སྒོམ་སྡེ་ལྷ་རམས་པ།
བོད་སྐད་ཀྱི་འབྱུང་ཁུངས་ལ་བརྟག་པར་ཐོག་མར་བོད་རིགས་འདི་གང་ནས་མཆེད་བརྟག་དགོས།ཡོངས་གྲགས་ཀྱི་བཤད་ཚུལ་ལྟར་ཕ་སྤྲེའུ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་མཆེད་དེ་ཡུལ་དེར་ས་སྐྱེས་རྡོ་སྐྱེས་སུ་འདོད་ཚུལ་ཞིག་དང་། ཡང་ལོ་བཞི་སྟོང་ལྔ་སྟོང་གི་སྔོན་རོལ་ཏུ་རྒྱ་གར་གྱི་མཧཱ་བྷ་ར་ཏའི་དཔའ་བོའི་རིགས་སྐྱ་སེང་བུ་ལྔ་གངས་ཅན་གྱི་ལྗོངས་སུ་བྲོས་བྱོལ་དུ་ཕྱིན་པ་ལས་བོད་རིགས་རྣམས་མཆེད་པར་བཤད་ཚུལ་གཉིས་ཡོད་པས། ཐོག་མར་དེ་གཉིས་ལ་བརྟག་དགོས་སོ། ། ང་ཚོས་རང་གི་སྐད་གང་ནས་བྱུང་དཔྱོད་པ་ལ་ཕྱི་རྒྱལ་བར་མགོ་འབུལ་ལུས་འབུལ་བྱེད་དགོས་ཡ་གང་ཡང་མེད། དེ་ཕྱི་རྒྱལ་མགོ་སེར་བ་ཚོ་ལས་ང་ཚོ་བོད་པ་ཉམས་མྱོང་དང་རྒྱུས་ཡོད་ཆེ་གི་རེད།
དེར་བརྟེན་ང་ཚོའི་རྣམ་དཔྱོད་བེད་སྤྱོད་གཏོང་དགོས་པ་ལས་གཞན་ཟེར་ཁོ་ནའི་རྗེས་སུ་འབྲངས་ན་ནི་རང་ཉིད་བླུན་པོར་བསྒྲུབ་པ་ཙམ་དུ་ཟད་དོ། ད་དུང་བོད་རིགས་ཐོག་མར་བྱུང་སའི་ས་ཆ་དེ་མདོ་དབུས་ཁམས་གསུམ་གྱི་ས་ཆ་གང་དུ་ཡིན་བརྟག་དགོས། དེ་ནས་རིམ་པས་ཤེས་པར་འགྱུར་རོ། ངེད་ཀྱི་བསམ་ཚོད་ལ་དེ་ནི་ཧི་མ་ལ་ཡ་དང་ཉེ་བའི་བོད་ཀྱི་ས་གནས་སུ་ཡིན་པར་སེམས་ཏེ། དེ་ཡིན་པའི་རྒྱུ་མཚན་ནི་ང་ཚོའི་བཤད་སྲོལ་ལའང་བོད་བཙན་པོས་ཨ་མདོ་དང་ཁམས་རིགས་རྣམས་གནའ་བོ་བོད་ཀྱི་མཐའ་མཚམས་སྲུང་མཁན་གྱི་དམག་མིར་བཏང་སྟེ་དེར་གཞིས་ཆགས་ཞེས་བཤད་སྲོལ་ཡོད་ལ། དེ་བདེན་པ་ཡིན་ན། བོད་རིགས་འདི་ཐོག་མར་སྟོད་དང་དབུས་གཙང་གི་ཕྱོགས་ནས་རིམ་གྱིས་མཆེད་པ་ལྟ་བུར་མངོན་ནོ།། ད་དཔྱད་པར་བྱ་བ་ནི་བོད་སྐད་འདི་རྒྱལ་ཁབ་གཞན་ཞིག་ནས་བྱུང་བ་ཡིན་ནམ། འོན་ཏེ་རང་བྱུང་ཡིན། གལ་ཏེ་ཡུལ་གཞན་ཞིག་ནས་བྱུང་བ་ཡིན་ན་རྒྱ་གར་དཀར་ནག་གཉིས་ལ་དོགས་པ་ཆེ་ལ། དེའི་ནང་ནས་ས་ཁད་ཀྱི་དབང་གིས་རྒྱ་གར་ནས་བྱུང་བ་ལ་རྒྱུ་མཚན་མང་བ་ཡོད་དོ། མདོར་ན་བོད་ཀྱི་སྐད་ཡིག་ལ་ལེགས་སྦྱར་གྱི་ཤུགས་རྐྱེན་ཆེས་ཆེ་བ་ཡོད་པ་སྨོས་མི་དགོས་ལ། འོན་ཀྱང་བོད་སྐད་ཀྱི་ཐོག་མའི་འབྱུང་ཁུངས་ནི་བོད་ཡུལ་ཉིད་ལས་ཡུལ་གྲུ་གཞན་ཞིག་ནས་འོངས་པའི་མངོན་རྟགས་གང་ཡང་མི་སྣང་ངོ་།
།ངེད་ནས་༼ལེགས་སྦྱར་ཟུར་ཆག་པའི་བོད་སྐད༽ཅེས་སྨྲས་པར།
འགའ་ཞིག་ནས་ངེད་ནས་བོད་སྐད་ཀྱི་འབྱུང་ཁུངས་རྒྱ་གར་གཏུགས་པར་འཁྲུལ་བ་ནི་འཁྲུལ་བ་ཙམ་དུ་ཟད་དོ།
རྒན་སྒོམ་སྡེ་བ་ལགས། སྐུ་ཉིད་ཀྱིས་བོད་སྐད་ཡིག་གི་འབྱུང་ཁུངས་ལ་བརྟག་པ་ཞེས་པའི་ཁ་བྱང་གི་འོག་ཏུ་འདི་འདྲའི་བསམ་ཚུལ་ཐུང་ངུ་ཞིག་ལས་མི་འབྲི་བའི་རྒྱུ་མཚན་ཅི། རྒན་ལགས། ཉིད་ཀྱིས་བོད་མིའི་འབྱུང་ཁུངས་བཤད་པའི་སྐབས་སུ། རྒྱ་གར་གྱི་རིགས་རྒྱུད་མ་ཧ་བྷ་ར་ཏའི་དཔའ་བོའི་རིགས་སྐྱ་སེང་བུ་ལྔ་ཟེར་བའམ། ཡང་ན་རང་རེའི་ལོ་རྒྱུས་ཕལ་མོ་ཆེར་རྒྱ་གར་གྱི་རྒྱལ་བོ་རུ་པ་ཏའི་དམག་མི་བུད་མེད་ཀྱི་ཆས་ཞུགས་པ་ཞེས་བཀོད་ཡོད། གལ་སྲིད་དེ་ཡིན་པར་ཆ་བཞག་ན། དེ་དུས་དམག་མི་བུད་མེད་ཀྱི་ཆས་ཞུགས་པ་རྐྱང་ཡོང་བ་ལས་བུད་མེད་དངོས་གཅིག་ཀྱང་མེད་ན། རིགས་རྒྱུད་ཇི་ལྟར་འཕེལ་ལམ་ཞེས་དེང་གི་ལོ་རྒྱུས་སྨྲ་བ་མང་བོས་དོགས་དཔྱོད་བྱེད་ཀྱི་ཡོད། དེའི་སྐོར་གྱི་ཡིག་ཆ་གསལ་ཤོས་དེ་ལྷ་ལས་ཕུལ་བྱུང་གི་འགྲེལ་བ་བྱེད་ཀྱི་ཡོད། རྒན་ལགས་ཀྱིས་ཇེ་གསལ་དུ་གཏོང་འདོད་ན་དེར་ཐེངས་གཅིག་གཟིགས་རོགས་ཞུ། གཞན་བོན་གྱིབཤད་སྟངས་ཤིག་དང་དགྱ་ནག་གི་བཤད་སྟངས་ཤིག གཞན་རང་རེའི་ལོ་རྒྱུས་དེབ་ཐེར་འགའ་རེར་བཤད་སྟངས་མ་འདྲ་བ་ཡོད་པ་སོགས་བདག་གིས་འདིའི་སྐོར་ནས་ཆེད་རྩོམ་གྱི་དེབ་ཅིག་བྲིས་པའི་ནང་འདོད་པ་ལྔ་བཀོད་ཡོད། གལ་སྲིད་ཁོམ་པ་འདྲ་བྱུང་ན་ངས་རྒན་ལགས་ཀྱི་དཔྱད་གཞིའི་རྒྱ་ཆར་འབུལ་ངེས་ལགས། བདག་ལ་རྣམ་དཔྱོད་དང་སྦྱངས་སྟོབས་ཀྱི་རིགས་པ་མེད་སྟབས། གཞན་གྱི་འདོད་པ་སྐོར་ཞིག་ཕུང་གསོག་བརྒྱབ་པ་ལས་རང་ལུགས་བཙན་པོས་ཐག་གཅོད་སོགས་གང་ཡང་བྱེད་ནུས་དང་བྲལ་སོང་། དེའི་སྟབས་ཀྱིས་བལྟ་བདེ་བ་དང་ཀློག་བདེ་བ་ཙམ་ཞིག་ཡིན་པར་སྣང་།
ལོ་རྒྱུས་ལ་གཏུགས་ན་ལྷ་རམས་པ་འདི་རྨོངས་དད་ཀྱིས་ཚོས་བསྡད་ཡོད་པ་ཚན་རིག་བཤད་ན་རྣ་བ་འགེབ་པ་ཞིག་རེད། ཚིག་འགྲེལ་རེ་བརྒྱབ་ན་སྡུག་ཐུག་ཅིག་མ་རེད།
བོད་ཀྱི་མི་རིགས་འདིའི་རྩ་བའི་འབྱུང་ཁུངས་ཐད་ལ་སྲོལ་རྒྱུན་གྱི་བཤད་པ་ཞིག་དང༌། དེང་དུས་ཀྱི་བཤད་པ་གཉིས་ཡོད། མ་ཎི་བཀའ་འབུམ་ལས་གསུངས་པ་བཞིན་བོད་མི་རིགས་འདིའི་འབྱུང་ཁུངས་ནི་སྤྲེའུ་དང་བྲག་སྲིན་མོ་གཉིས་ལ་ཐུག་ཡོད་པ་དང༌། བྲག་སྲིན་མོ་ཞེས་པ་ནི། སྲིན་མོ་ཞེས་པའི་སྒྲ་ཇི་བཞིན་དུ་གོ་བ་མ་ཡིན་པར། སྤྲ་ཞེས་པའིདོན་ཡིན་ནོ་ཞེས་མ་ཎི་བཀའ་འབུམ་གྱི་མཆན་དུ་གསལ་ཅེས་དུང་དཀར་རིན་པོ་ཆེས་གསུངས་ཡོད།
རྒྱལ་སྤྱི་ཐོག་ཏུའང་ཚན་རིག་པ་ཀུན་གྱིས་མགྲིན་གཅིག་ཏུ་མིའི་འབྱུང་ཁུངས་དེ་སྤྲེའུའི་རིགས་ལ་ཐུག་ཡོད་པར་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་སྐབས་འདིར་མིའི་ནང་ནས་བྱེ་བྲག་བོད་མི་རིགས་ཞེས་པ་དེའི་འབྱུང་ཁུངས་གང་རེད་དམ་ཟེར་ན། དེ་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་གསལ་ཐིང་ཐིང་གི་ངེས་པ་རྙེད་པ་ཞིག་མེད།
དེང་སང་ཚན་རིག་གི་ཐབས་རྩལ་དང་འཕྲུལ་ཆས་འདྲ་མིན་ལ་བརྟེན་ནས། མིའི་ལུས་ཀྱི་ཕྲ་རྡུལ་གྱི་གྲུབ་ཆ་སོགས་ལ་བརྟག་དཔྱད་ཞིབ་ནན་བྱས་ཏེ་བོད་མི་ཙམ་མ་ཟད། ཨེ་ཤའི་ཡའི་མི་རིགས་མང་པོ་ཞིག་གི་རྒྱུད་པའི་ཁུངས་དེ་སོག་རྒྱུད་ནས་ཡིན་པར་གླེང་བཞིན་ཡོད། ཁོང་ཚོར་དངོས་ཡོད་ཀྱི་ལམ་ནས་རྒྱུ་མཚན་མང་པོ་ཤོད་རྒྱུ་ཡོད་པ་ལས། གཏམ་རྒྱུད་དམ་བཤད་སྒྲོས་དེ་འདྲ་ལ་ཁུངས་བཅོལ་བ་ནི་མིན།
བོད་བཙན་པོའི་དུས་སྐབས་སུ་རྒྱལ་ས་ནས་བོད་དམག་མང་པོ་བཏང་ཡོད་ཀྱང༌། བོད་ཀྱི་མཐའ་མཚམས་ས་ཁུལ་དུ་མི་གཅིག་ཀྱང་མེད་པ་དེ་འདྲ་ཨ་ཡིན་ན། དེ་འདྲའི་ཁུངས་སྐྱེལ་གྱི་སྒྲུབ་བྱེད་ཅིག་སྟོན་གནང་ཡོད་པ་ཞུ། ཐུགས་རྗེ་ཆེ།
ཨ་ཙི། འུན་འུན་འུན་་་་་་་ ད་ང་ངུ་བ་ལས་བྱ་ཐབས་གཞན་མི་འདུག སྒོམ་སྡེ་འདྲ་བ་ཁ་ཤས་ཤིག་ད་དུང་ཡོད་ན། ཨ་ཙི་བོད་འདི་གུ་དོག་ཏུ་གཏོང་ངེས་རེད། མིང་ཆེན་འདི་འདྲ་ཁུར་ནས་ལས་ཀ་དེ་འདྲ་ལས་དུས། ད་ནི་ཞུ་བ་འཐེན་པ་ལའང་ངོ་ཚ་གི་འདུག སྐུ་མཁྱེན། ངས་ཡང་བསྐྱར་རེ་ཞུ་བྱེད། ད་ནས་བཟུང་ཁྱོད་ཀྱིས་མཁས་མདོག་མ་སྟོན་རོགས། ཁྱོད་རང་གི་གྲུབ་མཐའི་མདོ་ལུང་ཚིག་རྐྱང་རེའི་འགྲེལ་བ་འདྲ་བཀོད་ན་ལེགས་མོད་་ཀྱང་། འདི་འདྲའི་རིགས་རྣམས་རྒྱ་ཆེ་བས་ཁྱོད་ཀྱིས་གླགས་འཁེལ་རྒྱུ་ཞིག་མ་རེད་ལ། ལྷག་པར་མིག་འགྱངས་ཐུང་དྲགས་པས་ཡོད་ཚད་མཐོང་རྒྱུ་རང་མ་རེད། བཤད་བཤད་མཐར་ད་ཁྱོད་ཀྱིས་བྱུས་ཤིག་འཐེན་ནས་བོད་མི་ཡང་རྒྱ་གར་ལས་བྱུང་བར་བཤད་འདོད་པ་མིན་ནམ། གདོང་སྒོར་སྣ་ཉག་ང་ཚོ་རྒྱ་གར་དང་འདྲ་མིན་ཡང་མངོན་སུམ་གྱི་ཡུལ་དུ་འདུག་པས། ཁྱོད་ཀྱི་བ་སྤུས་ཀྱང་རྒྱ་གར་བའི་བ་སྤུའི་རྗེས་ཆོད་མི་ཡོང་། རྒྱ་ཆེན་པོ་དང་གཏིང་ཟབ་པོའི་ལོ་རྒྱུས་བཤད་ན་ཁྱོད་འཐོམ་ཉེན་འདུག་པས། ལས་སླ་པོར་བྱས་ན་རྒྱ་གར་དང་རྒྱ་ནག་གཉིས་ཀའི་ལོ་རྒྱུས་ནང་བོད་འདི་ཁོང་ཚོ་ལས་བྱུང་བའི་ལོ་རྒྱུས་མེད་པའི་ཁར་ད་དུང་ཁོང་ཚོའི་མི་རིགས་ཚོ་འགའ་ཞིག་བོད་ཕྱོགས་ནས་གྲོལ་བའི་ལོ་རྒྱུས་གསལ་འཐིང་ངེར་འདུག་པས་ཁྱོད་རང་མ་བསྙོན་ཞིག
མ་གཞི་སྐྱ་བསེང་དང་བྲག་སྲིན་ལས་གཞན་པའི་བོད་མིའི་འབྱུང་རབས་བོད་ཀྱི་རྡོ་རིང་དུ་འཁོད་པ་དེ་རྣམས་ཁྱོད་ཀྱིས་ཤེས་ཀྱི་ཡོད་དམ། མེད་ན་འདི་དག་བདག་པོ་བརྒྱབ་ན་ལེགས། འོན་ཀྱང་འདི་ནི་གྲུབ་མཐའ་སུ་དང་གང་གི་འདོད་དོན་ཞིག་མིན་པས་ཁྱོད་ལའང་མི་མཁོ་བར་ངེས། ང་ལྟ་བུས་ནི་འདི་ཉིད་བདེན་པ་ཡིན་མིན་ཅི་ལྟར་ཡང་གཏམ་སྔ་ཤོས་སུ་འདོད་ཀྱིན་ཡོད་ལ་ལྷག་པར་ཏུན་ཧོང་གི་ཡིག་རྙིང་དང་ནང་དོན་མཐུན་པས་དེ་བས་ཀྱང་གནའ་གཏམ་ཞིག་ཏུ་སྣང་བས་བོད་མི་རང་གིས་འདོད་སྟངས་ཞེས་ལབ་ཀྱང་ཆོག་པར་ཡིད་ཆེས་འཕེར་བ་ཞིག་རེད་སྙམ།
འོན་ཀྱང་ཁྱོད་ཀྱིས་སྐྱ་སེང་བུ་ལྔ་གངས་ཅན་གྱི་ལྗོངས་སུ་བྲོས་བྱོལ་དུ་ཕྱིན་ཡིན་ན་གཅིག འདི་དེ་རིང་ཁྱོད་ལས་གོ་བ་ཙམ་མ་གཏོགས་གཞན་ནས་མ་ཐོས། འོན་ཀྱང་སྐྱ་བསེང་གི་འཐབ་ཟླ་སྒྲ་ངན་གྱི་བུ་རུ་པ་ཏི་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་གངས་ཅན་དུ་བྲོས་པའི་གཏམ་རྒྱ་གར་ནའང་ཡོད་མོད། འདི་ཡི་གངས་ཅན་ནི་བོད་ཡིན་མིན་དཔྱད་གཞི་རེད། གཙུག་ཕྲེང་གིས་བོད་དང་ཉེ་བའི་གཏམ་དུ་ཟད་དོ་གསུངས་ཡོད། ད་དུང་བཤད་རྒྱུ་འདུག་ཀྱང་། ཁྱོད་འདི་དག་ལ་རྒྱུས་ཆུང་བས་གོ་བ་སྤྲད་ཀྱང་ཁག་པོ་འདུག གྲྭ་ཚང་གཅིག་གི་ཡིག་ཆ་ཡིན་ན། ངས་ཁྱོད་ལ་ཡིག་ཆ་ཁས་ཟེར་རྒྱུ་ཡོད་རེད་པ། འདིར་ཁྱོད་ནི་མིག་འགྱངས་ཐུང་དྲགས་པས། འདོད་དོན་གཞན་རྣམས་རྩ་ནས་མཐོང་མི་འདུག་སྙམ། ད་དུང་ཀ་ཁོལ་མ་སོགས་ལས་ཤཱཀྱའི་རྒྱལ་རྒྱུད་ལས་བྱུང་ཟེར་བའང་ཁྱབ་ཆེན་པོ་ཡིན། འདི་ལྟར་ན་བོད་རིགས་རྣམས་དངོས་དོན་དུ་བལ་པོ་ལས་བྱུང་བ་ཞིག་ཡིན་དགོས། གདོང་པའང་འདྲ་སེ་འདུག་ག ཧ་ཧ་ད་ནི་ཁྱོད་སྨྱོ་ཉེན་ཡོད། འདི་ཁྱོད་ཀྱིས་ངོས་ལེན་བྱ་མི་སྲིད། ད་དུང་རྣ་བ་ཅན་སོགས་ཀྱི་གཏམ་ཡང་མང་ཙམ་ཡོད་མོད་ཁྱོད་ཀྱི་སེམས་ཆུང་དེ་དོག་དྲགས་པས་ཤོང་མི་ཡོང་བསམ་པའི་འཇིགས་པ་འདུག་པས་གནས་སྐབས་སྐྱུར་ཞོག ངས་བལྟས་ན་འདི་དག་ཐམས་ཅད་བོད་གཏམ་མིན་ནོ། །ད་མང་པོ་མི་བཤད།
ཁྱོད་ཀྱིས་འདོད་པ་གཙོ་བོ་དེ་འདིར་སྦས་འདུག་ག ༼ད་དཔྱད་པར་བྱ་བ་ནི་བོད་སྐད་འདི་རྒྱལ་ཁབ་གཞན་ཞིག་ནས་བྱུང་བ་ཡིན་ནམ། འོན་ཏེ་རང་བྱུང་ཡིན། གལ་ཏེ་ཡུལ་གཞན་ཞིག་ནས་བྱུང་བ་ཡིན་ན་རྒྱ་གར་དཀར་ནག་གཉིས་ལ་དོགས་པ་ཆེ་ལ། དེའི་ནང་ནས་ས་ཁད་ཀྱི་དབང་གིས་རྒྱ་གར་ནས་བྱུང་བ་ལ་རྒྱུ་མཚན་མང་བ་ཡོད་དོ། མདོར་ན་བོད་ཀྱི་སྐད་ཡིག་ལ་ལེགས་སྦྱར་གྱི་ཤུགས་རྐྱེན་ཆེས་ཆེ་བ་ཡོད་པ་སྨོས་མི་དགོས་ལ།༽ བོད་མི་དང་བོད་སྐད་གཉིས་ཀ་ཡུལ་ཡར་ལུང་རང་ནས་བྱུང་ཟེར་ན་ཁྱོད་ལ་ཅི་ཡིས་གནོད་པ་འདུག ཡིན་གཅིག་མིན་གཅིག་ཕྱི་ནས་འབྱུང་དགོས་དོན་ཅི་རེད། རྒྱབ་རྟེན་ལེགས་སྦྱར་གྱི་སྐད་ཁུར་བ་དེའང་ཅོལ་ཆུང་རང་རེད། ལེགས་སྦྱར་གྱི་སྐད་འདི་བོད་ལ་དར་བ་ནི་དུས་རབས་བདུན་པ་ཙམ་ནས་རེད་མ་གཏོགས་བོད་སྐད་ཀྱི་སྔོན་ལ་བྱུང་བ་ཞིག་མ་རེད་ལོ། དེ་ནི་ཁྱོད་ཀྱིས་ཀྱང་ལོས་ཤེས། བོད་སྐད་ཀྱི་འབྱུང་ཁུངས་ཡིན་ཚེ་བོད་སྐད་ལས་ཀྱང་སྔོན་དུ་བོད་མི་ཡི་ཁ་ནང་དུ་ཡོད་དགོས་པ་ལྟ་བུར་མི་དགོས་སམ། ཁྱོད་འདི་ཅི་ཞིག་བཤད་ཀྱིན་ཡོད། གཏམ་འདི་འདྲ་ནི་རྟགས་གསལ་ལ་ཡང་ཕན་ས་མ་རེད། ལོ་རྒྱུས་དཔྱད་པར་ཕར་ཞོག
ད་ངས་ཁྱོད་རང་ལ་ཞུ་བ་མཐའ་མ་འདྲ་བོ་ཞིག་བྱས་ན། གལ་སྲིད་ལོ་རྒྱུས་དཔྱད་དགོས་བསམ་ན་མིག་འགྱངས་རིང་ཙམ་བྱས་ནས་གྲུབ་མཐའ་གཞན་པའི་དཔེ་ཆ་ལའང་ལྟོས། ཡོད་ཚད་ལ་འདྲིས་བསྡུར་གྱིས་དེ་ནས་བཤད་རོགས། ལོ་རྒྱུས་བཤད་པ་ལ་ཁྱོད་རང་གྲྭ་ཚང་གི་ཁྲིམས་སྲོལ་ལྟར་ཡིན་གཅིག་མིན་གཅིག་བླ་མ་གཅིག་གི་འདོད་སྟངས་དེ་ཡིག་ཆར་བཟུང་ནས་དེ་ལ་ཤི་འཐམ་རོ་འཐམ་བྱས་ཏེ་གཞན་རྣམས་མི་འདོད་བཞིན་དུ་དགག་དགོས་པ་མ་རེད། གང་ཞིག་བདེན་པར་མཐོང་བ་དེ་ངོས་ལེན་བྱས་ན། དེ་ལ་ཚ་དང་འཁོར་གསུམ་ཟེར་ཡོང་མཁན་སུ་ཡང་ཡོད་མ་རེད་ལ། མིས་ཀྱང་མཐོང་རྒྱ་ཆེན་པོར་བརྩི་གི་རེད། འདི་བསླབ་བྱ་ཟེར་ན་ཆེ་དྲགས་པ་དང་སྙིང་གཏམ་ཟེར་ན་ཉེ་དྲགས་པས་རེ་བ་ཙམ་ཡིན། ད་དུང་བཤད་རྒྱུ་འདུག་ཀྱང་ག་ལེར་ཡིན། ཧ་ཧ། ལེགས་སྦྱར་ལའང་རྒྱུས་ཆེ་མདོག ང་ཡང་ལོ་ཤས་ལེགས་སྦྱར་སྐད་ཡིག་སྦྱངས་མྱོང་བཤད་ཡོད་པ།
ཁོ་རེ། ཤྰཀྱ྄་མི་བོ། དྲ་རྒྱ་བཙོག་མ་བཟོ་རོགས།
བོད་སྐད་ཀྱི་ཐོག་མའི་འབྱུང་ཁུངས་ནི། ཁྱི་མཚེས་མི་རིགས་མ་རེད། བོད་ཀྱི་སྤྲ་མི་རྣམས་རེད།
ད་འདི་ལྟ་བཤད་མི་དགོས་པ་ཞིག་རེད། བཤད་ཀི་ཡིན་ན། རྒྱ་གར་གྱི་སྐད་དེ་རྒྱ་གར་རང་ནས་བྱུང་འདུག་བོད་ནས་བྱུང་འདུག་བརྟག་དཔྱད་ཅིག་མཛད་ན། དངོས་གནས་ལྟད་མོ་ཞིག་ཡོད་རེད།
འདིའི་སྐོར་ཁ་བརྡ་བྱེད་འདོད་ཡོད། ད་ཅིག་ག་འགྲོ་གི་ཡོད། དགོང་མོ་ཚུར་ཡོང་གི་ཡིན།
ཐུགས་རྗེ་གཟིགས། བོད་ཀྱི་ཁོར་ཡུག བོད་ཀྱི་མི་རྒྱུད། བོད་ཀྱི་སྐད་ཡིག འདི་གསུམ་གཞན་གྱི་རེད། མ་ཟེར་རོགས།
དེང་སང་དཔྱད་པ་བྱེད་མཁན་ཚོས་ཡར་བཤད་མར་བཤད་མཐའ་མ་དེར་ཚན་རིག་དང་མི་མཐུན་ལ་དོན་དངོས་དང་མི་མཐུན་པའི་སྐད་ཆ་གསར་པ་གསར་པ་བརྒྱུད་རྒྱུར་དགའ་མོས་བྱེད་ཀྱི་མི་འདུག་གམ།
ད་ལྟའི་ཆར་འདས་པའི་་ལོ་རྒྱུས་ནང་བཟང་ངན་ཅི་བྱུང་ཡང་འདས་ཟིན་པ་རེད། ད་མ་འོངས་པར་བསམ་བློ་མང་ཙམ་བཏང་། གྲ་སྒྲིག་མང་ཙམ་བྱེད་དགོས་འདུག དྲ་གྲོགས་རང་རང་གིས་ཀྱང་ཉུང་ཙམ་བཤད། མང་ཙམ་སྒྲུབ་དགོས་འདུག དེ་མ་གཏོགས་ང་རང་གཙོ་བོར་གྱུར་པའི་དྲ་གྲོགས་ཚོ། ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། །ཞེས་པའི་གཏམ་དཔེ་དེ་ང་ཚོའི་མགོ་ཐོག་ཏུ་ཡོད་ཡོད་པ་རེད་མི་འདུག་གམ།།
གནམ་ལྕགས་ལགས།
༼གསལ་བཤད༽
༡༽ བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་འབྲོས་མཁན་དེ་“རུ་པ་ཏི”མ་རེད། སྐྱ་སེང་བུ་ལྔ་སྟེ་ལེགས་སྦྱར་དུ་“པཱཎ་ཌཝ”पाण्डव pāṇḍavaḥ ཟེར་བ་དེ་རེད་ལགས། དེ་ཡིན་པའི་རྒྱུ་མཚན་ནི་རྒྱ་གར་གྱི་དཔའ་བོ་བྱུང་རབས་མཧཱ་བྷ་ར་ཏའི་ནང་སྐྱ་སེང་བུ་ལྔ་ཆུང་མ་༼དྲཱཽ་པ་དཱི། draupadī ཀློག་པའི་ཚེ་འདོ་རོ་པ་དི་ཞེས་པ་ལྟ་བུར་ཀློག༽དང་བཅས་པ་ཧི་མ་ལ་ཡའི་རི་བརྒྱུད་ནས་ལྷ་ཡུལ་དུ་ཕྱིན་པའི་ལོ་རྒྱུས་ཡོད་པ་ཡོངས་གྲགས་རེད།
༢༽སྐྱ་སེང་བུ་ལྔ་ལ་ཐུན་མོང་དུ་ཆུང་མ་གཅིག་ཡོད་རེད། མོའི་མིང་ལ་གོང་དུ་བཤད་པ་ལྟར་དྲཱཽ་པ་དཱི། draupadī ཟེར། དེ་དུས་ཆུང་མ་ཡང་མཉམ་དུ་བྲོས་ཡོད་རེད། དེར་བརྟེན་དེ་དུས་སྐྱེས་པ་རྐྱང་རྐྱང་ལས་བུད་མེད་མེད་པའི་དོགས་པ་ཡང་རང་ཞིར་འགྲོ་ངེས་རེད་ལགས།
༣༽གནམ་ལྕགས་ལགས། ངོས་ནས་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་བྱུང་གི་རྒྱ་ཆེར་འགྲེལ་པ་ལམ་ཙམ་ཞིག་བཀླགས་པ་ཡིན། ལུང་གཤམ་དུ་གཟིགས།
ལྷ་ལས་ཕུལ་བྱུང་གི་བསྟོད་པའི་རྒྱ་ཆེར་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆའི་མཛད་པ་ལས། ༼སྲིད་སྒྲུབ་ཀྱི་ཁ་ལོ་བ་རང་ཉིད་ཀྱིས་བྱས་ཏེ། གཡུལ་བཀྱེ་བས་འཐབ་དཀའི་རིགས་དཔུང་གི་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་གྱུར་ཏོ། །རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ། །༽
༼དེབ་སྔོན་སྟོད་ཆ་༦༠ལས༽ བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅིང་། སྟོན་པ་ཐུབ་པ་བྱོན་པའི་དུས་ལས་སྔ་བ་རྩོད་ལྡན་གྱི་ཐོག་མ་སྐྱ་སེང་བུ་ལྔས་དཔུང་ཚོགས་ཡན་ལག་བཅོ་བརྒྱད་དམ་བཅུ་གཉིས་བཅོམ་པའི་ཚེ། རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ནས་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས། དིང་སང་ན་ཡང་བོད་ཅེས་བྱ་བ་གྲགས་པ་ཡིན་ནོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་དེ། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཡུལ་འདི་ལ་སྔོན་མིང་པུ་རྒྱལ་ཞེས་ཟེར་ལ། ཕྱིས་བོད་ཅེས་བྱ་བ་འཆད་པ་ཡང་སློབ་དཔོན་ཤེས་རབ་གོ་ཆའི་གསུང་དང་སྦྱར་ན་འབྱོར་རོ། །ཞེས་གསུངས།
༤༽ ཁྱེད་ཀྱི་ལོ་རྒྱུས་དེབ་དེ་རྗེས་མ་ངེད་ལ་བྱུང་ན་ཞེ་དྲག་ཡག་པོ་འདུག་ལགས།
ངས་བལྟས་ན་རང་རེའི་ལོ་རྒྱུས་ཐོག་དོ་སྣང་དང་བགྲོ་གླེང་ཞིབ་འཇུག་སོགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་དུས་ཚོད་ཆུད་གཟོད་དུ་གཏན་ནས་བསམ་པར་མི་བྱའོ། །ད་ལྟ་ང་ཚོ་དངོས་སུ་བོད་དོན་མ་གླེང་རུང་ཤུགས་ཀྱིས་གླེང་གི་ཡོད་རེད།
ལ་དྭགས་དང་ཁུ་ནུ་གར་ཞྭ་སོགས་སུ་ཡོད་པའི་བོད་པ་རྒྱ་གར་པའི་གདོང་བ་ཅན་དག་ངོ་མ་རི་པ་ཏའི་མི་རྒྱུད་ལོས་ཡིན་བསམས། དེ་མིན་དབུས་གཙང་གི་ས་ཕྱོགས་ཀུན་ཏུ་བོད་པ་རྒྱ་གར་བའི་གདོང་བ་ཅན་ཞིག་རྙེད་ཁག་པོ་རེད། ང་ཡོད་ས་འདིར་ཀུ་ལུ་ནས་ཡིན་པའི་འབྲུག་པ་བཀའ་བརྒྱུད་པའི་བླ་མ་ཞིག་འདུག་ཅིང་གི་གདོང་བ་དེ་ནི་དེང་སང་གི་རྒྱ་གར་བའི་ངོ་གདོང་སྨུག་སེང་ངེ་དང་ལུས་པོ་སྤུ་ཟིང་ངེ་ལས་བོད་པའི་བཟོ་ལྟ་ཅི་ཡང་མི་འདུག
གནམ་ལྕགས་ལགས།
ཅིག་བརྗེད་འདུག
༥༽“རུ་པ་ཏི”ཞེས་པ་འདི་ཡང་“དག་མ་དག”དཔྱད་དགོས་པ་ཞིག་སྟེ། འདི་ཕལ་ཆེར་དྲུ་པ་ད། ༼ཀློག་པའི་ཚེ། དུ་རུ་པ་ད་ཞེས་པ་ལྟ་བུར་བཀླག༽द्रुपदཟེར་བ་དེ་ཡིན་ཚོད་འདུག གང་ལགས་ཤེ་ན། སྐྱ་སེང་བུ་ལྔས་རང་གི་ཆུང་མ་དྲཱཽ་པ་དཱིའི་ draupadī ཕ་ཡར་རྒྱལ་པོ་དྲུ་པ་ད་དམག་གིས་ཕམ་པར་བྱས་པའི་ལོ་རྒྱུས་ཡོད་རེད། དེར་བརྟེན་“རུ་པ་ཏི”ཞེས་པ་དྲུ་པ་དའམ་དུ་རུ་པ་ད་དང་ནོར་བ་ཡིན་ལས་ཆེ།
སྒོམ་སྡེ་ལྷ་རམས་པ།
ཞེ་དྲགས་ཡག་པོ་རེད་།མུ་མཐུད་དུ་གླེང་བར་བྱ་།
ཁོ་རེ་སྒོམ་སྡེ། ཡང་རྟོག་བཟོར་ཐལ་དྲགས་ཀྱིན་འདུག་ད།
Droupadi ནི་སྐྱ་བསེང་གི་ཆུང་མ་ཡིན་པར་ཡོངས་གྲགས་རེད་ལ། དགྲ་ངན་དང་སྐྱ་བསེང་འཐབ་རྗེས་མཐར་སྐྱ་བསེང་རྒྱལ་ཡོད་པས། སྐྱ་བསེང་དང་དེའི་ཆུང་མ་རྣམས་བྲོས་དགོས་པའི་རྒྱུ་མཚན་ཅི་ཡང་མེད། བྲོས་དགོས་བྱུང་ཡོད་ན་དགྲ་ངན་གྱི་དམག་ཚོགས་རྣམས་བྲོས་དགོས་པ་ཡིན།
གཉིས་སུ་གཙུག་ཕྲེང་གིས། ༼སྐྱ་སེང་བུ་ལྔ་དང༌། སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན་རྒྱལ་པོ་རུ་པ་ཏི་ཅེས་པ་འཁོར་བརྒྱ་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས།༽ ཞེས་རྒྱལ་པོ་རུ་པ་ཏི་ཞེས་བྱུང་ལ། བུ་སྟོན་གྱིས། ༼སྐྱ་སེང་བུ་ལྔ་དང༌། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་དུས་སུ་རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་གསེབ་ཏུ་བྲོས།༽ ཞེས་དང་ཡང་གཙུག་ཕྲེང་གིས། ༼སྲིད་སྒྲུབ་ཀྱིས་དམག་བརྒྱ་ཐམ་པ་ཐུབ་བྱས་པས། ཉམ་སད་པའི་ཕྱིར་འོ་ན་དམག་བརྒྱ་པ་ཐུལ་ཞིག་བྱས་པས་དེས་ཕ་དང་གོ་དགུ་པོ་བསད། ཐ་ཆུང་རུ་པ་ཏི་མཚན་དང་ལྡན་པ་དེ་བཙོན་དུ་ཁྲིད་ནས་འོངས། སྐྱ་སེང་གིས་གསོད་པར་འཕངས་ནས་ཟངས་ནང་དུ་ཟས་སྐོམ་དང་གོས་དང་བཅས་ཏེ་ཆུར་བསྐྱུར་བ་ཞིང་པས་རྙེད་ནས་གསོས།༽ ཞེས་རུ་པ་ཏི་ནི་སྐྱ་བསེང་བུ་ལྔའི་འཐབ་ཟླ་དགྲ་ངན་སྤུན་བརྒྱའི་ནང་གི་ཐ་ཆུང་དེ་ཡིན་པར་ཤིན་ཏུ་གསལ་པོར་འདུག་པས། སྐུ་མཁྱེན། རུ་པ་ཏི་ཞེས་པ་དེ་Draupadi ཟུར་ཆག་པའི་དོན་དུ་མ་འགྲེལ་ཞིག འདི་ལྟར་ན་ཁྱོད་ཀྱིས་དེ་སྔོན་ཟུར་ཆག་ཅེས་པ་ཕལ་ཆེར་འདི་ལྟར་རྟོག་བཟོ་ཙམ་ལས་ཁུངས་ལུང་མེད་པར་འགྱུར་ཉེན་ཆེ། ལེགས་པར་སོམས་ན་མ་གཏོགས་འདི་རྩེད་མོ་ཞིག་མིན་པས། ལྡེའུ་སེར་ཟེར་བ་སོགས་ཀྱང་གཟུ་བོར་གནས་པ་ཞིག་ཡིན་ཚེ་དཔང་པོར་ལོས་རུང་། ད་དུང་ག་ལེར་བཤད་ཆོག
བོད་ཀྱི་ཡུལ་འདི་ཡང་རྒྱ་ གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་ གནོད་པ་མེད། ཅེས་པ་འདི་ཡང་འདོད། ལུང་གཞན་ཡང་ཁས་བླངས་པ་ནི། ནང་འགལ་གྱི་ཕུང་པོ་རེད།
བོད་སྐད་ཀྱི་ཐོག་མའི་འབྱུང་ཁུངས་ནི། ང་ཚོ་བོད་རིགས་ཀྱི་མེས་པོའི་ཡང་མེས་པོའི་མགྲིན་པ་ལྕེ་རྐན་སོགས་ལས་བྱུང་བ་རེད།
“བྲོས”པའི་ཐ་སྙད་འདི་རང་རེའི་བཤད་ཚུལ་དང་མཐུན་པར་བཤད་ཀྱི། ཚིག་སྐྱོན་བཅད་ནས་བཤད་ན། རྒྱ་གར་གྱི་ལོ་རྒྱུས་དག་ཏུ་རི་གངས་ཅན་གྱི་ཕྱོགས་སུ་(exile)སྐྱབས་བཅོལ་ལ་སོང་ཞེས་འཁོད་ཡོད། སྐྱབས་བཅོལ་ལ་འགྲོ་དགོས་པའི་རྒྱུ་མཚན་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་འདུག འགའ་ཞིག་གིས་ཆོ་ལོའི་རྒྱན་པོ་ཤོར་ནས་འགྲོ་དགོས་བྱུང་ཞེས་པ་ཞིག་དང་། ཡང་གཞན་དག་གིས་Kurukshetra ཀུ་རུའི་གྲོང་ཁྱེར་གྱི་གཡུལ་འཐབ་བྱེད་པའི་ཚེ་མི་མང་པོ་ཤི་རྐྱེན་བྱུང་བར་ངེས་འབྱུང་དང་ཡིད་སུན་སྐྱེས་ཏེ་སོང་ཞེས་པའི་བཤད་ཚུལ་གཉིས་ཡོད། གང་ལྟར་སྐྱ་སེང་བུ་ལྔ་རི་གངས་ཅན་གྱི་ཕྱོགས་སུ་ཕྱིན་པ་ནི་བསྙོན་དུ་མེད་པའི་ཡོངས་གྲགས་ཀྱི་རྒྱ་གར་གྱི་ལོ་རྒྱུས་ཤིག་རེད་ཅེས་མགྲིནཔར་སངས་ནས་སྨྲ་བར་སྤོབས་སོ། །གལ་ཏེ་དེ་མ་རེད་ཅེས་ལྐུགས་པ་ཨུ་ཚུགས་བྱེད་ན་རང་ཉིད་མཐོང་རྒྱུ་ཆུང་བར་སྟོན་པ་ཙམ་དུ་ཟད་དོ། །
བུ་སྟོན་རིན་པོ་ཆེས་གསུངས་པ་ལྟར། སྐྱ་སེང་བུ་ལྔ་དང་། རྒྱལ་པོ་རུ་པ་ཏི་ཞེས་པ་ཞིག་འཐབ་ཚུལ་གསུངས་པ་དེ་ད་དུང་དཔྱད་གཞིའི་གནས་སུ་མཐོང་ངོ་། །
ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཀཱཽ་ར་ཝའི་བུ་ཐ་ཆུང་གི་མིང་གསལ་པོ་འཁོད་ཚུལ་བཤད་པར་ཡང་དཔྱད་པར་བྱ་བ་ཞིག་སྟེ། རྒྱ་གར་གྱི་དཔའ་བོའི་བྱུང་རབས་མཧཱ་བྷ་ར་ཏའི་ནང་། སྐྱ་སེང་བུ་ལྔའི་དགྲ་ཟླའི་ཀཱཽ་ར་ཝའི་བུ་བརྒྱའི་ནང་ནས་བུ་ལྔ་ཙམ་གྱི་མིང་མ་གཏོགས་མི་གསལ་བའི་ཕྱིར་རོ། །
སྒོམ་སྡེ་བ་ལྟར་ན་ཡོད་ཚད་ཟུར་ཆགས་པ་འདྲ་ཞིག་རེད། དེས་ན་སྒོམ་སྡེ་ཞེས་པ་ཡང་མགོ་བདེ་ཞེས་པ་ཟུར་ཆགས་པ་དང་། ལྷ་རམས་པ་ཞེས་པ་ཡང་བརླ་རམས་པ་ཟུར་ཆགས་པ་འདྲ་ཞིག་རེད་ད།
སྒོམ་སྡེ་ལྷ་རམས་པ་ཞེས་པ་འདི་ཟུར་ཆགས་ས་ནི་མགོ་བདེ་བརླ་རམས་པ་ཞེས་པ་ཨེ་ཡིན། འདི་ངའི་དོགས་པ་ཡིན། ད་དུང་དཔྱོད་ཅིག
རྒན་སྒོམ་སྡེ་བ་ལགས་ཀྱིས་བཀའ་ལན་གནང་བར་ཐུགས་རྗེ་ཤིན་ཏུ་ཆེ།
རྒན་ལགས་ཀྱིས་རུ་པ་ཏིའི་སྐོར་གྱི་དོགས་དཔྱོད་ཕྲན་བུ་གནང་བ་དེས་ཤིན་ཏུ་ཕན་པོ་བྱུང་། རང་རེའི་དེབ་ཐེར་དག་ཏུ་མིང་འདི་ཡོངས་གྲགས་ལྟ་བུར་ཆགས་འདུག་མོད། འོན་ཀྱང་ནོར་བ་རྒྱུན་འབྱམས་ཡིན་སྲིད་པ་ཞིག་ཏུ་དེ་རིང་མཐོང་བྱུང་། གཞན་དུ་ན་རང་རེའི་མཁས་དབང་ནམ་མཁའི་ནོར་བུ་སོགས་ཁག་ཅིག་གིས་དེའི་རིགས་རྒྱུད་ལས་བྱུང་བར་ཤིན་ཏུ་དགག་གི་ཡོད་པ་དང་། ལྷག་པར་དུ་དགྱ་ནག་གི་བཤད་སྟངས་དང་ཚན་རིགས་ཀྱི་བཤད་སྟངས་སོགས་གང་གི་ཐད་ནས་ཀྱང་ལུགས་འདི་ལ་དགག་སྒྲུབ་གནང་གི་འདུག གཞན་རྒན་ལགས་ལ་ཞུ་རྒྱུར། གུས་པའི་དེབ་དེའི་ནང་དུ་རིང་ལུགས་འདྲ་མིན་གྱི་གོ་ལ་ཆགས་ཚུལ་དང་། བྱེ་བྲག་ཏུ་བོད་ཡུལ་ཆགས་ཚུལ་སོགས་འབྲི་ཁུལ་དང་། དེའི་ཞར་དུ་བོད་ཅེས་པའི་མིང་ཐོགས་ཚུལ། ཡང་བོད་ཁམས་ཀྱི་མཚོ་དང་མཚེའུ། ཆུ་དང་གཙང་བོ། གནའ་ལམ་དང་ད་ལམ། མཁའ་ལམ་བཅས་ཀྱི་སྐོར་ལ་ཞིབ་འཇུག་ཕྲན་ཙམ་ཞུས་པའི་ཁུལ་ཡིན། ངའི་དེབ་དེའི་ནང་དུ་རང་གི་འདོད་པ་ཁེངས་པ་ཞིག་འབྲི་ཐུབ་པ་ནི་བོད་ཁམས་ཀྱི་དུས་བཞིའི་གནམ་གཤིས་ཀྱི་སྐོར་དེ་ཡིན། རྗེས་ཕྱོགས་དཔར་དུ་བསྐྲུན་རྒྱུའི་མཐུན་རྐྱེན་འདྲ་འཛོམས་པ་བྱུང་ན་རྒན་ལགས་ལ་བསྐུར་ངེས་ཡིན།
ངས་ཁུངས་སུ་དྲངས་པའི་བུ་སྟོན་དང་གཙུག་ཕྲེང་རྣམས་སྣང་ཆུང་གིས་དཔྱད་གཞིར་སྐྱུར་ཞེས་མི་འདོད་ཁུལ་བྱས། ཁྱོད་རང་གི་ཁུངས་མེད་པའི་ཟུར་ཆག་དེ་ཚོ་ཡིན་མདོག་གིས་ཤོད་ཨ། ཡང་ག་རེ་ཟིག ༼མཧཱ་བྷ་ར་ཏའི་ནང་སྐྱ་སེང་བུ་ལྔའི་དགྲ་ཟླའི་ཀཱཽ་ར་ཝའི་བུ་བརྒྱའི་ནང་ནས་བུ་ལྔ་ཙམ་གྱི་མིང་མ་གཏོགས་མི་གསལ་བའི་ཕྱིར།༽ མཧཱ་བྷ་ར་ཏའི་དེབ་ཕྲེང་དང་གློག་བརྙན་ད་དུང་སྒྱུར་ཡིག་རྣམས་ལ་ང་རང་རྒྱུས་ཡོད་ཅིག་ཡིན་པས། ངས་དང་པོ་ནས་ཁྱོད་ལ་འདིའི་སྐོར་ལ་ཧམ་པ་མ་བཤད་རོགས་ལབ་རྒྱུ་ཡིན། གཉིས་སུ་སྐྱ་བསེང་ཆོ་ལོ་ཕམ་ནས་ཡུལ་བྱོལ་དུ་ཕྱིན་ས་ནི་བོད་ཡུལ་མིན་པར་ཀུ་ལུ་དང་མ་ན་ལིའི་རི་རྒྱུད་རྣམས་ཡིན་པར་དེ་དག་ཏུ་ད་དུང་ཡང་ལྷ་ཁང་དང་གནའ་གཏམ་གྱིས་ཁེངས་ཡོད། ཡིད་མི་ཆེས་ན་དེ་ཕྱོགས་ལ་རྒྱུས་ཡོད་རྣམས་ལ་དྲིས། གཉིས་སུ་ཁོང་རྣམས་ཡུལ་བྱོལ་གྱི་རྗེས་སུ་ཚུར་ལོག་ཡོད་པ་ལས་བྱེས་སུ་གཞིས་ཚུགས་རྒྱུད་སྤེལ་གྱི་གཏམ་ཞིག་མེད་དོ། །དོན་ངོ་མ་ཅི་ཞིག་ཡིན་ཞེ་ན། སྐྱ་བསེང་གི་འཐབ་ཟླར་གྱུར་པའི་དགྲ་ངན་ཀཱཽ་ར་ཝའི་བུ་བརྒྱའི་ནང་གི་མཐའ་མ་སྟེ་མིང་གཞན་ལ་ཨ་ཤོག་ཐ་མ་ཟེར་བ་དེ་སྐྱ་བསེང་གིས་ཚེ་ཐར་དུ་བཏང་བས་ཁོ་རི་བོ་གངས་ཅན་དུ་འགྲོ་བའི་གཏམ་རྒྱུད་མཧཱ་བྷ་ར་ཏའི་ནང་དུ་བྲིས་ཡོད་པས་མ་ཚད་དེའི་གློག་བརྙན་དུའང་སྟོན་གྱིན་འདུག་པས། ད་འདི་འདྲའི་དྲང་གཏམ་བཤད་ཁ་ཐལ་ན་ལྡེའུ་སེར་ཟེར་བ་སོགས་ཀྱིས་དྲ་བ་བཙོག་པར་གཏོང་གིན་འདུག་ལབ་ཉེན་ཡོད། ང་ཚོ་ནི་རྒྱུས་ཡོད་ཡིན་པས་ཉན་པར་ཡང་མི་བཟོད་དོ། །ད་དུང་ཡོད་ད།
ཤཱཀྱ་མི་བོ་།
ཁ་ནས་རྣ་ལ་མི་སྙན་པའི་ཚིག་དེ་ཚོ་བེད་སྤྱོད་མ་གཏོང་།བློ་དྲང་བོ་དང་གཟུ་བོ་ཞིག་གིས་འགྲོ་གླེང་བྱས་།དེ་ནས་ང་ཚོ་ལ་ཕན་ཐོགས་ཡོང་ནི་རེད་།ཁྱེད་དང་རིགས་པ་དང་ལུང་བཅས་སྒྲུབ་བྱེད་ཡོད་ན་།དེ་ལྟར་བྱས་།དེ་མིན་གློག་བརྙན་སོགས་ཁྱེར་མ་ཡོང་།སྤྱིར་བཏང་དེང་དུས་ཀྱིས་སྒྲ་རིག་པའི་ལུགས་ལ་།བོད་དང་རྒྱ་ནག་གི་སྐད་ཁྱིམ་དང་།ལེགས་སྤྱར་ཡོ་རོབ་ཀྱི་སྐད་ཁྱིམ་ཞེས་ལོགས་སུ་བཏོན་ཏེ་བརྩི་བཞིན་ཡོད་པས་།རྒྱ་གར་གྱི་སྐད་མི་སྲིད་།ཡིན་ནའང་སྒོམ་སྡེ་ལྷ་རམས་པས་ལུང་དང་རིགས་པ་སྒྲུབ་བྱེད་སོགས་ཁྱེར་ཡོང་ན་།དེ་བཞིན་ཁས་ལེན་གིན་ཡིན་།
varanasi་ཟེར་བ་ཞིག་ནས་།”བོད་མི་ཙམ་མ་ཟད། ཨེ་ཤའི་ཡའི་མི་རིགས་མང་པོ་ཞིག་གི་རྒྱུད་པའི་ཁུངས་དེ་སོག་རྒྱུད་ནས་ཡིན་པར་གླེང་བཞིན་ཡོད། ཁོང་ཚོར་དངོས་ཡོད་ཀྱི་ལམ་ནས་རྒྱུ་མཚན་མང་པོ་ཤོད་རྒྱུ་ཡོད་པ་ལས། གཏམ་རྒྱུད་དམ་བཤད་སྒྲོས་དེ་འདྲ་ལ་ཁུངས་བཅོལ་བ་ནི་མིན།”་འདི་ལ་ད་དུང་དཔྱད་པར་བྱ་བའི་གནས་ཡིན་།ཅི་ཡིན་ཟེར་ན་།སོག་པོ་ཟེར་བའི་ཐ་སྙད་འདི་དུས་རབས་བཅུ་གཉིས་བའི་རྗེས་སུ་སོག་དམག་གིས་ཡོ་རོབ་དུ་རྒྱབ་པ་དེ་ལ་བྱུང་བ་ཞིག་ཡིན་།མིའི་རིགས་རིགས་གཉིས་སུ་བགོས་ནས་བཤད་སྲོལ་ཡོད་པ་འདི་ལ་སྐད་ཆ་མང་པོ་བཤད་རྒྱུ་འདུག་མོད་།ད་རབ་འདི་ཙམ་ཡིན།
རྒྱ་ནག་ཉམས་ཞིག་པ་ལ།
སོག་རྒྱུད་དང་སོག་པོ་གཉིས་ལའང་ཁྱད་པར་ཆེན་པོ་ཡོད། སོག་རྒྱུད་ཡིན་ན་སོག་པོ་ཡིན་དགོས་པའི་ཁྱབ་པ་མེད། དཔེར་ན་མི་རྣམས་སྤྲེའུའི་རྒྱུད་པ་རེད་ཅེས་ཟེར་བའི་དོན་ནི་སྤྲེའུ་རེད་ཅེས་པའི་དོན་མིན་པ་ཀུན་གྱིས་མཁྱེན་གསལ་རེད།
དེང་དུས་མཁས་པ་མང་པོས་ཚན་རིག་གི་ཐབས་འཕྲུལ་ལ་བརྟེན་ནས་བོད་མི་ཚུད་པའི་ཨེ་ཤ་ཡའི་མི་རིགས་མང་པོ་ཞིག་སོག་རྒྱུད་རེད་ཅེས་དངོས་ར་སྤྲོད་ཀྱི་ཡོད། མི་རིགས་དེ་དག་ཀུན་སོག་པོ་རེད་ཅེས་པའི་དོན་མིན།
ད་ལྟའི་ཆར་རྒྱུད་པ་དེད་པའི་སྐབས་སུ་མིང་དེ་གལ་ཆེན་པོ་མིན། མིང་དེ་དུས་རབས་གང་དུ་དར་ཡོད་མེད་ལ་འབྲེལ་བ་ཅི་ཡང་མེད། རྒྱུ་མཚན་ནི་སོག་པོ་ཞེས་པའི་ཐ་སྙད་མ་བྱུང་སྔོན་ནས་མི་རིགས་དེ་བྱུང་ཟིན་པས་སོ༎
དེར་བརྟེན་སྐབས་དོན་འབྲེལ་བ་ཡོད་པ་ནི། སོག་རྒྱུད་ཅེས་པ་དེ་ཡིན། དེ་ནི་རགས་པ་ནས་བཤད་ན་རུས་རྒྱུད་ཀྱི་གནད་དོན་དང༌། ཕྲ་ས་ནས་བཤད་ན་ལུས་ཕུང་གྲུབ་བྱེད་ཀྱི་ཕྲ་རྡུལ་རིམ་པའི་གནད་དོན་ཞིག་རེད།
ཚན་རིག་པ་ཚོས་བརྟག་དཔྱད་བྱས་ནས་བཤད་ཀྱི་ཡོད་པ་རེད། དེ་ལ་ང་ཚོས་མིན་ལུགས་ཀྱི་སྒྲུབ་བྱེད་སྒོ་མཐུན་གྱི་ཐོག་ནས་རང་ལུགས་སྒྲུབ་ཐུབ་ན་ལེགས་གསོ་དང་བསྔགས་བརྗོད་ཞུ་རྒྱུ་རང་ཡིན།
དེ་མ་བྱུང་ན། བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པའི་ཚུལ་བཟུང་ན་ཅིས་མི་ལེགས།
varanasi
་འཇར་མན་དུ་བྱུང་བའི་་མཁས་བ་ཆེན་པོ་ཁུ་རེ་སུ་ཐོ་ཧྥུ་མེ་ན་སི་Christoph Meiners (1747–1810)་ཟེར་བའི་མཁས་བ་འདིས་་འཛམ་གླིང་གི་མི་རིགས་ཐམས་ཅད་ནི་མི་རིགས་གཙོ་བོ་ཨཱརྱཱཎ་་(Aryan ) ཟེར་བ་དང་མོ་གལ་(Mongoloid) བྱ་བ་གཉིས་སུ་དབྱེ་ནས་གསུང་ཡོད་པ་དང་།ཁོང་གིས་་མོ་གལ་(Mongoloid༽ཟེར་བ༏ཨི་ཚིག་འདི་ཇིང་གར་གྱི་དམག་ཡོ་རོབ་ཏུ་སོང་བ་ལ་ལྟོས་ནས་མིང་ཐོགས་པ་ཤིག་རེད་།
དེའི་རྗེས་ནུབ་ཀྱི་མཁས་བ་མང་པོ་ཡང་གྲུབ་མཐའ་འདིའི་རྗེས་སུ་ཞུགས་མོད་།ད་ལྟ་ཚན་རིག་ཏུ་རློམ་པའི་གཞུང་ལུགས་དེ་སྐྱེ་ཁམས་རིགས་པ་དང་།ལུས་ཀྱི་རིགས་པ་དག་གིས་བདེན་པ་མི་ཡིན་པར་སྒྲུབ་ཏེ་།ལྟ་བ་འདི་རྒྱ་ཁྱབ་དུ་ཁས་ལེན་བཞིན་མེད།ཡང་ཚན་རིག་པ་ཁ་ཤས་ཀྱི་བོད་ནི་”སོག་རྒྱུད་རེད་ཅེས་དངོས་ར་སྤྲོད་ཀྱི་ཡོད”་ཟེར་བ་འདི་མ་དག་པ་རེད་།ཁོ་ཚོས་བོད་ནི་”མོ་གལ་(Mongoloid)”ལོ་བརྒྱུད་ཡིན་ནམ་སྙམ་པའི་དོགས་པ་འདོན་བཞིན་ཡོད་པ་ལས་།སོག་པོའི་རྒྱུད་པ་རེད་ཟེར་བཞིན་ཡོད་པ་མ་རེད་།འགྲིག་སོང་ངམ།འདི་ལ་གཟིགས་།
http://en.wikipedia.org/wiki/Mongoloid_race
རྒྱ་ནག་ཉམས་ཞིབ་པའི་མཚན་གྱི་ཅོད་པན་འཆང་བའི་དྲྭ་གྲོགས་ལགས་ལ་ལན་འདེབས་ཞུ་རྒྱུར།
ད་ལྟའི་སྐབས་སུ་བབས་པའི་གནད་འགག་དེ། mongoloid ཞེས་པའི་ཚིག་གི་འབྱུང་ཁུངས་ཀྱི་ཐོག་ལ་ཤོད་ཀྱི་མེད།
ཚིག་དེའི་དོན་དང་འབྲེལ་བའི་སོག་རྒྱུད་དམ་ཡང་ན། སོག་རིགས་ཞེས་པའི་ཐོག་ནས་འཕྲོས་དེ་བོད་མི་རྣམས་རིགས་དེའི་ཁོངས་སུ་གཏོགས་ཞེས་པ་རྩ་བའི་དམ་བཅའ་ཡིན།
ཡང་གསལ་བཤད་ཞུ་དགོས་པ་ཞིག་ལ། སོག་རྒྱུད་དམ་སོག་རིགས་ཞེས་ཟེར་བའི་སྐབས་རིགས་དེའི་མཆེད་ཁུངས་ཡུལ་བྱེ་བྲག་པ་ཞིག་རེད་ཅེས་ཀྱང་ཞུ་གི་མེད།
ད་ལྟའི་ཆར་བོད་མི་རིགས་འདི་སོག་རིགས་སམ་སོག་རྒྱུད་རེད་ཅེས་ཤོད་པའི་ཚེ། ཕྱིའི་པགས་པ་དང༌། རུས་བཟོ། ཤ་མདོག ལུས་ཀྱི་བོང་ཚད། སྐྲ་རྒྱུད། དེ་བཞིན་ལྷན་སྐྱེས་ཀྱི་གཤིས་ཀ་སོགས་ཕྱི་རགས་པའི་དབྱེ་པ་འཇོག་པའི་ཐོག་ནས་དང༌། ཕྱི་ལུས་ཕུང་གི་དབྱེ་བ་ཡོད་པ་ལྟར་ནང་གི་གྲུབ་ཆ་ཕྲ་རྡུལ་རྣམས་ལ་ཡང་ཁྱད་པར་ཡོད་པའི་ཐོག་ནས་ཤོད་ཀྱི་ཡོད་པ་རེད།
ཤོད་སྟངས་དེའི་ཐོག་ནས་ད་ལྟའི་ཆར་འཛམ་གླིང་ཐོག་རིགས་རྒྱུད་ཆེ་བ་དགུ་ཙམ་དུ་ཕྱེ་ཡོད་པ་རེད།
སྔར་གྱི་འཇར་མན་མཁས་པ་དེས་རིགས་རྒྱུད་གཉིས་སུ་ཕྱེ་ཞེས་པ་དེ་ནི་ཉེ་ཚེ་བ་ཞིག་སྟེ། མི་རིགས་ནག་པོ་མ་ཚུད་པས་སོ།། ལར་ནས་mongoloid ཞེས་པའི་ཚིག་གི་འབྱུང་སྟངས་བཤད་པ་ཞིག་ཡིན་པ་ལས་དོན་དང་འབྲེལ་བ་ཅི་ཡང་མེད།
གྲོགས་པོ་ལགས་།
འདི་ལ་གཟིགས་།་ད་ལྟ་༼་སྐྱེ་ཁམས་རིགས་པ་དང་།ལུས་ཀྱི་རིགས་པ་དག་གིས་བདེན་པ་མི༼མ༽་ཡིན་པར་སྒྲུབ་ཏེ་།ལྟ་བ་འདི་རྒྱ་ཁྱབ་དུ་ཁས་ལེན་བཞིན་མེད ༽ཞེས་གསལ་བོ་དག་པོ་བཤད་ཡོད་།དེ་བས་སོག་པོ་རིགས་རྒྱུད་དབྱེ་སྟངས་འདི་ཡང་ཁྱེད་རང་གིས་བཤད་པ་ལྟར་།་༼དེང་སང་ཚན་རིག་གི་ཐབས་རྩལ་དང་འཕྲུལ་ཆས་འདྲ་མིན་ལ་བརྟེན་ནས། མིའི་ལུས་ཀྱི་ཕྲ་རྡུལ་གྱི་གྲུབ་ཆ་སོགས་ལ་བརྟག་དཔྱད་ཞིབ་ནན་བྱས་ཏེ་བོད་མི་ཙམ་མ་ཟད། ཨེ་ཤའི་ཡའི་མི་རིགས་མང་པོ་ཞིག་གི་རྒྱུད་པའི་ཁུངས་དེ་སོག་རྒྱུད་ནས་ཡིན་པར་གླེང་བཞིན་ཡོད༽ཟེར་བ་དེ་མ་དག་པ་རེད་།ཚན་རིག་པའི་ཁྲོད་དུ་དབྱེ་དབྱེད་བྱ་ཆོག་མིན་གྱི་རྩོད་པ་ཡོད་།་འདི་ལ་གཟིགས།
༼Geneticist Luigi Luca Cavalli-Sforza claims that there is a genetic division between East and Southeast Asians.[38] In a like manner, Zhou Jixu agrees that there is a physical difference between these two populations.[39] Other geneticists have found evidence for four separate populations, carrying distinct sets of non-recombining Y chromosome lineages, within the traditional Mongoloid category: North Asians, Han Chinese, Southeast Asians, and Japanese.[40] The complexity of genetic data has led to doubt about the usefulness of the concept of a Mongoloid race itself, since distinctive East Asian features may represent separate lineages and arise from environmental adaptations or retention of common proto-Eurasian ancestral characteristics.[41]༽
བདག་གིས་བཀོད་པའི་མཆན་རྣམས་དྲ་བདག་གིས་བསུབ་ཀྱིན་ཡོད་དམ།
ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་ཐེར་དམར་པོ་(ཕྱི་ལོ་1346-ནས་འགོ་བརྩམས་ཏེ། ཕྱི་ལོ་1363 ལོར་གྲུབ་པར་བཤད)༣༢ལས། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་དང་། ལྷ་སའི་ཀ་ཚིགས་ཀ་ཁོལ་མ་ལས་བྱུང་བ། ཤཱཀྱའི་རིགས་ལས་ཤཱཀྱ་ཆེན་པོ་དང་། ཤཱཀྱ་ལི་ཙཱ་བྱི། ཤཱཀྱ་རི་བྲག་པ་གསུམ་ལས། ཐ་མ་ལ་རྒྱལ་པོ་སྐྱབས་སེང་༼སྐྱ་སེང་ཡིན་སྙམ༽ཞེས་པའི་བུ་ཆུང་བ་གཅིག་དཔུང་གི་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས། བོད་ཀྱི་རྗེར་གྱུར་པར་བཤད། ཅེས་གསུངས། འདི་ལ་སྐྱ་སེང་བུ་མ་གཏོགས་རྒྱལ་པོ་རུ་པ་ཏིའི་སྐད་ཆ་མི་འདུག
ཧ་ཧ་ཧ། དེ་འདྲའི་ཨུ་ཚུགས་བརྒྱབ་ནས་ད་ཁྱོད་ཀྱིས་ Draupadi སྐྱ་སེང་གི་བུ་རེད་ཟེར་རྒྱུ་ཡིན་ནམ། དགོད་ཁ་འཆོར་དུ་མ་འཇུག་ཅིག འདི་ནས་སྒྲུབ་བྱེད་མང་པོ་བཀོད་རྒྱུ་འདུག་ཀྱང་། མང་པོ་ཞིག་བྲིས་ཀྱང་དྲ་བདག་གིས་མཆན་རྣམས་བསུབ་ཀྱིན་ཡོད་དམ། ཡང་ན་ངའི་མཆན་འདི་རང་བཞིན་གྱིས་ཡལ་གྱིན་ཡོད་མེད་གང་ལྟར་དྲ་ངོས་སུ་འཆར་གྱི་མི་འདུག་པས། གནས་སྐབས་སུ་ངལ་བ་མ་བྱས། ཁྱོད་ལ་སྒྲུབ་བྱེད་ཡང་དག་ཅིག་ཡོད་ན་ཁྱེར་ཤོག་དང་། ང་ཚོས་བགྲོ་གླེང་བྱ་ཆོག དེ་མིན་ཁྱོད་ཀྱིས་ཁུངས་ཆེན་དུ་རློམ་པའི་རྒྱ་གར་གྱི་དཔེ་དེབ་དག་དང་འགལ་བའི་ཟུར་ཆག་དེ་ཚོ་སྐྱུར་ན་ཡིན་འགྲོ།
མཁས་པའི་ཁྲོད་དུ་མི་མཐུན་པ་ཅུང་ཟད་ཡོད་པ་ལ་བརྟེན་ནས་མ་དག་པ་རེད་ཅེས་གསུངས་པ་ཡིན་ན། ཁྱེད་རང་གི་བསམ་བློ་དེ་གུ་དོག་དྲགས་པའི་སྐྱོན་རེད།
དཔེར་ན། དུས་ཉི་ཤུ་པའི་ཨ་རིའི་མཁས་པ་ Carleton S. Coon་ ཞེས་པ་ཁོང་གིས། རིགས་རྒྱུད་ལ་དབྱེ་ན་ལྔར་ཕྱེ་ཡོད་པའི་ནང་དུའང༌། mongoloid ཞེས་པ་ཡོད།
རིགས་ལྔ་ནི།
Caucasoid race
Congoid race
Capoid race
Mongoloid race
Australoid race
མཉམ་སྦྲེལ་རྒྱལ་ཚོགས་ནས་ race ཞེས་པའི་ཚབ་ཏུ་ ethnic ཞེས་པ་བེད་སྤྱོད་གཏོང་བཞིན་ཡོད།
གྲོགས་པོ་ལགས་།སྐད་ཆ་དྲང་མོ་ཤོད་།ཁྱོད་ཀྱིས་༼་སྐྱེ་ཁམས་རིགས་པ་དང་།ལུས་ཀྱི་རིགས་པ་དག་གིས་བདེན་པ་མི༼མ༽་ཡིན་པར་སྒྲུབ་ཏེ་།ལྟ་བ་འདི་རྒྱ་ཁྱབ་དུ་ཁས་ལེན་བཞིན་མེད ༽ཞེས་བཤད་ཡོད་པ་དེ་མ་དག་པ་ཞིག་རེད་ཅེས་བཤད་པ་རེད་།དེ་རྒྱ་ཁྱབ་ཏུ་ཁས་ལེན་བཞིན་མེད་པ་ངས་ཁྱོད་ལ་ལུང་འདྲེན་ཞུས་བ་དེའི་ནང་དུ་གསལ་བོ་བྲིས་འདུག།དེའི་བསམ་བློ་གུ་དོག་མིན་ལ་འབྲེལ་བ་ཅི་ཡང་མི་འདུག་།ཁྱེད་རང་གྱིས་བཤད་པ་བཞིན་རྒྱ་ཁྱབ་དུ་ཁས་ལེན་ཡོད་དེ་ལ་ཟེར་བཞིན་ཡོད་པ་རེད་།
ཡང་ཁྱོད་ཀྱིས་”མཉམ་སྦྲེལ་རྒྱལ་ཚོགས་ནས་ race ཞེས་པའི་ཚབ་ཏུ་ ethnic ཞེས་པ་བེད་སྤྱོད་གཏོང་བཞིན་ཡོད།”་འདི་ཡང་ཆེས་མ་དག་པ་ཞིག་ཡིན་།སྐད་ཆ་མང་པོ་མི་བཤད་།ངས་ཁྱེད་རང་གིས་དགེ་རྒན་མ་རེད་།ཤེས་བསམ་ན་སློབ་སྤྱོང་བྱོས་། རང་གིས་མི་ཤེས་ན་རྫུན་ཆེན་པོ་འདི་འདྲ་མ་བཤད་།
http://www.un.org/WCAR/
མི་ཉག་སྐོར་དེ་སྡེ་རོང་གི་དེབ་ལས་རྒྱལ་མོ་འབྲུག་པའི་དེབ་ནང་ནའང་ཅུང་ཟད་མང་ང་འདུག
དེབ་ཐེར་དམར་པོའི་ནང་ཡང་ཅུང་ཟད་ཡོད་པ་རེད། མདོ་སྨད་ཀྱི་ས་ག་ཚོད་ཅིག་ཡིན་མིན་མི་ཤེས་ཀྱང་མི་ཉག་རྒྱལ་རྒོད་འོག་ས་ཆ་གང་འཚམས་ཡོད་པ་འདྲ། བླ་བྲང་དགེ་བཤེས་སྦྱིན་པ་ལ་དོན་རྒྱལ་གྱིས་བཅར་འདྲི་བྱས་པ་ཞིག་ནང་། འདི་ཕྱོགས་སྔོན་མི་ཉག་རྒྱལ་རྒོད་ཀྱིས་བཟུང་ཡོད་པ་ལ་རྗེས་སུ་ཁོ་ཚོ་དཔོན་རབ་བརྟན་ཟེར་བ་ཞིག་ནས་མཐར་སྤྲད་པ་རེད་ཟེར་བ་ལྟ་བུ་ཞིག་སྔོན་མ་ཞིག་ལ་མཐོང་མྱོང་།