༼བོན་སྒོ༽དུས་དེབ་འདོན་ཐེངས་ ༢༣ པ་དཔར་འགྲེམས། Posted on 2012-06-262012-06-29 By ཁ་བརྡ་ 61 Comments on ༼བོན་སྒོ༽དུས་དེབ་འདོན་ཐེངས་ ༢༣ པ་དཔར་འགྲེམས། མཁོ་འདོན་གནང་མཁནཿ ཁྲི་གཡུང་དྲུང་། གསར་འགྱུར།
བོན་སྒོ་ནང་ཤེས་བྱ་མི་ཉུང་བ་ཞིག་རག་གི་འདུག ཡིན་ནའང་སྔ་མོ་ཡིན་ན་བན་བོན་གཉིས་ཀྱི་བར་རྩོད་པ་ཡོད་མོད། དེ་སང་བན་སྡེའི་ངོས་ནས་བོན་པོར་སྐྱོན་བརྗོད་བྱེད་ཀྱི་མེད་ནའང་བོན་པོའི་ངོས་ནས་བན་སྡེ་ལ་སྐྱོན་བརྗོད་མང་ཞིང་ལྷག་པར་དུ་ཡོད་ཚད་ཀྱི་ཁུངས་བོན་དང་ཞང་ཞུང་ཡིན་པར་བཤད་ཀྱི་རེད། དེས་ན་བོན་སྒོ་དེ་ཚེ་རིང་བཞིན་དབང་ཐང་ཆེ་བ་ཞིག་དགོས་ན་ཆོས་ལུགས་ཀྱི་འཐེན་འཁྱེར་ཉུང་དུ་གཏོང་དགོས།
བོན་སྒོ་ཞེས་ལོ་དེབ”་འདི་བཙན་བྱོལ་སྤྱི་ཚོགས་ནང་དུ་འཚར་ལོང་ བྱུང་སྔ་ཤོས་ཀྱི་དུས་དེབ་ཁྲོད་ནས་སྐུ་ཚེ་རིང་””, གྲས་ཡིན་པར་གོ་ཐོས་བྱུང་བས་བཀྲ་ཤིས་པའི་ཁ་གཡང་ གྲངས་མ”ང་བརྗོད་བཞིན་ཡོད།།”
བོན་སྒོ་ཞེས་པའི་དུས་དེབ་ཁག་ཅིག་ངེད་ཚོའི་མཐོ་སློབ་ཀྱི་དཔེ་མཛོད་ཁང་ནས་བཀླགས་མྱོང་ལ། བོན་དང་བོད་ཀྱི་ལོ་རྒྱུས་སྨྲ་བར་བློ་བསྐྱེད་མི་ཉུང་བ་ཞིག་རེག་བྱུང་། །ཡིན་ན་ཡང། ལོ་ཤས་གོང་ནས་བོན་སྒོའི་རྩོམ་སྒྲིག་གླེང་སྟེགས་ནི་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་འོ་ཆུའི་རང་བཞིན་དུ་འགྱུར་བཞིན་པར་གཏོར་བཤིག་གཏོང་བྱེད་ཀྱི་ལག་ཆའི་ངོ་བོར་བསྒྱུར་བས་བློ་ཕམ་ཡོད། ཀུ་ཡངས་དང་བསམ་ཤེས། མཐུན་སྒྲིལ་དང་བརྩེ་བ་ནི་ཆོས་ལུགས་ཀྱི་གཞི་རྩའི་དོན་སྙིང་ཡིན་པ་མཁྱེན་པར་མཛོད།
བོན་སྒོའི་སྐུ་ཚེ་ཡུན་གནས་ཤོག བོན་གྱི་སྒོ་ནས་བོན་ལུགས་མཐོང། བོན་གྱི་སྒོ་ནས་སྣང་སྲིད་མཐོང། བོན་གྱི་སྒོ་ནས་ཐམས་ཅད་མཐོང།
ཡག་པོ་འདུག་ངོས་ནས་དེ་སྔ་བོན་སྒོ་འདོན་ཐེངས་ཁ་ཤས་ཉོ་རྒྱུ་ཐོབ་ནས་ཀློགས་པ་ཡིན་ཧ་ཅང་ཡག་པོ་འདུག རང་རེ་བོད་ཀྱི་ཆོས་དང་རིག་གཞུང་གང་ཡིན་ཀྱང་དྲང་པོ་བཤད་ན་གདོད་མའི་བོན་ཆོས་དང་འབྲེལ་ཆེ་བ་ནི་དངོས་ཡོད་གནས་ཚུལ་རེད། བར་སྐབས་ཤིག་ནས་བན་བོན་དབར་འགལ་བ་ཤུགས་ཆེན་བྱུང་ནས་བོན་བསྟན་ཧ་ཅང་ཉམས་ཆགས་ཕྱིན་ཀྱང་། དེང་སྐབས་བོད་མི་རྣམས་ཆོལ་ཁ་དང་ཆོས་ལུགས་ལ་རྩོད་པ་ནི་ཡར་རྒྱས་དང་མཐུན་འབྲེལ་གྱི་བཀག་རྡོ་ཡིན་པ་ཤེས་ནས་༧གོང་ས་༧མཆོག་དང་། རྒྱལ་དབང་ཀརྨ་པ་མཆོག་གི་དབུས་རིས་མེད་བླ་ཆེན་རྣམ་པས་ལམ་སྟོན་བཀའ་སློབ་གཞིར་བཅས་ནས་བན་བོན་ཕྱོགས་གཉིས་ཀས་ཕན་ཚུན་དག་སྣང་དད་པའི་ཉི་འོད་ཀྱིས་ཕྱོགས་ཀུན་ཁྱབ་བཞིན་པ་ནི་ཧ་ཅང་ངོ་མཚར་བའི་གནས་ཡིན། ད་དུང་བོན་སྒོའི་དུས་དེབ་དེ་བཞིན་བོན་པོའི་ནང་གཅིག་པོ་མིན་པར་རིས་མེད་དགོན་སྡེ་དང་། སློབ་གྲྭ། ཚོགས་པ་ཁག་གི་མིང་ཐོག་གང་མང་འགྲིམས་སྤེལ་གནང་ཐུབ་ཚེ་ཕན་ཐོག་ངེས་ཅན་ཡོང་རྒྱུ་ཡིན་པ་བོན་སྒོ་རྩོམ་སྒྲིག་ཚོགས་ཆུང་ནས་དགོངས་འཇག་ཞུ།
དེ་བཟང་བྱུང་། བོད་ཀྱི་ཤེས་རིག་གི་མཛེས་རྒྱན་ཞིག་ཏུ་འགྱུར་བར་སྨོན། ཡིན་ནའང་རང་ཚོད་མི་ཟིན་པར་ད་ལྟའི་གནས་བབ་དངོས་དང་ཕྱིན་ཅི་ལོག་ཏུ་ལངས་ནས། ནང་ཆོས་མ་དར་གོང་གི་གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་འདོད་པའི་བྱ་སྤྱོད་མ་བརྩམས་ན་རབ་རེད། ཕྱོགས་ལྷུང་མེད་པའི་དཔྱད་པ་བཏང་ན་ལེགས་མོད་ཀྱང་། བན་བོན་འཐེན་འཁྱེར་བྱས་ན་རང་ཅག་འཕུང་བྱེད་རེད། ཆོས་ལུགས་དད་མོས་རང་དབང་ལ་ལོངས་ས་སྤྱོད་དུས། ཆོས་ལུགས་གྲུབ་མཐའ་བར་ནས་དམའ་འབེབ་དང་ཕྲག་དོག་གི་བྱ་ངན་སུས་ཀྱང་མ་བྱས་ན་ཡག་པོ་རེད།
བོན་སྒོ་ནང་ལོ་རྒྱུས་རྫུན་མ། བསྟན་བཅོས་རྫུན་མ། ལུང་མཇུག་མེད་རྔ་ལྡུམ་རྐྱང་རྐྱང་ལས་མཐོང་དུ་མེད་པ་དེ། ཁྱེད་ཅག་གིས་རྒྱལ་རབས་དང་། ཆོས་འབྱུང་ཁག་ནས་ལུང་དྲངས་པ་དག་གཤིབ་སྡུར་གྱིས་ལྟོས་དང་ཤེས་ངེས་ཡིན། ཆོས་འཁོར་ཚང་གི་ཉི་མ་འོད་ཟེར་ཞེས་པའི་ཆོས་ལོག་འདིས་བོན་ལ་ངོ་ལོན་པའི་ཆེད་དུ་ལོ་རྒྱུས་རྫུན་བསྒྲིགས་ཁོ་ནས་དུས་ཚོད་གྲོན་ནས་འདུག་མཁན་ཞིག་རེད།
འོ་འདིར་ལྟོས་དང་། དེའི་སྔོན་གླེང་འདིར་འདུག http://blog.himalayabon.com/u/nyimaw/archives/2012/2420.html
བོན་པོ་སྔོན་མ་ཡིན་ན་མི་གྲལ་ལ་ཚུད་ཀྱི་མ་རེད་འོན་ཀྱང་དེང་སང་ལྷ་གྲལ་ལ་ཚུད་ཡོད་པ་འདི་༸གོང་ས་མཆོག་ཁོ་ནའི་དཀའ་དྲིན་ཡིན་པ་བོན་པོ་མོང་པོས་ཤེས་ཀྱི་ཡོད་ཀྱང་བོན་པོ་ཁག་གཅིག་གི་ད་དུང་ཅིང་ཤེས་ཀྱི་འེ་ཡོད་བསམ་པ་འདྲ་ཞིག་འདུག་དེ་ཤེས་དགོས་པ་གལ་ཆེན་པོ་རེད་། བོན་སྒོའི་ནང་ལ་༸གོང་ས་མཆོག་གི་སྐུ་པར་དང་མཛད་རྣམ་མང་པོ་མི་འདུག་ཁོང་གི་དཀའ་དྲིན་དྲན་པའི་སྒོ་ནས་མང་པོ་བཞག་ན་ཡག་པོ་ཡོད་རེད་བསམ་གྱི་འདུག་
བོན་སྒོ་ཅེས་པའི་དུས་དེབ་ཏུ་བཙན་བྱོལ་བོད་མིའི་དུས་དེབ་སྤྱི་མཚུངས་ལྟར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སོགས་བཀོད་ན་ཡག་པོ་འདུག དེས་བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་ཡོད་པ་མཚོན་ཐུབ་པ་མ་ཟད་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུའང་འགན་ཕྲན་བུ་རེ་ཁུར་ཡོད་པ་མཚོན།
བན་བོན་འཁྲུག་བརྩོད་ཀྱི་ལོ་རྒྱུས་བཤད་ན་ཚར་རྒྱུ་མེད། འོང་ཀྱང་ཡ་མཚན་པ་ཞིག་ལ། ནང་པས་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་བཏུགས་པ་ནམ་བཞིན། བོན་པས་བོན་ཀྱི་འབྱུང་ཁུངས་དེང་ཁ་ཆེ་ཆགས་ཟིང་པའི་སྟག་གཟིགས་ལ་བཏུགས། དེ་ལྟ་ཡིན་དུས་བན་བོན་ཚང་མ་ཐོག་མ་བོད་ལ་མེད། དེ་ལས་ཡ་མཚན་པ་ཞིག་ལ། ཁག་གཅིག་གིས་ཐབས་བརྒྱ་བྱུས་སྟོང་གིས་བོད་ཀྱི་རྒྱལ་ཕྲན་ཞང་ཞང་དེ་བོད་རིགས་མིན་པར་མི་རིགས་གཞན་པ་ཞིག་ཡིན་པའི་འབྲེལ་བཤད་རྒྱག་ཐབས་བྱེད། དེ་ལྟ་ཡིན་ན་བོན་ཆོས་འབྱུང་ཁུངས་པྱི་མི་རིགས་སྟག་གཟིགས་ཡིན་པ་མ་ཚད། བོད་ནང་ཁྱབ་སྤེལ་བྱེད་མཁན་ཡང་ཕྱི་རྒྱལ་མི་ཆགས་འདུག དེ་ལྟར་བཤད་ན། བོན་ཆོས་དེ་བོད་ཀྱི་འདོད་མ་རིག་གཞུང་ཡིན་ཟེར་བ་དེ་རྫུན་མ་ཆགས་པ་མིན་ནམ། དེ་ལས་བན་དེ་བོད་ཀྱི་རིགས་གཞུང་གི་ཁོངས་སུ་འཇོག་ན་རྒྱུ་མཚན་ལྡན་པ་མཐོང་། གང་ལགས་ཞེ་ན། བོན་དེ་འབྱུང་ཁུངས་དང་བོད་ལ་སྤེལ་མཁན་ཚང་མ་ཕྱི་རྒྱལ་བ་ཡིནཞིང་། བན་ནི་འབྱུང་ཁུངས་རྒྱ་གར་ཡིན་རུང་བོད་ལ་སྤེལ་མཁན་བོད་མི་རང་ཡིན་པ་མ་ཚད། གསེར་འཁུར་ནས་རྒྱ་གར་ནས་ནང་ལ་འདྲེན་བྱས་པ་རེད། གང་ལྟར་བན་བོན་ཚང་མའི་འབྱུང་ཁུངས་ཕྱི་རྒྱལ་དང་། སྟོན་ལ་ཤཀྱཱ་དང་སྟོན་པ་མེ་བོ་སོགས་ཚང་མ་བོད་མི་མིན་པས། ང་ཚོས་བོད་མིས་ཕྱོགས་ནས་ཁྱད་པ་འདུག་གམ། དེ་བཞིན་བོད་ཡིག་དར་ནས་བཟུང་རྡོ་རིང་གཏེར་ཡིག་སོགས་གནའ་ཤུལ་མཐོང་རྒྱུ་ཡོད་པ་ལ། རྨ་ཡིག་ནག་ཡིག་དེ་ཚོ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་ན་རྡོ་རིང་གཏེར་ཡིག་སོགས་གནའ་ཤུལ་གཅིག་ཀྱང་མཐོང་རྒྱུ་མེད་པ་གང་ཡིན་ནམ། སྤྱི་བཏང་དེ་འདྲའི་ལོ་རྒྱུ་སྒྲིག་ཐུབ་ན་གཟི་བརྗིད་རེད(ཞང་ཞང་བོད་མི་རིགས་མིན་ན་བོད་ཀྱི་གཟི་བརྗིད་དུ་ཨེ་འགྲོ་མི་ཤེས། དེའི་ཕྱིར་བོད་ཀྱི་གཟི་བརྗིད་བཅས་བྲིས་མེད)འོང་ཀྱང་ཁུངས་་མེད་པར་སེམས་ཤུགས་ཁོ་ན་བརྟན་ན་སོསོའི་ཁང་པ་ནང་འཛུལ་ནས་སྐྱིད་པོ་བཏང་བ་ལྟ་བུ་མ་གཏོགས་གཞན་གྱི་ཕན་ནུས་ག་རེ་ཡོད་དམ། ལྷག་པར་ཆོསའཁོར་ཚང་ཟེར་བ་ལྟ་བུ་བོན་ཞེན་ལས་བན་ལ་མི་དགའི་སྣང་བ་ཤུགས་ཆེ་བ་དང་། བོད་ཞན་ལས་བོད་ཀྱི་ལོ་རྒྱུས་བསུབ་ཐབས་ལ་སེམས་ཤུགས་ཆེ་བ་ལྟ་བུ་མཐོང་སྣང་བྱུང་བ་ཕལ་ཆེར་ང་རང་གྱབ་ཆུང་དྲགས་པ་ཡིན་རྒྱུ་རེད་དེ། ཡ་མཚན་ཞིག་འདུག འོ་ད་བརྩེ་མོ་ཡིན། ཞང་ཞང་མིའུ་གདོངས་དྲུག་ནང་གི་སེའི་རྒྱུད་པ་ཡིན་ཞིང་བོད་མི་ལོས་ཡིན། ཞང་ཞང་གི་ཡི་གེ་ཡོད་པ་སོགས་དུས་རབས་བཅུ་གསུམ་རྗེས་ཀྱི་ཡིག་ཆ་མིན་པར་དུས་རབས་བདུན་པའི་སྔོན་གྱི་དཔངས་རྟགས་གཅིག་ཁོ་ན་རག་ན་དེ་ནས་ཚང་མ་འགྲིག་ངེས་ཡིན། དེ་མིན་བཤད་པ་ཙམ་ལས་ལོ་རྒྱུས་ཁོངས་སུ་ཚུད་པ་དཀའ།
ཨ་མའི་བུ་རྒོད་ཡིན་ན་བོན་སྒོའི་ནང་དུ་དཔྱད་གཏམ་སྤེལ་བ་དག་ལ་དགག་ཡིག་འབྲི་དགོས་རེད། དེ་མིན་ལོ་རྒྱུས་རྫུན་མ་སྒྲིགས་འདུག་ཟེར་ནས་བཤད་ན་ཁ་ན་རོགས་རེད་པ། རིགས་པ་སྨྲ་བ་ཡིན་ཚེ་དེ་ཚོར་དགག་ཡིག་འབྲི་དགོས། དེ་མིན་བོན་པོ་བ་རྣམས་ཀྱིས་ཁྱེད་ཚོའི་བྱེད་བབས་ལ་གཞིགས་ཏེ་སྔར་ཁྱེད་རང་ཚོའི་ལོ་རྒྱུས་སུ་བོན་པོར་ཇི་བྱས་ཀྱི་ལོ་རྒྱུས་ཀྱི་ཁྲག་ཐིག་དེ་ཚོ་བསྔོགས་ངེས་རེད། ལོ་རྒྱུས་ནི་ལོ་རྒྱུས་རེད། དེབ་ཐེར་དུ་འཁོད་པ་ནི་བཀོད་པ་རང་རེད། དེ་བསུབ་ཐབས་མེད། མང་པོ་བཤད་ན། འཛམ་གླིང་གི་ངོ་གདོང་དུ་ལྷ་བླ་ཡེ་ཤེས་དང་ལྕང་སྐྱ་རོལ་རྡོར་སོགས་ཀྱིས་བོན་དང་བོན་བསྟན་ཇི་ལྟར་རྩ་མེད་དུ་གཏོང་ཐབས་དང་བོན་པོ་དམར་གསོད་ཇི་ལྟར་བཏང་མིན་དེ་ཚོ་གསལ་གསལ་ཐིང་ཐིང་བྲིས་ན་ངོ་ཚ་ཡོང། ཚད་མེད་ཞི་བའི་རྗེས་འབྲེང་དེ་ཚོ།
ལ་སྟོད་བུས་གསུངས་པ་ནི་ཤིན་ཏུ་མད་དོ། །མ་འགྲིག་རབས་ཀྱི་སྦོམ་གཏམ་སྒྲོག་པ་ལས་དོན་དམ་པའི་དགག་ཡིག་འདྲ་བྲིས་ན་དེ་བས་འོས་སུ་མཐོང་། འདིར་རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེ་ཟེར་མཁན་རྣམས་ཀྱིས་དང་པོ་བོན་སྒོ་རྣམས་ལེགས་པར་བཀླགས་ནས་དེ་མཚམས་བསམ་འཆར་བཤད་ན་མཛེས། བོན་སྒོའི་ནང་དུ་རྒྱལ་བ་རིན་པོ་ཆེའི་སྐོར་ལ་ཡོད་མེད་ཀྱང་མ་ཤེས་སྒང་ནས་ཚོད་ཚོད་དུ་བོན་པོའི་ལོ་དེབ་ཅིག་ཡིན་པའི་ཆ་ནས་མེད་ཤག་བྱེད་པ་ནི་རང་རྟགས་བསྟན་པ་ཙམ་མོ། །
བོན་པོའི་ལོ་རྒྱུས་དང་བོན་པོའི་ངོ་བོ་མི་ཤེས་མཁན་ཞིག་ཡིན་པའི་ངོས་ནས་བལྟས་ན་བོན་པོ་པོ་ཟེར་བ་འདི་མགོ་ལ་ར་དང་རྐུབ་ལ་རྔ་མ་སྐྱེས་ཡོད་མཁན་ཞིག་ཏུ་མཐོང་སྲིད། དེར་ཁག་མེད། ཕྱོགས་ཞེན་ཅན་གྱི་ལོ་རྒྱུས་མཁན་པོ་མང་པོ་ཞིག་གིས་བྱེད་སྟངས་ངན་པའི་རྗེས་སུ་འབྲང་རྐྱང་བྱས་པས་ལན་པ་རེད། དད་པའི་རྗེས་འབྲང་དེ་དག་ལ་ཚིག་གཅིག་དང་བརྡ་གཅིག་གིས་ངོ་འཕྲོད་རྒྱུ་དཀའ་སྟེ། ཐབས་ལམ་གཅིག་ཡོད་པ་ནི། སློབ་སྦྱོང་གྱིས་ཤིགས། ཟེར་རྒྱུ་ཙམ་རེད། བོན་སྒོའི་ནང་དུ་༸གོང་ས་མཆོག་གི་སྐུ་པར་དང་མཛད་རྣམ་སོགས་དགོས་ཚུལ་བཤད་མཁན་རྣམས་ལ་ཞུ་རྒྱུར། བོན་སྒོ་ལོ་དེབ་འདི་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་དུས་དེབ་ཁག་དང་མི་འདྲ་བར་བོད་ནང་དུའང་ཤུགས་ཆེར་འགྲེམས་སྤེལ་བྱེད་བཞིན་པའི་རྐྱེན་གྱིས་རེད། ལར་ནས་༸གོང་ས་མཆོག་གི་སྐོར་འགྲེམས་སྤེལ་བྱེད་བཞིན་པའི་དེབ་སྟོང་ཕྲག་མང་པོ་ཡོད་པས་བོན་སྒོའི་ཐོག་ཏུ་བཀོད་དང་མ་བཀོད་ལ་ཁྱད་པར་གང་ཡོད། དད་པ་དང་དམ་ཚིགས་ཟེར་བ་འདི་སེམས་དང་སེམས་ཀྱི་འབྲེལ་བ་ཞིག་ཡིན་པ་ལས་གཟུགས་ཅན་དུ་བྱས་ནས་ངོ་འཕྲོད་ཐུབ་པ་ཞིག་ག་ལ་ཡིན་ཏེ། ༸གོང་ས་མཆོག་གི་མདུན་ནས་ཁས་ལེན་ཁག་ཐེགས་བྱས་ནའང་། ཐག་རིང་ནས་ཁོང་གི་ཐུགས་དགོངས་ཀྱི་ཁ་གཏད་དུ་བླངས་བའི་བླ་ཆེན་གྱི་མིང་འཁྱེར་མཁན་ག་ཚོད་དང་ག་ཚོད་ཡོད། བོན་པའི་ལོ་རྒྱུས་ཐོག་༸གོང་ས་མཆོག་གི་བཀའ་དང་འགལ་བའི་ལས་བྱས་པ་ཞིག་སྟོན་རྒྱུ་མེད་ཅིང་། ལྷག་པར་དུ་ཡང་བཙན་བྱོལ་དུ་འབྱོར་བའི་ཉམས་ཐག་པའི་ལོ་ཟླ་དེ་དག་གི་ནང་དུ་ཐེ་ཝན་གྱི་ཕོག་སྒོ་ཁར་འབྱོར་ནའང་མ་བླངས་པ་དེ་སུ་ལ་བརྩི་བཀུར་བྱས་པ་དང་ཅི་ཞིག་གི་ལ་རྒྱ་འཁྱེར་བ་སུས་མི་ཤེས། འོན་ཀྱང་དེང་སང་ཐེ་ཕོག་བཟའ་མཁན་དང་ནང་མགོ་ཕྱི་བཙོང་བྱེད་མཁན་ཚོར་བསྟོད་བསྔགས་དང་ཐོབ་ཐང་ཡང་གང་ཆེར་སྤྲོད་ཀྱིན་འདུག བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་གནང་བ་རྣམས་དུས་ཐོག་དུ་ལག་ལེན་བྱེད་མཁན་བོན་པོ་ལས་ལྷག་ཅིག་མེད་པ་ནང་སྲིད་ལས་ཁུངས་དང་ཆོས་རིགས་ལས་ཁུངས་སུ་ཕྱིན་ཏེ་དྲིས་ན་མཁྱེན་ངེས་རེད། དེ་ལྟ་བུར་གཞི་ནས་རྒྱལ་ཁབ་ཀྱི་ལ་རྒྱ་འཁྱེར་མཁན་ཟེར་བ་ལས། ཁ་བཤད་ཁོ་ནས་ཉི་མ་སྐྱེལ་མཁན་དང་། བྱས་པ་ཆུང་ངུའང་ངོ་སོར་འཁྱེར་མཁན་ཚོར་ལ་རྒྱ་འཁྱེར་མཁན་མི་ཟེར་བར་སྐབས་འཚོལ་རིང་ལུགས་པ་ཟེར་བ་རེད།
ཨོ་རྒྱན་ཉི་མ་ཟེར་བ་དེས་མང་པོ་ཞིག་བཤད་འདུག་སྟེ། སྒྲུབ་བྱེད་བཀོད་ན་མཛེས། དེ་བས་སྤྱིར་བཙན་བྱོལ་ནང་དུ་བོད་ཡིག་ཐོག་དཔྱད་དེབ་བོན་སྒོ་ལས་ལེགས་པ་ཞིག་ཡོད་དམ། འདི་ན་ཕྱོགས་ཞེན་དང་བྱབ་ཆུང་འགས་སྨོད་པ་བྱེད་ནའང་གཟུར་གནས་དང་རྒྱལ་སྤྱིའི་སྟེང་ན་དཔྱད་དེབ་དེ་ལ་བསྟོད་པ་མང་། སྤུས་ཚད་ལེགས་ན་ཕྲག་དོག་མང་།
མཆན་༡༨པ་འབྲི་མཁན་འཁྱམ་མིང་ཅན་དེས་དང་པོ་ཞང་ཞུང་ཞེས་དག་པོར་འབྲི་རྒྱུ་དེ་སྦྱོངས། ཞང་ཞང་དང་ཞང་ཞང་རྐྱང་རྐྱང་འབྲི་དོན་ཅི་ཡིན། དགེ་ལུགས་པ་ཡིན་བཞིན་དུ་ཞང་ཞུང་པ་ཆོས་དབང་གྲགས་པའང་གོ་མྱོང་མེད་དམ། དེ་ནས་སྟོན་པ་གཤེན་རབ་གང་ནས་འཁྲུངས་ཡོད་མེད་སྐོར་ལ་གཟིགས། དེ་བོན་ཡུལ་དུ་གཏོགས་མིན་ཡང་ཤེས་ཡོང་། སྟོན་པ་གཤེན་རབ་བོད་ཡུལ་དུ་ཞབས་དངོས་སུ་བཅགས་ནས་བོན་གསུངས་ཡོད་སྟབས་བོན་འདི་རང་ས་ནས་དར་བའི་ཆོས་སུ་འདོད་འོས། གཉིས་སུ་ཁོང་མངའ་རིས་ཀྱི་མི་ཞིག་ཀྱང་ཡིན་པར་ལོ་རྒྱུས་མང་པོར་གསལ། གཤེན་རབ་བོད་ཡུལ་དུ་དངོས་སུ་ཕེབས་རབས་ཐོས་པ་དེ་ལ་བརྟེན་ནས་ཁྱེད་ཚོས་ཤཱཀྱ་ཐུབ་པ་རྫུ་འཕྲུལ་གྱིས་བོད་ཡུལ་དུ་ཞབས་བཅགས་རབས་ཀྱི་སྒྲུང་གཏམ་བརྩམས་ཤིང་རྒྱབ་ལྗོངས་སུ་གངས་རིན་པོ་ཆེའི་མདུན་གྱི་ཞབས་རྗེས་དེ་སྟོན་པའང་དགོད་སྤྱད་ཅིག་མ་རེད་དམ། ད་དུང་སྒྲུང་ཡིན་ན་གཅིག
ཁྱེད་རང་ཉིད་་་བོད་མི་་་ཚད་ལྡན་དང་ཚུལ་མཐུན་ཞིག་བྱེད་འདོད་ན། ཆ་རྐྱེན་དང་པོ་དེ་ང་་་བོན་པོ་་་ཞིག་ཡིན་སེམས་པའི་བསམ་བློའི་འདུ་ཤེས་དེ་ངེས་པར་དུ་ཡོད་དགོས་པ་རེད། དེ་ནི་རང་ཉིད་ཀྱི་མེས་རབས་གོང་མའི་གདོད་མའི་རང་གཤིས་དེ་ཡིན་པའི་མུར། མེས་པོའི་བླ་སྲོག་བདག་གཉེར་བྱེད་པའི་བཙན་པོའི་མི་རྒྱུད་དྭངས་མ་དེ་ཡིན་པའི་བདེན་པའི་ཆ་རྐྱེན་མེད་ན་མི་རུང་བ་དེ་ཡིན་ནོ། །
བདེན་པ་ནི་མི་མང་ཉུང་དང་། བཤད་མཁན་སྐད་གྲགས་ཆེ་ཆུང་སོགས་ལ་མི་ལྟོས་པར་ནམ་ཡང་བདེན་པ་ཡིན་པས་སུས་ཀྱང་བསུབ་མི་ཐུབ། བོན་སྒོ་མཐོང་མ་ཐག་ནས་འུག་པའི་མིག་ལ་ཉི་འོད་ཕོག་པ་ལྟར་གྱུར་ནས་སྨད་ར་གཏོང་རྐྱང་བྱེད་པ་ནི་སྡིག་པ་མིག་བཙུམ་གྱི་ལུགས་སྲོལ་རང་རེད། ཨ་མའི་བུ་རྒོད་ཡིན་ན་བོན་སྒོ་བཀླགས་ནས་དགག་ལན་རེ་བྲིས་དང་།
རྒྱའི་བོད་ལ་བཙན་འཛུལ་བྱས་ནས་བོད་པ་སང་ཁ་འཐོར་དགུ་འཐོར་སོང་ཡོད་པ་རེད་ བན་སྡེའི་བོན་ལ་བཙན་འཛུལ་བྱས་པ་རེད་ རྒྱ་བན་གཉིས་གྱི་ཀླད་རྙིང་ག་ཚོད་སྲ་ན་ཡང ད་ལྟ་བདེན་པའི་དུས་རབས་ལ་ བོད་དང་བོན་པོའི་བསྟན་པ་ཇེད་རེད་ལོ
གུས་མོ་དེ་རིང་སླར་ཡང་སྟེས་དབང་ཞིག་གིས་ཁ་བརྡའི་དྲ་འབུ་སྐོར་ཞིག་དང་གཏམ་གླེང་བྱེད་དགོས་པའི་དུས་སྐབས་ཤིག་ཤར་བ་ནི་བློ་འགྱོད་ཡོད། འོན་ཀྱང་ནམ་ཡང་ངན་པ་ལངས་ཤོར་ཏུ་བཏང་ན་ཁྱེད་ཚོས་འཛམ་གླིང་དམག་ཆེན་གཉིས་པ་དང་ཆ་མཚུངས་པའི་དུས་རབས་བདུན་པའི་ནང་གི་ལོ་རྒྱུས་སྐྱུར་མོ་དང་མི་གཉིས་པའི་བྱ་སྤྱོད་ཟུར་པ་ཞིག་དབུ་འཁྱུད་མི་བརྩམ་པའི་ངེས་པ་མེད་པས་ན། ང་ཚོས་བོད་མི་རིགས་རང་གི་ཡབ་མེས་ཀྱི་ཚེ་སྲོག་དང་འབྲེལ་བའི་ཆོས་དང་རིག་གཞུང་ལ་མྱུར་སྐྱོབས་ཀྱི་ལམ་དུ་ཅིས་མི་ཞུགས་སྙམ་པའི་ཚོར་འདུ་དེ་ཤུགས་ཆེ་སར་དང་ཚད་མཐོ་སར་སླེབས་ཀྱིན་འདུག དེས་ན་དེ་རིང་འདིར། དང་པོ་འགའ་ཞིག་གིས་‘‘དེང་སང་བན་སྡེའི་ངོས་ནས་བོན་པོར་སྐྱོན་བརྗོད་བྱེད་ཀྱི་མེད་ནའང་བོན་པོའི་ངོས་ནས་བན་སྡེ་ལ་སྐྱོན་བརྗོད་མང་ཞིང་ལྷག་པར་དུ་ཡོད་ཚད་ཀྱི་ཁུངས་བོན་དང་ཞང་ཞུང་ཡིན་པར་བཤད་’’རབས་སྐོར་གསུངས་འདུག དེའི་ཐད་དཔེ་རིང་ས་ལ་འཇོག་མི་དགོས་པར་དེ་རིང་གི་གནས་སྟངས་འདིས་མཚོན་པའི་ད་ཕན་ཁ་བརྡའི་དྲ་བར་བོན་པོའི་སྐོར་ཞིག་ཐོན་པ་ནས་བཟུང་ཐུབ་བསྟན་པ་རྣམས་ཀྱིས་སྨད་པ་དང་ཟུར་ཟ་སྐྱོན་བརྗོད་ཁོ་ན་ལས་འཐད་པོ་འཚམས་པོའི་སྐད་ཆ་ཞིག་ད་བར་ཐོན་མྱོང་མེད་པ་འདིས་དཔང་པོ་བྱས་ཡོད། ད་དུང་ཡིད་ཆེས་མེད་ཚེ་དྲ་རྒྱ་འདིར་འཁོད་པའི་རྒྱལ་དབང་ལྔ་པའི་སྐོར་དང་། ལྷ་སྲས་དར་མའི་སྐོར། མཁན་ཆེན་ཞི་མཚོའི་སྐོར་སོགས་གཟིགས་དང་གསལ་ཐིང་ངེར་ཡོད། གཞན་སྦྲུལ་ཐང་བླ་མའི་སྐོར་དང་། མ་སུ་རིའི་ཐོག་མའི་སློབ་གྲྭའི་སྐོར། ཚོགས་པ་བཅུ་གསུམ་གྱི་སྐོར་སོགས་གོ་མྱོང་ཡོད་ན་དེ་ལས་ཡ་མཚར་མོད། གཉིས་པ་ཡང་ཁ་ཤས་ཀྱིས་‘‘བོན་སྒོའི་རྩོམ་སྒྲིག་གླེང་སྟེགས་ནི་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་འོ་ཆུའི་རང་བཞིན་དུ་འགྱུར་བཞིན་པར་གཏོར་བཤིག་གཏོང་བྱེད་ཀྱི་ལག་ཆའི་ངོ་བོར་བསྒྱུར་བས་བློ་ཕམ་ཡོད་’’མདོག་བཤད་པ་ནི། གལ་ཏེ་ལུང་དང་རིག་པའི་བདེན་པ་བདར་ནས་ཐུབ་བསྟན་པས་རྟོག་བཟོ་དང་ཕྱོགས་ཞེན་ཁོ་ནས་བྲིས་པའི་དེབ་ཧྲུལ་རྫུན་མ་དེ་དག་གི་ཨང་གཞུག་ཕུད་པར། མཐུན་སྒྲིལ་ལ་གཏོང་བཤིག་སོང་ཡང་ངེད་བོན་གྱི་སྨྱུག་ཐོགས་པ་རྣམས་ཀྱིས་དུས་ནམ་ཡང་བཟུར་དུ་མེད་པའི་དམ་བཅའ་ཡོད་ལ། འཇིགས་སྐུལ་དང་དཔའ་སྐད་འཐེན་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཡོད། དེ་མིན་དོལ་རྒྱལ་གྱི་རྙོག་གླེང་ལྟ་བུའི་དོན་མེད་མི་རིགས་ཁ་བྲལ་དུ་བཏང་བའི་བྱ་སྤྱོད་དག་སྔར་སྤེལ་མ་མྱོང་ལ་ཕྱིས་སུ་སྤེལ་མི་སྲིད། ངས་ལྟས་ན་ཁྱོད་ཀྱིས་བློ་ཕམ་སྐྱེ་སའི་གནས་ནོར་འདུག་སྙམ། གསུམ་པ་ཡང་ཁག་གཅིག་གིས་‘‘གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་འདོད་པའི་བྱ་སྤྱོད་མ་བརྩམས་ན་རབ་རེད། ཕྱོགས་ལྷུང་མེད་པའི་དཔྱད་པ་བཏང་ན་ལེགས་མོད་ཀྱང་། བན་བོན་འཐེན་འཁྱེར་བྱས་ན་རང་ཅག་འཕུང་བྱེད་’’ཡིན་ཞེས་བཤད་འདུག གདོད་མའི་བོན་དུས་ཀྱི་བོད་དེ་ནི། བསྟན་གཡུང་དྲུང་གི་བོན་རིན་པོ་ཆེ་ལས་མེད་པས་ཆོས་ལུགས་གཞན་གྱི་འཐེན་འཁྱེར་དང་ཕྱོགས་ཞེན་མེད་ཅིང་། རྒྱལ་གྱི་གཤེན་གོང་ན་བཞུགས་པས་རྒྱལ་འབངས་མངའ་རིས་བདེ་ཞིང་སྐྱིད། འབངས་ཀྱི་གོང་ན་རྒྱལ་བརྗིད་པས་མཐའ་བཞིའི་དགྲ་ཚོགས་མེད་པའི་རང་དབང་གཙང་མའི་བོད་རྒྱལ་ཁབ་ཆེན་པོ་དེ་སླར་གསོ་བྱ་འདོད་ལོས་ཀྱང་། འོན་ཀྱང་སྲོང་བཙན་གྱིས་རྒྱ་མོ་བསུས་ནས་རྒྱལ་ཁབ་བཙོང་ཞིང་། ཁྲི་སྲོང་གིས་སློང་མོ་བ་བོས་ཤིང་བོན་བཙོང་། ཁྲི་རལ་གྱིས་ཕ་བསད་ནས་བུ་བཙོང་བ་སོགས་བཀའ་དྲིན་ཅན་གྱི་མེས་དབོན་རྣམ་གསུམ་ནས་བཟུང་གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་ཐབས་མེད་པའི་གནས་སུ་བསྐྱར་ཚར་བས་ཁྱེད་རང་དེའི་ཐད་སེམས་ཁྲལ་དགོས་དོགས་མེད་པར་སེམས། འཐེན་འཁྱེར་བྱས་པས་ཇི་ལྟར་རང་ཉིད་ཕུང་ལ་སྦྱོར་ཚུལ་སྐོར་དེ་མི་སུ་ལས་ཁྱེད་ཚོ་ལ་རྒྱུས་མངའ་ཆེ་བས་བདེན་པ་རེད། ས་སྐྱ་པ་ནས་ན་ནིང་དགའ་ལྡན་ཕོ་བྲང་མཇུག་མ་བསྡུས་བར་འཐེན་འཁྱེར་ཁོ་ནས་བོད་གངས་རིའི་ཁྱོན་ལ་མིག་གི་ཕུང་པོ་དང་མགོ་ཡི་ར་བ་ཁྲག་གི་རྒྱ་མཚོ་བསྐྱིལ་མྱོང་ཡོད་པས་སོ། བཞི་ཡང་འགའ་ཞིག་གིས་‘‘བོན་སྒོ་ནང་ལོ་རྒྱུས་རྫུན་མ། བསྟན་བཅོས་རྫུན་མ། ལུང་མཇུག་མེད་རྔ་ལྡུམ་རྐྱང་རྐྱང་ལས་མཐོང་དུ་མེད་པ་དེ། ཁྱེད་ཅག་གིས་རྒྱལ་རབས་དང་། ཆོས་འབྱུང་ཁག་ནས་ལུང་དྲངས་པ་དག་གཤིབ་སྡུར་གྱིས་ལྟོས་དང་ཤེས་ངེས་ཡིན། ཆོས་འཁོར་ཚང་གི་ཉི་མ་འོད་ཟེར་ཞེས་པའི་ཆོས་ལོག་འདིས་བོན་ལ་ངོ་ལོན་པའི་ཆེད་དུ་ལོ་རྒྱུས་རྫུན་བསྒྲིགས་ཁོ་ནས་དུས་ཚོད་གྲོན་ནས་འདུག་མཁན་ཞིག་རེད་’’ཅེས་བཤད་འདུག དངོས་གནས་ཁྱོད་ཕོ་རྒོད་རབ་ཅིག་ཡིན་ན་བོན་སྒོའི་ནང་རྩོམ་རྫུན་མ་རྐྱང་རྐྱང་ཡིན་པར་བདེན་ན་དེ་ལས་གཅིག་གཅིག་པུ་ལ་དགག་ལན་བྲིས་ཏེ་འདིར་འགོད་རོགས། གལ་སྲིད་དེ་མ་ཐུབ་ཚེ་མ་མཐའ་ལོ་རྒྱུས་རྫུན་མ་འདི་རེད། བསྟན་བཅོས་རྫུན་མ་འདི་རེད། ལུང་མཇུག་མེད་རྔ་ལྡུམ་འདི་འདྲ་འདུག་ཅེས་མཚན་གཞི་ཙམ་ཞིག་འགོད་ཐབས་བྱོས། དེ་མེད་ཚེ་ཁྱེད་རང་མི་ཚེ་གཅིག་ལ་ཆགས་རྨོངས་གསུམ་གྱི་མུན་ཁུངས་ནང་དུ་སྡུག་སྒོམ་རྒྱོབས་ཤིག་ཅེས་ངས་གད་མོའི་ཞོར་ནས་གླེང་འདོད་བྱུང་། མཁས་དབང་ཆོས་འཁོར་ཚང་ནི་ཐོག་མར་བོན་གྱི་གདན་ས་ཆེན་མོ་ནས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཡོད་པ་མ་ཚད། ཁོང་གིས་སྔ་གཞུག་རྣམས་སུ་བྲིས་པའི་རྩོམ་རིགས་ཁག་རྒྱལ་ཕྱི་ནང་གི་མཁས་པ་དུ་མས་གདེང་འཇོག་ཚད་མཐོའི་སྒོ་ནས་རྒྱ་ཁྱབ་ཆེ་བའི་འཛམ་གླིང་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཕབ་བསྒྱུར་བགྱིས་དང་བགྱི་བཞིན་པ་ཡིན་པ་དང་། ད་ལྟའི་ཆར་ཁོང་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་ནས་འཛམ་གླིང་མཁས་པའི་དབང་པོའི་ཕྱག་འཁྱེར་བཞེས་ལ་ཉེ་བ་དང་། ཆོས་ཕྱོགས་མཛད་པའི་ཆ་ནས་ཀྱང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་ཚོགས་སྡེ་ཕལ་མོ་ཆེར་བོན་སྒོ་འཆད་ཁྲིད་ཀྱི་ཆེད་མཁས་དབང་ཁོང་ཉིད་གདན་ཞུའི་མགྲོན་ཤོག་འཚང་ཁ་ཤིག་ཤིག་ཡོད་པར་ཐོས་པ་སོགས་མདོར་ན། མི་རབས་གསར་པའི་དཔུང་ཁག་ནང་ཁོང་ལྟ་བུའི་སྤྱན་དཀྱུས་ཡངས་པའི་མཁས་དབང་ཞིག་བོད་ཕྱི་ནང་གཉིས་ལ་མེད་ཅེས་བཤད་ན་ཕལ་ཆེར་འོས་ཤིང་འཚམས་མོད། ཇི་སྐད་དུ། མཁས་པ་བརྒྱ་ལ་བསྡུར་ཀྱང་ང་མ་ཕམ།། བླུན་པོ་ཨུ་ཚུགས་ཅན་ལ་ངས་མ་དོ།། ཞེས་པ་ལྟར་ཁོང་གིས་ཁྱོད་ཀྱི་དོ་ཟླ་མི་ཐུབ་ཀྱང་སྲིད་པ་རེད། ཧ་ཧ་ཧ་ཧ་་་་་་་་་་་། ལྔ་པ་ཡང་འགའ་ཞིག་གིས་‘‘བོན་སྒོའི་ནང་ལ་༸གོང་ས་མཆོག་གི་སྐུ་པར་དང་མཛད་རྣམ་མང་པོ་མི་འདུག་ཁོང་གི་བཀའ་དྲིན་དྲན་པའི་སྒོ་ནས་མང་པོ་བཞག་ན་ཡག་པོ་ཡོད་རེད་བསམ་གྱི་འདུག་’’ཅེས་བཤད་འདུག མ་གཞི་སྨྲ་བརྗོད་རང་དབང་བེད་སྤྱད་ནས་བསམ་ཚུལ་བཏང་ཡག་པོ་རེད། འོན་ཀྱང་རྩོམ་ཚོགས་པའི་ལྟ་བ་གང་ཡིན་ཆ་མ་འཚལ་ན་ཡང་། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་སྐུ་པར་གང་མང་དང་མཛད་རྣམ་འཇོག་དགོས་ཞེས་པ་ནི་གཅིག་བྱས་ན་སྤྲེལ་ལད་འཁྲབ་འདོད་རེད། ཡང་ན་བྱབ་ཆུང་གི་སྐད་ཆ་རེད་སྙམ། ༸གོང་ས་མཆོག་གི་བཀའ་ལ་གུས་བརྩི་མེད་པར་སྐུ་པར་བརྒྱ་ཕྲག་འགྲེམས་སྤེལ་བྱས་ཀྱང་བཀའ་དྲིན་རྗེས་དྲན་མི་ཐུབ། ང་ཚོ་བོན་པོ་ཚོས་གོང་ས་མཆོག་སྐུ་དཔར་དང་མཛད་རྣམ་ག་ཚོད་འགྲེམས་སྤེལ་བྱས་ཡོད་མེད་མི་ཤེས་ཀྱང་གངས་ཅན་བླ་མར་འབོད་པ་དང་དགའ་ལྡན་ཁྲི་ཟུར་ཟེར་བ་དེ་ཚོའི་གྲལ་དང་རིགས་སུ་ཞུགས་མྱོང་མེད། དྲུག་པ་ཡང་ཁ་ཤས་ཀྱིས་‘‘བོན་སྒོ་ཅེས་པའི་དུས་དེབ་ཏུ་བཙན་བྱོལ་བོད་མིའི་དུས་དེབ་སྤྱི་མཚུངས་ལྟར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སོགས་བཀོད་ན་ཡག་པོ་འདུག དེས་བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་ཡོད་པ་མཚོན་ཐུབ་པ་མ་ཟད་ བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུའང་འགན་ཕྲན་བུ་རེ་ཁུར་ཡོད་པ་མཚོན་’’ཞེས་བཤད་འདུག བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་གཏོགས་མིན་དེ་སྲིད་ཕྱོགས་ཀྱི་སྐད་ཆ་ཞིག་ཡིན་པས། ཆོས་དང་རིག་གཞུང་གི་ལོ་དེབ་བོན་སྒོའི་ནང་གང་འཁོད་མིན་ལ་ལྟོས་འཇོག་བྱེད་པ་ནི་ཞྭ་དཔེ་ལྷམ་འགེབ་རེད་སྙམ། དེ་མིན་བསྟན་པ་ཆབ་སྲིད་ལ་འགན་འཁུར་ཡོད་པར་བསམ་ནས་བོན་པོས་ཚོས་བསྟན་པའི་དོན་དུ་བོན་སྒོ་ལོ་དེབ་བཏོན་བ་ཞིག་ལོས་ཡིན། སྨན་མོ་མཚོ་རུ་འབོད་པས་ནམ་ཕྱེད་ཕར་མ་ཚུར་ཕྱེད་ཅིག་ལ་ནུབ་གླིེང་ནས་སྤྲིངས།
བོན་སྒོའི་གླེང་བརྗོད། སྔོན་གླེང་གཡུང་དྲུང་ཟིལ་གནོན། ཞང་བོད་མི་རིགས་འདི་ཉིད་གནམ་ལྷ་ས་རུ་ཟག་པའམ་ནགས་སྤྲ་གྱེན་དུ་འགྲེང་པ་གང་ལས་བྱུང་བ་ཆ་མ་འཚལ་ནའང༌། བོད་རིག་པའི་ཞིབ་དཔྱོད་པར་རློམ་པའི་མགོ་སེར་རེ་འགས་མཐོང་སྔ་ཕྱི་ཙམ་ལ་བསྙད་དེ་འུ་ཚོའི་ངོ་གདོང་ནི་ཧོར་སོག་གི་རིགས་རྒྱུད་དང༌། སྐད་རིགས་ནི་བྷར་མའི་སྐད་ལུགས། རིག་གནས་ནི་རྒྱ་ནག་གི་གཙུག་ལག ཡི་གེ་ནི་རྒྱ་གར་གྱི་འབྲི་སྲོལ། བཟོ་རིག་ནི་བལ་པོའི་སྒྱུ་རྩལ་ཞེས་མདོར་ན་ཞང་བོད་ཀྱི་སྲིད་འབྱོར་རིག་གསུམ་ནས་ཐ་ན་མི་རིགས་འདིའི་རྒྱབ་ཀྱི་གོས་དང་ཁ་ཡི་ཟས་ཡན་ཆད་ཀྱང་ཁྲོམ་དང་གེ་སར་ཏ་ཟིག་ལྟ་བུ་གཞན་ལས་བླངས་རབས་སྒྲོས་ནས་མཐོ་སྒང་འདི་ཉིད་ཅི་ཡང་མི་བདོག་པའི་སྤྲ་ཚོགས་ཀྱི་རྒྱལ་ཁམས་ཤིག་ཏུ་བསྐྲུན། སྔ་དུས་ཀྱང་ཐུབ་ཆོས་ལར་ཞེན་གྱིས་རང་རེའི་ལེགས་ཆ་ཡོད་ཚད་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཚེ་འགངས་གཙིགས་འཕར་ལྡབ་སྟེར་བའི་ཅོལ་པོའི་ལས་དེས་ཞང་བོད་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་རིག་རྣལ་མ་དག་ཀྱང་ནལ་དྭའི་ཚད་དུ་བཏང་ཞིང༌། མི་རིགས་རང་གི་བྱུང་རབས་ཀྱི་ཁ་ཕྱོགས་ཀྱང་བསྒྱུར་ཏེ། སངས་པོ་ཆུ་ལྕམ་ནས་སྤྲེལ་སྲིན་དང་ཡ་བླ་བདལ་དྲུག་ནས་སྐྱ་བསེང་ཤཱཀྱ་ཅི་རིགས་སུ་བཅོས་ཤུལ་ལྷོའི་རྒྱ་གཤོངས་ནས་སྒང་པ་བོད་ལ་རྒྱུ་བའི་གྱེན་འགྲོ་ཆུ་བོའི་གསོབ་གཏམ་ཡང་ཐལ། ད་དུང་ཡབ་གནམ་རིའི་དུས་སུ་ལན་ཚྭའང་མི་ཤེས་པར་སྐད་པའི་མི་རིགས་ཤིག་གློ་བུར་དུ་སྲས་སྲོང་བཙན་སྐབས་ཆོས་སྲིད་རིག་གནས་ཕུན་སུམ་ཚོགས་པར་གྱུར་རབས་སོགས་ཀྱི་ ཁོག་དབུབས་པའི་དཔེ་ཚོགས་ཀྱང་ཇི་སྙེད་ཅིག་བརྩམས། དེ་དག་ལས་ཡར་ཀླུང་གི་སྣོད་བཅུད་མཚོ་དང་སྤྲ་ལས་བྱུང་བར་སྤྲོས་པའི་༼མ་ཎི་བཀའ་འབུམ་༽ནི་ཐོག་མར་ཚན་རིག་དང་མཐུན་རབས་ཀྱི་ འུད་ཆེན་ཞིག་བསྒྲགས་ཀྱང༌། ས་འོག་ནས་ཐོན་པའི་རྫ་རུས་དག་གིས་དེ་ཉིད་འཕྲལ་མར་ཐེལ་ཚེའི་རྒྱས་སུ་བཏབ། དེ་ལྟར་ནའང་ད་སྐབས་ཞིབ་དཔྱོད་པར་ཁས་འཆེ་བ་དག་གིས་༼སྦ་བཞེད་༽ཟེར་ནས་བདེན་མདོག་བྱེད་ཀྱིན་སྣང་མོད་ཀྱང༌། དོན་དངོས་སུ་བོད་ཀྱི་ལོ་རྒྱུས་བཟོ་བཅོས་ཆེད་བཞེད་པ་མི་མཐུན་པའི་དབང་གིས་རྒྱལ་པོ་ཁྲི་སྲོང་གིས་༼རྒྱལ་བཞེད་༽དང་སྦ་གསལ་སྣང་གིས་༼སྦ་བཞེད་༽གཉིས་སོ་སོར་བརྩམས་པར་གྲགས། སྦ་ནི་པད་འབྱུང་ལ་མི་དད་པས་ལོ་རྒྱུས་བཅོས་པར་རྙིང་མ་པས་འདོད་ཀྱང་སོག་ཟློག་པས་བོན་བློན་གྱི་ཁ་གཏད་དུ་བྲིས་པར་བཞེད་སྟེ་དགག སྦ་ཡི་སྡོང་བསྡེབས་སུ་བླ་ཆེན་པོའི་༼བླ་བཞེད་༽ཀྱང་བྱུང༌། འོན་ཀྱང་ཁུ་སྟོན་གཡུང་དྲུང་གིས་༼ལོ་རྒྱུས་ཆེན་མོ་༽བྲིས་རྗེས་༼སྦ་བཞེད་༽ལ་ཆེ་འབྲིང་ཆུང་གསུམ་དང༌། ཞབས་བཏགས་མ། གཙང་མ། ལྷད་མ་ཟེར་བ་ཇི་སྙེད་ཅིག་ཀྱང་ཐོན། དེ་མཚུངས་བསམ་ཡས་བཀའ་ཐང་དང་བཀའ་གཙིགས་སོགས་ཀྱང་ཡོད་བཟོར་སྣང༌། ད་དུང་ཞབས་སུ་བཏགས་རྒྱུ་མ་དེའང་མུ་ཏིག་བཙན་པོ་དང་ཕྱི་དར་གྱི་སྐོར་སོགས་གང་ནས་བཏགས་མིན་ལ་མ་མཐུན་ཡང༌། བལྟས་ཚོད་ལ་མིག་སྔའི་༼སྦ་བཞེད་༽ཡོད་ཚད་ཀྱང་ཞབས་བཏགས་མ་རུ་སྣང་བས། དེ་དག་རྣལ་འབྱོར་པ་ཀུན་བློ་དང༌། ཁུ་སྟོན་བརྩོན་འགྲུས། དབུས་པ་བློ་གསལ་སོགས་ཀྱིས་མཛད་པའི་དོགས་གཞིའང་ལྷག གལ་ཏེ་སྦ་ཡིས་མཛད་ཚེ་སྦ་རིགས་ཡེ་དབང་རིན་ཆེན་ཁྲི་གཟིགས་གསུམ་ཡང་གསལ་སྣང་ཡིན་མིན་གྱི་འཁྲུན་ཐག་ཀྱང་མ་ཆད། གང་ལྟར་༼སྦ་བཞེད་༽དང་༼རྦ་བཞེད་༽དེ་བཞིན་༼དབའ་བཞེད་༽ད་དུང་༼འབའ་བཞེད་༽ཅེས་ཁ་བྱང་གི་དག་ཆ་སོ་སོར་མཆིས་པ་ལྟར་གཞུང་དངོས་ཀྱི་མ་ཕྱིའང་མི་འདྲ་བར་ལོགས་སུ་ཡོད་པ་ནི་མོན་གྱི་༼རྡོར་གཅོད་༽ལས་ཀྱང་ཚབས་ཆེ་བར་མཐོང༌། འོན་ཀྱང་ཅུང་རྙིང་དྲི་དྲོ་བ་ནི་༼དབའ་བཞེད་༽དེ་ཉིད་ཡིན་བཟོར་སྣང་བས། དེའི་ནང་བྱབྱམེས་སྲོང་བཙན་སྒམ་པོས་ནི་དམ་པའི་ཆོས་མཛད་པའི་སྲོལ་དེ་ཙམ་ཞིག་ བཏོད་དོ་བྱབྱཞེས་པའི་ཚིག་དུམ་ཞིག་བྱུང་བ་ཕྱི་མ་དག་གིས་མེད་པར་བཏང་ཚུལ་ལ་གཞིགས་ན་གློ་བུར་ཐོག་རྒྱག་ཏུ་རྒྱས་པའི་སྲོང་བཙན་གྱི་མཛད་འཕྲིན་རླབས་ཆེན་དེ་དག་ནམ་ཞིག་ནས་གསར་བཟོས་ཀྱིས་སྤེལ་བའང་ཞོར་དུ་ཤེས། དེ་བས་བྱབྱཁྲི་སྲོང་ལྡེ་བཙན་རྒྱ་ཚ་བྱབྱཟེར་ནས་བཙན་པོའི་ཤ་ཁྲག་ཀྱང་རྒྱ་ལ་གཏུགས་པར་བརྩོན་པའི་༼སྦ་བཞེད་༽སོགས་ནི་རྫུན་སྒྲོམ་རང་སྟེ། ཐང་གི་ཡིག་ཚང་དང་ཏུན་ཧོང་གི་ཤོག་དྲིལ་ལྟར་ན་གྱིམ་ཤིང་ཀོང་ཇོ་ནི་ས་མོ་ཡོས་ཏེ་ཕྱི་ལོ་༧༣༩ལོར་འདས་ཤིང༌། ཁྲི་སྲོང་ནི་ཆུ་ཕོ་རྟ་སྟེ་ཕྱི་ལོ་༧༤༢ལོར་འཁྲུངས་སྟབས། ཁོང་གཉིས་ཡུམ་སྲས་ཡིན་ཐབས་ཀྱང་བྲལ་ལ། གནད་དོན་འདིས་༼སྦ་བཞེད་༽སོགས་ནི་ཞང་བོད་ཆོས་རིག་གི་ལོ་རྒྱུས་རྣལ་མ་འགུམས་པའི་མཚོན་ཆར་འཁུམས་སོ། ། དེ་བས་འདི་དག་ལས་ཀྱང་དུས་རབས་བཅུ་དྲུག་པར་བྲིས་པའི་གཙུག་འཕྲེང་གི་༼མཁས་པའི་དགའ་སྟོན་༽དེ་ཉིད་རྙིང་དྲི་བྲོ་བའི་ནང་དོན་དང་ལུང་ཚིག་སོགས་ཀྱིས་ཕྱུག་རབས་ལ་བརྟགས་ན། དོན་གནད་གཞན་ཞིག་གི་ཁུངས་ཀྱང་ཕྱུང་པ་སྟེ། ༼སྦ་བཞེད་༽སོགས་ནི་ལོ་རྒྱུས་དངོས་ཀྱི་ཁ་གཏད་དུ་བསྒྲིགས་པའི་ཟོལ་སྒྲུང་རང་དུ་མངོན་པས་མ་ཚད། ཟོག་གཏམ་དེ་དག་མི་ཁུར་བའི་བོན་བློན་དག་གིས་གཙོས་པའི་བོན་གཤེན་ཇི་སྙེད་ཅིག་ ནན་བསྒྱུར་དང་བསྐྲད་སྤྱུགས་དེ་བཞིན་ཆབ་གསོལ་གྱིས་མནར་ཡོད་པའང་དཀྱུས་དོན་ལ་ཟུར་བལྟས་ཀྱིས་མཐོང༌། དེས་ན་ནམ་ཡང་རེ་བ་སྐམ་པོས་རང་ཉིད་ཕུང་ཀྲོལ་དུ་སྦྱོར་བའི་རང་རིགས་འདིས་རང་སའི་ཆོས་རིག་ལ་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་ཁར་ད་དུང་སྙིང་རྗེ་ཅན་གྱི་བོད་ཅེས་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་བསྒྲགས་ནས་བློ་རིག་བཀྲ་བའི་དམག་རོགས་རྒྱ་ནག་ཀྱང་འཇམ་དཔལ་དབྱངས་དང་གཏུམ་དྲག་ཅན་གྱི་སོག་པོའང་ཕྱག་ན་རྡོ་རྗེ་སྟེ་རིགས་གསུམ་མགོན་པོའི་གདུལ་ཞིང་དུ་བྱས་ཏེ། འཁོར་གསུམ་གྱི་རྣོ་ཁ་ཡོད་ཚད་རང་རིགས་ནང་ཁུལ་དུ་གཏད་ནས་དམེ་སྡིག་འདག་ཐབས་མེད་པར་བསགས་པའི་ཉེས་འབྲས་ཀྱི་རྣམ་སྨིན་ད་སྐབས་མྱོང་བཞིན་པ་ནི་རིག་འཛིན་གོང་མའི་ལུང་བསྟན་ལྟར་དུ་འདུག དེ་དག་ལ་བསམས་ན་སྐྱུད་ཐབས་མེད་པ་ཞིག་སྟེ། བོན་གྱི་གསུང་རབ་རྣམས་འབྱུང་ལྔའི་ཞལ་དུ་སྤུར་གཏོར་བཞེན་བསྐུར་མནན་ལྔ་ཇི་འདྲ་བྱས་ཀྱང༌། གཏམ་ཤུལ་དགའ་ཐང་གི་འབུམ་པའི་ཞབས་འོག་ནས་ཐོན་པའི་བོན་དཔེ་ཇི་བཞིན་སྐབས་ཤིག་ལ་སྲོང་བཙན་སྒམ་པོའི་མྱེས་པོའི་ཞལ་འདོན་ཕྱག་བསྟར་མ་དག་ཀྱང་རྙེད་ངེས་པས། དེ་དུས་ཐོན་མི་ཨ་ནུ་དུར་ས་ནས་ངུ་སྐད་འཆོར་ངེས་པར་མ་ཟད། འཛིངས་རྙོགས་སུ་གནས་པའི་ད་ལྟའི་ཆོས་རིག་ལོ་རྒྱུས་ཀྱི་བླ་མཐང་ཡང་བསྒྱུར་ཏེ། ཞང་བོད་ཀྱི་ལོ་རྒྱུས་དངོས་བདེན་རྣམས་སླར་ཡང་འཚོ་བའི་སྲོག་དབུགས་རྒྱས་ཤིང་ཞང་ཞུང་བོན་གྱི་བདེན་པ་རྒྱལ་བར་ངེས་སོ།། །། བོན་རྒྱལ་ལོ། ། གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས
གུས་མོ་དེ་རིང་སླར་ཡང་སྟེས་དབང་ཞིག་གིས་ཁ་བརྡའི་དྲ་འབུ་སྐོར་ཞིག་དང་གཏམ་གླེང་བྱེད་དགོས་པའི་དུས་སྐབས་ཤིག་ཤར་བ་ནི་བློ་འགྱོད་ཡོད། འོན་ཀྱང་ནམ་ཡང་ངན་པ་ལངས་ཤོར་ཏུ་བཏང་ན་ཁྱེད་ཚོས་འཛམ་གླིང་དམག་ཆེན་གཉིས་པ་དང་ཆ་མཚུངས་པའི་དུས་རབས་བདུན་པའི་ནང་གི་ལོ་རྒྱུས་སྐྱུར་མོ་དང་མི་གཉིས་པའི་བྱ་སྤྱོད་ཟུར་པ་ཞིག་དབུ་འཁྱུད་མི་བརྩམ་པའི་ངེས་པ་མེད་པས་ན། ང་ཚོས་བོད་མི་རིགས་རང་གི་ཡབ་མེས་ཀྱི་ཚེ་སྲོག་དང་འབྲེལ་བའི་ཆོས་དང་རིག་གཞུང་ལ་མྱུར་སྐྱོབས་ཀྱི་ལམ་དུ་ཅིས་མི་ཞུགས་སྙམ་པའི་ཚོར་འདུ་དེ་ཤུགས་ཆེ་སར་དང་ཚད་མཐོ་སར་སླེབས་ཀྱིན་འདུག དེས་ན་དེ་རིང་འདིར། དང་པོ་འགའ་ཞིག་གིས་‘‘དེང་སང་བན་སྡེའི་ངོས་ནས་བོན་པོར་སྐྱོན་བརྗོད་བྱེད་ཀྱི་མེད་ནའང་བོན་པོའི་ངོས་ནས་བན་སྡེ་ལ་སྐྱོན་བརྗོད་མང་ཞིང་ལྷག་པར་དུ་ཡོད་ཚད་ཀྱི་ཁུངས་བོན་དང་ཞང་ཞུང་ཡིན་པར་བཤད་’’རབས་སྐོར་གསུངས་འདུག དེའི་ཐད་དཔེ་རིང་ས་ལ་འཇོག་མི་དགོས་པར་དེ་རིང་གི་གནས་སྟངས་འདིས་མཚོན་པའི་ད་ཕན་ཁ་བརྡའི་དྲ་བར་བོན་པོའི་སྐོར་ཞིག་ཐོན་པ་ནས་བཟུང་ཐུབ་བསྟན་པ་རྣམས་ཀྱིས་སྨད་པ་དང་ཟུར་ཟ་སྐྱོན་བརྗོད་ཁོ་ན་ལས་འཐད་པོ་འཚམས་པོའི་སྐད་ཆ་ཞིག་ད་བར་ཐོན་མྱོང་མེད་པ་འདིས་དཔང་པོ་བྱས་ཡོད། ད་དུང་ཡིད་ཆེས་མེད་ཚེ་དྲ་རྒྱ་འདིར་འཁོད་པའི་རྒྱལ་དབང་ལྔ་པའི་སྐོར་དང་། ལྷ་སྲས་དར་མའི་སྐོར། མཁན་ཆེན་ཞི་མཚོའི་སྐོར་སོགས་གཟིགས་དང་གསལ་ཐིང་ངེར་ཡོད། གཞན་སྦྲུལ་ཐང་བླ་མའི་སྐོར་དང་། མ་སུ་རིའི་ཐོག་མའི་སློབ་གྲྭའི་སྐོར། ཚོགས་པ་བཅུ་གསུམ་གྱི་སྐོར་སོགས་གོ་མྱོང་ཡོད་ན་དེ་ལས་ཡ་མཚར་མོད། གཉིས་པ་ཡང་ཁ་ཤས་ཀྱིས་‘‘བོན་སྒོའི་རྩོམ་སྒྲིག་གླེང་སྟེགས་ནི་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་འོ་ཆུའི་རང་བཞིན་དུ་འགྱུར་བཞིན་པར་གཏོར་བཤིག་གཏོང་བྱེད་ཀྱི་ལག་ཆའི་ ངོ་བོར་བསྒྱུར་བས་བློ་ཕམ་ཡོད་’’མདོག་བཤད་པ་ནི། གལ་ཏེ་ལུང་དང་རིག་པའི་བདེན་པ་བདར་ནས་ཐུབ་བསྟན་པས་རྟོག་བཟོ་དང་ཕྱོགས་ཞེན་ཁོ་ནས་བྲིས་པའི་དེབ་ཧྲུལ་རྫུན་མ་དེ་དག་གི་ཨང་གཞུག་ཕུད་པར། མཐུན་སྒྲིལ་ལ་གཏོང་བཤིག་སོང་ཡང་ངེད་བོན་གྱི་སྨྱུག་ཐོགས་པ་རྣམས་ཀྱིས་དུས་ནམ་ཡང་བཟུར་དུ་མེད་པའི་དམ་བཅའ་ཡོད་ལ། འཇིགས་སྐུལ་དང་དཔའ་སྐད་འཐེན་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཡོད། དེ་མིན་དོལ་རྒྱལ་གྱི་རྙོག་གླེང་ལྟ་བུའི་དོན་མེད་མི་རིགས་ཁ་བྲལ་དུ་བཏང་བའི་བྱ་སྤྱོད་དག་སྔར་སྤེལ་མ་མྱོང་ལ་ཕྱིས་སུ་སྤེལ་མི་སྲིད། ངས་ལྟས་ན་ཁྱོད་ཀྱིས་བློ་ཕམ་སྐྱེ་སའི་གནས་ནོར་འདུག་སྙམ། གསུམ་པ་ཡང་ཁག་གཅིག་གིས་‘‘གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་འདོད་པའི་བྱ་ སྤྱོད་མ་བརྩམས་ན་རབ་རེད། ཕྱོགས་ལྷུང་མེད་པའི་དཔྱད་པ་བཏང་ན་ལེགས་མོད་ཀྱང་། བན་བོན་འཐེན་འཁྱེར་བྱས་ན་རང་ཅག་འཕུང་བྱེད་’’ཡིན་ཞེས་བཤད་འདུག གདོད་མའི་བོན་དུས་ཀྱི་བོད་དེ་ནི། བསྟན་གཡུང་དྲུང་གི་བོན་རིན་པོ་ཆེ་ལས་མེད་པས་ཆོས་ལུགས་གཞན་གྱི་འཐེན་འཁྱེར་དང་ཕྱོགས་ཞེན་མེད་ཅིང་། རྒྱལ་གྱི་གཤེན་གོང་ན་བཞུགས་པས་རྒྱལ་འབངས་མངའ་རིས་བདེ་ཞིང་སྐྱིད། འབངས་ཀྱི་གོང་རྒྱལ་བརྗིད་པས་མཐའ་བཞིའི་དགྲ་ཚོགས་མེད་པའི་རང་དབང་གཙང་མའི་བོད་རྒྱལ་ཁབ་ཆེན་པོ་དེ་སླར་གསོ་བྱ་འདོད་ལོས་ཀྱང་། འོན་ཀྱང་སྲོང་བཙན་གྱིས་རྒྱ་མོ་བསུས་ནས་རྒྱལ་ཁབ་བཙོང་ཞིང་། ཁྲི་སྲོང་གིས་སློང་མོ་བ་བོས་ཤིང་ཆོས་བཙོང་། ཁྲི་རལ་གྱིས་ཕ་བསད་ནས་བུ་བཙོང་བ་སོགས་བཀའ་དྲིན་གྱི་མེས་དབོན་རྣམ་གསུམ་ནས་བཟུང་གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་ཐབས་མེད་པའི་གནས་སུ་བསྐྱར་ཚར་བས་ཁྱེད་རང་དེའི་ཐད་སེམས་ཁྲལ་དགོས་དོགས་མེད་པར་སེམས། འཐེན་འཁྱེར་བྱས་པས་ཇི་ལྟར་རང་ཉིད་ཕུང་ལ་སྦྱོར་ཚུལ་སྐོར་དེ་མི་སུ་ལས་ཁྱེད་ཚོ་ལ་རྒྱུས་མངའ་ཆེ་བས་བདེན་པ་རེད། ས་སྐྱ་པ་ནས་ན་ནིང་དགའ་ལྡན་ཕོ་བྲང་མཇུག་མ་བསྡུས་བར་འཐེན་འཁྱེར་ཁོ་ནས་བོད་གངས་རིའི་ཁྱོན་ལ་མིག་གི་ཕུང་པོ་དང་མགོ་ཡི་ར་བ་ཁྲག་གི་རྒྱ་མཚོ་བསྐྱིལ་མྱོང་ཡོད་པས་སོ། བཞི་པ་ཡང་འགའ་ཞིག་གིས་‘‘བོན་སྒོ་ནང་ལོ་རྒྱུས་རྫུན་མ། བསྟན་བཅོས་རྫུན་མ། ལུང་མཇུག་མེད་རྔ་ལྡུམ་རྐྱང་རྐྱང་ལས་མཐོང་དུ་མེད་པ་དེ། ཁྱེད་ཅག་གིས་རྒྱལ་རབས་དང་། ཆོས་འབྱུང་ཁག་ནས་ལུང་དྲངས་པ་དག་གཤིབ་སྡུར་གྱིས་ལྟོས་དང་ཤེས་ངེས་ཡིན། ཆོས་འཁོར་ཚང་གི་ཉི་མ་འོད་ཟེར་ཞེས་པའི་ཆོས་ལོག་འདིས་བོན་ལ་ངོ་ལོན་པའི་ཆེད་དུ་ལོ་རྒྱུས་རྫུན་བསྒྲིགས་ཁོ་ནས་དུས་ཚོད་གྲོན་ནས་འདུག་མཁན་ཞིག་རེད་’’ཅེས་བཤད་འདུག དངོས་གནས་ཁྱོད་ཕོ་རྒོད་རབ་ཅིག་ཡིན་ན་བོན་སྒོའི་ནང་རྩོམ་རྫུན་མ་རྐྱང་རྐྱང་ཡིན་པར་བདེན་ན་དེ་ལས་གཅིག་གཅིག་པུ་ལ་དགག་ལན་བྲིས་ཏེ་འདིར་འགོད་རོགས། གལ་སྲིད་དེ་མ་ཐུབ་ཚེ་མ་མཐའ་ལོ་རྒྱུས་རྫུན་མ་འདི་རེད། བསྟན་བཅོས་རྫུན་མ་འདི་རེད། ལུང་མཇུག་མེད་རྔ་ལྡུམ་འདི་འདྲ་འདུག་ཅེས་མཚན་གཞི་ཙམ་ཞིག་འགོད་ཐབས་བྱོས། དེ་མེད་ཚེ་ཁྱེད་རང་མི་ཚེ་གཅིག་ལ་ཆགས་རྨོངས་གསུམ་གྱི་མུན་ཁུངས་ནང་དུ་སྡུག་སྒོམ་རྒྱོབས་ཤིག་ཅེས་ངས་གད་མོའི་ཞོར་ནས་གླེང་འདོད་བྱུང་། མཁས་དབང་ཆོས་འཁོར་ཚང་ནི་ཐོག་མར་བོན་གྱི་གདན་ས་ཆེན་མོ་ནས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཡོད་པ་མ་ཚད། ཁོང་གིས་སྔ་གཞུག་རྣམས་སུ་བྲིས་པའི་རྩོམ་རིགས་ཁག་རྒྱལ་ཕྱི་ནང་གི་མཁས་པ་དུ་མས་གདེང་འཇོག་ཚད་མཐོའི་སྒོ་ནས་རྒྱ་ཁྱབ་ཆེ་བའི་འཛམ་གླིང་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཕབ་བསྒྱུར་བགྱིས་དང་བགྱི་བཞིན་པ་ཡིན་པ་དང་། ད་ལྟའི་ཆར་ཁོང་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་ནས་འཛམ་གླིང་མཁས་པའི་དབང་པོའི་ཕྱག་འཁྱེར་བཞེས་ལ་ཉེ་བ་དང་། ཆོས་ཕྱོགས་མཛད་པའི་ཆ་ནས་ཀྱང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་ཚོགས་སྡེ་ཕལ་མོ་ཆེར་བོན་སྒོ་འཆད་ཁྲིད་ཀྱི་ཆེད་མཁས་དབང་ཁོང་ཉིད་གདན་ཞུའི་མགྲོན་ཤོག་འཚང་ཁ་ཤིག་ཤིག་ཡོད་པར་ཐོས་པ་སོགས་མདོར་ན། མི་རབས་གསར་པའི་དཔུང་ཁག་ནང་ཁོང་ལྟ་བུའི་སྤྱན་དཀྱུས་ཡངས་པའི་མཁས་དབང་ཞིག་བོད་ཕྱི་ནང་གཉིས་ལ་མེད་ཅེས་བཤད་ན་ཕལ་ཆེར་འོས་ཤིང་འཚམས་མོད། ཇི་སྐད་དུ། མཁས་པ་བརྒྱ་ལ་བསྡུར་ཀྱང་ང་མ་ཕམ།། བླུན་པོ་ཨུ་ཚུགས་ཅན་ལ་ངས་མ་དོ།། ཞེས་པ་ལྟར་ཁོང་གིས་ཁྱོད་ཀྱི་དོ་ཟླ་མི་ཐུབ་ཀྱང་སྲིད་པ་རེད། ཧ་ཧ་ཧ་ཧ་་་་་་་་་་་། ལྔ་པ་ཡང་འགའ་ཞིག་གིས་‘‘བོན་སྒོའི་ནང་ལ་༸གོང་ས་མཆོག་གི་སྐུ་པར་དང་མཛད་རྣམ་མང་པོ་མི་འདུག་ཁོང་གི་བཀའ་དྲིན་དྲན་པའི་སྒོ་ནས་མང་པོ་བཞག་ན་ཡག་པོ་ཡོད་རེད་བསམ་གྱི་འདུག་’’ཅེས་བཤད་འདུག མ་གཞི་སྨྲ་བརྗོད་རང་དབང་བེད་སྤྱད་ནས་བསམ་ཚུལ་བཏང་བ་ཡག་པོ་རེད། འོན་ཀྱང་རྩོམ་སྒྲིག་ཚོགས་པའི་ལྟ་བ་གང་ཡིན་ཆ་མ་འཚལ་ན་ཡང་། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་སྐུ་པར་གང་མང་དང་མཛད་རྣམ་འཇོག་དགོས་ཞེས་པ་ནི་གཅིག་བྱས་ན་སྤྲེལ་ལད་འཁྲབ་འདོད་རེད། ཡང་ན་བྱབ་ཆུང་གི་སྐད་ཆ་རེད་སྙམ། ༸གོང་ས་མཆོག་གི་བཀའ་ལ་གུས་བརྩི་མེད་པར་སྐུ་པར་བརྒྱ་ཕྲག་འགྲེམས་སྤེལ་བྱས་ཀྱང་བཀའ་དྲིན་རྗེས་དྲན་མི་ཐུབ། ང་ཚོ་བོན་པོ་ཚོས་གོང་ས་མཆོག་སྐུ་དཔར་དང་མཛད་རྣམ་ག་ཚོད་འགྲེམས་བྱས་ཡོད་མེད་མི་ཤེས་ཀྱང་གངས་ཅན་བླ་མར་འབོད་པ་དང་དགའ་ལྡན་ཁྲི་ཟུར་ཟེར་བ་དེ་ཚོའི་གྲལ་དང་རིགས་སུ་ཞུགས་མྱོང་མེད། དྲུག་པ་ཡང་ཁ་ཤས་ཀྱིས་‘‘བོན་སྒོ་ཅེས་པའི་དུས་དེབ་ཏུ་བཙན་བྱོལ་བོད་མིའི་དུས་དེབ་སྤྱི་མཚུངས་ལྟར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སོགས་བཀོད་ན་ཡག་པོ་འདུག དེས་བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་ཡོད་པ་མཚོན་ཐུབ་པ་མ་ཟད་ བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུའང་འགན་ཕྲན་བུ་རེ་ཁུར་ཡོད་པ་མཚོན་’’ཞེས་བཤད་འདུག བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་གཏོགས་མིན་དེ་སྲིད་ཕྱོགས་ཀྱི་སྐད་ཆ་ཞིག་ཡིན་པས། ཆོས་དང་རིག་གཞུང་གི་ལོ་དེབ་བོན་སྒོའི་ནང་གང་འཁོད་མིན་ལ་ལྟོས་འཇོག་བྱེད་པ་ནི་ཞྭ་དཔེ་ལྷམ་འགེབ་རེད་སྙམ། དེ་མིན་བསྟན་པ་ཆབ་སྲིད་ལ་འགན་འཁུར་ཡོད་པར་བསམ་ནས་བོན་པོས་ཚོས་བསྟན་པའི་དོན་དུ་བོན་སྒོ་ལོ་དེབ་བཏོན་བ་ཞིག་ལོས་ཡིན། སྨན་མོ་མཚོ་རུ་འབོད་པའི་སྨན་ཤར་དེས་ནུབ་གླིང་སྐྲ་སེར་མོད་པའི་རྒྱལ་ཁབ་ནས་ཚར་གཉིས་པ་སླར་ཡང་བསྐྱར་བཏང་བགྱིས་པ་འདིས་ཀྱང་དུན་ཙེ་མགོ་འཕང་ཞུམ་པར་གྱུར་ཅིག
འདི་ནི་(དེ་བཞིན་བོད་ཡིག་དར་ནས་བཟུང་རྡོ་རིང་གཏེར་ཡིག་སོགས་གནའ་ཤུལ་མཐོང་རྒྱུ་ཡོད་པ་ལ། སྨར་ཡིག་ནག་ཡིག་དེ་ཚོ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་ན་རྡོ་རིང་གཏེར་ཡིག་སོགས་གནའ་ཤུལ་གཅིག་ཀྱང་མཐོང་རྒྱུ་མེད་པ་གང་ཡིན་ནམ།) ཞེས་བཤད་མཁན་དེས་གཤམ་གྱི་བཀའ་སློབ་འདི་ཞིབ་གཟིགས་གནང་རོགས། པར་ངོས་བཞི་པ། བོད་མིའི་རང་དབང་བདུན་རེའི་གསར་ཤོག ༸ གོང་ས་མཆོག་ནས་སྨར་ཡིག་ནི་མི་ལོ་སུམ་སྟོང་གི་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པར་ར་འཕྲོད་ཀྱི་བཀའ་སྩལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུལ་བྱ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་ཆེ་བའི་སྐབས་ལ་སྨར་ཡིག་ནི་མི་ལོ་སུམ་སྟོང་བཞི་སྟོང་གོང་གི་བོད་ཀྱི་ཡི་གེ་ཐོག་མར་ཡིན་པའི་ར་འཕྲོད་བྱུང་ཡོད་པའི་སྐོར་ལ་བཀའ་སློབ་ཕེབས་པ་གནང་སོང། དེ་ནི་སྤྱི་ནོ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་བཞུགས་སྒར་དུ་གདུལ་བྱ་རྣམས་ལ་ཕྱི་ནང་གྲུབ་མཐའི་རྣམ་བཞག་དང་ལམ་རིམ་མདོིར་བསྡུས་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བའི་མུར་ཉེ་ལམ་བོད་ཀྱི་ས་འོག་ནས་དངོས་པོ་སྨར་ཡིག་འཁོད་པ་ཞིག་རྙེད་འདུག་པར་གཞིགས་ན། དེ་སྔ་མི་ལོ་སུམ་སྟོང་བཞི་སྟོང་གི་གོང་དུ་བོད་ཀྱི་ཡི་གེ་ཐོག་མ་དེ་སྨར་ཡིག་ཡིན་པ་ནི་ར་སྤྲོད་བྱུང་ཡོད་པའི་སྐོར་ལ་བཀའ་གནང་འདུག ༸གོང་ས་མཆོག་ནས་གསུང་དོན། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སྩལ་འདུག
ཧ་ཧ། མི་གྲལ་དང། མཐུན་འབྲེལ། རིས་མེད། འདྲ་མཉམ། བོད་དོན་སོགས་མ་གླེང་པའི་སྔོན་དུ་དོན་དངོས་ཀྱི་ལོ་རྒྱུས་ཁ་ཤས་མཁྱེན་ན་ཡག་པོ་འདུག་བསམ། དེ་མིན། ང་ཚོའི་ཁ་མ་བསྔོག་ན་ལེགས། ང་དགུའི་སྔོན་གྱི་ལོ་རྒྱུས་ཡོད་ཚད་སྒྲུང་ཟེར་ནས་སྨོད་ན་ཆོག་ཀྱང་། སྐྱབས་བཅོལ་དུ་སླེབས་རྗེས་ཀྱི་ལོ་རྒྱུས་མང་པོར་མི་རིགས་གཞན་རྣམས་བར་དཔང་དུ་བཀོད་ནས་གླེང་རྒྱུ་ཡོད། འོན་ཀྱང་། ང་ཚོས་དོན་དངོས་ཀྱི་མཐུན་འབྲེལ་ཞིག་ལ་དམིགས་ནས་སྦས་བསྐུངས་བྱས་ཡོད་པའང་མཁྱེན་པར་མཛོད། དུས་ལ་བབ་དུས་གཅིག་རྗེས་གཉིས་མཐུད་ཀྱིས་གླེང་ཚེ་ཉན་མཁན་གྱི་རྣ་བའང་འོན་ཉེན་ཡོད། ཐུག་སའང་གང་ལ་ཐུག་མིན་མི་ཤེས། སྐྱབས་བཅོལ་དུའང་བོན་པོའི་བླ་མ་ཆེ་གྲས་རྣམས་རབས་དང་རིམ་པས་བཀྲོང་རབས་དང་། གཞོན་སྐྱེས་ཤེས་ཡོན་པ་རྣམས་བསད་རབས། མ་ན་ལི་དང་རྡེ་ར་རྡུན་སོགས་སུ་བོན་པོའི་གཞིས་ཆགས་ཚུགས་སུ་མི་འཇུག་རབས། བོན་པོའི་བླ་ཆེན་གྱི་སྐུ་སྲོག་རང་རིགས་བན་དེའི་ལག་ནས་ཕྱི་རྒྱལ་མཁས་དབང་གིས་སྐྱོབས་རབས། གཅིག་སྒྲིལ་མིང་ཐོག་ནས་ཆོས་ལུགས་གཅིག་བསྒྱུར་གྱི་གནོན་ཤུགས་ཆེ་རབས། བོན་གཞིས་རང་དུའང་མཁན་སློབ་ཀྱི་སྐུ་སྲོག་ལའང་ཉེན་ཁ་བྱུང་ནས་གྲྭ་བ་རྣམས་ཀྱིས་རེས་མོས་ངང་མཚན་མོར་བླ་བྲང་སྲུང་དགོས་པའི་གནས་སུ་ལྷུང་རབས་སོགས་ཤིན་ཏུ་མང་ཡང་གནས་སྐབས་མཐུན་འབྲེལ་ཟེར་བའི་བསླུས་ཚིག་སྙན་པོའི་འོག་ཏུ་བསྐྱུར་ཡོད། བོན་པོ་རྣམས་སྐྱབས་བཅོལ་དུ་སླེབས་རྗེས་རང་ཁ་རང་གསོས་བྱས་ཡོད་ལ། གཞིས་ཆགས་དང་སློབ་གྲྭ་རང་རང་གིས་ཆགས་བཏབ་པ་ཤ་སྟག་ལས་གོང་ནས་རོགས་རམ་སོགས་གང་ཡང་མེད། ད་དུང་ཕྱིས་སུ་གཞིས་ཆགས་འདི་ཉིད་བོན་པོའི་གཞིས་ཆགས་ཞེས་སུ་ཐོགས་པ་དེ་རྣ་བར་མ་བཟོད་ནས་འབད་པ་དུ་མས་ཤིམ་ལའི་ཁ་འཐོར་གྱི་འོག་ཏུ་བཅུད་ཐབས་ཇི་ཙམ་བྱས་ཡོད། ད་མི་གླེང་། གླེང་ནའང་ཚར་རྒྱུ་མེད། འདི་ཡང་དོན་མེད་དུ་གླེང་བ་ཞིག་མིན་པར་ཁྱེད་ཚོས་ང་ཚོའི་ནད་ཐོག་ཏུ་སྣུན་པ་ལས་འཆོར་བའི་མནར་སྐད་ཅིག་ཡིན།
ཁ་བརྡ་དྲ་བ་འདིར་བན་དེ་ཁྱུ་ཞིག་གིས་བོན་པོར་ག་ཚད་སྨད་ཀྱང་རུང་། ཚད་གཞི་ལས་ཀྱང་བརྒལ་བའི་ཟུར་ཟ་བྱས་ཀྱང་རུང་། དེ་ལ་བོན་པོ་ཚོས་གཏམ་ལན་རེ་བྲིས་ཚེ་མི་འགོད་རབས་མང་པོར་ཐོས་རྒྱུ་འདུག་ཀྱང་། དེ་རིང་གོང་དུ་སྨན་མོ་མཚོ་ཟེར་བས་སྐད་ཆ་བཤད་སྟངས་ཏེ། ཁ་བརྡ་དྲ་བ་ང་ལ་གཏམ་ལན་གཏམ་གྱིས་འཇལ་དུ་ཆུག་མདོག་མདོག་ཅིག་བཤད་པ་དེ་ལ་བལྟས་ན་བོན་པོས་བྲིས་པའི་མཆན་དེ་ཚོ་བསུབ་རྐྱང་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་བྱུང་། དངོས་གནས་དེ་འདྲ་ཡིན་ནམ།
ད་་་་བན་ཕྲུག་ཚོ་སྟག་ངར་ངར་དང་། གཟིག་མཆོངས་མཆོངས། ཁྱི་ཟུག་ཟུག ཝ་བརྒྱལ་བརྒྱལ་གང་བྱེད་རྒྱུ་ཡོད་ན་བྱོས་ཤིག གལ་སྲིད་དེ་མེད་ཚེ་སླད་ཕྱིན་ཁ་བརྡའི་དྲ་བར་བོན་དང་འབྲེལ་བའི་གནས་ཚུལ་སླེབས་ཚེ། འཇམ་ཐིང་ཐིང་ངང་བཞག་རོགས། ཟུར་ཞུ་ནི་གོང་གསལ་ངའི་མཆན་དེ་ཐོག་མར་འཁོད་ཡོད་ཀྱང་བར་སྐབས་ཤིག་མི་སྣང་བར་ནག་བསུབ་བཏང་སོང་བས་ངས་སླྲར་རེ་སྐུར་ཞིག་དང་སྦྲགས་ཏེ་བཏང་བས་ད་ལྟ་ཚར་གཉིས་བསྐྱར་བཀོད་བྱས་འདུག
བོད་མིའི་རང་དབང་བདུན་རེའི་གསར་ཤོག་གི་པར་ངོས་བཞི་པ་ལས། ༸ གོང་ས་མཆོག་ནས་སྨར་ཡིག་ནི་མི་ལོ་སུམ་སྟོང་གི་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པར་ར་འཕྲོད་ཀྱི་བཀའ་སྩལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུལ་བྱ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་ཆེ་བའི་སྐབས་ལ་སྨར་ཡིག་ནི་མི་ལོ་སུམ་སྟོང་བཞི་སྟོང་གོང་གི་བོད་ཀྱི་ཡི་གེ་ཐོག་མར་ཡིན་པའི་ར་འཕྲོད་བྱུང་ཡོད་པའི་སྐོར་ལ་བཀའ་སློབ་ཕེབས་པ་གནང་སོང། དེ་ནི་སྤྱི་ནོ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་བཞུགས་སྒར་དུ་གདུལ་བྱ་རྣམས་ལ་ཕྱི་ནང་གྲུབ་མཐའི་རྣམ་བཞག་དང་ལམ་རིམ་མདོིར་བསྡུས་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བའི་མུར་ཉེ་ལམ་བོད་ཀྱི་ས་འོག་ནས་དངོས་པོ་སྨར་ཡིག་འཁོད་པ་ཞིག་རྙེད་འདུག་པར་གཞིགས་ན། དེ་སྔ་མི་ལོ་སུམ་སྟོང་བཞི་སྟོང་གི་གོང་དུ་བོད་ཀྱི་ཡི་གེ་ཐོག་མ་དེ་སྨར་ཡིག་ཡིན་པ་ནི་ར་སྤྲོད་བྱུང་ཡོད་པའི་སྐོར་ལ་བཀའ་གནང་འདུག ༸གོང་ས་མཆོག་ནས་གསུང་དོན། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སྩལ་འདུག ཆོས་ལུགས་ཕྱོགས་ཞེན་མེད་ན་འདི་དག་ལ་གཟིགས་རོགས་ཧཧཧཧཧཧཧཧཧཧཧཧཧཧཧ
རྒྱལ་གསུང་སྐུ་པར་དོན་དུ། རྒྱལ་དབང་མ་ཎི་འདོན་འདོན། རྒྱལ་བའི་རྗེས་འཛིན་ཡིན་ན། རྒྱལ་གསུང་རྩིས་མེད་མ་གནང་། ཕྱོགས་ཞེན་ཆེ་བའི་མི་ལ། གླིང་སྨྱོན་ང་དང་ཁ་བརྡ། ཡང་ཡང་བྱས་དང་མ་བྱས། དགོས་པའི་ཕན་ཐོག་མེད་ཀྱང་།ཧཧ གཞན་ལ་ཕན་པའི་སེམས་སྐྱེད། བདག་ལ་ཡོད་པ་མིན་ཀྱང་། ཆོས་ལུགས་ཕྱོག་ཞེན་ཅན་ལ། མཐུན་སྒྲིལ་ལམ་ཁའི་ཁྱེད་དུ། སྐྱབས་མགོན་རྒྱལ་དབང་མཁྱེན་པའི། མི་རིགས་སྲོག་རྩའི་དོན་དུ། ལན་མང་གནང་བས་བཀའ་སློབ། ཁྱེད་རྣམས་སྤྱན་དུ་ཕུལ་ལོ།
ཁ་བརྡའི་དྲ་བདག་ཚོ་རྟག་ཏུ་ཆགས་སྡོང་གིས་དྲ་རྒྱ་སྒོ་རྒྱག་གང་ཐུབ་མི་བྱེད་དེ་གནས་ལུགས་དང་མཐུན་པའི་སྐད་ཆ་ཡོ་རིགས་འདིའི་ཐོག་ཏུ་འགོད་རྒྱུར་འགོག་གང་ཐུབ་མ་བྱེད་རོགས།།
བན་བོན་གཉིས་ནི་སྔོན་མཁན་སློབ་ཆོས་གསུམ་གྱི་བཞག་གནང་བའི་གྱོད་གཞི་གླེང་མོལ་ བྱེད་གི་འདུག་དེ་ནི་ང་ཚོའི་ཁ་གནམ་ལ་ལྡང་ཚད་ལ་ང་ཚོའི་བོད་ཀྱི་ཆོས་དང་རིགས་གཞུང་ ཞེས་རྟག་པར་འབོད་རྒྱུ་དེ་དང་རྒྱ་ནག་ལ་གྱོད་རྩ་གཙོ་བོ་གཟུང་རྒྱུ་དེ་རེད་དེ་ནི་ཁ་བརྡ་ག་ཚོད་བྱས་ང་ ཚོའི་ཆོས་དང་རིགས་གཞུང་ལ་ཕན་ཐོག་ཆེར་སྙམ། དེ་ཡིན་ཡང་ཁ་བརྡ་ཚང་གི་དེ་ལྟར་ འདོད་གི་མི་འདུག་གང་ཡིན་ཟེར་ན་དེའི་སྐོར་གཏོག་ཙམ་གླེང་ན་ལམ་སེང་དྲྭ་རྒྱ་སྒོ་རྒྱབ་ཀྱི་འདུག་སྤྱིར་ཡིན་ན་མི་རིགས་སུ་ཡིན་རུང་སོ་སོའི་རིགས་གཞུང་དྲི་མ་མེད་པ་ཞིག་མིག་ལམ་དུ་ གྱུར་རྒྱུ་བྱུང་ན་འཛམ་གླིང་ཐོག་ངོམས་སོ་བསྐྱོན་ཆོག་པ་ཞིག་རེད། ང་ཚོ་བོད་མི་ཚོ་དེ་འདྲ་ མིན་པ་ཚེ་སྔ་མའི་ཚོགས་ངན་རང་རེད་ང་ཚོ་བོད་པ་ཚོ་རང་གི་མགོ་ལ་རང་གི་གཡོགས་ པའི་ཞྭ་མོ་དགུ་བརྩེགས་དེ་བོན་པོ་ཚང་གིས་འཕུད་ཅི་ཐུབ་བྱས་ཀྱང་ད་དུང་གྱོན་ཅི་ཐུབ་བྱས་པ་ཡིན་ན་རིགས་གཞུང་དྲི་མ་མེད་པ་ཞིག་ག་དུས་མཐོང་ངམ? དྲི་བ་དེ་ཁ་བརྡ་ཚང་ལ་དྲིས་པ་ཡིན།
ངའི་མཐོང་སྣང་ལ་དེང་སང་གི་བོན་དང་། བན་དེའི་ཆོས་ལུགས་ལ་ཁྱད་པར་ཆེས་མ་མཐོང་། གཅིག་ན་ཞིབ་པར་འདྲིས་མེད་པའི་རྐྱེན་གྱིས་ཡིན་སྲིད། ཡང་ན། བན་བོན་གཉིས་ལོ་ངོ་བརྒྱ་ཕྲག་མང་པོ་ཡུལ་གཅིག་ཏུ་གནས་པའི་ཡུལ་དབང་གིས་གཅིག་གི་ཤན་གཅིག་ལ་ཞུགས་ཏེ། མིང་ཙམ་མ་གཏོགས་དོན་ལ་གཅིག་ཏུ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་གྱུར། དེས་ན། བན་བོན་ཆོས་ལུགས་ལ་བོད་ཀྱི་ཆོས་ལུགས་ཞེས་གཅིག་ཏུ་རྒྱལ་བ་རིན་པོ་ཆེས་མཛད་པ་བཞིན་དུ་བསྐྱང་དགོས་སོ།།
སྨན་མོ་མཚོ། ཁྱེད་གང་དུ་བཞུགས་ང་གཅིག་མཇལ་འདོད་འདུག ཁྱེད་གཅིག་མཆན་ལ་གཟིགས་དང་དེ་འདྲ་ངར་ངར་བྱས་མདོག་ལ་བསམ་ན་གདོང་པ་དམར་རྐྱང་ཆགས་ཡོད་ངེས་རེད། ངས་བཤད་པའི་སྐད་ཆ་བདེན་པ་ཡིན་པའི་དཔང་པོ་ཁྱེད་རང་གི་གནང་འདུག བན་སྡེ་ལ་སྐྱོན་བརྗོད་བྱེད་སྟངས་ལ་གཟིགས་དང་། ཆོས་དང་རྒྱལ་རབས་ཐམས་ཅད་རྫུན་པ་ཡིན་ཚུལ། བཀའ་དང་བསྟན་བཅོས་ལ་ཁུངས་མེད་ཚུལ། མེས་དབོན་རྣམ་གསུམ་རྒྱལ་ཁབ་ཚོང་མཁན་དང་ལག་དམར་ཡིན་ཚུལ་སོགས་སྡུག་པ་རང་གིས་ལབ་ཐུབ་ཚད་ལབ་འདུག ད་དུང་ལབ་དགོས་ན་སྐྱག་པ་བཟོ། ཕ་རོ་ཟོ་ཟེར་ན་མ་གཏོགས་ལྷག་ཡོད་ས་མེད། ཡིན་ནའང་ང་ཚོ་བན་སྡེ་ཚོ་ནི་ལུང་རིགས་ཀྱི་ཤག་བཀྱེ་བ་ལས་དམོད་བོར་རྒྱུ་ལ་གོམས་གཤིས་དེ་འདྲ་མེད་ཙང་ད་རེས་དམོད་བོར་གྱིན་མིན་ལ་ངར་གྱི་ཡང་མིན།
མཆན་ཨང་༡༥་འཇམ་དབྱངས་མིང་ཅན་གྱིས་ “སྔོན་མར་བོན་པོ་ཚོ་མི་གྲལ་དུ་ཚུད་ཀྱི་མེད་པར་”བཤད་སོང་། བཤད་ཚུལ་འདི་ལ་གོ་བ་གཉིས་བླང་ན་ཆོག་པར་སྙམ། བོན་པོ་ཚོ་སྔོན་དུས་ན་དག་པའི་ལྷ་ཆོས་ཀྱི་ཐོག་ནས་བཤད་ན་གཡུང་དྲུང་བོན་ལ་ཉམས་ལེན་ཚུལ་བཞིན་བསྐྱངས་པས་ལུས་ཤ་ཁྲག་གི་ཕུང་ཁམས་ས་ལ་མ་རེག་པར་འཇའ་འོད་དུ་བསྒྱུར་ཅིང་སེམས་ཚུལ་མིན་རྟོག་ཚོགས་ཀྱི་འཆིང་རྒྱའི་སྒོ་བརྒྱ་ལས་གྲོལ་ཏེ་དགྲ་གཉེན་སོགས་གཉིས་མེད་མཉམ་པར་གཟིགས་པའི་ཟག་མེད་ཡེ་ཤེས་ཀྱི་ཕུང་པོའི་རྒྱལ་ས་ཟིན་པས ཀྱང་“གནམ་གྱི་ཁྲི་བདུན་རྨུ་ཐག་གི་ཐེམ་སྐས་ལས་དགུང་དུ་གཤེགས་”ཞེས་པའི་གཏན་ཚིགས་དེ་ནི་བན་བོན་གཉིས་ཀའི་ལོ་རྒྱུས་ཀྱི་ཡིག་ཚང་ཁག་ཏུ་བརྗིད་ཉམས་ངང་གསོན་པོར་གནས་ཡོད། དེས་ཀྱང་མ་ཟད་དེ་དག་ཏུ་ “རྒྱལ་གྱི་གོང་ན་བོན་གཉན་’’ཞེས་པའི་གཏན་ཚིགས་ཡང་བྱུང་བ་གསལ་ཡོད་ལ། དེས་ན་ཁྱོད་ཀྱིས་ “བོན་པོ་ཚོ་སྔར་མི་གྲལ་ན་ཚུད་ཀྱི་མེད་” ཅེས་པ་དེའང་དེ་ལྟའི་གནས་ཚུལ་སྤྱི་མང་ཕལ་ལས་ཁྱད་པར་ཅན་དུ་གྱུར་ཚུལ་འདི་ལ་ཟེར་བ་ཡིན་ན་བདེན་པར་ངེས་སོ། རྣམ་པ་གཞན་ཞིག་ཏུའང་བཤད་ཚུལ་དེ་ཉིད་བར་སྐབས་ཤིག་ཏུ་གསར་བརྗེ་དང་རིག་གསར་ལ་དགའ་བའི་རྒྱལ་བློན་འགའ་ཡི་རང་སྐྱོན་དང་ཕྱིའི་ཇུས་ངན་གྱི་གཞན་སྐྱོན་གཉིས་ཀྱི་གདུག་རྩུབ་ཀྱིས་རང་མི་རིགས་དང་དེའི་རྗེ་བོ་ཆོས་དང་རིག་གཞུང་ཚང་མའི་འགོ་ཁུངས་གཞན་ན་འཚོལ་ཐབས་ཀྱི་བྱ་འགུལ་དེ་ནི་རང་གི་གསར་བཏོད་བྱས་རྗེས་སུ་བརྫུས་ཏེ། གཞན་ལ་་དབང་བསྒྱུར་གྱི་དགོས་མཁོའི་ཁེ་ཕན་ལ་དམིགས་ཏེ། སྔར་མེས་པོ་དམ་པ་རྣམས་ཀྱིས་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ལྟར་གནང་བའི་མཛད་རྗེས་རྨད་པོ་ཆེ་ལ་སྲི་ཞུ་རང་གནས་སུ་བྱས་པའི་བོན་པོའམ་བོད་པ་དག་ལ་བསད་མནར་སྤྱུགས་གསུམ་གྱི་བྱ་འགུལ་དེས་ལོ་རབས་དུ་མར་ངན་སྨྲས་ཁྱད་བསད་ཀྱི་འཕྲང་རིང་དུ་བརྫངས་ཏེ། རྒྱལ་བློན་དེ་ལྟའི་མངའ་འབངས་ཀྱི་མི་གྲལ་ནས་ཕུད་ཡོད་པ་དེ་ནི་དོན་དངོས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པས་དཔྱོད་ལྡན་པ་དག་གིས་ཤེས་གསལ་ཡིན་ལ་ཁྱོད་ཀྱིས་དེ་ལྟའི་ཁྲག་དྲི་བྲོ་བའི་གནས་ཚུལ་སྐྱི་གཡའ་བ་དེ་ལ་ཟེར་ན་བོན་པོ་ཚོར་སྙིང་རླུང་སློང་བའམ་རྗེས་དྲན་གསལ་འདེབས་ཤིག་བྱས་པ་མིན་ནམ་འོན་ཀྱང་དེ་ཉིད་བདེན་དོན་ཡིན་པས་གླེང་སློང་ལོས་ཀྱང་ཆོག དེ་ལྟར་ནའང་ང་ཚོའི་མེས་པོས་སྤྱིར་འགྲོ་བའི་དགོས་མཁོ་དང་ཡང་སྒོས་སུ་གངས་ཅན་ཕྱི་རབས་པ་དག་གི་ཆེད་དུ་ཆོས་དང་རིག་གཞུང་སྣ་མང་གྱ་ནོམ་པ་གཞན་འདྲིང་མི་འཇོག་པ་ཤུལ་བཞག་ཏུ་གནང་བ་རྣམས་ནག་བསུབ་ཏུ་བཏང་སྟེ། དེ་སྔོན་ཡུལ་ནི་མུན་ཁམས། མི་རིགས་ནི་ཀླ་ཀློ་ཤེས་མེད་ལྟར། རང་མི་རིགས་དང་དེའི་ཐུན་མིན་རིག་གཞུང་རིན་ཐང་གིས་ཕྱུག་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ནག་ཐིག་གམ་གས་བསུབ་ནོག་ཏུ་མེད་པ་ཞིག་བཏང་བ་དེ་ལ་ང་ཚོ་བོན་པོ་ཙམ་མ་ཟད་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་ཡོངས་ཀྱིས་ཀྱང་དོ་སྣང་ཆེན་པོ་གནང་གལ་ཆེ་ལ། གཞན་ཡང་བདེན་དོན་ལ་སྙེག་པའི་འཛམ་གླིང་མི་རིགས་ཁག་གི་དཔྱོད་ལྡན་པ་དག་གིས་ཀྱང་གཟིགས་དཔྱད་གནང་བཞིན་ཡོད་པས་བདེན་མཐའ་གསལ་བའི་སྐྱ་རེངས་ཤིག་ཤར་ངེས། དེང་གི་ཆར་འཛམ་གླིང་མི་རིགས་རྣམས་ཀྱི་བདེན་དོན་ལ་ཕྱོགས་ཏེ་ལོ་རྒྱུས་དང་རིག་གཞུང་རྙིང་པ་རྣམས་འཚོལ་སྡུད་དང་གཅེས་ཉར་བདག་གིར་བྱེད་པའི་སྒང་ན་ང་ཚོས་ཀྱང་གངས་རིའི་ཕྱི་ནང་གང་སར་རང་ནུས་གང་བཏུབ་ཀྱིས་དཔྱོད་ལྡན་པ་བསྐྱེད་སྲིང་བགྱི་སྟེ་དེ་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་མདུན་སྐྱོད་བྱེད་བཞིན་པ་འདི་ནི་འཇོན་ཐང་དང་སློབ་སྦྱོང་ལས་བྱུང་བའི་དཔའ་ངར་གྱི་རྒྱལ་ཁའི་ལེའུ་གསར་པ་ཞིག་ཡིན་ངེས།
བོད་ལ་ཞེན་ཟེར་བ་དེས་བཤད་པ། ང་ཚོ་བན་སྡེ་ཚོ་ནི་ལུང་རིགས་ཀྱི་ཤག་བཀྱེ་བ་ལས་དམོད་བོར་རྒྱུ་ལ་གོམས་གཤིས་དེ་འདྲ་མེད་ཙང་ད་རེས་དམོད་བོར་གྱིན་མིན་ལ་ངར་གྱི་ཡང་མིན། ཧཧཧཧཧཧཧཧཧཧཧཧཧཧཧ དམོད་བོར་རྒྱུའི་གོམས་གཤིས་མེད་རབས་ཀྱི་ཁ་ཕོ་ཤོད་པ་འདི་ནི་ངོ་མ་བྱི་ལས་ཕྱི་ས་བཀུང་བ་ཇི་བཞིན་རེད་དོ། །
བོན་ཆོས་མེད་ན་བན་ཆོས་དར་ཐབས་མེད། ། བན་ཆོས་མེད་ན་བོན་ཆོས་རྒྱས་ཐབས་མེད། ། གཅིག་ལ་གཅིག་རྟེན་བན་བོན་ལྟོས་གྲུབ་ཀྱིས། ། བན་བོན་དམ་ཚིག་འོ་ཆུ་འདྲེས་ལ་རེམས། །
བོད་ལ་ཞེན་ ཁྱེད་ཉིད་ལ་ལུང་དང་རིག་པ་ལོ་རྒྱུས་སོགས་ཀྱི་ལམ་ནས་བདེན་པའི་ཚིག་རྐང་གཅིག་གི་མཚན་གཞི་རེ་སྒྲོགས་རྒྱུ་ཡོད་ན་སྒྲོགས་དང་གོ་སྐབས་འདིའི་རྒྱུད་ནས་ཁྱེད་ཉིད་ཕྱོག་ཞེན་སྒྲོ་འདོགས་དག་སྨན་མོ་མཚོ་གཙོས་པའི་བོན་གྱི་དྲྭ་གྲོགས་སྟག་སིང་རྣམས་ཀྱིས་གཅོད་ངེས་རེད་་་་་་་་་་་་་་་་་་་་་་་ གཞན་ཁྱོད་རང་་དུག་ལྔའི་དབང་གིས་ཕྱོག་ཞེན་དང་འཁྱལ་གཏམ་སྐྱག་པ་ཟོ། ཕ་རོ་ཟོ་སོགས་བཤད་པ་ནི་འདི་ཕྱི་གང་ལ་དགོས་པ་ཡོད་དམ་ཧཧཧཧཧཧ
གླིང་སྨྱོན་ལགས། མཆན་བུ་ཀློག་ཤེས་མི་འདུག ངས་ཕ་རོ་ཟོ། སྐྱག་པ་ཟོ་ལབ་རྒྱུ་མ་བྱུང་། ངས་ཁོ་ཚོས་ངན་པ་ཡོད་ཚད་ལབ་ཚར་འདུག ད་དེ་གཉིས་མ་གཏོགས་ཁོང་ཚོ་ལ་ངན་པ་ལབ་རྒྱུ་ལྷག་ཡོད་མ་རེད།
བན་བོན་རྩོད་ནས་བོད་པའི་ནང་དམེ་འཁྲུངས།། བན་བོན་ངར་ནས་བོད་ཁམས་ཀི་སྒྲས་བརྒྱངས།། བན་བོན་འཐབ་ནས་གཉིས་ཀའི་བསྟན་པ་ཉམས། བན་བོན་འཁོན་པས་རྒྱ་མིར་ཉི་མ་ཤར།། བན་བོན་འགྱོད་ཀྱང་གུང་བྲན་མུན་པས་བཏུམས།། བན་བོན་འཛིངས་ཀྱང་རང་སའི་སྦར་མཐིལ་མེད།། བན་བོན་རྫིག་ཀྱང་སྐྱབས་བཅོལ་ངོ་བོར་གནས།། བན་བོན་འབར་ཡང་གཞན་ཡུལ་བཀང་ཙམ་ཉིད།།
བཀུར་འོས་མཁྱེན་ཡངས་ཁ་བརྡ་དྲྭ་བའི་དོ་དམ་པ་རྣམ་པར་ཞུ་རྒྱུར། ཁོ་བོས་མཆན་བུར་བཏང་ནས་ཆུ་ཚོད་མང་པོར་ཕྱིན་ཡང་ད་དུང་དྲྭ་ཐོག་ཏུ་བཏང་གནང་མི་འདུག་པས། གང་མགྱོགས་དག་མཆན་ཐོབ་པའི་རེ་བ་ཆེ།
བོན་ཞེས་གོ་དུས་ལྟས་ངན་འུག་པའི་ངོར། འོད་སྟོང་འབར་བའི་ཉི་མ་ཤར་བ་བཞིན། མིག་ལ་མི་བཟོད་སེམས་ལ་མི་ཤོང་བའི། སྣང་ཚུལ་འདི་དག་འཁྲུགས་པའི་གཞི་མའོ། བོད་སློབ་ནང་དུ་དགེ་རྒན་ཆེ་གེ་མོས། བོན་ཞེས་ཤོད་དུས་མཐོང་ཆུང་ཁྱད་གསོད་དང། དེར་ཡོད་བོན་ཕྲུག་དག་ལ་ངོ་ཚའི་བཞིན། ལོག་གེར་བཟོ་བ་བན་བོན་འཁྲུགས་པའི་གཞི། བྱང་དང་ནུབ་ཕྱོགས་ཨ་རི་ལས་སོགས་སོགས་སུ། བོད་ཀྱི་བླ་མས་བོན་ཞེས་དམོད་པའི་གྲངས། རྩིས་ན་ཤོག་ངོ་སྟོང་ཕྲག་ལོང་པའི་གཏམ། འདི་དག་བན་བོན་འཁྲུགས་པའི་གཞི་མ་ཡིན། ངོ་ཐོག་ཁ་ཞེ་གཉིས་མེད་མི་རིགས་གཅིག་བསྒྲིལ་འབྱུང་དགོས་ན། ངོ་ལྐོག་རྒྱབ་མདུན་མེད་པར་གཅིག་གིས་གཅིག་ལ་བསྟོད་བསྔགས་གྱིས། དེ་མིན་འདུ་འཛོམས་ཆེ་སར་ཞི་ལའི་ངག་བཞིན་འཇམ་ན་ཡང། ལྐོག་ལྐོག་སུད་སུད་བྱས་ཏེ་བོན་ལ་དམའ་འབེབས་འབད་འདི་སྐྱོ། སྔར་གྱི་བན་བོན་མཁོན་འཛིན་མེད་དགོས་ན། བན་དེའི་ལོ་རྒྱུས་རྣམས་སུ་བོན་གྱི་སྐོར། བརྡོལ་བོན་བསྒྱུར་བོན་འཁྱར་བོན་ལས་སོགས་ཀྱིས། བོན་དམོད་གཏམ་རྣམས་ཐ་རམས་རྒྱ་ཡིས་ཐོབ།
དྲ་གྲོགས་བོད་ལ་ཞེན་ལགས་‘‘ང་ཚོ་བན་སྡེ་ཚོ་ནི་ལུང་རིགས་ཀྱི་ཤག་བཀྱེ་བ་ལས་དམོད་བོར་རྒྱུ་ལ་གོམས་གཤིས་མེད་’’ཅེས་ཞལ་རྫུན་དེ་འདྲ་མ་གསུངས་རོགས། ཆོ་ཀོ་དབང་པོ་ངག་དབང་གྲགས་པས་འཇིགས་བྱེད་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་དམོད་པ་བོར་བས་བོན་པོ་མང་པོ་བསད་པའི་གོམས་གཤིས་དེ་ཁྱེད་ཚོ་ལ་ལོས་ཡོད། ད་དུང་རྭ་ལོ་རྡོ་གྲགས་ཀྱིས་གཉན་ལོ་ཙྭ་བ་སོགས་རང་མཉམ་གྱི་ལོ་ཙྭ་བ་བཅུ་གསུམ་དང་། མར་པའི་སྲས་དར་མ་མདོ་སྡེ་སོགས་ས་ཐོབ་སེམས་དཔའ་བཅུ་དྲུག་དམོད་པས་བསད་པའི་གོམས་གཤིས་དེ་ཡང་ཁྱེད་ཚོ་ཡོད་པས་དེ་ལས་ལྷག་ད་དུང་ཅི་ཞིག་ཡོད་དགོས།། འོན་ཀྱང་‘‘ད་རེས་དམོད་བོར་གྱིན་མིན་ལ་ངར་གྱི་ཡང་མིན་’’ཟེར་བ་དེ་འདི་ནས་ཁྱེད་ཚོས་ཚོད་ཟིན་པར་བརྩི་ཐབས་མེད་ཀྱང་། བདེན་པས་དབུལ་བའི་ས་རུ་དལ་ཅག་གེར་བཞག་ན་ཡང་གནས་སྐབས་མི་འགྲིག་རྒྱུ་ཅི་ཡང་མེད། མ་གཞི་ནས་ངས་ཐུབ་བསྟན་པ་ལ་རྒྱལ་རབས་ལོ་རྒྱུས་རྫུན་མ་ཡོད་ཚུལ་བཤད་པ་ཙམ་ལས་‘‘ཆོས་དང་རྒྱལ་རབས་ཐམས་ཅད་རྫུན་མ་དང་། བཀའ་དང་བསྟན་བཅོས་ལ་ཁུངས་མེད་’’ཅེས་ག་བ་བཤད་འདུག འོན་ཀྱང་‘‘མེས་དབོན་རྣམ་གསུམ་རྒྱལ་ཁབ་ཚོང་མཁན་དང་ལག་དམར་ཡིན་པ་’’དེ་ལོ་རྒྱུས་ཀྱི་དེབ་ཐར་ནང་གསལ་ཐིང་ངེར་ཡོད་པས་ང་ཚོས་འདི་ནས་ད་དུང་ཁྱེད་ཚོའི་འཇིགས་སྐུལ་ལ་ཞེད་ནས་མགྲིན་པའི་གསང་རྒྱར་འདེབས་དགོས་དོན་མི་འདུག་སྙམ། གཉིས་པ་གལ་སྲིད་ཁྱེད་རང་གིས་ང་གངས་རིའི་བུ་མོ་སྨན་མོ་མཚོ་ཐུག་འདོད་ན་སྟོབས་ལྡན་ཨ་རིའི་རྒྱལ་ཁབ་ལ་འགྲོ་རྒྱུའི་ལག་འཁྱེར་རགས་ཐབས་བྱོས། དེ་མིན་རྨི་ལམ་བརྒྱ་ཚར་གྱི་ཀློང་ནས་ང་ལ་སྡང་ཟུག་བྱ་བཞིན་སྡོད་ཅིག མཇུག་ཏུ་རེ་ཞུ་ཞིག་ལ་ངར་མིན་དམོད་ཁྱེད་རང་ཚོའི་འདོད་པ་རེད། ཡིན་ན་དེ་རིང་གི་གཏམ་ལ་གཏམ་ལན་མེད་ན་སླད་ཕྱིན་དོན་མེད་ཀྱི་སྐད་ངན་འཆོར་མ་ཡོང་རོགས།
མཆན་ཨང་༡༥་འཇམ་་དབྱངས་མིང་ཅན་གྱིས་ “སྔོན་མར་བོན་པོ་ཚོ་མི་གྲལ་དུ་ཚུད་ཀྱི་མེད་པར་”བཤད་སོང་། བཤད་ཚུལ་འདི་ལ་གོ་བ་གཉིས་བླང་ན་ཆོག་པར་སྙམ། བོན་པོ་ཚོ་སྔོན་དུས་ན་དག་པའི་ལྷ་ཆོས་ཀྱི་ཐོག་ནས་བཤད་ན་གཡུང་དྲུང་བོན་ལ་ཉམས་ལེན་ཚུལ་བཞིན་བསྐྱངས་པས་ལུས་ཤ་ཁྲག་གི་ཕུང་ཁམས་ས་ལ་མ་རེག་པར་འཇའ་འོད་དུ་བསྒྱུར་ཅིང་སེམས་ཚུལ་མིན་རྟོག་ཚོགས་ཀྱི་འཆིང་རྒྱའི་སྒོ་བརྒྱ་ལས་གྲོལ་ཏེ་དགྲ་གཉེན་སོགས་གཉིས་མེད་མཉམ་པར་གཟིགས་པའི་ཟག་མེད་ཡེ་ཤེས་ཀྱི་ཕུང་པོའི་རྒྱལ་ས་ཟིན་པས་ཀྱང་ “གནམ་གྱི་ཁྲི་བདུན་རྨུ་ཐག་གི་ཐེམ་སྐས་ལས་དགུང་དུ་གཤེགས་”ཞེས་པའི་གཏན་ཚིགས་དེ་ནི་བན་བོན་གཉིས་ཀའི་ལོ་རྒྱུས་ཀྱི་ཡིག་ཚང་ཁག་ཏུ་བརྗིད་ཉམས་ངང་གསོན་པོར་གནས་ཡོད། དེས་ཀྱང་མ་ཟད་དེ་དག་ཏུ་ “རྒྱལ་གྱི་གོང་ན་བོན་གཉན་’’ཞེས་པའི་གཏན་ཚིགས་ཡང་བྱུང་བ་གསལ་ཡོད་ལ། དེས་ན་ཁྱོད་ཀྱིས་ “བོན་པོ་ཚོ་སྔར་མི་གྲལ་ན་ཚུད་ཀྱི་མེད་” ཅེས་པ་དེའང་དེ་ལྟའི་གནས་ཚུལ་སྤྱི་མང་ཕལ་ལས་ཁྱད་པར་ཅན་དུ་གྱུར་ཚུལ་འདི་ལ་ཟེར་བ་ཡིན་ན་བདེན་པར་ངེས་སོ། རྣམ་པ་གཞན་ཞིག་ཏུའང་བཤད་ཚུལ་དེ་ཉིད་བར་སྐབས་ཤིག་ཏུ་གསར་བརྗེ་དང་རིག་གསར་ལ་དགའ་བའི་རྒྱལ་བློན་འགའ་ཡི་རང་སྐྱོན་དང་ཕྱིའི་ཇུས་ངན་གྱི་གཞན་སྐྱོན་གཉིས་ཀྱི་གདུག་རྩུབ་ཀྱིས་རང་མི་རིགས་དང་དེའི་རྗེ་བོ་ཆོས་དང་རིག་གཞུང་ཚང་མའི་འགོ་ཁུངས་གཞན་ན་འཚོལ་ཐབས་ཀྱི་བྱ་འགུལ་དེ་ནི་རང་གི་གསར་བཏོད་བྱས་རྗེས་སུ་བརྫུས་ཏེ། གཞན་ལ་་དབང་བསྒྱུར་གྱི་དགོས་མཁོའི་ཁེ་ཕན་ལ་དམིགས་ཏེ། སྔར་མེས་པོ་དམ་པ་རྣམས་ཀྱིས་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ལྟར་གནང་བའི་མཛད་རྗེས་རྨད་པོ་ཆེ་ལ་སྲི་ཞུ་རང་གནས་སུ་བྱས་པའི་བོན་པོའམ་བོད་པ་དག་ལ་བསད་མནར་སྤྱུགས་གསུམ་གྱི་བྱ་འགུལ་དེས་ལོ་རབས་དུ་མར་ངན་སྨྲས་ཁྱད་བསད་ཀྱི་འཕྲང་རིང་དུ་བརྫངས་ཏེ། རྒྱལ་བློན་དེ་ལྟའི་མངའ་འབངས་ཀྱི་མི་གྲལ་ནས་ཕུད་ཡོད་པ་དེ་ནི་དོན་དངོས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པས་དཔྱོད་ལྡན་པ་དག་གིས་ཤེས་གསལ་ཡིན་ལ་ཁྱོད་ཀྱིས་དེ་ལྟའི་ཁྲག་དྲི་བྲོ་བའི་གནས་ཚུལ་སྐྱི་གཡའ་བ་དེ་ལ་ཟེར་ན་བོན་པོ་ཚོར་སྙིང་རླུང་སློང་བའམ་རྗེས་དྲན་གསལ་འདེབས་ཤིག་བྱས་པ་མིན་ནམ་འོན་ཀྱང་དེ་ཉིད་བདེན་དོན་ཡིན་པས་གླེང་སློང་ལོས་ཀྱང་ཆོག དེ་ལྟར་ནའང་ང་ཚོའི་མེས་པོས་སྤྱིར་འགྲོ་བའི་དགོས་མཁོ་དང་ཡང་སྒོས་སུ་གངས་ཅན་ཕྱི་རབས་པ་དག་གི་ཆེད་དུ་ཆོས་དང་རིག་གཞུང་སྣ་མང་གྱ་ནོམ་པ་གཞན་འདྲིང་མི་འཇོག་པ་ཤུལ་བཞག་ཏུ་གནང་བ་རྣམས་ནག་བསུབ་ཏུ་བཏང་སྟེ། དེ་སྔོན་ཡུལ་ནི་མུན་ཁམས། མི་རིགས་ནི་ཀླ་ཀློ་ཤེས་མེད་ལྟར། རང་མི་རིགས་དང་དེའི་ཐུན་མིན་རིག་གཞུང་རིན་ཐང་གིས་ཕྱུག་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ནག་ཐིག་གམ་གས་བསུབ་ནོག་ཏུ་མེད་པ་ཞིག་བཏང་བ་དེ་ལ་ང་ཚོ་བོན་པོ་ཙམ་མ་ཟད་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་ཡོངས་ཀྱིས་ཀྱང་དོ་སྣང་ཆེན་པོ་གནང་གལ་ཆེ་ལ། གཞན་ཡང་བདེན་དོན་ལ་སྙེག་པའི་འཛམ་གླིང་མི་རིགས་ཁག་གི་དཔྱོད་ལྡན་པ་དག་གིས་ཀྱང་གཟིགས་དཔྱད་གནང་བཞིན་ཡོད་པས་བདེན་མཐའ་གསལ་བའི་སྐྱ་རེངས་ཤིག་ཤར་ངེས། དེང་གི་ཆར་འཛམ་གླིང་མི་རིགས་རྣམས་ཀྱི་བདེན་དོན་ལ་ཕྱོགས་ཏེ་ལོ་རྒྱུས་དང་རིག་གཞུང་རྙིང་པ་རྣམས་འཚོལ་སྡུད་དང་གཅེས་ཉར་བདག་གིར་བྱེད་པའི་སྒང་ན་ང་ཚོས་ཀྱང་གངས་རིའི་ཕྱི་ནང་གང་སར་རང་ནུས་གང་བཏུབ་ཀྱིས་དཔྱོད་ལྡན་པ་བསྐྱེད་སྲིང་བགྱི་སྟེ་དེ་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་མདུན་སྐྱོད་བྱེད་བཞིན་པ་འདི་ནི་འཇོན་ཐང་དང་སློབ་སྦྱོང་ལས་བྱུང་བའི་དཔའ་ངར་གྱི་རྒྱལ་ཁའི་ལེའུ་གསར་པ་ཞིག་ཡིན་ངེས། བཀུར་འོས་དྲྭ་བའི་དོན་དམ་པ་ཚོ་ཞུ་རྒྱུར། མཆན་བུ་བསྐུར་ཐེངས་གཉིས་པ་འདི་ཉིད་ཅི་ནས་ཀྱང་དག་མཆན་ཐོབ་སྟེ་འགོད་གནང་ཡོང་བར་མཁྱེན།
བོད་ལ་ཞེན་ བདག་གི་མཆན་དེ་ཀློག་ཤེས་མི་འདུག་ཞེས་པ་དེ་ནི་བདེན་པ་ཡིན་ཚོད་རེད་ བདག་གིས་ཁྱེད་ཀྱིས་སྤྱན་ལམ་དུ་ཕུལ་བའི་བོན་གྱི་དྲྭ་གྲོགས་དག་དང་ལུང་རིག་སོགས་ཀྱི་ལམ་ནས་བགྲོ་གླེང་གནང་རོགས་ཞུས་པ་དེ་དག་ལ་་་་་་་ཁྱོད་ཀྱིས་ཀློག་མ་ཤེས་པ་ཡིན་ནམ་ལན་མེད་ཀླུགས་པ་དུ་གྱུར་པ་ཡིན་ཧཧཧཧ་་་་ངན་པ་ཡོད་ཚད་ཀྱི་ནང་ཕ་རོ་ཟོ། སྐྱག་པ་ཟོ་སོགས་ལབ་རྒྱུ་ལྟ་བུ་ལས་ངན་པ་ལབ་རྒྱུ་ལྷག་མེད་དུས་ཁུང་མེད་དེ་འདྲ་ཡིན་ན་གོང་གི་དྲི་བ་དག་ལ་དུས་རབ་མཐུན་པའི་ལན་རེ་གནང་དང་བོན་གྱི་དྲྭ་གྲོགས་དག་གིས་ལན་ལ་ཉན་ནས་བཞུགས་ཚོད་རེད་།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
རྟེན་འབྲེལ་ཞུ།
ཡག་པོ་འདུག བཀྲ་ཤིས་བདེ་ལེགས་ཞུ།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བོན་སྒོ་ནང་ཤེས་བྱ་མི་ཉུང་བ་ཞིག་རག་གི་འདུག ཡིན་ནའང་སྔ་མོ་ཡིན་ན་བན་བོན་གཉིས་ཀྱི་བར་རྩོད་པ་ཡོད་མོད། དེ་སང་བན་སྡེའི་ངོས་ནས་བོན་པོར་སྐྱོན་བརྗོད་བྱེད་ཀྱི་མེད་ནའང་བོན་པོའི་ངོས་ནས་བན་སྡེ་ལ་སྐྱོན་བརྗོད་མང་ཞིང་ལྷག་པར་དུ་ཡོད་ཚད་ཀྱི་ཁུངས་བོན་དང་ཞང་ཞུང་ཡིན་པར་བཤད་ཀྱི་རེད། དེས་ན་བོན་སྒོ་དེ་ཚེ་རིང་བཞིན་དབང་ཐང་ཆེ་བ་ཞིག་དགོས་ན་ཆོས་ལུགས་ཀྱི་འཐེན་འཁྱེར་ཉུང་དུ་གཏོང་དགོས།
བོན་སྒོ་ཞེས་ལོ་དེབ”་འདི་བཙན་བྱོལ་སྤྱི་ཚོགས་ནང་དུ་འཚར་ལོང་
བྱུང་སྔ་ཤོས་ཀྱི་དུས་དེབ་ཁྲོད་ནས་སྐུ་ཚེ་རིང་””,
གྲས་ཡིན་པར་གོ་ཐོས་བྱུང་བས་བཀྲ་ཤིས་པའི་ཁ་གཡང་
གྲངས་མ”ང་བརྗོད་བཞིན་ཡོད།།”
བོན་སྒོ་ཞེས་པའི་དུས་དེབ་ཁག་ཅིག་ངེད་ཚོའི་མཐོ་སློབ་ཀྱི་དཔེ་མཛོད་ཁང་ནས་བཀླགས་མྱོང་ལ། བོན་དང་བོད་ཀྱི་ལོ་རྒྱུས་སྨྲ་བར་བློ་བསྐྱེད་མི་ཉུང་བ་ཞིག་རེག་བྱུང་། །ཡིན་ན་ཡང། ལོ་ཤས་གོང་ནས་བོན་སྒོའི་རྩོམ་སྒྲིག་གླེང་སྟེགས་ནི་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་འོ་ཆུའི་རང་བཞིན་དུ་འགྱུར་བཞིན་པར་གཏོར་བཤིག་གཏོང་བྱེད་ཀྱི་ལག་ཆའི་ངོ་བོར་བསྒྱུར་བས་བློ་ཕམ་ཡོད། ཀུ་ཡངས་དང་བསམ་ཤེས། མཐུན་སྒྲིལ་དང་བརྩེ་བ་ནི་ཆོས་ལུགས་ཀྱི་གཞི་རྩའི་དོན་སྙིང་ཡིན་པ་མཁྱེན་པར་མཛོད།
བོན་སྒོའི་སྐུ་ཚེ་ཡུན་གནས་ཤོག
བོན་གྱི་སྒོ་ནས་བོན་ལུགས་མཐོང།
བོན་གྱི་སྒོ་ནས་སྣང་སྲིད་མཐོང།
བོན་གྱི་སྒོ་ནས་ཐམས་ཅད་མཐོང།
ཡག་པོ་འདུག་ངོས་ནས་དེ་སྔ་བོན་སྒོ་འདོན་ཐེངས་ཁ་ཤས་ཉོ་རྒྱུ་ཐོབ་ནས་ཀློགས་པ་ཡིན་ཧ་ཅང་ཡག་པོ་འདུག རང་རེ་བོད་ཀྱི་ཆོས་དང་རིག་གཞུང་གང་ཡིན་ཀྱང་དྲང་པོ་བཤད་ན་གདོད་མའི་བོན་ཆོས་དང་འབྲེལ་ཆེ་བ་ནི་དངོས་ཡོད་གནས་ཚུལ་རེད། བར་སྐབས་ཤིག་ནས་བན་བོན་དབར་འགལ་བ་ཤུགས་ཆེན་བྱུང་ནས་བོན་བསྟན་ཧ་ཅང་ཉམས་ཆགས་ཕྱིན་ཀྱང་། དེང་སྐབས་བོད་མི་རྣམས་ཆོལ་ཁ་དང་ཆོས་ལུགས་ལ་རྩོད་པ་ནི་ཡར་རྒྱས་དང་མཐུན་འབྲེལ་གྱི་བཀག་རྡོ་ཡིན་པ་ཤེས་ནས་༧གོང་ས་༧མཆོག་དང་། རྒྱལ་དབང་ཀརྨ་པ་མཆོག་གི་དབུས་རིས་མེད་བླ་ཆེན་རྣམ་པས་ལམ་སྟོན་བཀའ་སློབ་གཞིར་བཅས་ནས་བན་བོན་ཕྱོགས་གཉིས་ཀས་ཕན་ཚུན་དག་སྣང་དད་པའི་ཉི་འོད་ཀྱིས་ཕྱོགས་ཀུན་ཁྱབ་བཞིན་པ་ནི་ཧ་ཅང་ངོ་མཚར་བའི་གནས་ཡིན། ད་དུང་བོན་སྒོའི་དུས་དེབ་དེ་བཞིན་བོན་པོའི་ནང་གཅིག་པོ་མིན་པར་རིས་མེད་དགོན་སྡེ་དང་། སློབ་གྲྭ། ཚོགས་པ་ཁག་གི་མིང་ཐོག་གང་མང་འགྲིམས་སྤེལ་གནང་ཐུབ་ཚེ་ཕན་ཐོག་ངེས་ཅན་ཡོང་རྒྱུ་ཡིན་པ་བོན་སྒོ་རྩོམ་སྒྲིག་ཚོགས་ཆུང་ནས་དགོངས་འཇག་ཞུ།
དེ་བཟང་བྱུང་། བོད་ཀྱི་ཤེས་རིག་གི་མཛེས་རྒྱན་ཞིག་ཏུ་འགྱུར་བར་སྨོན།
ཡིན་ནའང་རང་ཚོད་མི་ཟིན་པར་ད་ལྟའི་གནས་བབ་དངོས་དང་ཕྱིན་ཅི་ལོག་ཏུ་ལངས་ནས། ནང་ཆོས་མ་དར་གོང་གི་གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་འདོད་པའི་བྱ་སྤྱོད་མ་བརྩམས་ན་རབ་རེད། ཕྱོགས་ལྷུང་མེད་པའི་དཔྱད་པ་བཏང་ན་ལེགས་མོད་ཀྱང་། བན་བོན་འཐེན་འཁྱེར་བྱས་ན་རང་ཅག་འཕུང་བྱེད་རེད། ཆོས་ལུགས་དད་མོས་རང་དབང་ལ་ལོངས་ས་སྤྱོད་དུས། ཆོས་ལུགས་གྲུབ་མཐའ་བར་ནས་དམའ་འབེབ་དང་ཕྲག་དོག་གི་བྱ་ངན་སུས་ཀྱང་མ་བྱས་ན་ཡག་པོ་རེད།
བོན་སྒོ་ནང་ལོ་རྒྱུས་རྫུན་མ། བསྟན་བཅོས་རྫུན་མ། ལུང་མཇུག་མེད་རྔ་ལྡུམ་རྐྱང་རྐྱང་ལས་མཐོང་དུ་མེད་པ་དེ། ཁྱེད་ཅག་གིས་རྒྱལ་རབས་དང་། ཆོས་འབྱུང་ཁག་ནས་ལུང་དྲངས་པ་དག་གཤིབ་སྡུར་གྱིས་ལྟོས་དང་ཤེས་ངེས་ཡིན། ཆོས་འཁོར་ཚང་གི་ཉི་མ་འོད་ཟེར་ཞེས་པའི་ཆོས་ལོག་འདིས་བོན་ལ་ངོ་ལོན་པའི་ཆེད་དུ་ལོ་རྒྱུས་རྫུན་བསྒྲིགས་ཁོ་ནས་དུས་ཚོད་གྲོན་ནས་འདུག་མཁན་ཞིག་རེད།
རྐུན་མ་ཁྱུ་གཅིག
འོ་འདིར་ལྟོས་དང་། དེའི་སྔོན་གླེང་འདིར་འདུག
http://blog.himalayabon.com/u/nyimaw/archives/2012/2420.html
གུས་ཞབས་ཡོད། དད་པ་མེད།
བོན་པོ་སྔོན་མ་ཡིན་ན་མི་གྲལ་ལ་ཚུད་ཀྱི་མ་རེད་འོན་ཀྱང་དེང་སང་ལྷ་གྲལ་ལ་ཚུད་ཡོད་པ་འདི་༸གོང་ས་མཆོག་ཁོ་ནའི་དཀའ་དྲིན་ཡིན་པ་བོན་པོ་མོང་པོས་ཤེས་ཀྱི་ཡོད་ཀྱང་བོན་པོ་ཁག་གཅིག་གི་ད་དུང་ཅིང་ཤེས་ཀྱི་འེ་ཡོད་བསམ་པ་འདྲ་ཞིག་འདུག་དེ་ཤེས་དགོས་པ་གལ་ཆེན་པོ་རེད་། བོན་སྒོའི་ནང་ལ་༸གོང་ས་མཆོག་གི་སྐུ་པར་དང་མཛད་རྣམ་མང་པོ་མི་འདུག་ཁོང་གི་དཀའ་དྲིན་དྲན་པའི་སྒོ་ནས་མང་པོ་བཞག་ན་ཡག་པོ་ཡོད་རེད་བསམ་གྱི་འདུག་
རྟེན་འབྲེལ་ཞུ།
བོན་སྒོ་ཅེས་པའི་དུས་དེབ་ཏུ་བཙན་བྱོལ་བོད་མིའི་དུས་དེབ་སྤྱི་མཚུངས་ལྟར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སོགས་བཀོད་ན་ཡག་པོ་འདུག དེས་བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་ཡོད་པ་མཚོན་ཐུབ་པ་མ་ཟད་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུའང་འགན་ཕྲན་བུ་རེ་ཁུར་ཡོད་པ་མཚོན།
བན་བོན་འཁྲུག་བརྩོད་ཀྱི་ལོ་རྒྱུས་བཤད་ན་ཚར་རྒྱུ་མེད། འོང་ཀྱང་ཡ་མཚན་པ་ཞིག་ལ། ནང་པས་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་བཏུགས་པ་ནམ་བཞིན། བོན་པས་བོན་ཀྱི་འབྱུང་ཁུངས་དེང་ཁ་ཆེ་ཆགས་ཟིང་པའི་སྟག་གཟིགས་ལ་བཏུགས། དེ་ལྟ་ཡིན་དུས་བན་བོན་ཚང་མ་ཐོག་མ་བོད་ལ་མེད། དེ་ལས་ཡ་མཚན་པ་ཞིག་ལ། ཁག་གཅིག་གིས་ཐབས་བརྒྱ་བྱུས་སྟོང་གིས་བོད་ཀྱི་རྒྱལ་ཕྲན་ཞང་ཞང་དེ་བོད་རིགས་མིན་པར་མི་རིགས་གཞན་པ་ཞིག་ཡིན་པའི་འབྲེལ་བཤད་རྒྱག་ཐབས་བྱེད། དེ་ལྟ་ཡིན་ན་བོན་ཆོས་འབྱུང་ཁུངས་པྱི་མི་རིགས་སྟག་གཟིགས་ཡིན་པ་མ་ཚད། བོད་ནང་ཁྱབ་སྤེལ་བྱེད་མཁན་ཡང་ཕྱི་རྒྱལ་མི་ཆགས་འདུག དེ་ལྟར་བཤད་ན། བོན་ཆོས་དེ་བོད་ཀྱི་འདོད་མ་རིག་གཞུང་ཡིན་ཟེར་བ་དེ་རྫུན་མ་ཆགས་པ་མིན་ནམ། དེ་ལས་བན་དེ་བོད་ཀྱི་རིགས་གཞུང་གི་ཁོངས་སུ་འཇོག་ན་རྒྱུ་མཚན་ལྡན་པ་མཐོང་། གང་ལགས་ཞེ་ན། བོན་དེ་འབྱུང་ཁུངས་དང་བོད་ལ་སྤེལ་མཁན་ཚང་མ་ཕྱི་རྒྱལ་བ་ཡིནཞིང་། བན་ནི་འབྱུང་ཁུངས་རྒྱ་གར་ཡིན་རུང་བོད་ལ་སྤེལ་མཁན་བོད་མི་རང་ཡིན་པ་མ་ཚད། གསེར་འཁུར་ནས་རྒྱ་གར་ནས་ནང་ལ་འདྲེན་བྱས་པ་རེད། གང་ལྟར་བན་བོན་ཚང་མའི་འབྱུང་ཁུངས་ཕྱི་རྒྱལ་དང་། སྟོན་ལ་ཤཀྱཱ་དང་སྟོན་པ་མེ་བོ་སོགས་ཚང་མ་བོད་མི་མིན་པས། ང་ཚོས་བོད་མིས་ཕྱོགས་ནས་ཁྱད་པ་འདུག་གམ། དེ་བཞིན་བོད་ཡིག་དར་ནས་བཟུང་རྡོ་རིང་གཏེར་ཡིག་སོགས་གནའ་ཤུལ་མཐོང་རྒྱུ་ཡོད་པ་ལ། རྨ་ཡིག་ནག་ཡིག་དེ་ཚོ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་ན་རྡོ་རིང་གཏེར་ཡིག་སོགས་གནའ་ཤུལ་གཅིག་ཀྱང་མཐོང་རྒྱུ་མེད་པ་གང་ཡིན་ནམ། སྤྱི་བཏང་དེ་འདྲའི་ལོ་རྒྱུ་སྒྲིག་ཐུབ་ན་གཟི་བརྗིད་རེད(ཞང་ཞང་བོད་མི་རིགས་མིན་ན་བོད་ཀྱི་གཟི་བརྗིད་དུ་ཨེ་འགྲོ་མི་ཤེས། དེའི་ཕྱིར་བོད་ཀྱི་གཟི་བརྗིད་བཅས་བྲིས་མེད)འོང་ཀྱང་ཁུངས་་མེད་པར་སེམས་ཤུགས་ཁོ་ན་བརྟན་ན་སོསོའི་ཁང་པ་ནང་འཛུལ་ནས་སྐྱིད་པོ་བཏང་བ་ལྟ་བུ་མ་གཏོགས་གཞན་གྱི་ཕན་ནུས་ག་རེ་ཡོད་དམ། ལྷག་པར་ཆོསའཁོར་ཚང་ཟེར་བ་ལྟ་བུ་བོན་ཞེན་ལས་བན་ལ་མི་དགའི་སྣང་བ་ཤུགས་ཆེ་བ་དང་། བོད་ཞན་ལས་བོད་ཀྱི་ལོ་རྒྱུས་བསུབ་ཐབས་ལ་སེམས་ཤུགས་ཆེ་བ་ལྟ་བུ་མཐོང་སྣང་བྱུང་བ་ཕལ་ཆེར་ང་རང་གྱབ་ཆུང་དྲགས་པ་ཡིན་རྒྱུ་རེད་དེ། ཡ་མཚན་ཞིག་འདུག འོ་ད་བརྩེ་མོ་ཡིན། ཞང་ཞང་མིའུ་གདོངས་དྲུག་ནང་གི་སེའི་རྒྱུད་པ་ཡིན་ཞིང་བོད་མི་ལོས་ཡིན། ཞང་ཞང་གི་ཡི་གེ་ཡོད་པ་སོགས་དུས་རབས་བཅུ་གསུམ་རྗེས་ཀྱི་ཡིག་ཆ་མིན་པར་དུས་རབས་བདུན་པའི་སྔོན་གྱི་དཔངས་རྟགས་གཅིག་ཁོ་ན་རག་ན་དེ་ནས་ཚང་མ་འགྲིག་ངེས་ཡིན། དེ་མིན་བཤད་པ་ཙམ་ལས་ལོ་རྒྱུས་ཁོངས་སུ་ཚུད་པ་དཀའ།
ཨ་མའི་བུ་རྒོད་ཡིན་ན་བོན་སྒོའི་ནང་དུ་དཔྱད་གཏམ་སྤེལ་བ་དག་ལ་དགག་ཡིག་འབྲི་དགོས་རེད།
དེ་མིན་ལོ་རྒྱུས་རྫུན་མ་སྒྲིགས་འདུག་ཟེར་ནས་བཤད་ན་ཁ་ན་རོགས་རེད་པ།
རིགས་པ་སྨྲ་བ་ཡིན་ཚེ་དེ་ཚོར་དགག་ཡིག་འབྲི་དགོས།
དེ་མིན་བོན་པོ་བ་རྣམས་ཀྱིས་ཁྱེད་ཚོའི་བྱེད་བབས་ལ་གཞིགས་ཏེ་སྔར་ཁྱེད་རང་ཚོའི་ལོ་རྒྱུས་སུ་བོན་པོར་ཇི་བྱས་ཀྱི་ལོ་རྒྱུས་ཀྱི་ཁྲག་ཐིག་དེ་ཚོ་བསྔོགས་ངེས་རེད།
ལོ་རྒྱུས་ནི་ལོ་རྒྱུས་རེད། དེབ་ཐེར་དུ་འཁོད་པ་ནི་བཀོད་པ་རང་རེད།
དེ་བསུབ་ཐབས་མེད།
མང་པོ་བཤད་ན། འཛམ་གླིང་གི་ངོ་གདོང་དུ་ལྷ་བླ་ཡེ་ཤེས་དང་ལྕང་སྐྱ་རོལ་རྡོར་སོགས་ཀྱིས་བོན་དང་བོན་བསྟན་ཇི་ལྟར་རྩ་མེད་དུ་གཏོང་ཐབས་དང་བོན་པོ་དམར་གསོད་ཇི་ལྟར་བཏང་མིན་དེ་ཚོ་གསལ་གསལ་ཐིང་ཐིང་བྲིས་ན་ངོ་ཚ་ཡོང།
ཚད་མེད་ཞི་བའི་རྗེས་འབྲེང་དེ་ཚོ།
ལ་སྟོད་བུས་གསུངས་པ་ནི་ཤིན་ཏུ་མད་དོ། །མ་འགྲིག་རབས་ཀྱི་སྦོམ་གཏམ་སྒྲོག་པ་ལས་དོན་དམ་པའི་དགག་ཡིག་འདྲ་བྲིས་ན་དེ་བས་འོས་སུ་མཐོང་། འདིར་རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེ་ཟེར་མཁན་རྣམས་ཀྱིས་དང་པོ་བོན་སྒོ་རྣམས་ལེགས་པར་བཀླགས་ནས་དེ་མཚམས་བསམ་འཆར་བཤད་ན་མཛེས། བོན་སྒོའི་ནང་དུ་རྒྱལ་བ་རིན་པོ་ཆེའི་སྐོར་ལ་ཡོད་མེད་ཀྱང་མ་ཤེས་སྒང་ནས་ཚོད་ཚོད་དུ་བོན་པོའི་ལོ་དེབ་ཅིག་ཡིན་པའི་ཆ་ནས་མེད་ཤག་བྱེད་པ་ནི་རང་རྟགས་བསྟན་པ་ཙམ་མོ། །
བོན་པོའི་ལོ་རྒྱུས་དང་བོན་པོའི་ངོ་བོ་མི་ཤེས་མཁན་ཞིག་ཡིན་པའི་ངོས་ནས་བལྟས་ན་བོན་པོ་པོ་ཟེར་བ་འདི་མགོ་ལ་ར་དང་རྐུབ་ལ་རྔ་མ་སྐྱེས་ཡོད་མཁན་ཞིག་ཏུ་མཐོང་སྲིད། དེར་ཁག་མེད། ཕྱོགས་ཞེན་ཅན་གྱི་ལོ་རྒྱུས་མཁན་པོ་མང་པོ་ཞིག་གིས་བྱེད་སྟངས་ངན་པའི་རྗེས་སུ་འབྲང་རྐྱང་བྱས་པས་ལན་པ་རེད། དད་པའི་རྗེས་འབྲང་དེ་དག་ལ་ཚིག་གཅིག་དང་བརྡ་གཅིག་གིས་ངོ་འཕྲོད་རྒྱུ་དཀའ་སྟེ། ཐབས་ལམ་གཅིག་ཡོད་པ་ནི། སློབ་སྦྱོང་གྱིས་ཤིགས། ཟེར་རྒྱུ་ཙམ་རེད། བོན་སྒོའི་ནང་དུ་༸གོང་ས་མཆོག་གི་སྐུ་པར་དང་མཛད་རྣམ་སོགས་དགོས་ཚུལ་བཤད་མཁན་རྣམས་ལ་ཞུ་རྒྱུར། བོན་སྒོ་ལོ་དེབ་འདི་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་དུས་དེབ་ཁག་དང་མི་འདྲ་བར་བོད་ནང་དུའང་ཤུགས་ཆེར་འགྲེམས་སྤེལ་བྱེད་བཞིན་པའི་རྐྱེན་གྱིས་རེད། ལར་ནས་༸གོང་ས་མཆོག་གི་སྐོར་འགྲེམས་སྤེལ་བྱེད་བཞིན་པའི་དེབ་སྟོང་ཕྲག་མང་པོ་ཡོད་པས་བོན་སྒོའི་ཐོག་ཏུ་བཀོད་དང་མ་བཀོད་ལ་ཁྱད་པར་གང་ཡོད། དད་པ་དང་དམ་ཚིགས་ཟེར་བ་འདི་སེམས་དང་སེམས་ཀྱི་འབྲེལ་བ་ཞིག་ཡིན་པ་ལས་གཟུགས་ཅན་དུ་བྱས་ནས་ངོ་འཕྲོད་ཐུབ་པ་ཞིག་ག་ལ་ཡིན་ཏེ། ༸གོང་ས་མཆོག་གི་མདུན་ནས་ཁས་ལེན་ཁག་ཐེགས་བྱས་ནའང་། ཐག་རིང་ནས་ཁོང་གི་ཐུགས་དགོངས་ཀྱི་ཁ་གཏད་དུ་བླངས་བའི་བླ་ཆེན་གྱི་མིང་འཁྱེར་མཁན་ག་ཚོད་དང་ག་ཚོད་ཡོད། བོན་པའི་ལོ་རྒྱུས་ཐོག་༸གོང་ས་མཆོག་གི་བཀའ་དང་འགལ་བའི་ལས་བྱས་པ་ཞིག་སྟོན་རྒྱུ་མེད་ཅིང་། ལྷག་པར་དུ་ཡང་བཙན་བྱོལ་དུ་འབྱོར་བའི་ཉམས་ཐག་པའི་ལོ་ཟླ་དེ་དག་གི་ནང་དུ་ཐེ་ཝན་གྱི་ཕོག་སྒོ་ཁར་འབྱོར་ནའང་མ་བླངས་པ་དེ་སུ་ལ་བརྩི་བཀུར་བྱས་པ་དང་ཅི་ཞིག་གི་ལ་རྒྱ་འཁྱེར་བ་སུས་མི་ཤེས། འོན་ཀྱང་དེང་སང་ཐེ་ཕོག་བཟའ་མཁན་དང་ནང་མགོ་ཕྱི་བཙོང་བྱེད་མཁན་ཚོར་བསྟོད་བསྔགས་དང་ཐོབ་ཐང་ཡང་གང་ཆེར་སྤྲོད་ཀྱིན་འདུག བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་གནང་བ་རྣམས་དུས་ཐོག་དུ་ལག་ལེན་བྱེད་མཁན་བོན་པོ་ལས་ལྷག་ཅིག་མེད་པ་ནང་སྲིད་ལས་ཁུངས་དང་ཆོས་རིགས་ལས་ཁུངས་སུ་ཕྱིན་ཏེ་དྲིས་ན་མཁྱེན་ངེས་རེད། དེ་ལྟ་བུར་གཞི་ནས་རྒྱལ་ཁབ་ཀྱི་ལ་རྒྱ་འཁྱེར་མཁན་ཟེར་བ་ལས། ཁ་བཤད་ཁོ་ནས་ཉི་མ་སྐྱེལ་མཁན་དང་། བྱས་པ་ཆུང་ངུའང་ངོ་སོར་འཁྱེར་མཁན་ཚོར་ལ་རྒྱ་འཁྱེར་མཁན་མི་ཟེར་བར་སྐབས་འཚོལ་རིང་ལུགས་པ་ཟེར་བ་རེད།
ཨོ་རྒྱན་ཉི་མ་ཟེར་བ་དེས་མང་པོ་ཞིག་བཤད་འདུག་སྟེ། སྒྲུབ་བྱེད་བཀོད་ན་མཛེས། དེ་བས་སྤྱིར་བཙན་བྱོལ་ནང་དུ་བོད་ཡིག་ཐོག་དཔྱད་དེབ་བོན་སྒོ་ལས་ལེགས་པ་ཞིག་ཡོད་དམ། འདི་ན་ཕྱོགས་ཞེན་དང་བྱབ་ཆུང་འགས་སྨོད་པ་བྱེད་ནའང་གཟུར་གནས་དང་རྒྱལ་སྤྱིའི་སྟེང་ན་དཔྱད་དེབ་དེ་ལ་བསྟོད་པ་མང་། སྤུས་ཚད་ལེགས་ན་ཕྲག་དོག་མང་།
མཆན་༡༨པ་འབྲི་མཁན་འཁྱམ་མིང་ཅན་དེས་དང་པོ་ཞང་ཞུང་ཞེས་དག་པོར་འབྲི་རྒྱུ་དེ་སྦྱོངས། ཞང་ཞང་དང་ཞང་ཞང་རྐྱང་རྐྱང་འབྲི་དོན་ཅི་ཡིན། དགེ་ལུགས་པ་ཡིན་བཞིན་དུ་ཞང་ཞུང་པ་ཆོས་དབང་གྲགས་པའང་གོ་མྱོང་མེད་དམ། དེ་ནས་སྟོན་པ་གཤེན་རབ་གང་ནས་འཁྲུངས་ཡོད་མེད་སྐོར་ལ་གཟིགས། དེ་བོན་ཡུལ་དུ་གཏོགས་མིན་ཡང་ཤེས་ཡོང་། སྟོན་པ་གཤེན་རབ་བོད་ཡུལ་དུ་ཞབས་དངོས་སུ་བཅགས་ནས་བོན་གསུངས་ཡོད་སྟབས་བོན་འདི་རང་ས་ནས་དར་བའི་ཆོས་སུ་འདོད་འོས། གཉིས་སུ་ཁོང་མངའ་རིས་ཀྱི་མི་ཞིག་ཀྱང་ཡིན་པར་ལོ་རྒྱུས་མང་པོར་གསལ། གཤེན་རབ་བོད་ཡུལ་དུ་དངོས་སུ་ཕེབས་རབས་ཐོས་པ་དེ་ལ་བརྟེན་ནས་ཁྱེད་ཚོས་ཤཱཀྱ་ཐུབ་པ་རྫུ་འཕྲུལ་གྱིས་བོད་ཡུལ་དུ་ཞབས་བཅགས་རབས་ཀྱི་སྒྲུང་གཏམ་བརྩམས་ཤིང་རྒྱབ་ལྗོངས་སུ་གངས་རིན་པོ་ཆེའི་མདུན་གྱི་ཞབས་རྗེས་དེ་སྟོན་པའང་དགོད་སྤྱད་ཅིག་མ་རེད་དམ། ད་དུང་སྒྲུང་ཡིན་ན་གཅིག
ཁྱེད་རང་ཉིད་་་བོད་མི་་་ཚད་ལྡན་དང་ཚུལ་མཐུན་ཞིག་བྱེད་འདོད་ན། ཆ་རྐྱེན་དང་པོ་དེ་ང་་་བོན་པོ་་་ཞིག་ཡིན་སེམས་པའི་བསམ་བློའི་འདུ་ཤེས་དེ་ངེས་པར་དུ་ཡོད་དགོས་པ་རེད། དེ་ནི་རང་ཉིད་ཀྱི་མེས་རབས་གོང་མའི་གདོད་མའི་རང་གཤིས་དེ་ཡིན་པའི་མུར། མེས་པོའི་བླ་སྲོག་བདག་གཉེར་བྱེད་པའི་བཙན་པོའི་མི་རྒྱུད་དྭངས་མ་དེ་ཡིན་པའི་བདེན་པའི་ཆ་རྐྱེན་མེད་ན་མི་རུང་བ་དེ་ཡིན་ནོ། །
Bonpo ཟེར་བའི་ཧམ་བཤད་ལ་ལྟོས་དང་། བོད་པ་ཡིན་ན་བོན་པོ་ཡིན་དགོས་ཟེར། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
བདེན་པ་ནི་མི་མང་ཉུང་དང་། བཤད་མཁན་སྐད་གྲགས་ཆེ་ཆུང་སོགས་ལ་མི་ལྟོས་པར་ནམ་ཡང་བདེན་པ་ཡིན་པས་སུས་ཀྱང་བསུབ་མི་ཐུབ། བོན་སྒོ་མཐོང་མ་ཐག་ནས་འུག་པའི་མིག་ལ་ཉི་འོད་ཕོག་པ་ལྟར་གྱུར་ནས་སྨད་ར་གཏོང་རྐྱང་བྱེད་པ་ནི་སྡིག་པ་མིག་བཙུམ་གྱི་ལུགས་སྲོལ་རང་རེད། ཨ་མའི་བུ་རྒོད་ཡིན་ན་བོན་སྒོ་བཀླགས་ནས་དགག་ལན་རེ་བྲིས་དང་།
རྒྱའི་བོད་ལ་བཙན་འཛུལ་བྱས་ནས་བོད་པ་སང་ཁ་འཐོར་དགུ་འཐོར་སོང་ཡོད་པ་རེད་
བན་སྡེའི་བོན་ལ་བཙན་འཛུལ་བྱས་པ་རེད་
རྒྱ་བན་གཉིས་གྱི་ཀླད་རྙིང་ག་ཚོད་སྲ་ན་ཡང
ད་ལྟ་བདེན་པའི་དུས་རབས་ལ་
བོད་དང་བོན་པོའི་བསྟན་པ་ཇེད་རེད་ལོ
བོད་དང་བོན་པོའི་བསྟན་པ་ཇེ་དར་རེད་
ངོ་མ་སེམས་གཏིང་ནས་རྟེན་འབྲེལ་ཞུ།་་་་འཐེན་འཁྱེར་དང་གཡོ་རྫུན་མེད་པའི་སྨོན་ལམ་འདེབས་བཞིན་ཡོད།
གུས་མོ་དེ་རིང་སླར་ཡང་སྟེས་དབང་ཞིག་གིས་ཁ་བརྡའི་དྲ་འབུ་སྐོར་ཞིག་དང་གཏམ་གླེང་བྱེད་དགོས་པའི་དུས་སྐབས་ཤིག་ཤར་བ་ནི་བློ་འགྱོད་ཡོད། འོན་ཀྱང་ནམ་ཡང་ངན་པ་ལངས་ཤོར་ཏུ་བཏང་ན་ཁྱེད་ཚོས་འཛམ་གླིང་དམག་ཆེན་གཉིས་པ་དང་ཆ་མཚུངས་པའི་དུས་རབས་བདུན་པའི་ནང་གི་ལོ་རྒྱུས་སྐྱུར་མོ་དང་མི་གཉིས་པའི་བྱ་སྤྱོད་ཟུར་པ་ཞིག་དབུ་འཁྱུད་མི་བརྩམ་པའི་ངེས་པ་མེད་པས་ན། ང་ཚོས་བོད་མི་རིགས་རང་གི་ཡབ་མེས་ཀྱི་ཚེ་སྲོག་དང་འབྲེལ་བའི་ཆོས་དང་རིག་གཞུང་ལ་མྱུར་སྐྱོབས་ཀྱི་ལམ་དུ་ཅིས་མི་ཞུགས་སྙམ་པའི་ཚོར་འདུ་དེ་ཤུགས་ཆེ་སར་དང་ཚད་མཐོ་སར་སླེབས་ཀྱིན་འདུག
དེས་ན་དེ་རིང་འདིར། དང་པོ་འགའ་ཞིག་གིས་‘‘དེང་སང་བན་སྡེའི་ངོས་ནས་བོན་པོར་སྐྱོན་བརྗོད་བྱེད་ཀྱི་མེད་ནའང་བོན་པོའི་ངོས་ནས་བན་སྡེ་ལ་སྐྱོན་བརྗོད་མང་ཞིང་ལྷག་པར་དུ་ཡོད་ཚད་ཀྱི་ཁུངས་བོན་དང་ཞང་ཞུང་ཡིན་པར་བཤད་’’རབས་སྐོར་གསུངས་འདུག དེའི་ཐད་དཔེ་རིང་ས་ལ་འཇོག་མི་དགོས་པར་དེ་རིང་གི་གནས་སྟངས་འདིས་མཚོན་པའི་ད་ཕན་ཁ་བརྡའི་དྲ་བར་བོན་པོའི་སྐོར་ཞིག་ཐོན་པ་ནས་བཟུང་ཐུབ་བསྟན་པ་རྣམས་ཀྱིས་སྨད་པ་དང་ཟུར་ཟ་སྐྱོན་བརྗོད་ཁོ་ན་ལས་འཐད་པོ་འཚམས་པོའི་སྐད་ཆ་ཞིག་ད་བར་ཐོན་མྱོང་མེད་པ་འདིས་དཔང་པོ་བྱས་ཡོད། ད་དུང་ཡིད་ཆེས་མེད་ཚེ་དྲ་རྒྱ་འདིར་འཁོད་པའི་རྒྱལ་དབང་ལྔ་པའི་སྐོར་དང་། ལྷ་སྲས་དར་མའི་སྐོར། མཁན་ཆེན་ཞི་མཚོའི་སྐོར་སོགས་གཟིགས་དང་གསལ་ཐིང་ངེར་ཡོད། གཞན་སྦྲུལ་ཐང་བླ་མའི་སྐོར་དང་། མ་སུ་རིའི་ཐོག་མའི་སློབ་གྲྭའི་སྐོར། ཚོགས་པ་བཅུ་གསུམ་གྱི་སྐོར་སོགས་གོ་མྱོང་ཡོད་ན་དེ་ལས་ཡ་མཚར་མོད།
གཉིས་པ་ཡང་ཁ་ཤས་ཀྱིས་‘‘བོན་སྒོའི་རྩོམ་སྒྲིག་གླེང་སྟེགས་ནི་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་འོ་ཆུའི་རང་བཞིན་དུ་འགྱུར་བཞིན་པར་གཏོར་བཤིག་གཏོང་བྱེད་ཀྱི་ལག་ཆའི་ངོ་བོར་བསྒྱུར་བས་བློ་ཕམ་ཡོད་’’མདོག་བཤད་པ་ནི། གལ་ཏེ་ལུང་དང་རིག་པའི་བདེན་པ་བདར་ནས་ཐུབ་བསྟན་པས་རྟོག་བཟོ་དང་ཕྱོགས་ཞེན་ཁོ་ནས་བྲིས་པའི་དེབ་ཧྲུལ་རྫུན་མ་དེ་དག་གི་ཨང་གཞུག་ཕུད་པར། མཐུན་སྒྲིལ་ལ་གཏོང་བཤིག་སོང་ཡང་ངེད་བོན་གྱི་སྨྱུག་ཐོགས་པ་རྣམས་ཀྱིས་དུས་ནམ་ཡང་བཟུར་དུ་མེད་པའི་དམ་བཅའ་ཡོད་ལ། འཇིགས་སྐུལ་དང་དཔའ་སྐད་འཐེན་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཡོད། དེ་མིན་དོལ་རྒྱལ་གྱི་རྙོག་གླེང་ལྟ་བུའི་དོན་མེད་མི་རིགས་ཁ་བྲལ་དུ་བཏང་བའི་བྱ་སྤྱོད་དག་སྔར་སྤེལ་མ་མྱོང་ལ་ཕྱིས་སུ་སྤེལ་མི་སྲིད། ངས་ལྟས་ན་ཁྱོད་ཀྱིས་བློ་ཕམ་སྐྱེ་སའི་གནས་ནོར་འདུག་སྙམ།
གསུམ་པ་ཡང་ཁག་གཅིག་གིས་‘‘གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་འདོད་པའི་བྱ་སྤྱོད་མ་བརྩམས་ན་རབ་རེད། ཕྱོགས་ལྷུང་མེད་པའི་དཔྱད་པ་བཏང་ན་ལེགས་མོད་ཀྱང་། བན་བོན་འཐེན་འཁྱེར་བྱས་ན་རང་ཅག་འཕུང་བྱེད་’’ཡིན་ཞེས་བཤད་འདུག གདོད་མའི་བོན་དུས་ཀྱི་བོད་དེ་ནི། བསྟན་གཡུང་དྲུང་གི་བོན་རིན་པོ་ཆེ་ལས་མེད་པས་ཆོས་ལུགས་གཞན་གྱི་འཐེན་འཁྱེར་དང་ཕྱོགས་ཞེན་མེད་ཅིང་། རྒྱལ་གྱི་གཤེན་གོང་ན་བཞུགས་པས་རྒྱལ་འབངས་མངའ་རིས་བདེ་ཞིང་སྐྱིད། འབངས་ཀྱི་གོང་ན་རྒྱལ་བརྗིད་པས་མཐའ་བཞིའི་དགྲ་ཚོགས་མེད་པའི་རང་དབང་གཙང་མའི་བོད་རྒྱལ་ཁབ་ཆེན་པོ་དེ་སླར་གསོ་བྱ་འདོད་ལོས་ཀྱང་། འོན་ཀྱང་སྲོང་བཙན་གྱིས་རྒྱ་མོ་བསུས་ནས་རྒྱལ་ཁབ་བཙོང་ཞིང་། ཁྲི་སྲོང་གིས་སློང་མོ་བ་བོས་ཤིང་བོན་བཙོང་། ཁྲི་རལ་གྱིས་ཕ་བསད་ནས་བུ་བཙོང་བ་སོགས་བཀའ་དྲིན་ཅན་གྱི་མེས་དབོན་རྣམ་གསུམ་ནས་བཟུང་གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་ཐབས་མེད་པའི་གནས་སུ་བསྐྱར་ཚར་བས་ཁྱེད་རང་དེའི་ཐད་སེམས་ཁྲལ་དགོས་དོགས་མེད་པར་སེམས། འཐེན་འཁྱེར་བྱས་པས་ཇི་ལྟར་རང་ཉིད་ཕུང་ལ་སྦྱོར་ཚུལ་སྐོར་དེ་མི་སུ་ལས་ཁྱེད་ཚོ་ལ་རྒྱུས་མངའ་ཆེ་བས་བདེན་པ་རེད། ས་སྐྱ་པ་ནས་ན་ནིང་དགའ་ལྡན་ཕོ་བྲང་མཇུག་མ་བསྡུས་བར་འཐེན་འཁྱེར་ཁོ་ནས་བོད་གངས་རིའི་ཁྱོན་ལ་མིག་གི་ཕུང་པོ་དང་མགོ་ཡི་ར་བ་ཁྲག་གི་རྒྱ་མཚོ་བསྐྱིལ་མྱོང་ཡོད་པས་སོ།
བཞི་ཡང་འགའ་ཞིག་གིས་‘‘བོན་སྒོ་ནང་ལོ་རྒྱུས་རྫུན་མ། བསྟན་བཅོས་རྫུན་མ། ལུང་མཇུག་མེད་རྔ་ལྡུམ་རྐྱང་རྐྱང་ལས་མཐོང་དུ་མེད་པ་དེ། ཁྱེད་ཅག་གིས་རྒྱལ་རབས་དང་། ཆོས་འབྱུང་ཁག་ནས་ལུང་དྲངས་པ་དག་གཤིབ་སྡུར་གྱིས་ལྟོས་དང་ཤེས་ངེས་ཡིན། ཆོས་འཁོར་ཚང་གི་ཉི་མ་འོད་ཟེར་ཞེས་པའི་ཆོས་ལོག་འདིས་བོན་ལ་ངོ་ལོན་པའི་ཆེད་དུ་ལོ་རྒྱུས་རྫུན་བསྒྲིགས་ཁོ་ནས་དུས་ཚོད་གྲོན་ནས་འདུག་མཁན་ཞིག་རེད་’’ཅེས་བཤད་འདུག དངོས་གནས་ཁྱོད་ཕོ་རྒོད་རབ་ཅིག་ཡིན་ན་བོན་སྒོའི་ནང་རྩོམ་རྫུན་མ་རྐྱང་རྐྱང་ཡིན་པར་བདེན་ན་དེ་ལས་གཅིག་གཅིག་པུ་ལ་དགག་ལན་བྲིས་ཏེ་འདིར་འགོད་རོགས། གལ་སྲིད་དེ་མ་ཐུབ་ཚེ་མ་མཐའ་ལོ་རྒྱུས་རྫུན་མ་འདི་རེད། བསྟན་བཅོས་རྫུན་མ་འདི་རེད། ལུང་མཇུག་མེད་རྔ་ལྡུམ་འདི་འདྲ་འདུག་ཅེས་མཚན་གཞི་ཙམ་ཞིག་འགོད་ཐབས་བྱོས། དེ་མེད་ཚེ་ཁྱེད་རང་མི་ཚེ་གཅིག་ལ་ཆགས་རྨོངས་གསུམ་གྱི་མུན་ཁུངས་ནང་དུ་སྡུག་སྒོམ་རྒྱོབས་ཤིག་ཅེས་ངས་གད་མོའི་ཞོར་ནས་གླེང་འདོད་བྱུང་། མཁས་དབང་ཆོས་འཁོར་ཚང་ནི་ཐོག་མར་བོན་གྱི་གདན་ས་ཆེན་མོ་ནས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཡོད་པ་མ་ཚད། ཁོང་གིས་སྔ་གཞུག་རྣམས་སུ་བྲིས་པའི་རྩོམ་རིགས་ཁག་རྒྱལ་ཕྱི་ནང་གི་མཁས་པ་དུ་མས་གདེང་འཇོག་ཚད་མཐོའི་སྒོ་ནས་རྒྱ་ཁྱབ་ཆེ་བའི་འཛམ་གླིང་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཕབ་བསྒྱུར་བགྱིས་དང་བགྱི་བཞིན་པ་ཡིན་པ་དང་། ད་ལྟའི་ཆར་ཁོང་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་ནས་འཛམ་གླིང་མཁས་པའི་དབང་པོའི་ཕྱག་འཁྱེར་བཞེས་ལ་ཉེ་བ་དང་། ཆོས་ཕྱོགས་མཛད་པའི་ཆ་ནས་ཀྱང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་ཚོགས་སྡེ་ཕལ་མོ་ཆེར་བོན་སྒོ་འཆད་ཁྲིད་ཀྱི་ཆེད་མཁས་དབང་ཁོང་ཉིད་གདན་ཞུའི་མགྲོན་ཤོག་འཚང་ཁ་ཤིག་ཤིག་ཡོད་པར་ཐོས་པ་སོགས་མདོར་ན། མི་རབས་གསར་པའི་དཔུང་ཁག་ནང་ཁོང་ལྟ་བུའི་སྤྱན་དཀྱུས་ཡངས་པའི་མཁས་དབང་ཞིག་བོད་ཕྱི་ནང་གཉིས་ལ་མེད་ཅེས་བཤད་ན་ཕལ་ཆེར་འོས་ཤིང་འཚམས་མོད། ཇི་སྐད་དུ། མཁས་པ་བརྒྱ་ལ་བསྡུར་ཀྱང་ང་མ་ཕམ།། བླུན་པོ་ཨུ་ཚུགས་ཅན་ལ་ངས་མ་དོ།། ཞེས་པ་ལྟར་ཁོང་གིས་ཁྱོད་ཀྱི་དོ་ཟླ་མི་ཐུབ་ཀྱང་སྲིད་པ་རེད། ཧ་ཧ་ཧ་ཧ་་་་་་་་་་་།
ལྔ་པ་ཡང་འགའ་ཞིག་གིས་‘‘བོན་སྒོའི་ནང་ལ་༸གོང་ས་མཆོག་གི་སྐུ་པར་དང་མཛད་རྣམ་མང་པོ་མི་འདུག་ཁོང་གི་བཀའ་དྲིན་དྲན་པའི་སྒོ་ནས་མང་པོ་བཞག་ན་ཡག་པོ་ཡོད་རེད་བསམ་གྱི་འདུག་’’ཅེས་བཤད་འདུག མ་གཞི་སྨྲ་བརྗོད་རང་དབང་བེད་སྤྱད་ནས་བསམ་ཚུལ་བཏང་ཡག་པོ་རེད། འོན་ཀྱང་རྩོམ་ཚོགས་པའི་ལྟ་བ་གང་ཡིན་ཆ་མ་འཚལ་ན་ཡང་། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་སྐུ་པར་གང་མང་དང་མཛད་རྣམ་འཇོག་དགོས་ཞེས་པ་ནི་གཅིག་བྱས་ན་སྤྲེལ་ལད་འཁྲབ་འདོད་རེད། ཡང་ན་བྱབ་ཆུང་གི་སྐད་ཆ་རེད་སྙམ། ༸གོང་ས་མཆོག་གི་བཀའ་ལ་གུས་བརྩི་མེད་པར་སྐུ་པར་བརྒྱ་ཕྲག་འགྲེམས་སྤེལ་བྱས་ཀྱང་བཀའ་དྲིན་རྗེས་དྲན་མི་ཐུབ། ང་ཚོ་བོན་པོ་ཚོས་གོང་ས་མཆོག་སྐུ་དཔར་དང་མཛད་རྣམ་ག་ཚོད་འགྲེམས་སྤེལ་བྱས་ཡོད་མེད་མི་ཤེས་ཀྱང་གངས་ཅན་བླ་མར་འབོད་པ་དང་དགའ་ལྡན་ཁྲི་ཟུར་ཟེར་བ་དེ་ཚོའི་གྲལ་དང་རིགས་སུ་ཞུགས་མྱོང་མེད།
དྲུག་པ་ཡང་ཁ་ཤས་ཀྱིས་‘‘བོན་སྒོ་ཅེས་པའི་དུས་དེབ་ཏུ་བཙན་བྱོལ་བོད་མིའི་དུས་དེབ་སྤྱི་མཚུངས་ལྟར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སོགས་བཀོད་ན་ཡག་པོ་འདུག དེས་བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་ཡོད་པ་མཚོན་ཐུབ་པ་མ་ཟད་ བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུའང་འགན་ཕྲན་བུ་རེ་ཁུར་ཡོད་པ་མཚོན་’’ཞེས་བཤད་འདུག བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་གཏོགས་མིན་དེ་སྲིད་ཕྱོགས་ཀྱི་སྐད་ཆ་ཞིག་ཡིན་པས། ཆོས་དང་རིག་གཞུང་གི་ལོ་དེབ་བོན་སྒོའི་ནང་གང་འཁོད་མིན་ལ་ལྟོས་འཇོག་བྱེད་པ་ནི་ཞྭ་དཔེ་ལྷམ་འགེབ་རེད་སྙམ། དེ་མིན་བསྟན་པ་ཆབ་སྲིད་ལ་འགན་འཁུར་ཡོད་པར་བསམ་ནས་བོན་པོས་ཚོས་བསྟན་པའི་དོན་དུ་བོན་སྒོ་ལོ་དེབ་བཏོན་བ་ཞིག་ལོས་ཡིན།
སྨན་མོ་མཚོ་རུ་འབོད་པས་ནམ་ཕྱེད་ཕར་མ་ཚུར་ཕྱེད་ཅིག་ལ་ནུབ་གླིེང་ནས་སྤྲིངས།
བན་བོན་གཅིག་ཕན་གཅིག་གྲོགས་མཛོད། །
བོན་སྒོ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ།
བོན་སྒོའི་གླེང་བརྗོད།
སྔོན་གླེང་གཡུང་དྲུང་ཟིལ་གནོན།
ཞང་བོད་མི་རིགས་འདི་ཉིད་གནམ་ལྷ་ས་རུ་ཟག་པའམ་ནགས་སྤྲ་གྱེན་དུ་འགྲེང་པ་གང་ལས་བྱུང་བ་ཆ་མ་འཚལ་ནའང༌། བོད་རིག་པའི་ཞིབ་དཔྱོད་པར་རློམ་པའི་མགོ་སེར་རེ་འགས་མཐོང་སྔ་ཕྱི་ཙམ་ལ་བསྙད་དེ་འུ་ཚོའི་ངོ་གདོང་ནི་ཧོར་སོག་གི་རིགས་རྒྱུད་དང༌། སྐད་རིགས་ནི་བྷར་མའི་སྐད་ལུགས། རིག་གནས་ནི་རྒྱ་ནག་གི་གཙུག་ལག ཡི་གེ་ནི་རྒྱ་གར་གྱི་འབྲི་སྲོལ། བཟོ་རིག་ནི་བལ་པོའི་སྒྱུ་རྩལ་ཞེས་མདོར་ན་ཞང་བོད་ཀྱི་སྲིད་འབྱོར་རིག་གསུམ་ནས་ཐ་ན་མི་རིགས་འདིའི་རྒྱབ་ཀྱི་གོས་དང་ཁ་ཡི་ཟས་ཡན་ཆད་ཀྱང་ཁྲོམ་དང་གེ་སར་ཏ་ཟིག་ལྟ་བུ་གཞན་ལས་བླངས་རབས་སྒྲོས་ནས་མཐོ་སྒང་འདི་ཉིད་ཅི་ཡང་མི་བདོག་པའི་སྤྲ་ཚོགས་ཀྱི་རྒྱལ་ཁམས་ཤིག་ཏུ་བསྐྲུན།
སྔ་དུས་ཀྱང་ཐུབ་ཆོས་ལར་ཞེན་གྱིས་རང་རེའི་ལེགས་ཆ་ཡོད་ཚད་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཚེ་འགངས་གཙིགས་འཕར་ལྡབ་སྟེར་བའི་ཅོལ་པོའི་ལས་དེས་ཞང་བོད་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་རིག་རྣལ་མ་དག་ཀྱང་ནལ་དྭའི་ཚད་དུ་བཏང་ཞིང༌། མི་རིགས་རང་གི་བྱུང་རབས་ཀྱི་ཁ་ཕྱོགས་ཀྱང་བསྒྱུར་ཏེ། སངས་པོ་ཆུ་ལྕམ་ནས་སྤྲེལ་སྲིན་དང་ཡ་བླ་བདལ་དྲུག་ནས་སྐྱ་བསེང་ཤཱཀྱ་ཅི་རིགས་སུ་བཅོས་ཤུལ་ལྷོའི་རྒྱ་གཤོངས་ནས་སྒང་པ་བོད་ལ་རྒྱུ་བའི་གྱེན་འགྲོ་ཆུ་བོའི་གསོབ་གཏམ་ཡང་ཐལ། ད་དུང་ཡབ་གནམ་རིའི་དུས་སུ་ལན་ཚྭའང་མི་ཤེས་པར་སྐད་པའི་མི་རིགས་ཤིག་གློ་བུར་དུ་སྲས་སྲོང་བཙན་སྐབས་ཆོས་སྲིད་རིག་གནས་ཕུན་སུམ་ཚོགས་པར་གྱུར་རབས་སོགས་ཀྱི་ ཁོག་དབུབས་པའི་དཔེ་ཚོགས་ཀྱང་ཇི་སྙེད་ཅིག་བརྩམས།
དེ་དག་ལས་ཡར་ཀླུང་གི་སྣོད་བཅུད་མཚོ་དང་སྤྲ་ལས་བྱུང་བར་སྤྲོས་པའི་༼མ་ཎི་བཀའ་འབུམ་༽ནི་ཐོག་མར་ཚན་རིག་དང་མཐུན་རབས་ཀྱི་ འུད་ཆེན་ཞིག་བསྒྲགས་ཀྱང༌། ས་འོག་ནས་ཐོན་པའི་རྫ་རུས་དག་གིས་དེ་ཉིད་འཕྲལ་མར་ཐེལ་ཚེའི་རྒྱས་སུ་བཏབ། དེ་ལྟར་ནའང་ད་སྐབས་ཞིབ་དཔྱོད་པར་ཁས་འཆེ་བ་དག་གིས་༼སྦ་བཞེད་༽ཟེར་ནས་བདེན་མདོག་བྱེད་ཀྱིན་སྣང་མོད་ཀྱང༌། དོན་དངོས་སུ་བོད་ཀྱི་ལོ་རྒྱུས་བཟོ་བཅོས་ཆེད་བཞེད་པ་མི་མཐུན་པའི་དབང་གིས་རྒྱལ་པོ་ཁྲི་སྲོང་གིས་༼རྒྱལ་བཞེད་༽དང་སྦ་གསལ་སྣང་གིས་༼སྦ་བཞེད་༽གཉིས་སོ་སོར་བརྩམས་པར་གྲགས། སྦ་ནི་པད་འབྱུང་ལ་མི་དད་པས་ལོ་རྒྱུས་བཅོས་པར་རྙིང་མ་པས་འདོད་ཀྱང་སོག་ཟློག་པས་བོན་བློན་གྱི་ཁ་གཏད་དུ་བྲིས་པར་བཞེད་སྟེ་དགག སྦ་ཡི་སྡོང་བསྡེབས་སུ་བླ་ཆེན་པོའི་༼བླ་བཞེད་༽ཀྱང་བྱུང༌། འོན་ཀྱང་ཁུ་སྟོན་གཡུང་དྲུང་གིས་༼ལོ་རྒྱུས་ཆེན་མོ་༽བྲིས་རྗེས་༼སྦ་བཞེད་༽ལ་ཆེ་འབྲིང་ཆུང་གསུམ་དང༌། ཞབས་བཏགས་མ། གཙང་མ། ལྷད་མ་ཟེར་བ་ཇི་སྙེད་ཅིག་ཀྱང་ཐོན། དེ་མཚུངས་བསམ་ཡས་བཀའ་ཐང་དང་བཀའ་གཙིགས་སོགས་ཀྱང་ཡོད་བཟོར་སྣང༌། ད་དུང་ཞབས་སུ་བཏགས་རྒྱུ་མ་དེའང་མུ་ཏིག་བཙན་པོ་དང་ཕྱི་དར་གྱི་སྐོར་སོགས་གང་ནས་བཏགས་མིན་ལ་མ་མཐུན་ཡང༌། བལྟས་ཚོད་ལ་མིག་སྔའི་༼སྦ་བཞེད་༽ཡོད་ཚད་ཀྱང་ཞབས་བཏགས་མ་རུ་སྣང་བས། དེ་དག་རྣལ་འབྱོར་པ་ཀུན་བློ་དང༌། ཁུ་སྟོན་བརྩོན་འགྲུས། དབུས་པ་བློ་གསལ་སོགས་ཀྱིས་མཛད་པའི་དོགས་གཞིའང་ལྷག གལ་ཏེ་སྦ་ཡིས་མཛད་ཚེ་སྦ་རིགས་ཡེ་དབང་རིན་ཆེན་ཁྲི་གཟིགས་གསུམ་ཡང་གསལ་སྣང་ཡིན་མིན་གྱི་འཁྲུན་ཐག་ཀྱང་མ་ཆད།
གང་ལྟར་༼སྦ་བཞེད་༽དང་༼རྦ་བཞེད་༽དེ་བཞིན་༼དབའ་བཞེད་༽ད་དུང་༼འབའ་བཞེད་༽ཅེས་ཁ་བྱང་གི་དག་ཆ་སོ་སོར་མཆིས་པ་ལྟར་གཞུང་དངོས་ཀྱི་མ་ཕྱིའང་མི་འདྲ་བར་ལོགས་སུ་ཡོད་པ་ནི་མོན་གྱི་༼རྡོར་གཅོད་༽ལས་ཀྱང་ཚབས་ཆེ་བར་མཐོང༌། འོན་ཀྱང་ཅུང་རྙིང་དྲི་དྲོ་བ་ནི་༼དབའ་བཞེད་༽དེ་ཉིད་ཡིན་བཟོར་སྣང་བས། དེའི་ནང་བྱབྱམེས་སྲོང་བཙན་སྒམ་པོས་ནི་དམ་པའི་ཆོས་མཛད་པའི་སྲོལ་དེ་ཙམ་ཞིག་ བཏོད་དོ་བྱབྱཞེས་པའི་ཚིག་དུམ་ཞིག་བྱུང་བ་ཕྱི་མ་དག་གིས་མེད་པར་བཏང་ཚུལ་ལ་གཞིགས་ན་གློ་བུར་ཐོག་རྒྱག་ཏུ་རྒྱས་པའི་སྲོང་བཙན་གྱི་མཛད་འཕྲིན་རླབས་ཆེན་དེ་དག་ནམ་ཞིག་ནས་གསར་བཟོས་ཀྱིས་སྤེལ་བའང་ཞོར་དུ་ཤེས། དེ་བས་བྱབྱཁྲི་སྲོང་ལྡེ་བཙན་རྒྱ་ཚ་བྱབྱཟེར་ནས་བཙན་པོའི་ཤ་ཁྲག་ཀྱང་རྒྱ་ལ་གཏུགས་པར་བརྩོན་པའི་༼སྦ་བཞེད་༽སོགས་ནི་རྫུན་སྒྲོམ་རང་སྟེ། ཐང་གི་ཡིག་ཚང་དང་ཏུན་ཧོང་གི་ཤོག་དྲིལ་ལྟར་ན་གྱིམ་ཤིང་ཀོང་ཇོ་ནི་ས་མོ་ཡོས་ཏེ་ཕྱི་ལོ་༧༣༩ལོར་འདས་ཤིང༌། ཁྲི་སྲོང་ནི་ཆུ་ཕོ་རྟ་སྟེ་ཕྱི་ལོ་༧༤༢ལོར་འཁྲུངས་སྟབས། ཁོང་གཉིས་ཡུམ་སྲས་ཡིན་ཐབས་ཀྱང་བྲལ་ལ། གནད་དོན་འདིས་༼སྦ་བཞེད་༽སོགས་ནི་ཞང་བོད་ཆོས་རིག་གི་ལོ་རྒྱུས་རྣལ་མ་འགུམས་པའི་མཚོན་ཆར་འཁུམས་སོ། །
དེ་བས་འདི་དག་ལས་ཀྱང་དུས་རབས་བཅུ་དྲུག་པར་བྲིས་པའི་གཙུག་འཕྲེང་གི་༼མཁས་པའི་དགའ་སྟོན་༽དེ་ཉིད་རྙིང་དྲི་བྲོ་བའི་ནང་དོན་དང་ལུང་ཚིག་སོགས་ཀྱིས་ཕྱུག་རབས་ལ་བརྟགས་ན། དོན་གནད་གཞན་ཞིག་གི་ཁུངས་ཀྱང་ཕྱུང་པ་སྟེ། ༼སྦ་བཞེད་༽སོགས་ནི་ལོ་རྒྱུས་དངོས་ཀྱི་ཁ་གཏད་དུ་བསྒྲིགས་པའི་ཟོལ་སྒྲུང་རང་དུ་མངོན་པས་མ་ཚད། ཟོག་གཏམ་དེ་དག་མི་ཁུར་བའི་བོན་བློན་དག་གིས་གཙོས་པའི་བོན་གཤེན་ཇི་སྙེད་ཅིག་ ནན་བསྒྱུར་དང་བསྐྲད་སྤྱུགས་དེ་བཞིན་ཆབ་གསོལ་གྱིས་མནར་ཡོད་པའང་དཀྱུས་དོན་ལ་ཟུར་བལྟས་ཀྱིས་མཐོང༌།
དེས་ན་ནམ་ཡང་རེ་བ་སྐམ་པོས་རང་ཉིད་ཕུང་ཀྲོལ་དུ་སྦྱོར་བའི་རང་རིགས་འདིས་རང་སའི་ཆོས་རིག་ལ་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་ཁར་ད་དུང་སྙིང་རྗེ་ཅན་གྱི་བོད་ཅེས་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་བསྒྲགས་ནས་བློ་རིག་བཀྲ་བའི་དམག་རོགས་རྒྱ་ནག་ཀྱང་འཇམ་དཔལ་དབྱངས་དང་གཏུམ་དྲག་ཅན་གྱི་སོག་པོའང་ཕྱག་ན་རྡོ་རྗེ་སྟེ་རིགས་གསུམ་མགོན་པོའི་གདུལ་ཞིང་དུ་བྱས་ཏེ། འཁོར་གསུམ་གྱི་རྣོ་ཁ་ཡོད་ཚད་རང་རིགས་ནང་ཁུལ་དུ་གཏད་ནས་དམེ་སྡིག་འདག་ཐབས་མེད་པར་བསགས་པའི་ཉེས་འབྲས་ཀྱི་རྣམ་སྨིན་ད་སྐབས་མྱོང་བཞིན་པ་ནི་རིག་འཛིན་གོང་མའི་ལུང་བསྟན་ལྟར་དུ་འདུག
དེ་དག་ལ་བསམས་ན་སྐྱུད་ཐབས་མེད་པ་ཞིག་སྟེ། བོན་གྱི་གསུང་རབ་རྣམས་འབྱུང་ལྔའི་ཞལ་དུ་སྤུར་གཏོར་བཞེན་བསྐུར་མནན་ལྔ་ཇི་འདྲ་བྱས་ཀྱང༌། གཏམ་ཤུལ་དགའ་ཐང་གི་འབུམ་པའི་ཞབས་འོག་ནས་ཐོན་པའི་བོན་དཔེ་ཇི་བཞིན་སྐབས་ཤིག་ལ་སྲོང་བཙན་སྒམ་པོའི་མྱེས་པོའི་ཞལ་འདོན་ཕྱག་བསྟར་མ་དག་ཀྱང་རྙེད་ངེས་པས། དེ་དུས་ཐོན་མི་ཨ་ནུ་དུར་ས་ནས་ངུ་སྐད་འཆོར་ངེས་པར་མ་ཟད། འཛིངས་རྙོགས་སུ་གནས་པའི་ད་ལྟའི་ཆོས་རིག་ལོ་རྒྱུས་ཀྱི་བླ་མཐང་ཡང་བསྒྱུར་ཏེ། ཞང་བོད་ཀྱི་ལོ་རྒྱུས་དངོས་བདེན་རྣམས་སླར་ཡང་འཚོ་བའི་སྲོག་དབུགས་རྒྱས་ཤིང་ཞང་ཞུང་བོན་གྱི་བདེན་པ་རྒྱལ་བར་ངེས་སོ།། །།
བོན་རྒྱལ་ལོ། ། གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས
གུས་མོ་དེ་རིང་སླར་ཡང་སྟེས་དབང་ཞིག་གིས་ཁ་བརྡའི་དྲ་འབུ་སྐོར་ཞིག་དང་གཏམ་གླེང་བྱེད་དགོས་པའི་དུས་སྐབས་ཤིག་ཤར་བ་ནི་བློ་འགྱོད་ཡོད། འོན་ཀྱང་ནམ་ཡང་ངན་པ་ལངས་ཤོར་ཏུ་བཏང་ན་ཁྱེད་ཚོས་འཛམ་གླིང་དམག་ཆེན་གཉིས་པ་དང་ཆ་མཚུངས་པའི་དུས་རབས་བདུན་པའི་ནང་གི་ལོ་རྒྱུས་སྐྱུར་མོ་དང་མི་གཉིས་པའི་བྱ་སྤྱོད་ཟུར་པ་ཞིག་དབུ་འཁྱུད་མི་བརྩམ་པའི་ངེས་པ་མེད་པས་ན། ང་ཚོས་བོད་མི་རིགས་རང་གི་ཡབ་མེས་ཀྱི་ཚེ་སྲོག་དང་འབྲེལ་བའི་ཆོས་དང་རིག་གཞུང་ལ་མྱུར་སྐྱོབས་ཀྱི་ལམ་དུ་ཅིས་མི་ཞུགས་སྙམ་པའི་ཚོར་འདུ་དེ་ཤུགས་ཆེ་སར་དང་ཚད་མཐོ་སར་སླེབས་ཀྱིན་འདུག
དེས་ན་དེ་རིང་འདིར། དང་པོ་འགའ་ཞིག་གིས་‘‘དེང་སང་བན་སྡེའི་ངོས་ནས་བོན་པོར་སྐྱོན་བརྗོད་བྱེད་ཀྱི་མེད་ནའང་བོན་པོའི་ངོས་ནས་བན་སྡེ་ལ་སྐྱོན་བརྗོད་མང་ཞིང་ལྷག་པར་དུ་ཡོད་ཚད་ཀྱི་ཁུངས་བོན་དང་ཞང་ཞུང་ཡིན་པར་བཤད་’’རབས་སྐོར་གསུངས་འདུག དེའི་ཐད་དཔེ་རིང་ས་ལ་འཇོག་མི་དགོས་པར་དེ་རིང་གི་གནས་སྟངས་འདིས་མཚོན་པའི་ད་ཕན་ཁ་བརྡའི་དྲ་བར་བོན་པོའི་སྐོར་ཞིག་ཐོན་པ་ནས་བཟུང་ཐུབ་བསྟན་པ་རྣམས་ཀྱིས་སྨད་པ་དང་ཟུར་ཟ་སྐྱོན་བརྗོད་ཁོ་ན་ལས་འཐད་པོ་འཚམས་པོའི་སྐད་ཆ་ཞིག་ད་བར་ཐོན་མྱོང་མེད་པ་འདིས་དཔང་པོ་བྱས་ཡོད། ད་དུང་ཡིད་ཆེས་མེད་ཚེ་དྲ་རྒྱ་འདིར་འཁོད་པའི་རྒྱལ་དབང་ལྔ་པའི་སྐོར་དང་། ལྷ་སྲས་དར་མའི་སྐོར། མཁན་ཆེན་ཞི་མཚོའི་སྐོར་སོགས་གཟིགས་དང་གསལ་ཐིང་ངེར་ཡོད། གཞན་སྦྲུལ་ཐང་བླ་མའི་སྐོར་དང་། མ་སུ་རིའི་ཐོག་མའི་སློབ་གྲྭའི་སྐོར། ཚོགས་པ་བཅུ་གསུམ་གྱི་སྐོར་སོགས་གོ་མྱོང་ཡོད་ན་དེ་ལས་ཡ་མཚར་མོད།
གཉིས་པ་ཡང་ཁ་ཤས་ཀྱིས་‘‘བོན་སྒོའི་རྩོམ་སྒྲིག་གླེང་སྟེགས་ནི་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་འོ་ཆུའི་རང་བཞིན་དུ་འགྱུར་བཞིན་པར་གཏོར་བཤིག་གཏོང་བྱེད་ཀྱི་ལག་ཆའི་ ངོ་བོར་བསྒྱུར་བས་བློ་ཕམ་ཡོད་’’མདོག་བཤད་པ་ནི། གལ་ཏེ་ལུང་དང་རིག་པའི་བདེན་པ་བདར་ནས་ཐུབ་བསྟན་པས་རྟོག་བཟོ་དང་ཕྱོགས་ཞེན་ཁོ་ནས་བྲིས་པའི་དེབ་ཧྲུལ་རྫུན་མ་དེ་དག་གི་ཨང་གཞུག་ཕུད་པར། མཐུན་སྒྲིལ་ལ་གཏོང་བཤིག་སོང་ཡང་ངེད་བོན་གྱི་སྨྱུག་ཐོགས་པ་རྣམས་ཀྱིས་དུས་ནམ་ཡང་བཟུར་དུ་མེད་པའི་དམ་བཅའ་ཡོད་ལ། འཇིགས་སྐུལ་དང་དཔའ་སྐད་འཐེན་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཡོད། དེ་མིན་དོལ་རྒྱལ་གྱི་རྙོག་གླེང་ལྟ་བུའི་དོན་མེད་མི་རིགས་ཁ་བྲལ་དུ་བཏང་བའི་བྱ་སྤྱོད་དག་སྔར་སྤེལ་མ་མྱོང་ལ་ཕྱིས་སུ་སྤེལ་མི་སྲིད། ངས་ལྟས་ན་ཁྱོད་ཀྱིས་བློ་ཕམ་སྐྱེ་སའི་གནས་ནོར་འདུག་སྙམ།
གསུམ་པ་ཡང་ཁག་གཅིག་གིས་‘‘གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་འདོད་པའི་བྱ་ སྤྱོད་མ་བརྩམས་ན་རབ་རེད། ཕྱོགས་ལྷུང་མེད་པའི་དཔྱད་པ་བཏང་ན་ལེགས་མོད་ཀྱང་། བན་བོན་འཐེན་འཁྱེར་བྱས་ན་རང་ཅག་འཕུང་བྱེད་’’ཡིན་ཞེས་བཤད་འདུག གདོད་མའི་བོན་དུས་ཀྱི་བོད་དེ་ནི། བསྟན་གཡུང་དྲུང་གི་བོན་རིན་པོ་ཆེ་ལས་མེད་པས་ཆོས་ལུགས་གཞན་གྱི་འཐེན་འཁྱེར་དང་ཕྱོགས་ཞེན་མེད་ཅིང་། རྒྱལ་གྱི་གཤེན་གོང་ན་བཞུགས་པས་རྒྱལ་འབངས་མངའ་རིས་བདེ་ཞིང་སྐྱིད། འབངས་ཀྱི་གོང་རྒྱལ་བརྗིད་པས་མཐའ་བཞིའི་དགྲ་ཚོགས་མེད་པའི་རང་དབང་གཙང་མའི་བོད་རྒྱལ་ཁབ་ཆེན་པོ་དེ་སླར་གསོ་བྱ་འདོད་ལོས་ཀྱང་། འོན་ཀྱང་སྲོང་བཙན་གྱིས་རྒྱ་མོ་བསུས་ནས་རྒྱལ་ཁབ་བཙོང་ཞིང་། ཁྲི་སྲོང་གིས་སློང་མོ་བ་བོས་ཤིང་ཆོས་བཙོང་། ཁྲི་རལ་གྱིས་ཕ་བསད་ནས་བུ་བཙོང་བ་སོགས་བཀའ་དྲིན་གྱི་མེས་དབོན་རྣམ་གསུམ་ནས་བཟུང་གདོད་མའི་བོན་དུས་ཀྱི་བོད་སླར་གསོ་བྱ་ཐབས་མེད་པའི་གནས་སུ་བསྐྱར་ཚར་བས་ཁྱེད་རང་དེའི་ཐད་སེམས་ཁྲལ་དགོས་དོགས་མེད་པར་སེམས། འཐེན་འཁྱེར་བྱས་པས་ཇི་ལྟར་རང་ཉིད་ཕུང་ལ་སྦྱོར་ཚུལ་སྐོར་དེ་མི་སུ་ལས་ཁྱེད་ཚོ་ལ་རྒྱུས་མངའ་ཆེ་བས་བདེན་པ་རེད། ས་སྐྱ་པ་ནས་ན་ནིང་དགའ་ལྡན་ཕོ་བྲང་མཇུག་མ་བསྡུས་བར་འཐེན་འཁྱེར་ཁོ་ནས་བོད་གངས་རིའི་ཁྱོན་ལ་མིག་གི་ཕུང་པོ་དང་མགོ་ཡི་ར་བ་ཁྲག་གི་རྒྱ་མཚོ་བསྐྱིལ་མྱོང་ཡོད་པས་སོ།
བཞི་པ་ཡང་འགའ་ཞིག་གིས་‘‘བོན་སྒོ་ནང་ལོ་རྒྱུས་རྫུན་མ། བསྟན་བཅོས་རྫུན་མ། ལུང་མཇུག་མེད་རྔ་ལྡུམ་རྐྱང་རྐྱང་ལས་མཐོང་དུ་མེད་པ་དེ། ཁྱེད་ཅག་གིས་རྒྱལ་རབས་དང་། ཆོས་འབྱུང་ཁག་ནས་ལུང་དྲངས་པ་དག་གཤིབ་སྡུར་གྱིས་ལྟོས་དང་ཤེས་ངེས་ཡིན། ཆོས་འཁོར་ཚང་གི་ཉི་མ་འོད་ཟེར་ཞེས་པའི་ཆོས་ལོག་འདིས་བོན་ལ་ངོ་ལོན་པའི་ཆེད་དུ་ལོ་རྒྱུས་རྫུན་བསྒྲིགས་ཁོ་ནས་དུས་ཚོད་གྲོན་ནས་འདུག་མཁན་ཞིག་རེད་’’ཅེས་བཤད་འདུག དངོས་གནས་ཁྱོད་ཕོ་རྒོད་རབ་ཅིག་ཡིན་ན་བོན་སྒོའི་ནང་རྩོམ་རྫུན་མ་རྐྱང་རྐྱང་ཡིན་པར་བདེན་ན་དེ་ལས་གཅིག་གཅིག་པུ་ལ་དགག་ལན་བྲིས་ཏེ་འདིར་འགོད་རོགས། གལ་སྲིད་དེ་མ་ཐུབ་ཚེ་མ་མཐའ་ལོ་རྒྱུས་རྫུན་མ་འདི་རེད། བསྟན་བཅོས་རྫུན་མ་འདི་རེད། ལུང་མཇུག་མེད་རྔ་ལྡུམ་འདི་འདྲ་འདུག་ཅེས་མཚན་གཞི་ཙམ་ཞིག་འགོད་ཐབས་བྱོས། དེ་མེད་ཚེ་ཁྱེད་རང་མི་ཚེ་གཅིག་ལ་ཆགས་རྨོངས་གསུམ་གྱི་མུན་ཁུངས་ནང་དུ་སྡུག་སྒོམ་རྒྱོབས་ཤིག་ཅེས་ངས་གད་མོའི་ཞོར་ནས་གླེང་འདོད་བྱུང་། མཁས་དབང་ཆོས་འཁོར་ཚང་ནི་ཐོག་མར་བོན་གྱི་གདན་ས་ཆེན་མོ་ནས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཡོད་པ་མ་ཚད། ཁོང་གིས་སྔ་གཞུག་རྣམས་སུ་བྲིས་པའི་རྩོམ་རིགས་ཁག་རྒྱལ་ཕྱི་ནང་གི་མཁས་པ་དུ་མས་གདེང་འཇོག་ཚད་མཐོའི་སྒོ་ནས་རྒྱ་ཁྱབ་ཆེ་བའི་འཛམ་གླིང་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཕབ་བསྒྱུར་བགྱིས་དང་བགྱི་བཞིན་པ་ཡིན་པ་དང་། ད་ལྟའི་ཆར་ཁོང་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་ནས་འཛམ་གླིང་མཁས་པའི་དབང་པོའི་ཕྱག་འཁྱེར་བཞེས་ལ་ཉེ་བ་དང་། ཆོས་ཕྱོགས་མཛད་པའི་ཆ་ནས་ཀྱང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་ཚོགས་སྡེ་ཕལ་མོ་ཆེར་བོན་སྒོ་འཆད་ཁྲིད་ཀྱི་ཆེད་མཁས་དབང་ཁོང་ཉིད་གདན་ཞུའི་མགྲོན་ཤོག་འཚང་ཁ་ཤིག་ཤིག་ཡོད་པར་ཐོས་པ་སོགས་མདོར་ན། མི་རབས་གསར་པའི་དཔུང་ཁག་ནང་ཁོང་ལྟ་བུའི་སྤྱན་དཀྱུས་ཡངས་པའི་མཁས་དབང་ཞིག་བོད་ཕྱི་ནང་གཉིས་ལ་མེད་ཅེས་བཤད་ན་ཕལ་ཆེར་འོས་ཤིང་འཚམས་མོད། ཇི་སྐད་དུ། མཁས་པ་བརྒྱ་ལ་བསྡུར་ཀྱང་ང་མ་ཕམ།། བླུན་པོ་ཨུ་ཚུགས་ཅན་ལ་ངས་མ་དོ།། ཞེས་པ་ལྟར་ཁོང་གིས་ཁྱོད་ཀྱི་དོ་ཟླ་མི་ཐུབ་ཀྱང་སྲིད་པ་རེད། ཧ་ཧ་ཧ་ཧ་་་་་་་་་་་།
ལྔ་པ་ཡང་འགའ་ཞིག་གིས་‘‘བོན་སྒོའི་ནང་ལ་༸གོང་ས་མཆོག་གི་སྐུ་པར་དང་མཛད་རྣམ་མང་པོ་མི་འདུག་ཁོང་གི་བཀའ་དྲིན་དྲན་པའི་སྒོ་ནས་མང་པོ་བཞག་ན་ཡག་པོ་ཡོད་རེད་བསམ་གྱི་འདུག་’’ཅེས་བཤད་འདུག མ་གཞི་སྨྲ་བརྗོད་རང་དབང་བེད་སྤྱད་ནས་བསམ་ཚུལ་བཏང་བ་ཡག་པོ་རེད། འོན་ཀྱང་རྩོམ་སྒྲིག་ཚོགས་པའི་ལྟ་བ་གང་ཡིན་ཆ་མ་འཚལ་ན་ཡང་། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་སྐུ་པར་གང་མང་དང་མཛད་རྣམ་འཇོག་དགོས་ཞེས་པ་ནི་གཅིག་བྱས་ན་སྤྲེལ་ལད་འཁྲབ་འདོད་རེད། ཡང་ན་བྱབ་ཆུང་གི་སྐད་ཆ་རེད་སྙམ། ༸གོང་ས་མཆོག་གི་བཀའ་ལ་གུས་བརྩི་མེད་པར་སྐུ་པར་བརྒྱ་ཕྲག་འགྲེམས་སྤེལ་བྱས་ཀྱང་བཀའ་དྲིན་རྗེས་དྲན་མི་ཐུབ། ང་ཚོ་བོན་པོ་ཚོས་གོང་ས་མཆོག་སྐུ་དཔར་དང་མཛད་རྣམ་ག་ཚོད་འགྲེམས་བྱས་ཡོད་མེད་མི་ཤེས་ཀྱང་གངས་ཅན་བླ་མར་འབོད་པ་དང་དགའ་ལྡན་ཁྲི་ཟུར་ཟེར་བ་དེ་ཚོའི་གྲལ་དང་རིགས་སུ་ཞུགས་མྱོང་མེད།
དྲུག་པ་ཡང་ཁ་ཤས་ཀྱིས་‘‘བོན་སྒོ་ཅེས་པའི་དུས་དེབ་ཏུ་བཙན་བྱོལ་བོད་མིའི་དུས་དེབ་སྤྱི་མཚུངས་ལྟར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སོགས་བཀོད་ན་ཡག་པོ་འདུག དེས་བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་ཡོད་པ་མཚོན་ཐུབ་པ་མ་ཟད་ བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུའང་འགན་ཕྲན་བུ་རེ་ཁུར་ཡོད་པ་མཚོན་’’ཞེས་བཤད་འདུག བོན་པོ་རྣམས་ཀྱང་བཙན་བྱོལ་བོད་མིའི་མངའ་ཁོངས་སུ་གཏོགས་མིན་དེ་སྲིད་ཕྱོགས་ཀྱི་སྐད་ཆ་ཞིག་ཡིན་པས། ཆོས་དང་རིག་གཞུང་གི་ལོ་དེབ་བོན་སྒོའི་ནང་གང་འཁོད་མིན་ལ་ལྟོས་འཇོག་བྱེད་པ་ནི་ཞྭ་དཔེ་ལྷམ་འགེབ་རེད་སྙམ། དེ་མིན་བསྟན་པ་ཆབ་སྲིད་ལ་འགན་འཁུར་ཡོད་པར་བསམ་ནས་བོན་པོས་ཚོས་བསྟན་པའི་དོན་དུ་བོན་སྒོ་ལོ་དེབ་བཏོན་བ་ཞིག་ལོས་ཡིན།
སྨན་མོ་མཚོ་རུ་འབོད་པའི་སྨན་ཤར་དེས་ནུབ་གླིང་སྐྲ་སེར་མོད་པའི་རྒྱལ་ཁབ་ནས་ཚར་གཉིས་པ་སླར་ཡང་བསྐྱར་བཏང་བགྱིས་པ་འདིས་ཀྱང་དུན་ཙེ་མགོ་འཕང་ཞུམ་པར་གྱུར་ཅིག
ཁ་བརྡའི་དྲ་བདག་གིས་རྟག་ཏུ་ཕྱོགས་རིས་མ་བྱེད་གཏམ་ལ་གཏམ་ལན་འཇལ་ཆུགས།
འདི་ནི་(དེ་བཞིན་བོད་ཡིག་དར་ནས་བཟུང་རྡོ་རིང་གཏེར་ཡིག་སོགས་གནའ་ཤུལ་མཐོང་རྒྱུ་ཡོད་པ་ལ། སྨར་ཡིག་ནག་ཡིག་དེ་ཚོ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་ན་རྡོ་རིང་གཏེར་ཡིག་སོགས་གནའ་ཤུལ་གཅིག་ཀྱང་མཐོང་རྒྱུ་མེད་པ་གང་ཡིན་ནམ།) ཞེས་བཤད་མཁན་དེས་གཤམ་གྱི་བཀའ་སློབ་འདི་ཞིབ་གཟིགས་གནང་རོགས།
པར་ངོས་བཞི་པ། བོད་མིའི་རང་དབང་བདུན་རེའི་གསར་ཤོག
༸ གོང་ས་མཆོག་ནས་སྨར་ཡིག་ནི་མི་ལོ་སུམ་སྟོང་གི་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པར་ར་འཕྲོད་ཀྱི་བཀའ་སྩལ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུལ་བྱ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་ཆེ་བའི་སྐབས་ལ་སྨར་ཡིག་ནི་མི་ལོ་སུམ་སྟོང་བཞི་སྟོང་གོང་གི་བོད་ཀྱི་ཡི་གེ་ཐོག་མར་ཡིན་པའི་ར་འཕྲོད་བྱུང་ཡོད་པའི་སྐོར་ལ་བཀའ་སློབ་ཕེབས་པ་གནང་སོང། དེ་ནི་སྤྱི་ནོ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་བཞུགས་སྒར་དུ་གདུལ་བྱ་རྣམས་ལ་ཕྱི་ནང་གྲུབ་མཐའི་རྣམ་བཞག་དང་ལམ་རིམ་མདོིར་བསྡུས་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བའི་མུར་ཉེ་ལམ་བོད་ཀྱི་ས་འོག་ནས་དངོས་པོ་སྨར་ཡིག་འཁོད་པ་ཞིག་རྙེད་འདུག་པར་གཞིགས་ན། དེ་སྔ་མི་ལོ་སུམ་སྟོང་བཞི་སྟོང་གི་གོང་དུ་བོད་ཀྱི་ཡི་གེ་ཐོག་མ་དེ་སྨར་ཡིག་ཡིན་པ་ནི་ར་སྤྲོད་བྱུང་ཡོད་པའི་སྐོར་ལ་བཀའ་གནང་འདུག
༸གོང་ས་མཆོག་ནས་གསུང་དོན། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སྩལ་འདུག
ཧ་ཧ། མི་གྲལ་དང། མཐུན་འབྲེལ། རིས་མེད། འདྲ་མཉམ། བོད་དོན་སོགས་མ་གླེང་པའི་སྔོན་དུ་དོན་དངོས་ཀྱི་ལོ་རྒྱུས་ཁ་ཤས་མཁྱེན་ན་ཡག་པོ་འདུག་བསམ། དེ་མིན། ང་ཚོའི་ཁ་མ་བསྔོག་ན་ལེགས། ང་དགུའི་སྔོན་གྱི་ལོ་རྒྱུས་ཡོད་ཚད་སྒྲུང་ཟེར་ནས་སྨོད་ན་ཆོག་ཀྱང་། སྐྱབས་བཅོལ་དུ་སླེབས་རྗེས་ཀྱི་ལོ་རྒྱུས་མང་པོར་མི་རིགས་གཞན་རྣམས་བར་དཔང་དུ་བཀོད་ནས་གླེང་རྒྱུ་ཡོད། འོན་ཀྱང་། ང་ཚོས་དོན་དངོས་ཀྱི་མཐུན་འབྲེལ་ཞིག་ལ་དམིགས་ནས་སྦས་བསྐུངས་བྱས་ཡོད་པའང་མཁྱེན་པར་མཛོད། དུས་ལ་བབ་དུས་གཅིག་རྗེས་གཉིས་མཐུད་ཀྱིས་གླེང་ཚེ་ཉན་མཁན་གྱི་རྣ་བའང་འོན་ཉེན་ཡོད། ཐུག་སའང་གང་ལ་ཐུག་མིན་མི་ཤེས། སྐྱབས་བཅོལ་དུའང་བོན་པོའི་བླ་མ་ཆེ་གྲས་རྣམས་རབས་དང་རིམ་པས་བཀྲོང་རབས་དང་། གཞོན་སྐྱེས་ཤེས་ཡོན་པ་རྣམས་བསད་རབས། མ་ན་ལི་དང་རྡེ་ར་རྡུན་སོགས་སུ་བོན་པོའི་གཞིས་ཆགས་ཚུགས་སུ་མི་འཇུག་རབས། བོན་པོའི་བླ་ཆེན་གྱི་སྐུ་སྲོག་རང་རིགས་བན་དེའི་ལག་ནས་ཕྱི་རྒྱལ་མཁས་དབང་གིས་སྐྱོབས་རབས། གཅིག་སྒྲིལ་མིང་ཐོག་ནས་ཆོས་ལུགས་གཅིག་བསྒྱུར་གྱི་གནོན་ཤུགས་ཆེ་རབས། བོན་གཞིས་རང་དུའང་མཁན་སློབ་ཀྱི་སྐུ་སྲོག་ལའང་ཉེན་ཁ་བྱུང་ནས་གྲྭ་བ་རྣམས་ཀྱིས་རེས་མོས་ངང་མཚན་མོར་བླ་བྲང་སྲུང་དགོས་པའི་གནས་སུ་ལྷུང་རབས་སོགས་ཤིན་ཏུ་མང་ཡང་གནས་སྐབས་མཐུན་འབྲེལ་ཟེར་བའི་བསླུས་ཚིག་སྙན་པོའི་འོག་ཏུ་བསྐྱུར་ཡོད། བོན་པོ་རྣམས་སྐྱབས་བཅོལ་དུ་སླེབས་རྗེས་རང་ཁ་རང་གསོས་བྱས་ཡོད་ལ། གཞིས་ཆགས་དང་སློབ་གྲྭ་རང་རང་གིས་ཆགས་བཏབ་པ་ཤ་སྟག་ལས་གོང་ནས་རོགས་རམ་སོགས་གང་ཡང་མེད། ད་དུང་ཕྱིས་སུ་གཞིས་ཆགས་འདི་ཉིད་བོན་པོའི་གཞིས་ཆགས་ཞེས་སུ་ཐོགས་པ་དེ་རྣ་བར་མ་བཟོད་ནས་འབད་པ་དུ་མས་ཤིམ་ལའི་ཁ་འཐོར་གྱི་འོག་ཏུ་བཅུད་ཐབས་ཇི་ཙམ་བྱས་ཡོད། ད་མི་གླེང་། གླེང་ནའང་ཚར་རྒྱུ་མེད། འདི་ཡང་དོན་མེད་དུ་གླེང་བ་ཞིག་མིན་པར་ཁྱེད་ཚོས་ང་ཚོའི་ནད་ཐོག་ཏུ་སྣུན་པ་ལས་འཆོར་བའི་མནར་སྐད་ཅིག་ཡིན།
ཁ་བརྡ་དྲ་བ་འདིར་བན་དེ་ཁྱུ་ཞིག་གིས་བོན་པོར་ག་ཚད་སྨད་ཀྱང་རུང་། ཚད་གཞི་ལས་ཀྱང་བརྒལ་བའི་ཟུར་ཟ་བྱས་ཀྱང་རུང་། དེ་ལ་བོན་པོ་ཚོས་གཏམ་ལན་རེ་བྲིས་ཚེ་མི་འགོད་རབས་མང་པོར་ཐོས་རྒྱུ་འདུག་ཀྱང་། དེ་རིང་གོང་དུ་སྨན་མོ་མཚོ་ཟེར་བས་སྐད་ཆ་བཤད་སྟངས་ཏེ། ཁ་བརྡ་དྲ་བ་ང་ལ་གཏམ་ལན་གཏམ་གྱིས་འཇལ་དུ་ཆུག་མདོག་མདོག་ཅིག་བཤད་པ་དེ་ལ་བལྟས་ན་བོན་པོས་བྲིས་པའི་མཆན་དེ་ཚོ་བསུབ་རྐྱང་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་བྱུང་། དངོས་གནས་དེ་འདྲ་ཡིན་ནམ།
ད་་་་བན་ཕྲུག་ཚོ་སྟག་ངར་ངར་དང་། གཟིག་མཆོངས་མཆོངས། ཁྱི་ཟུག་ཟུག ཝ་བརྒྱལ་བརྒྱལ་གང་བྱེད་རྒྱུ་ཡོད་ན་བྱོས་ཤིག གལ་སྲིད་དེ་མེད་ཚེ་སླད་ཕྱིན་ཁ་བརྡའི་དྲ་བར་བོན་དང་འབྲེལ་བའི་གནས་ཚུལ་སླེབས་ཚེ། འཇམ་ཐིང་ཐིང་ངང་བཞག་རོགས། ཟུར་ཞུ་ནི་གོང་གསལ་ངའི་མཆན་དེ་ཐོག་མར་འཁོད་ཡོད་ཀྱང་བར་སྐབས་ཤིག་མི་སྣང་བར་ནག་བསུབ་བཏང་སོང་བས་ངས་སླྲར་རེ་སྐུར་ཞིག་དང་སྦྲགས་ཏེ་བཏང་བས་ད་ལྟ་ཚར་གཉིས་བསྐྱར་བཀོད་བྱས་འདུག
བོད་མིའི་རང་དབང་བདུན་རེའི་གསར་ཤོག་གི་པར་ངོས་བཞི་པ་ལས།
༸ གོང་ས་མཆོག་ནས་སྨར་ཡིག་ནི་མི་ལོ་སུམ་སྟོང་གི་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པར་ར་འཕྲོད་ཀྱི་བཀའ་སྩལ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུལ་བྱ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་ཆེ་བའི་སྐབས་ལ་སྨར་ཡིག་ནི་མི་ལོ་སུམ་སྟོང་བཞི་སྟོང་གོང་གི་བོད་ཀྱི་ཡི་གེ་ཐོག་མར་ཡིན་པའི་ར་འཕྲོད་བྱུང་ཡོད་པའི་སྐོར་ལ་བཀའ་སློབ་ཕེབས་པ་གནང་སོང། དེ་ནི་སྤྱི་ནོ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་བཞུགས་སྒར་དུ་གདུལ་བྱ་རྣམས་ལ་ཕྱི་ནང་གྲུབ་མཐའི་རྣམ་བཞག་དང་ལམ་རིམ་མདོིར་བསྡུས་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བའི་མུར་ཉེ་ལམ་བོད་ཀྱི་ས་འོག་ནས་དངོས་པོ་སྨར་ཡིག་འཁོད་པ་ཞིག་རྙེད་འདུག་པར་གཞིགས་ན། དེ་སྔ་མི་ལོ་སུམ་སྟོང་བཞི་སྟོང་གི་གོང་དུ་བོད་ཀྱི་ཡི་གེ་ཐོག་མ་དེ་སྨར་ཡིག་ཡིན་པ་ནི་ར་སྤྲོད་བྱུང་ཡོད་པའི་སྐོར་ལ་བཀའ་གནང་འདུག
༸གོང་ས་མཆོག་ནས་གསུང་དོན། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སྩལ་འདུག
ཆོས་ལུགས་ཕྱོགས་ཞེན་མེད་ན་འདི་དག་ལ་གཟིགས་རོགས་ཧཧཧཧཧཧཧཧཧཧཧཧཧཧཧ
རྒྱལ་གསུང་སྐུ་པར་དོན་དུ།
རྒྱལ་དབང་མ་ཎི་འདོན་འདོན།
རྒྱལ་བའི་རྗེས་འཛིན་ཡིན་ན།
རྒྱལ་གསུང་རྩིས་མེད་མ་གནང་།
ཕྱོགས་ཞེན་ཆེ་བའི་མི་ལ།
གླིང་སྨྱོན་ང་དང་ཁ་བརྡ།
ཡང་ཡང་བྱས་དང་མ་བྱས།
དགོས་པའི་ཕན་ཐོག་མེད་ཀྱང་།ཧཧ
གཞན་ལ་ཕན་པའི་སེམས་སྐྱེད།
བདག་ལ་ཡོད་པ་མིན་ཀྱང་།
ཆོས་ལུགས་ཕྱོག་ཞེན་ཅན་ལ།
མཐུན་སྒྲིལ་ལམ་ཁའི་ཁྱེད་དུ།
སྐྱབས་མགོན་རྒྱལ་དབང་མཁྱེན་པའི།
མི་རིགས་སྲོག་རྩའི་དོན་དུ།
ལན་མང་གནང་བས་བཀའ་སློབ།
ཁྱེད་རྣམས་སྤྱན་དུ་ཕུལ་ལོ།
བོན་སྒོ་དུས་དེབ་འདི་ལོ་དེབ་རེད་དང་ཟླ་དེབ་རེད། དུས་ཡུན་ག་ཚོད་རིང་ལ་པར་གི་ཡོད་དམ། I’m serious
ཁ་བརྡའི་དྲ་བདག་ཚོ་རྟག་ཏུ་ཆགས་སྡོང་གིས་དྲ་རྒྱ་སྒོ་རྒྱག་གང་ཐུབ་མི་བྱེད་དེ་གནས་ལུགས་དང་མཐུན་པའི་སྐད་ཆ་ཡོ་རིགས་འདིའི་ཐོག་ཏུ་འགོད་རྒྱུར་འགོག་གང་ཐུབ་མ་བྱེད་རོགས།།
བན་བོན་གཉིས་ནི་སྔོན་མཁན་སློབ་ཆོས་གསུམ་གྱི་བཞག་གནང་བའི་གྱོད་གཞི་གླེང་མོལ་
བྱེད་གི་འདུག་དེ་ནི་ང་ཚོའི་ཁ་གནམ་ལ་ལྡང་ཚད་ལ་ང་ཚོའི་བོད་ཀྱི་ཆོས་དང་རིགས་གཞུང་
ཞེས་རྟག་པར་འབོད་རྒྱུ་དེ་དང་རྒྱ་ནག་ལ་གྱོད་རྩ་གཙོ་བོ་གཟུང་རྒྱུ་དེ་རེད་དེ་ནི་ཁ་བརྡ་ག་ཚོད་བྱས་ང་
ཚོའི་ཆོས་དང་རིགས་གཞུང་ལ་ཕན་ཐོག་ཆེར་སྙམ། དེ་ཡིན་ཡང་ཁ་བརྡ་ཚང་གི་དེ་ལྟར་
འདོད་གི་མི་འདུག་གང་ཡིན་ཟེར་ན་དེའི་སྐོར་གཏོག་ཙམ་གླེང་ན་ལམ་སེང་དྲྭ་རྒྱ་སྒོ་རྒྱབ་ཀྱི་འདུག་སྤྱིར་ཡིན་ན་མི་རིགས་སུ་ཡིན་རུང་སོ་སོའི་རིགས་གཞུང་དྲི་མ་མེད་པ་ཞིག་མིག་ལམ་དུ་
གྱུར་རྒྱུ་བྱུང་ན་འཛམ་གླིང་ཐོག་ངོམས་སོ་བསྐྱོན་ཆོག་པ་ཞིག་རེད། ང་ཚོ་བོད་མི་ཚོ་དེ་འདྲ་
མིན་པ་ཚེ་སྔ་མའི་ཚོགས་ངན་རང་རེད་ང་ཚོ་བོད་པ་ཚོ་རང་གི་མགོ་ལ་རང་གི་གཡོགས་
པའི་ཞྭ་མོ་དགུ་བརྩེགས་དེ་བོན་པོ་ཚང་གིས་འཕུད་ཅི་ཐུབ་བྱས་ཀྱང་ད་དུང་གྱོན་ཅི་ཐུབ་བྱས་པ་ཡིན་ན་རིགས་གཞུང་དྲི་མ་མེད་པ་ཞིག་ག་དུས་མཐོང་ངམ? དྲི་བ་དེ་ཁ་བརྡ་ཚང་ལ་དྲིས་པ་ཡིན།
ངའི་མཐོང་སྣང་ལ་དེང་སང་གི་བོན་དང་། བན་དེའི་ཆོས་ལུགས་ལ་ཁྱད་པར་ཆེས་མ་མཐོང་། གཅིག་ན་ཞིབ་པར་འདྲིས་མེད་པའི་རྐྱེན་གྱིས་ཡིན་སྲིད། ཡང་ན། བན་བོན་གཉིས་ལོ་ངོ་བརྒྱ་ཕྲག་མང་པོ་ཡུལ་གཅིག་ཏུ་གནས་པའི་ཡུལ་དབང་གིས་གཅིག་གི་ཤན་གཅིག་ལ་ཞུགས་ཏེ། མིང་ཙམ་མ་གཏོགས་དོན་ལ་གཅིག་ཏུ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་གྱུར། དེས་ན། བན་བོན་ཆོས་ལུགས་ལ་བོད་ཀྱི་ཆོས་ལུགས་ཞེས་གཅིག་ཏུ་རྒྱལ་བ་རིན་པོ་ཆེས་མཛད་པ་བཞིན་དུ་བསྐྱང་དགོས་སོ།།
སྨན་མོ་མཚོ་ལགས་ཐུགས་རྗེ་ཆེ
བན་རྒན་ཀླད་རྙིང་ཅན་ཚོ་ལ་ངོ་སྤྲོད་མང་པོ་ཅིག་གནང་རོགས་ཞུ
རྒན་ལ་དྭགས་ལེགས། ཉིད་དེང་དུས་ལ་དྭགས་རང་ན་བཞུགས་སམ།
སྨན་མོ་མཚོ། ཁྱེད་གང་དུ་བཞུགས་ང་གཅིག་མཇལ་འདོད་འདུག ཁྱེད་གཅིག་མཆན་ལ་གཟིགས་དང་དེ་འདྲ་ངར་ངར་བྱས་མདོག་ལ་བསམ་ན་གདོང་པ་དམར་རྐྱང་ཆགས་ཡོད་ངེས་རེད། ངས་བཤད་པའི་སྐད་ཆ་བདེན་པ་ཡིན་པའི་དཔང་པོ་ཁྱེད་རང་གི་གནང་འདུག བན་སྡེ་ལ་སྐྱོན་བརྗོད་བྱེད་སྟངས་ལ་གཟིགས་དང་། ཆོས་དང་རྒྱལ་རབས་ཐམས་ཅད་རྫུན་པ་ཡིན་ཚུལ། བཀའ་དང་བསྟན་བཅོས་ལ་ཁུངས་མེད་ཚུལ། མེས་དབོན་རྣམ་གསུམ་རྒྱལ་ཁབ་ཚོང་མཁན་དང་ལག་དམར་ཡིན་ཚུལ་སོགས་སྡུག་པ་རང་གིས་ལབ་ཐུབ་ཚད་ལབ་འདུག ད་དུང་ལབ་དགོས་ན་སྐྱག་པ་བཟོ། ཕ་རོ་ཟོ་ཟེར་ན་མ་གཏོགས་ལྷག་ཡོད་ས་མེད། ཡིན་ནའང་ང་ཚོ་བན་སྡེ་ཚོ་ནི་ལུང་རིགས་ཀྱི་ཤག་བཀྱེ་བ་ལས་དམོད་བོར་རྒྱུ་ལ་གོམས་གཤིས་དེ་འདྲ་མེད་ཙང་ད་རེས་དམོད་བོར་གྱིན་མིན་ལ་ངར་གྱི་ཡང་མིན།
མཆན་ཨང་༡༥་འཇམ་དབྱངས་མིང་ཅན་གྱིས་ “སྔོན་མར་བོན་པོ་ཚོ་མི་གྲལ་དུ་ཚུད་ཀྱི་མེད་པར་”བཤད་སོང་། བཤད་ཚུལ་འདི་ལ་གོ་བ་གཉིས་བླང་ན་ཆོག་པར་སྙམ། བོན་པོ་ཚོ་སྔོན་དུས་ན་དག་པའི་ལྷ་ཆོས་ཀྱི་ཐོག་ནས་བཤད་ན་གཡུང་དྲུང་བོན་ལ་ཉམས་ལེན་ཚུལ་བཞིན་བསྐྱངས་པས་ལུས་ཤ་ཁྲག་གི་ཕུང་ཁམས་ས་ལ་མ་རེག་པར་འཇའ་འོད་དུ་བསྒྱུར་ཅིང་སེམས་ཚུལ་མིན་རྟོག་ཚོགས་ཀྱི་འཆིང་རྒྱའི་སྒོ་བརྒྱ་ལས་གྲོལ་ཏེ་དགྲ་གཉེན་སོགས་གཉིས་མེད་མཉམ་པར་གཟིགས་པའི་ཟག་མེད་ཡེ་ཤེས་ཀྱི་ཕུང་པོའི་རྒྱལ་ས་ཟིན་པས ཀྱང་“གནམ་གྱི་ཁྲི་བདུན་རྨུ་ཐག་གི་ཐེམ་སྐས་ལས་དགུང་དུ་གཤེགས་”ཞེས་པའི་གཏན་ཚིགས་དེ་ནི་བན་བོན་གཉིས་ཀའི་ལོ་རྒྱུས་ཀྱི་ཡིག་ཚང་ཁག་ཏུ་བརྗིད་ཉམས་ངང་གསོན་པོར་གནས་ཡོད། དེས་ཀྱང་མ་ཟད་དེ་དག་ཏུ་ “རྒྱལ་གྱི་གོང་ན་བོན་གཉན་’’ཞེས་པའི་གཏན་ཚིགས་ཡང་བྱུང་བ་གསལ་ཡོད་ལ། དེས་ན་ཁྱོད་ཀྱིས་ “བོན་པོ་ཚོ་སྔར་མི་གྲལ་ན་ཚུད་ཀྱི་མེད་” ཅེས་པ་དེའང་དེ་ལྟའི་གནས་ཚུལ་སྤྱི་མང་ཕལ་ལས་ཁྱད་པར་ཅན་དུ་གྱུར་ཚུལ་འདི་ལ་ཟེར་བ་ཡིན་ན་བདེན་པར་ངེས་སོ།
རྣམ་པ་གཞན་ཞིག་ཏུའང་བཤད་ཚུལ་དེ་ཉིད་བར་སྐབས་ཤིག་ཏུ་གསར་བརྗེ་དང་རིག་གསར་ལ་དགའ་བའི་རྒྱལ་བློན་འགའ་ཡི་རང་སྐྱོན་དང་ཕྱིའི་ཇུས་ངན་གྱི་གཞན་སྐྱོན་གཉིས་ཀྱི་གདུག་རྩུབ་ཀྱིས་རང་མི་རིགས་དང་དེའི་རྗེ་བོ་ཆོས་དང་རིག་གཞུང་ཚང་མའི་འགོ་ཁུངས་གཞན་ན་འཚོལ་ཐབས་ཀྱི་བྱ་འགུལ་དེ་ནི་རང་གི་གསར་བཏོད་བྱས་རྗེས་སུ་བརྫུས་ཏེ། གཞན་ལ་་དབང་བསྒྱུར་གྱི་དགོས་མཁོའི་ཁེ་ཕན་ལ་དམིགས་ཏེ། སྔར་མེས་པོ་དམ་པ་རྣམས་ཀྱིས་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ལྟར་གནང་བའི་མཛད་རྗེས་རྨད་པོ་ཆེ་ལ་སྲི་ཞུ་རང་གནས་སུ་བྱས་པའི་བོན་པོའམ་བོད་པ་དག་ལ་བསད་མནར་སྤྱུགས་གསུམ་གྱི་བྱ་འགུལ་དེས་ལོ་རབས་དུ་མར་ངན་སྨྲས་ཁྱད་བསད་ཀྱི་འཕྲང་རིང་དུ་བརྫངས་ཏེ།
རྒྱལ་བློན་དེ་ལྟའི་མངའ་འབངས་ཀྱི་མི་གྲལ་ནས་ཕུད་ཡོད་པ་དེ་ནི་དོན་དངོས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པས་དཔྱོད་ལྡན་པ་དག་གིས་ཤེས་གསལ་ཡིན་ལ་ཁྱོད་ཀྱིས་དེ་ལྟའི་ཁྲག་དྲི་བྲོ་བའི་གནས་ཚུལ་སྐྱི་གཡའ་བ་དེ་ལ་ཟེར་ན་བོན་པོ་ཚོར་སྙིང་རླུང་སློང་བའམ་རྗེས་དྲན་གསལ་འདེབས་ཤིག་བྱས་པ་མིན་ནམ་འོན་ཀྱང་དེ་ཉིད་བདེན་དོན་ཡིན་པས་གླེང་སློང་ལོས་ཀྱང་ཆོག
དེ་ལྟར་ནའང་ང་ཚོའི་མེས་པོས་སྤྱིར་འགྲོ་བའི་དགོས་མཁོ་དང་ཡང་སྒོས་སུ་གངས་ཅན་ཕྱི་རབས་པ་དག་གི་ཆེད་དུ་ཆོས་དང་རིག་གཞུང་སྣ་མང་གྱ་ནོམ་པ་གཞན་འདྲིང་མི་འཇོག་པ་ཤུལ་བཞག་ཏུ་གནང་བ་རྣམས་ནག་བསུབ་ཏུ་བཏང་སྟེ། དེ་སྔོན་ཡུལ་ནི་མུན་ཁམས། མི་རིགས་ནི་ཀླ་ཀློ་ཤེས་མེད་ལྟར། རང་མི་རིགས་དང་དེའི་ཐུན་མིན་རིག་གཞུང་རིན་ཐང་གིས་ཕྱུག་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ནག་ཐིག་གམ་གས་བསུབ་ནོག་ཏུ་མེད་པ་ཞིག་བཏང་བ་དེ་ལ་ང་ཚོ་བོན་པོ་ཙམ་མ་ཟད་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་ཡོངས་ཀྱིས་ཀྱང་དོ་སྣང་ཆེན་པོ་གནང་གལ་ཆེ་ལ།
གཞན་ཡང་བདེན་དོན་ལ་སྙེག་པའི་འཛམ་གླིང་མི་རིགས་ཁག་གི་དཔྱོད་ལྡན་པ་དག་གིས་ཀྱང་གཟིགས་དཔྱད་གནང་བཞིན་ཡོད་པས་བདེན་མཐའ་གསལ་བའི་སྐྱ་རེངས་ཤིག་ཤར་ངེས། དེང་གི་ཆར་འཛམ་གླིང་མི་རིགས་རྣམས་ཀྱི་བདེན་དོན་ལ་ཕྱོགས་ཏེ་ལོ་རྒྱུས་དང་རིག་གཞུང་རྙིང་པ་རྣམས་འཚོལ་སྡུད་དང་གཅེས་ཉར་བདག་གིར་བྱེད་པའི་སྒང་ན་ང་ཚོས་ཀྱང་གངས་རིའི་ཕྱི་ནང་གང་སར་རང་ནུས་གང་བཏུབ་ཀྱིས་དཔྱོད་ལྡན་པ་བསྐྱེད་སྲིང་བགྱི་སྟེ་དེ་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་མདུན་སྐྱོད་བྱེད་བཞིན་པ་འདི་ནི་འཇོན་ཐང་དང་སློབ་སྦྱོང་ལས་བྱུང་བའི་དཔའ་ངར་གྱི་རྒྱལ་ཁའི་ལེའུ་གསར་པ་ཞིག་ཡིན་ངེས།
བོད་ལ་ཞེན་ཟེར་བ་དེས་བཤད་པ། ང་ཚོ་བན་སྡེ་ཚོ་ནི་ལུང་རིགས་ཀྱི་ཤག་བཀྱེ་བ་ལས་དམོད་བོར་རྒྱུ་ལ་གོམས་གཤིས་དེ་འདྲ་མེད་ཙང་ད་རེས་དམོད་བོར་གྱིན་མིན་ལ་ངར་གྱི་ཡང་མིན། ཧཧཧཧཧཧཧཧཧཧཧཧཧཧཧ དམོད་བོར་རྒྱུའི་གོམས་གཤིས་མེད་རབས་ཀྱི་ཁ་ཕོ་ཤོད་པ་འདི་ནི་ངོ་མ་བྱི་ལས་ཕྱི་ས་བཀུང་བ་ཇི་བཞིན་རེད་དོ། །
བོན་ཆོས་མེད་ན་བན་ཆོས་དར་ཐབས་མེད། །
བན་ཆོས་མེད་ན་བོན་ཆོས་རྒྱས་ཐབས་མེད། །
གཅིག་ལ་གཅིག་རྟེན་བན་བོན་ལྟོས་གྲུབ་ཀྱིས། །
བན་བོན་དམ་ཚིག་འོ་ཆུ་འདྲེས་ལ་རེམས། །
བོད་ལ་ཞེན་
ཁྱེད་ཉིད་ལ་ལུང་དང་རིག་པ་ལོ་རྒྱུས་སོགས་ཀྱི་ལམ་ནས་བདེན་པའི་ཚིག་རྐང་གཅིག་གི་མཚན་གཞི་རེ་སྒྲོགས་རྒྱུ་ཡོད་ན་སྒྲོགས་དང་གོ་སྐབས་འདིའི་རྒྱུད་ནས་ཁྱེད་ཉིད་ཕྱོག་ཞེན་སྒྲོ་འདོགས་དག་སྨན་མོ་མཚོ་གཙོས་པའི་བོན་གྱི་དྲྭ་གྲོགས་སྟག་སིང་རྣམས་ཀྱིས་གཅོད་ངེས་རེད་་་་་་་་་་་་་་་་་་་་་་་
གཞན་ཁྱོད་རང་་དུག་ལྔའི་དབང་གིས་ཕྱོག་ཞེན་དང་འཁྱལ་གཏམ་སྐྱག་པ་ཟོ། ཕ་རོ་ཟོ་སོགས་བཤད་པ་ནི་འདི་ཕྱི་གང་ལ་དགོས་པ་ཡོད་དམ་ཧཧཧཧཧཧ
གླིང་སྨྱོན་ལགས། མཆན་བུ་ཀློག་ཤེས་མི་འདུག ངས་ཕ་རོ་ཟོ། སྐྱག་པ་ཟོ་ལབ་རྒྱུ་མ་བྱུང་། ངས་ཁོ་ཚོས་ངན་པ་ཡོད་ཚད་ལབ་ཚར་འདུག ད་དེ་གཉིས་མ་གཏོགས་ཁོང་ཚོ་ལ་ངན་པ་ལབ་རྒྱུ་ལྷག་ཡོད་མ་རེད།
བན་བོན་རྩོད་ནས་བོད་པའི་ནང་དམེ་འཁྲུངས།།
བན་བོན་ངར་ནས་བོད་ཁམས་ཀི་སྒྲས་བརྒྱངས།།
བན་བོན་འཐབ་ནས་གཉིས་ཀའི་བསྟན་པ་ཉམས།
བན་བོན་འཁོན་པས་རྒྱ་མིར་ཉི་མ་ཤར།།
བན་བོན་འགྱོད་ཀྱང་གུང་བྲན་མུན་པས་བཏུམས།།
བན་བོན་འཛིངས་ཀྱང་རང་སའི་སྦར་མཐིལ་མེད།།
བན་བོན་རྫིག་ཀྱང་སྐྱབས་བཅོལ་ངོ་བོར་གནས།།
བན་བོན་འབར་ཡང་གཞན་ཡུལ་བཀང་ཙམ་ཉིད།།
བཀུར་འོས་མཁྱེན་ཡངས་ཁ་བརྡ་དྲྭ་བའི་དོ་དམ་པ་རྣམ་པར་ཞུ་རྒྱུར། ཁོ་བོས་མཆན་བུར་བཏང་ནས་ཆུ་ཚོད་མང་པོར་ཕྱིན་ཡང་ད་དུང་དྲྭ་ཐོག་ཏུ་བཏང་གནང་མི་འདུག་པས། གང་མགྱོགས་དག་མཆན་ཐོབ་པའི་རེ་བ་ཆེ།
བོན་ཞེས་གོ་དུས་ལྟས་ངན་འུག་པའི་ངོར།
འོད་སྟོང་འབར་བའི་ཉི་མ་ཤར་བ་བཞིན།
མིག་ལ་མི་བཟོད་སེམས་ལ་མི་ཤོང་བའི།
སྣང་ཚུལ་འདི་དག་འཁྲུགས་པའི་གཞི་མའོ།
བོད་སློབ་ནང་དུ་དགེ་རྒན་ཆེ་གེ་མོས།
བོན་ཞེས་ཤོད་དུས་མཐོང་ཆུང་ཁྱད་གསོད་དང།
དེར་ཡོད་བོན་ཕྲུག་དག་ལ་ངོ་ཚའི་བཞིན།
ལོག་གེར་བཟོ་བ་བན་བོན་འཁྲུགས་པའི་གཞི།
བྱང་དང་ནུབ་ཕྱོགས་ཨ་རི་ལས་སོགས་སོགས་སུ།
བོད་ཀྱི་བླ་མས་བོན་ཞེས་དམོད་པའི་གྲངས།
རྩིས་ན་ཤོག་ངོ་སྟོང་ཕྲག་ལོང་པའི་གཏམ།
འདི་དག་བན་བོན་འཁྲུགས་པའི་གཞི་མ་ཡིན།
ངོ་ཐོག་ཁ་ཞེ་གཉིས་མེད་མི་རིགས་གཅིག་བསྒྲིལ་འབྱུང་དགོས་ན།
ངོ་ལྐོག་རྒྱབ་མདུན་མེད་པར་གཅིག་གིས་གཅིག་ལ་བསྟོད་བསྔགས་གྱིས།
དེ་མིན་འདུ་འཛོམས་ཆེ་སར་ཞི་ལའི་ངག་བཞིན་འཇམ་ན་ཡང།
ལྐོག་ལྐོག་སུད་སུད་བྱས་ཏེ་བོན་ལ་དམའ་འབེབས་འབད་འདི་སྐྱོ།
སྔར་གྱི་བན་བོན་མཁོན་འཛིན་མེད་དགོས་ན།
བན་དེའི་ལོ་རྒྱུས་རྣམས་སུ་བོན་གྱི་སྐོར།
བརྡོལ་བོན་བསྒྱུར་བོན་འཁྱར་བོན་ལས་སོགས་ཀྱིས།
བོན་དམོད་གཏམ་རྣམས་ཐ་རམས་རྒྱ་ཡིས་ཐོབ།
དྲ་གྲོགས་བོད་ལ་ཞེན་ལགས་‘‘ང་ཚོ་བན་སྡེ་ཚོ་ནི་ལུང་རིགས་ཀྱི་ཤག་བཀྱེ་བ་ལས་དམོད་བོར་རྒྱུ་ལ་གོམས་གཤིས་མེད་’’ཅེས་ཞལ་རྫུན་དེ་འདྲ་མ་གསུངས་རོགས། ཆོ་ཀོ་དབང་པོ་ངག་དབང་གྲགས་པས་འཇིགས་བྱེད་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་དམོད་པ་བོར་བས་བོན་པོ་མང་པོ་བསད་པའི་གོམས་གཤིས་དེ་ཁྱེད་ཚོ་ལ་ལོས་ཡོད། ད་དུང་རྭ་ལོ་རྡོ་གྲགས་ཀྱིས་གཉན་ལོ་ཙྭ་བ་སོགས་རང་མཉམ་གྱི་ལོ་ཙྭ་བ་བཅུ་གསུམ་དང་། མར་པའི་སྲས་དར་མ་མདོ་སྡེ་སོགས་ས་ཐོབ་སེམས་དཔའ་བཅུ་དྲུག་དམོད་པས་བསད་པའི་གོམས་གཤིས་དེ་ཡང་ཁྱེད་ཚོ་ཡོད་པས་དེ་ལས་ལྷག་ད་དུང་ཅི་ཞིག་ཡོད་དགོས།། འོན་ཀྱང་‘‘ད་རེས་དམོད་བོར་གྱིན་མིན་ལ་ངར་གྱི་ཡང་མིན་’’ཟེར་བ་དེ་འདི་ནས་ཁྱེད་ཚོས་ཚོད་ཟིན་པར་བརྩི་ཐབས་མེད་ཀྱང་། བདེན་པས་དབུལ་བའི་ས་རུ་དལ་ཅག་གེར་བཞག་ན་ཡང་གནས་སྐབས་མི་འགྲིག་རྒྱུ་ཅི་ཡང་མེད།
མ་གཞི་ནས་ངས་ཐུབ་བསྟན་པ་ལ་རྒྱལ་རབས་ལོ་རྒྱུས་རྫུན་མ་ཡོད་ཚུལ་བཤད་པ་ཙམ་ལས་‘‘ཆོས་དང་རྒྱལ་རབས་ཐམས་ཅད་རྫུན་མ་དང་། བཀའ་དང་བསྟན་བཅོས་ལ་ཁུངས་མེད་’’ཅེས་ག་བ་བཤད་འདུག འོན་ཀྱང་‘‘མེས་དབོན་རྣམ་གསུམ་རྒྱལ་ཁབ་ཚོང་མཁན་དང་ལག་དམར་ཡིན་པ་’’དེ་ལོ་རྒྱུས་ཀྱི་དེབ་ཐར་ནང་གསལ་ཐིང་ངེར་ཡོད་པས་ང་ཚོས་འདི་ནས་ད་དུང་ཁྱེད་ཚོའི་འཇིགས་སྐུལ་ལ་ཞེད་ནས་མགྲིན་པའི་གསང་རྒྱར་འདེབས་དགོས་དོན་མི་འདུག་སྙམ།
གཉིས་པ་གལ་སྲིད་ཁྱེད་རང་གིས་ང་གངས་རིའི་བུ་མོ་སྨན་མོ་མཚོ་ཐུག་འདོད་ན་སྟོབས་ལྡན་ཨ་རིའི་རྒྱལ་ཁབ་ལ་འགྲོ་རྒྱུའི་ལག་འཁྱེར་རགས་ཐབས་བྱོས། དེ་མིན་རྨི་ལམ་བརྒྱ་ཚར་གྱི་ཀློང་ནས་ང་ལ་སྡང་ཟུག་བྱ་བཞིན་སྡོད་ཅིག མཇུག་ཏུ་རེ་ཞུ་ཞིག་ལ་ངར་མིན་དམོད་ཁྱེད་རང་ཚོའི་འདོད་པ་རེད། ཡིན་ན་དེ་རིང་གི་གཏམ་ལ་གཏམ་ལན་མེད་ན་སླད་ཕྱིན་དོན་མེད་ཀྱི་སྐད་ངན་འཆོར་མ་ཡོང་རོགས།
དགོངས་དག་་་་་་ངར་མིན་དམོད་མིན་་་་་ཞེས་བཅོས་རོགས།
མཆན་ཨང་༡༥་འཇམ་་དབྱངས་མིང་ཅན་གྱིས་ “སྔོན་མར་བོན་པོ་ཚོ་མི་གྲལ་དུ་ཚུད་ཀྱི་མེད་པར་”བཤད་སོང་། བཤད་ཚུལ་འདི་ལ་གོ་བ་གཉིས་བླང་ན་ཆོག་པར་སྙམ། བོན་པོ་ཚོ་སྔོན་དུས་ན་དག་པའི་ལྷ་ཆོས་ཀྱི་ཐོག་ནས་བཤད་ན་གཡུང་དྲུང་བོན་ལ་ཉམས་ལེན་ཚུལ་བཞིན་བསྐྱངས་པས་ལུས་ཤ་ཁྲག་གི་ཕུང་ཁམས་ས་ལ་མ་རེག་པར་འཇའ་འོད་དུ་བསྒྱུར་ཅིང་སེམས་ཚུལ་མིན་རྟོག་ཚོགས་ཀྱི་འཆིང་རྒྱའི་སྒོ་བརྒྱ་ལས་གྲོལ་ཏེ་དགྲ་གཉེན་སོགས་གཉིས་མེད་མཉམ་པར་གཟིགས་པའི་ཟག་མེད་ཡེ་ཤེས་ཀྱི་ཕུང་པོའི་རྒྱལ་ས་ཟིན་པས་ཀྱང་ “གནམ་གྱི་ཁྲི་བདུན་རྨུ་ཐག་གི་ཐེམ་སྐས་ལས་དགུང་དུ་གཤེགས་”ཞེས་པའི་གཏན་ཚིགས་དེ་ནི་བན་བོན་གཉིས་ཀའི་ལོ་རྒྱུས་ཀྱི་ཡིག་ཚང་ཁག་ཏུ་བརྗིད་ཉམས་ངང་གསོན་པོར་གནས་ཡོད། དེས་ཀྱང་མ་ཟད་དེ་དག་ཏུ་ “རྒྱལ་གྱི་གོང་ན་བོན་གཉན་’’ཞེས་པའི་གཏན་ཚིགས་ཡང་བྱུང་བ་གསལ་ཡོད་ལ། དེས་ན་ཁྱོད་ཀྱིས་ “བོན་པོ་ཚོ་སྔར་མི་གྲལ་ན་ཚུད་ཀྱི་མེད་” ཅེས་པ་དེའང་དེ་ལྟའི་གནས་ཚུལ་སྤྱི་མང་ཕལ་ལས་ཁྱད་པར་ཅན་དུ་གྱུར་ཚུལ་འདི་ལ་ཟེར་བ་ཡིན་ན་བདེན་པར་ངེས་སོ།
རྣམ་པ་གཞན་ཞིག་ཏུའང་བཤད་ཚུལ་དེ་ཉིད་བར་སྐབས་ཤིག་ཏུ་གསར་བརྗེ་དང་རིག་གསར་ལ་དགའ་བའི་རྒྱལ་བློན་འགའ་ཡི་རང་སྐྱོན་དང་ཕྱིའི་ཇུས་ངན་གྱི་གཞན་སྐྱོན་གཉིས་ཀྱི་གདུག་རྩུབ་ཀྱིས་རང་མི་རིགས་དང་དེའི་རྗེ་བོ་ཆོས་དང་རིག་གཞུང་ཚང་མའི་འགོ་ཁུངས་གཞན་ན་འཚོལ་ཐབས་ཀྱི་བྱ་འགུལ་དེ་ནི་རང་གི་གསར་བཏོད་བྱས་རྗེས་སུ་བརྫུས་ཏེ། གཞན་ལ་་དབང་བསྒྱུར་གྱི་དགོས་མཁོའི་ཁེ་ཕན་ལ་དམིགས་ཏེ། སྔར་མེས་པོ་དམ་པ་རྣམས་ཀྱིས་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ལྟར་གནང་བའི་མཛད་རྗེས་རྨད་པོ་ཆེ་ལ་སྲི་ཞུ་རང་གནས་སུ་བྱས་པའི་བོན་པོའམ་བོད་པ་དག་ལ་བསད་མནར་སྤྱུགས་གསུམ་གྱི་བྱ་འགུལ་དེས་ལོ་རབས་དུ་མར་ངན་སྨྲས་ཁྱད་བསད་ཀྱི་འཕྲང་རིང་དུ་བརྫངས་ཏེ།
རྒྱལ་བློན་དེ་ལྟའི་མངའ་འབངས་ཀྱི་མི་གྲལ་ནས་ཕུད་ཡོད་པ་དེ་ནི་དོན་དངོས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པས་དཔྱོད་ལྡན་པ་དག་གིས་ཤེས་གསལ་ཡིན་ལ་ཁྱོད་ཀྱིས་དེ་ལྟའི་ཁྲག་དྲི་བྲོ་བའི་གནས་ཚུལ་སྐྱི་གཡའ་བ་དེ་ལ་ཟེར་ན་བོན་པོ་ཚོར་སྙིང་རླུང་སློང་བའམ་རྗེས་དྲན་གསལ་འདེབས་ཤིག་བྱས་པ་མིན་ནམ་འོན་ཀྱང་དེ་ཉིད་བདེན་དོན་ཡིན་པས་གླེང་སློང་ལོས་ཀྱང་ཆོག
དེ་ལྟར་ནའང་ང་ཚོའི་མེས་པོས་སྤྱིར་འགྲོ་བའི་དགོས་མཁོ་དང་ཡང་སྒོས་སུ་གངས་ཅན་ཕྱི་རབས་པ་དག་གི་ཆེད་དུ་ཆོས་དང་རིག་གཞུང་སྣ་མང་གྱ་ནོམ་པ་གཞན་འདྲིང་མི་འཇོག་པ་ཤུལ་བཞག་ཏུ་གནང་བ་རྣམས་ནག་བསུབ་ཏུ་བཏང་སྟེ། དེ་སྔོན་ཡུལ་ནི་མུན་ཁམས། མི་རིགས་ནི་ཀླ་ཀློ་ཤེས་མེད་ལྟར། རང་མི་རིགས་དང་དེའི་ཐུན་མིན་རིག་གཞུང་རིན་ཐང་གིས་ཕྱུག་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ནག་ཐིག་གམ་གས་བསུབ་ནོག་ཏུ་མེད་པ་ཞིག་བཏང་བ་དེ་ལ་ང་ཚོ་བོན་པོ་ཙམ་མ་ཟད་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་ཡོངས་ཀྱིས་ཀྱང་དོ་སྣང་ཆེན་པོ་གནང་གལ་ཆེ་ལ།
གཞན་ཡང་བདེན་དོན་ལ་སྙེག་པའི་འཛམ་གླིང་མི་རིགས་ཁག་གི་དཔྱོད་ལྡན་པ་དག་གིས་ཀྱང་གཟིགས་དཔྱད་གནང་བཞིན་ཡོད་པས་བདེན་མཐའ་གསལ་བའི་སྐྱ་རེངས་ཤིག་ཤར་ངེས། དེང་གི་ཆར་འཛམ་གླིང་མི་རིགས་རྣམས་ཀྱི་བདེན་དོན་ལ་ཕྱོགས་ཏེ་ལོ་རྒྱུས་དང་རིག་གཞུང་རྙིང་པ་རྣམས་འཚོལ་སྡུད་དང་གཅེས་ཉར་བདག་གིར་བྱེད་པའི་སྒང་ན་ང་ཚོས་ཀྱང་གངས་རིའི་ཕྱི་ནང་གང་སར་རང་ནུས་གང་བཏུབ་ཀྱིས་དཔྱོད་ལྡན་པ་བསྐྱེད་སྲིང་བགྱི་སྟེ་དེ་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་མདུན་སྐྱོད་བྱེད་བཞིན་པ་འདི་ནི་འཇོན་ཐང་དང་སློབ་སྦྱོང་ལས་བྱུང་བའི་དཔའ་ངར་གྱི་རྒྱལ་ཁའི་ལེའུ་གསར་པ་ཞིག་ཡིན་ངེས།
བཀུར་འོས་དྲྭ་བའི་དོན་དམ་པ་ཚོ་ཞུ་རྒྱུར། མཆན་བུ་བསྐུར་ཐེངས་གཉིས་པ་འདི་ཉིད་ཅི་ནས་ཀྱང་དག་མཆན་ཐོབ་སྟེ་འགོད་གནང་ཡོང་བར་མཁྱེན།
བན་བོན་འཁྲུག་རྩོད་ལ་ལྟ་འདོད་ཡོད་རིགས་འདིར་ལ་ཕེབས་དང་།
བོད་ལ་ཞེན་
བདག་གི་མཆན་དེ་ཀློག་ཤེས་མི་འདུག་ཞེས་པ་དེ་ནི་བདེན་པ་ཡིན་ཚོད་རེད་
བདག་གིས་ཁྱེད་ཀྱིས་སྤྱན་ལམ་དུ་ཕུལ་བའི་བོན་གྱི་དྲྭ་གྲོགས་དག་དང་ལུང་རིག་སོགས་ཀྱི་ལམ་ནས་བགྲོ་གླེང་གནང་རོགས་ཞུས་པ་དེ་དག་ལ་་་་་་་ཁྱོད་ཀྱིས་ཀློག་མ་ཤེས་པ་ཡིན་ནམ་ལན་མེད་ཀླུགས་པ་དུ་གྱུར་པ་ཡིན་ཧཧཧཧ་་་་ངན་པ་ཡོད་ཚད་ཀྱི་ནང་ཕ་རོ་ཟོ། སྐྱག་པ་ཟོ་སོགས་ལབ་རྒྱུ་ལྟ་བུ་ལས་ངན་པ་ལབ་རྒྱུ་ལྷག་མེད་དུས་ཁུང་མེད་དེ་འདྲ་ཡིན་ན་གོང་གི་དྲི་བ་དག་ལ་དུས་རབ་མཐུན་པའི་ལན་རེ་གནང་དང་བོན་གྱི་དྲྭ་གྲོགས་དག་གིས་ལན་ལ་ཉན་ནས་བཞུགས་ཚོད་རེད་།