང་དུ་རྣམ་སྲས་མདུང་དམར་ཅན་གྱི་གོ་ཁྲབ་བཀལ་བ་གཅིག་དང་། གཞི་དམར་པོ་ལ་སེངྒེ་སྟེང་དུ་རྣམ་སྲས། སྤྲིན་གསེབ་ཏུ་རྟ་བདག་བརྒྱད་ཅན་ཡོད་པ་བཅས་སོ། །འདི་གཉིས་ལ་ལྗང་ཡུལ་མ་དང་། སྤྲིན་གསེབ་མ་ཞེས་བཀོད་འདུག སྔོན་ཆད་པ་རྣམ་རྫོང་དུ་ཡོད་པ་ལོ་བཅུ་གཉིས་ལ་འཆར་ཅན་འཛམ་གླིང་སྤྱི་བསང་ཉིན་བོད་གཞུང་ལ་ལན་རེ་གཡར་བའི་སྲོལ་བཞུགས། དར་གཅིག་ད་ལྟ་སྐུ་སྒེར་གྱི་ཕྱག་ཏུ་འབྱོར་ཡོད་པ་ཐོས། གཏེར་སྟོན་བོན་པོ་དྲག་རྩལ། གཉལ་བ་ཉི་མ་སེངྒེ། ཚེ་བརྟན་རྒྱལ་མཚན། ཞིག་པོ་གླིང་པ་བཅས་ཞལ་མཐུན་པར། བོད་ཀྱི་རྟེན་རྫས་བཞི་དུས་གཅིག་ཏུ་འཛོམས་ན་འཛམ་གླིང་ལ་དབང་བསྒྱུར་བར་བཤད། རྟེན་བཞི་པོ་ས་གནས་སོ་སོར་གདུང་བརྒྱུད་དག་གི་ཕྱག་ཏུ་ཡོད་པ་དགའ་ཞིང་གུས་པས་འབུལ་བ་ལས་དབང་དང་གཡོ་སྒྱུས་ལེན་མི་རུང་བར་བཤད་དོ། །༢༽ཉི་ཧོངདགེ་རྒན་ཆེན་མོ་་ཆིང་མུའུ་བཟོས་པ་དེ་ད་ལྟའི་དེ་རེད། འོན་ཀྱང་མཐའ་སེར་པོ་ཡིན་མིན།སེངྒེ་གཉིས་ཡོད་མེད་ཞུ་མ་ཤེས། དཔེ་ལེན་ས་ཉི་ཧོང་དམག་དར་ཡིན་པས་སྔོ་དམར་གཉིས་ཡོད་པ་རེད། གཞན་ཞིབ་ཆ་ཞུ་ཤེས་མ་སོང་། །
བདེན་པའི་ཕོ་ཉ་ལགས་ ངེད་བོང་རྒན་ཚོ་ལ་ཁྱེད་མཁས་དབང་མཆོག་ནས་རྒྱལ་གླུ་དེ་ལ་ཚིག་འབྲེལ་ཞིག་ཅི་ནས་ཀྱང་བཀའ་དྲིན་མ་ཆུང་ཞུ་རྒྱུ་ཡིན་ དེ་མིན་ཕྱོགས་ཞེནདང་ཆགས་ལྡང་རྨོངས་གསུམ་གྱི་གཏམ་ཁོ་ན་བཤད་སྡོད་ན་སྤྱི་ཚོགས་དཀྲུག་ཤིང་ལས་ཅི་ཡོད་།
མཁས་དབང་ཉིད་ཕེབས་ནས་བདེན་གཏམ་གསུངས་པར་དགའ་ཡོད། བདེན་པའི་ཕོ་ཉ་ལགས། ཁྲི་བྱང་གི་བཙལ་བྱོལ་དུ་བསྲེག་དར་གྱི་འགྲེལ་བ་གཟིགས་མྱོང་ངམ། མཛུབ་མོ་གཞན་ལ་གཙུགས་ནས་བོང་བུ་འབོད་ན་བདག་ཉིད་ཆེན་པོ་དེ་བོང་བུའི་གཞན་དབང་དུ་སོང་མི་འདུག་གམ། xxxx
སྔོན་ལ་རྒྱ་ནག་གི་དར་ཆ་དེ་ཕར་གཡུག་དེ་ནས་བོད་མི་དམངས་ཆེད་དུ་གྲོས་གླེང་གནང་ཤོག་ཨ་ཤར་འཁུག་གོ་ཨེ་སོང་
ཉི་ཧོང་གི་མཚོ་དམག་གི་དམག་དར་ལ་དཔེ་བལྟས་ནས་བཟོས་ཚུལ་འདུག རྒྱལ་བ་བཅུ་གསུམ་པས་ཉི་ཧོན་གྱི་དམག་སྤྱི་ཟུར་བ་ཞིག་བོད་ལ་དམག་རྩལ་སློབ་པར་གདན་དྲངས་པ་དེས་བཟོས་པ་ཡིན་ནམ།
ཤར་ཁུག་དབུ་ལམ་ལ་སོང་ནས་རྒྱ་་ནག་གི་རྩ་ཁྲིམས་འོག་བསྡད་ནས་རྒྱལ་ཁབ་གཅིག་ལ་རྒྱལ་དར་གཉིས་དང་རྒྱལ་གླུ་གཉིས་བཟོས་དང་ཤར་ཁུག་བོད་ཀྱི་སྲིད་སྐྱོང་ལ་གཏན་འཁེལ་བ་རེད་།
ཤར་ཁུག་གིས་རྒྱལ་གླུ་གཏོང་ནས་ཅི་ཕན། དགྲ་བོའི་དར་དམར་དང་དགྲ་བོའི་རྒྱལ་གླུ་ལ་ཁས་ལེན་ཚར་ཡིན། ་ལྷག་པར་ད་ལོ་པེ་ཅིན་ལ་སོང་ནས་འཐབ་ཕྱོགས་ལྷན་ཁང་ཟེར་བ་དང་མཉམ་དུ་ཐུག་ཚར།
རྒྱ་ནག་གི་རྩ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་བརྩི་
བཀུར་ཞུ་མཁན་ཚོ་ཕ་ཡུལ་ཕེབས་རོགས་གནང་བཙན་བྱོལ་སྤྱི་ཚོགས་ནང་མ་དཀྲུགས་ན་ཡག་གི་རེད་།
རྒྱལ་གླུར་ཚིག་འབྲེལ་གཏིང་ཟབ་ཡོདཀྱང་བོང་བུའི་རྣ་བར་གསེར་བླུག་པ་དང་ཅིག་པ་ཡིན་འགྲོ་ལགས་།
རྒྱལ་གླུ་འདི་ལ་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས། ད་ལྟའི་རྒྱལ་གླུ་འདི་ལ་མཚོན་ན་གཅིག་ནས་རྒྱལ་གླུ་རྩོམ་པ་པོ་ཁྲི་བྱང་རིན་པོ་ཆེ་དོལ་རྒྱལ་སྟེན་གསོལ་ཤུགས་ཆེར་བྱེད་མཁན་ཞིག་ཡིན་པས་བོད་མི་མང་པོ་ཞིག་གིས་གུས་བཀུར་ཞུ་ཡི་མེད་པ་རེད་ལ། གཉིས་ནས་ཚིག་དོན་གྱི་ཆ་ནས་གནམ་སྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག་ཅེས་པ་ལྟ་བུ་བོད་དམངས་གཙོའི་གཞུང་གི་གནས་བབ་དང་མི་འཚམ་པའི་ཚིག་དོན་ཡོད་པ་རེད། དེས་ན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་གླུ་གསར་པ་ཞིག་རྩོམས་བཀུལ་ཞུས་ན་མ་འོང་བོད་ཀྱི་ལོ་རྒྱུས་ནང་ལ་ངོམ་དུ་ཆོག་པ་ཞིག་ཡོང་རྒྱུར་ཐེ་ཚོམ་ཅི་ཡང་མི་དགོས།
གོང་ས་མཆོག་གིས་ང་ཚོར་ལམ་སྟོན་གང་མང་གནང་པའི་ཁྲོད་ནས་རང་ལ་གནས་ལུགས་ཡོད་ན་རྩ་བའི་བླ་མ་ཡིན་ཡང་ངོ་རྒོལ་བྱས་ཆོག་པར་ལག་ལེན་ནས་བསྟན་པ་ནི་གསར་བརྗེ་ཞིག་ཡིན། ཁྲི་བྱང་ཆོས་ལུགས་ཙམ་མ་ཡིན་པར་ཆབ་སྲིད་ཁྱབ་ཁོངས་སུའང་ཕྱི་འདེད་བྱས་ཆོག་ངེས་རེད། ཚད་གཞི་འདི་ནི་དེང་ཕྱིན་བོད་ཀྱི་བླ་མ་ཆེ་ཆུང་ཀུན་ལ་ཁྱབ་ཀྱི་ཡོད་པ་དང་ཁྱབ་དགོས་པ་ནི་ཚང་མས་ཤེས་དགོས་ངེས།
རྒྱལ་གླུ་དང་རྒྱལ་དར་གྱི་མ་འགྲིག་ནས་
བོད་ཤོར་བ་མ་རེད་།
བོད་མིའི་འཛམ་གླིང་་གི་ཆབ་སྲིད་ཀྱི་
རྗེས་མ་ཟིན་ནས་བོད་ཤོར་བ་རེད་།
ད་ཟབ་ཟབ་མ་བྱས་ན་རྗེས་ལུས་ནས་
ཡང་ལུས་ཆགས་ཡོང་།ཧ་ཧ་ ཆབ་སྲིད་ཀྱི་ཁ་ཕྱོགས་མི་ཤེས་མཁན་
ཆབ་སྲིད་ནང་འཛུལ་ན་རྒྱལ་སྤྱིའི་མདུན
་ངོ་ཡང་ཚ།
འཐབ་ཕྱོགས་ལྷན་ཁང་གིས་ཤར་ཕྱོགས་ཁུག་རྟ་ལ་བོད་ཀྱི་རྒྱལ་གླུ་སོགས་འགྱུར་བ་གཏོང་དགོས་པའི་བཀའ་གནང་ཡོད་ཤག་རེད།
ལུང་རྟོགས་ལགས། གསུང་བ་བདེན། གནས་ལུགས་འདུག རྒྱབ་སྐྱོར་ཡོད། བཀའ་དྲིན་ཆེ།
ཤར་ཁུག་ལགས། དབུ་ལམ་གྱི་རྒྱ་དར་དེ་སྐར་རྟགས་ཅན་དང་སེང་རྟགས་ཅན་གང་ཡིན་ནམ། དབུ་ལམ་ལྟར་ན་བོད་རྒྱ་ཁོངས་སོང་ཙང་། བོད་ལ་རྒྱ་དར་དང་རྒྱལ་གླུའི་ཐོབ་ཐང་དེ་བས་མེད། དེས་ན་ཤར་ཁུག་ལགས། རང་གི་ལྟ་གྲུབ་དང་འགན་འཁྲི་ལས་བརྒལ་བའི་སྨྱོ་གཏམ་མ་གླེང་ན་བཟང་ངོ།།