འཇམ་གཅེས།
སྤྱིར་བཏང་དེང་གི་དུས་སུ་འཛམ་གླིང་འདིར་དྲྭ་ལམ་ཡར་རྒྱས་ཕྱིན་པ་དང་སྟབས་བསྟུན་ནས་བོད་མི་རྣམས་ཀྱིས་ཀྱང་བཟང་ངན་ཅི་རིག་པ་དང་། གནད་དོན་ཅི་རིག་པའི་ཐོག་ནས་ལེགས་ཉེས་སྣ་ཚོགས་པའི་ཕྱིར་དུ་དྲྭ་ལམ་ལ་འཚང་བཞིན་ཡོད་ལ། དེ་བཞིན་དུ་ཤེས་ཡོན་དང་ཀུན་སྤྱོད། མི་བུ་སོ་སོའི་ལྟ་བ་དང་ལངས་ཕྱོགས། སྤྱི་དོན་དང་སྒེར་དོན། གཞན་ཡང་ཆོས་ལུགས་དང་ཆོལ་ཁ། ཆབ་དཔལ་རིག་གསུམ་སོགས། མདོར་ན་མི་བུ་སོ་སོའི་མོས་བློ་དང་མཐུན་པའི་གནས་ཚུལ་སྤེལ་བཞིན་པ་ལྟར། གུས་རང་ཉིད་ཀྱང་དེ་དག་གི་ནང་དུ་ཚུད་ལོས་ཡོད། །
རྒྱུ་མཚན་དེའི་ཕྱིར་ན་སླར་ཡང་མི་བུ་ཁ་ཤས་ཀྱིས་ཀུན་སྤྱོད་ཐེར་འདོན་མི་བྱེད་ཀ་མེད་དུ་གྱུར་ཡོད། དེ་ཡང་ཀུན་གྱིས་མཁྱེན་ཆུབ་ལྟར་སྤྱི་ལོ་༢༠༡༤ ཟླ་བ་༡༠ ཚེས་༢༣ ཉིན་རི་བོ་དགེ་ལྡན་པའི་མཁས་གྲུབ་སྨྲ་བའི་ཁྱུ་མཆོག་༸སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ལས་འཕྲོས་ཏེ་དྲྭ་ལམ་ཁག་ཏུའང་གནས་ཚུལ་བདེན་རྫུན་ཅི་རིག་པ་སྤེལ་བཞིན་པ་ལྟར། དཔེ་ན་བྱ་མདོ་སྐལ་རྒྱམ་ཟེར་བ་ནས་ཁ་བརྡ་དྲྭ་ནང་དུ་གཞིར་མེད་རྫུན་བཟོ་ལས་གྲུབ་པའི་རྩོམ་འཆལ་ཞིག་སྤེལ་བའི་ནང་དུ་༸སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་ཐེ་ཝན་དོལ་ཚོགས་ཀྱི་ཆོས་ཚོགས་ནང་དུ་ཕེབས་པའི་རྐྱེན་ལས་༸གོང་ས་མཆོག་གིས་བཀའ་བཀྱོན་གནང་བ་དེ་དག་དྲྭ་ལམ་དུ་སྤེལ་བ་དང་། ད་དུང་ཁོ་པས་བཤད་རྒྱུར། སྔོན་ཆད་ལྡན་མ་བློ་ཆོས་རིན་པོ་ཆེ་ནི་གདན་ས་གསུམ་གྱིས་དབུ་བླ་ལྟ་བུར་གྱུར་ཡོད་ཀྱང་ཕྱིས་སུ་གསུང་ཆོས་ལ་ཡང་བཅར་མི་ཆོག་པ་བྱུང་ཡོད་ཚུལ་བྲིས་འདུག དེ་ལ་ཁོ་བོས་དྲི་བ་ཞིག་དྲིས་པ་ནི་འདི་ལྟར་ཏེ། །
༼བྱ་མདོ་ལ་དྲི་བ། ལྡན་མ་བློ་ཆོས་རིན་པོ་ཆེ་༸གོང་ས་མཆོག་གིས་གསུང་ཆོས་གང་དང་གང་དུ་བཀག་པ་ཡིན་ནམ། ཡུལ་དུས་སོགས་ཁྱོད་ལ་གསལ་ཁ་ཡོད་པའི་རེ་བ་ཡོད། དགའ་ལྡན་ནས་བཀའ་བཀྱོན་གནང་བ་དངོས་ཡོད་རེད། དེའི་རྗེས་ཉིན་བཞི་པར་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་༸གོང་ས་མཆོག་གིས་འཇིགས་བྱེད་བཅུ་གསུམ་མའི་བཀའ་དབང་གནང་བ་རེད་ལ། སྐབས་དེ་དུས་བློ་ཆོས་རིན་པོ་ཆེ་གསུང་ཆོས་ལ་དངོས་སུ་བཅར་ཡོད་པ་ཙམ་དུ་མ་ཟད་བཞུགས་ཁྲིའི་ཉེ་འཁོར་བླ་ཆེན་མི་ཆེན་ཚོ་བཞུགས་གནས་ནས་ཀྱང་༸གོང་ས་མཆོག་དང་ཧ་ཅང་ཐག་ཉེ་སར་བཞུགས་ཡོད་པ་རེད༽ ཞེས་པ་ནི་ངས་ཁོ་ལ་དྲིས་པའི་དྲི་བ་རེད་མོད། བྱ་མདོས་ལན་ནི་འདྲེ་ཤར་སྒོར་དང་གླུད་ནུབ་སྒོར་ཟེར་བ་ལྟར་འདི་རེད། ༼རྩོམ་ཡིག་འདིས་ལྡན་མ་བློ་ཆོས་རིན་པོ་ཆེའི་སློབ་བུ་རྣམས་ལ་ཕོག་ཐུག་ཏུ་འགྲོ་ངེས་ན་དགོངས་སེལ་ཞུ། མ་གཞི་འདི་འབྲི་བའི་སྐབས་སུ་དངོས་ཡོད་ལོ་རྒྱུས་རྐྱང་བཀོད་པ་ལས་བསམ་ཚུལ་གཞན་མེད་པ་གོང་དུ་བཤད་པ་ལྟར་ཡིན། སྤྱིར་ཡིན་ན་གོང་དུ་བཤད་པ་རྣམས་ལ་ཁུངས་སྐྱེལ་བྱེད་རྒྱུའི་གྲྭ་སྒྲིག་ཡོད་ཀྱང་ད་ནི་ཅི་ཡང་སྨྲ་མ་འདོད༽ཟེར།
༼སྐྱར་དུ་གུས་པས་དྲི་བ་གཉིས་པ་ཞིག་ལ། ལ་བཤད་ལུང་བཤད་གང་ཡང་དགོས་པ་མ་རེད། དྲི་བ་གང་དྲིས་པ་དེར་ལན་ཁ་ཐུག་དགོས་པ་ལས། དེ་མིན་བཤད་རྒྱུ་ཕ་བསད་བུ་ལ་ཡོད་པ་རེད། དྲི་བ་ནི། ལྡན་མ་བློ་ཆོས་གསུང་ཆོས་གང་གི་སྐབས་སུ་བཀག་པ་རེད། ཡུལ་དུས་ཚེས་གྲངས་སོགས་གསལ་པོ་དགོས་རྒྱུ་དེ་རྩོམ་པ་པོའི་འོས་འགན་རེད། དེ་མེད་ན་འགན་ཁུར་མི་ནུས་པའི་དཀྲུགས་ཤིང་དང་། སྐྱག་རྫུན་ལས་མ་འདས་པ་རེད།༽
ཡང་བྱ་མདོས་ལན་འདི་འདྲ་རེད། ༼མཆན་བཅུ་བར་གནས་ལུགས་ལྡན་གི ཕྱོགས་ལྷུང་གིས་དབང་དུ་སོང་བའི་མི་ལ་གསལ་བཤད་བྱས་ཀྱང་དགོས་པ་མེད་། ལྷག་པར་ཏུ་ཚིག་ངན་སྤྱོད་མཁན་གྱི་རིགས་ནི་དྲ་འབུ་ཟེར་བ་ཞིག་ཡོད་ན་དེའི་མཚན་ཉིད་ལས་མ་འདས་པས་རེ་ཞིག་རྒོལ་བའི་ཡུལ་དུ་མི་འཛིན། ནམ་ཞིག་ལུས་སེམས་ལྷོད་ལ་བབས་ན་དེའི་དུས་བྱའོ།།༽ ཞེས་ཟེར། །
སྤྱིར་བཏང་བྱས་ན་རྩོམ་པ་པོ་ཞིག་གི་ངོས་ནས་དཔྱད་རྩོམ་དང་། དཔྱད་བརྗོད་གང་ཞིག་སྤེལ་འདོད་ཚེ་བརྗོད་བྱའི་འབྲི་དོན་རེ་རེ་བཞིན་དུ་དོ་བདག་རང་ངོས་ནས་འགན་ཁུར་ནུས་དགོས་པ་དང་། དེའི་ཐོག་ཏུ་དྲང་བདེན་ནི་མ་མཐའི་ཆ་རྐྱེན་ཞིག་དགོས་པ་ཡིན་མོད། མི་བུ་འདི་ཚོས་རིགས་ཀྱི་ནི་དུས་ནམ་ཡང་འགན་ཁུར་དེ་དག་གང་ཡང་མེད་པར། ད་དུང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཤ་ཚ་མདོག་སྟོན་ནས་ཕྱོགས་གང་སར་འུར་སྒྲོགས་བཟོ་བཞིན་པ་ནི་སོ་སོའི་རང་མདོག་འདི་ཡིན་ཟེར་བ་ཙམ་ལས་བཟང་སྤྱོད་དང་དྲང་བདེན་ཅན་ཞིག་ག་ལ་ཡིན།།
མདོར་ན་གཟིགས་མོ་བ་ཀུན་གྱིས་དོ་སྣང་དགོས་པ་ནི། དང་པོར་ངས་བྱ་མདོ་ལ་དྲི་བ་འདོན་པ་ཙམ་ལས་ཚིག་ངན་དང་སྨྲ་འབོད་གང་ཡང་བྱས་མེད་རུང་ཁོས་ཅི་ཞིག་ཤོད་ཀྱིན་འདུག་གམ། དྲི་བ་ལ་ལན་འདེབས་ནུས་མིན་སོགས་ལ་དཔྱད་ཞིབ་གནང་རྒྱུ་དེ་རེད།།
འཕྲོས་དོན་ལྡན་མ་བློ་ཆོས་རིན་པོ་ཆེ་ལ་༸གོང་ས་མཆོག་གིས་བཀའ་བཀྱོན་གནང་བ་དང་། བློ་ཆོས་རིན་པོ་ཆེ་དོལ་རྒྱལ་རྗེས་འབྲངས་པ་ཚོའི་ཆོས་ཚོགས་ནང་དུ་ཕེབས་དོན་ཅི་ཡིན་སྙིང་བསྡུས་ཞིག་ཞུ་ན་འདོད།། དེ་ཡང་སྤྱི་ལོར་༢༠༠༧ ལོར་ཐེ་ཝན་དུ་ཡོད་པའི་ཆོས་ཚོགས་ཁག་བཅུ་གསུམ་དང་། བོད་པའི་སྐུ་ཚབ་དོན་གཅོད་ཁང་བཅས་ནས་གདན་ཞུས་མཉམ་དུ་བྱས་པ་བཞིན་ཁོང་ཉིད་ཀྱང་ཕེབས་ཡོད་པ་རེད་ལ། ཐེ་ཝན་ནས་ཀྱང་ཆོས་ཚོགས་སོ་སོའི་མི་སྣ་དང་ལྷན་དུ་གསེར་ཀོང་སྤྲུལ་སྐུ་གནམ་ཐང་དུ་ཕེབས་བསུ་བཅར་བ་དང་། དེའི་རྗེས་སུ་ཆོས་ཚོགས་ནང་གདན་ཞུས་བྱས་པ་རེད། སྐབས་དེར་ཐེ་ཝན་དོན་གཅོད་ཁང་ནས་རིན་པོ་ཆེ་ལ་ཆོས་ཚོགས་དེའི་སྐོར་གསལ་བཤད་ཞུས་ཡོད་པ་ཡང་དངོས་ཡོད་རེད། །
མཚམས་འདི་ནས་ཤེས་དགོས་པའི་གནད་དོན་གཅིག་ནི། སྐབས་དེ་དུས་གདན་ས་གྲྭ་ཚང་སོ་སོའི་ནང་དུ་དོལ་ཚོགས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་གཅོད་རྒྱུ་ཡིན་པའི་ལས་དོན་ལག་བསྟར་མ་བྱས་པའི་ཡར་སྔོན་དེ་ཡིན། དེའི་རྗེས་སུ་སྤྱི་ལོ་༢༠༠༨ ལོར་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་སྒོ་འབྱེད་སྐབས་སུ་གོང་གསལ་ལས་འགུལ་དེ་བྱུང་བ་ཞིག་རེད།།
ཡིན་ནའང་ལྡན་མ་བློ་ཆོས་རིན་པོ་ཆེ་ནི་རི་བོ་དགེ་ལྡན་པའི་བསྟན་པའི་མངའ་བདག་དགའ་ལྡན་ཁྲི་གདན་ཟུར་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། རྒྱལ་བའི་ཡོངས་འཛིན་མཆོག་སྤྲུལ་རྣམས་གཉིས། ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་རྒྱལ་སྤྲུལ་དང་། ཧོར་ཐོག་ཐུ་སོགས་ཀྱི་མཚན་གནས་ཡོད་པའི་ཀུན་བདེ་གླིང་དང་། ལྕང་སྐྱ་རིན་པོ་ཆེ་དང་། སླེ་ལུང་རིན་པོ་ཆེ། དེ་མོ་རིན་པོ་ཆེ། དེ་བཞིན་བསྙན་བརྒྱུད་མན་ངག་གི་མཛོད་འཛིན་དགའ་ཤར་ཟོང་རིན་པོ་ཆེ། ཨ་ལག་ཡོངས་འཛིན་མཆོག་སྤྲུལ། གདན་ས་ཆེན་པོ་འབྲས་སྤུངས་ཀྱི་ཁྲི་བ་བསྟན་པ་བསྟན་འཛིན་དང་། བློ་བཟང་བསྟན་པ། མདོར་ན་གདན་ས་སེར་འབྲས་དགའ་གསུམ་དང་། རྒྱུད་གྲྭ་སྟོད་སྨད། རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲ་ཚང་སོགས་ཀྱི་མཚོན་པའི་དགེ་ལྡན་པའི་གདན་ས་གྲྭ་ཚང་ཕལ་ཆེ་བ་དག་གི་མཁན་ལས་ཟུར་དང་། རྒྱལ་སྲས་བླ་སྤྲུལ་རྒན་གྲས་ཕལ་མོ་ཆེའི་ནང་དུ་ཁོང་གིས་ཞལ་སློབ་མ་མ་གྱུར་བ་མེད་པ་ལྟ་བུར་གྱུར་ཡོད་ལ། དེ་བཞིན་བོད་གཞིས་བྱེས་གཉིས་དང་། རྒྱལ་བལ་འབྲུག་གསུམ། ཆེན་པོ་ཧོར་གྱི་ཡུལ་གྲུ་གྱི་མཚོན་པའི་འཛམ་གླིང་ཟླུམ་གཟུགས་གོ་ལ་འདིའི་སྒང་དུ་སློབ་མ་འབུམ་ཕྲག་དུ་མ་ཡོད་པ་དེ་དག་གི་ནང་དུ་གསེར་ཀོང་སྤྲུལ་སྐུ་ཡང་ཚུད་ཡོད་པ་ཡིན།།
རྒྱུ་མཚན་དེའི་ཕྱིར། གསེར་ཀོང་ཁྲི་སྤྲུལ་གྱིས་གདན་ཞུས་བྱས་པ་ཡིན་ལ། རིན་པོ་ཆེ་ནས་ཀྱང་ཞལ་བཞེས་གནང་དོན་གཙོ་ནི་དོལ་ཚོགས་ཀྱིས་ངོས་ནས་འཛམ་གླིང་གང་སར་༸གོང་ས་མཆོག་ལ་གཞིར་མེད་སྐྱོན་བརྗོད་དང་། བོད་པའི་བསྟན་སྲིད་སྤྱི་ལ་གནོད་གཞི་ཅན་གྱི་བྱ་སྤྱོད་ཤུགས་ཆེར་སྤེལ་བཞིན་པ་དེ་དག་ཁོང་ཉིད་ཀྱིས་ཆོས་འབྲེལ་གྱི་ལམ་ནས་ཕྱིས་སུ་དེ་ལྟར་མི་ཡོང་བའི་ཕྱིར་དུ་ལྷག་བསམ་རྣམ་གི་ཐོག་ནས་བླང་དོར་ལམ་སྟོན་རེ་གནང་རྒྱུའི་གོ་སྐབས་ལ་ཐུགས་བསམ་བཞེས་ཡོད་ཚུལ་དེ་ཡང་༢༠༡༠ ལོའི་བློ་གླིང་གྲྭ་ཚང་དུ་གསུང་ཆོས་སྐབས་སུ་གསལ་བཤད་གནང་ཡོད།།
སྐབས་དེར་ཁོང་གིས། སྤྱི་ཚོགས་ནང་དུ་སྐད་ཆ་འདྲ་མིན་བཤད་མཁན་ཡོད་མོད། དེ་རིང་འདིར་ཕེབས་པའི་དགེ་འདུན་པ་ཁྱེད་ཚོ་ཐུགས་སེམས་བདེ་པོ་གནང་རོགས། ངས་ངོས་ནས་བཤད་ན་༸རྒྱལ་བ་དོན་གྱི་བདག་པོ་ནི་མདོ་སྔགས་གང་གི་ཐད་ནས་འདི་ཕྱི་གཏན་གྱི་སྐྱབས་གནས་ཡིན་ལ། ཁོང་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་གཅིག་པུར་མཚོན་ན་ཐེངས་བདུན་ཞུས་པ་ཡིན། དེ་མིན་མདོ་སྔགས་གང་གི་ཐད་ནས་བླ་མ་དང་ཡི་དམ་ངོ་བོ་དབྱེར་མེད་པ་སྟེ་སྔགས་ཕྱོགས་ནས་ཞུས་ན་དཔལ་དུས་ཀྱི་འཁོར་ལོར་སྐུ་དངོས་དང་། མདོ་ཕྱོགས་ནས་ཞུས་ན་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་ཡིན། །
སྤྱིར་བཏང་ནས་ཞུས་ན་བླ་མས་སློབ་མ་ལ་བཀའ་བཀྱོན་གནང་བ་ནི་ཐུགས་བརྩེ་བའི་ངང་ནས་ཡིན་དུས་རང་ཉིད་ཀྱི་རྐྱེན་ངན་བར་ཆད་དང་། སྡིག་སྒྲིག་དག་པ་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན། དཔེར་ན། མི་ལ་དང་མར་པ་ལོ་ཙཱ་བ་སོགས་སྔོན་གྱི་སྐྱེས་ཆེན་དམ་པ་ཚོས་རྣམ་ཐར་ལ་གཟིགས་ན་ཤེས་ནུས། ང་ལ་མཚོན་ན་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ། ལི་ཐང་ཤོག་དྲུག་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོས་སྐུ་ཚེ་ལ་བར་ཆད་ཆེན་པོ་ཞིག་ཡོང་ངེས་འདུག་ཞེས་མ་འོངས་མངོན་གཟིགས་ཀྱི་ལུང་སྟན་གནང་ཡོད་རུང་དེ་སྔར་བར་ཆད་ཆེན་པོ་དེ་འདྲ་གང་ཡང་བྱུང་མ་སོང་། །
ཡིན་ཡང་༸རྒྱལ་བ་དོན་གྱི་བདག་པོས་བཀའ་བཀྱོན་གནང་བ་ཡིན་དུས་ཚེ་ཡི་བར་ཆད་བཟློག་པར་ཐེ་ཚོམ་གཏན་ནས་མེད་ལ། ངས་དེ་སྔར་ང་རང་ལོ་༨༤ ཙམ་བསྡོད་རྒྱུ་ཡིན་པ་རྟགས་དང་མཚན་མ་ལ་གཞིགས་ནས་བཤད་བསྡད་པ་ཡིན་མོད། ད་ནི་དེ་ལས་ཀྱང་ཚེ་རིང་བ་ཡོང་ངེས་ཡིན་ཞེས་དང་། ད་དུང་ཁོང་གིས། ༸རྒྱལ་བ་རིན་པོ་ཆེས་ང་ལ་བཀའ་བཀྱོན་ལ་བརྟེན་ནས་ང་མི་རྒན་ཤི་ཁར་བཤེས་གཉེན་བསྟེན་ཚུལ་ནམ་ཡང་ལོག་མི་སྲིད་པ་ཡིན། ང་རང་ཆུང་དུས་ནས་བསམ་སྦྱོར་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལས་བསམ་བློ་བཏང་ས་མེད་པ་དེ་འདྲ་གང་ཡང་མིན་ཞེས་གདན་ས་དགའ་འབྲས་གཉིས་ཀྱི་དགེ་འདུན་པ་གཙོ་བོ་གྱུར་པའི་སྐྱ་སེར་སྟོང་ཕྲག་ཁ་ཤས་ཀྱི་དབུས་སུ་གསུངས་ཡོད།།
ཡིན་ནའང་སྐབས་དེ་དུས་རིན་པོ་ཆེའི་གནས་ཚུལ་དེ་ཚོ་ཐེ་ཝན་དོན་གཅོད་རྔ་བ་ཚེ་རྒྱམ་ནས་དོན་གཅོད་ངོས་ནས་༸གོང་ས་མཆོག་ལ་སྙན་སེང་མ་ཞུས་པའི་སྔོན་ནས་སྐུ་སྒེར་ཡིག་ཚང་ལ་ཞུས་ཚར་འདུག ཡག་པོ་རྩ་བ་ནས་བྱུང་མི་འདུག་ཞེས་ཕྱིས་སུ་འབྲེལ་ཡོད་མི་སྣ་ལ་གསལ་བཤད་གནང་ཡོད། སྙན་སེང་དེ་ཡང་ངོ་བོ་དང་རྣམ་པ། ཀུན་སློང་གང་འདྲ་ཞིག་གིས་ཐོག་ནས། མི་བུ་སུ་འདྲ་ཞིག་གིས་ཅི་ཞིག་ཞུས་ཡོད་མིན་ནི་ཧ་ཅང་དོགས་པ་ཆེ་བའི་གནས་སུ་གྱུར། ༢༠༠༨ལོར་༸གོང་ས་མཆོག་དགའ་ལྡན་ཚོགས་ཆེན་འདུ་ཁང་ནང་དུ་ཆིབས་བསྒྱུར་སྐབས་སུ་དོགས་ཡོད་ཁག་གཅིག་ཕེབས་བསུ་ལ་བཅར་བ་གཟིགས་ནས་སོ་སོའི་གདོང་ལ་ཕྱག་འཛུབ་ཀེར་ནས་བཀའ་བཀྱོན་ཚ་ནན་ཕེབས་ཡོད་ལ། རྐྱེན་རྩ་དེ་ལས་འཕྲོས་པའི་བློ་ཆོས་རིན་པོ་ཆེ་ལའང་བཀའ་བཀྱོན་གནང་ཡོད། ཉིན་དེར་བློ་ཆོས་རིན་པོ་འབྲས་སྤུངས་སུ་བཞུགས་ཡོད།།
༸གོང་ས་སྐྱབས་མགོན་ཆེན་པོའི་ངོས་ནས་ཀྱང་། ཐུགས་ཁྲོ་བ་ཡོད་ཀྱང་འཛིན་པ་མེད་ཞེས་པ་ལྟར། སྤྱི་ལོ་༢༠༡༡ ལོར་ད་ལྟའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གཟིམས་ཆུང་མཇལ་བཅར་སྐབས། བློ་གསལ་གླིང་གི་དགེ་འདུན་པ་ཚོས་བློ་ཆོས་རིན་པོ་ཆེ་དང་ངེད་གཉིས་བར་གྱི་གནས་ཚུལ་ལ་བསྙད་ནས་རིན་པོ་ཆེ་ལ་མ་དད་པ་སོགས་ཀྱི་རྣམ་འགྱུར་བསྟན་ན་འགྲིག་ཐབས་རྩ་བ་ནས་ཡོད་པ་མ་རེད། བཤེས་གཉེན་བསྟེན་ཚུལ་ལོག་མི་རུང་། མ་ཚད་བློ་ཆོས་རིན་པོ་ཆེ་ལ་མཚོན་ན་ངེས་པ་དོན་གྱི་མཁས་པའི་དབང་པོ་རེད། དེ་སྔར་རིན་པོ་ཆེས་ཆོས་འབྲེལ་མང་ཤོས་ནི་བཀའ་དབང་འདྲ་མིན་ཐོག་གནང་གིན་འདུག དེ་ཡང་འགྲིག་པ་རེད་མོད། ད་དུང་ཡིན་ན་ཡང་གཙོ་བོ་གྲྭ་ཚང་དང་སློབ་གཉེར་བ་ཚོས་ངོས་ནས་དཔེ་ཁྲིད་ཀྱི་མཚོན་པའི་གཞུང་ཆེན་པོའི་བཀའ་གནད་དག་དོགས་དཔྱོད་ཞུ་དགོས་པ་རེད། སྔོན་གྱི་སྐྱེས་ཆེན་དམ་པ་ཚོས་གཞུང་ལུགས་ཆེན་པོའི་དཀའ་གནད་དག་ལ་འཛིན་མཚམས་དང་། དོགས་དཔྱོད་གནང་སྟངས་གང་ཡིན་ཁོང་ལ་ཉམས་མྱོང་ཡོད་པ་རེད། དེ་འདྲ་ཡིན་དུས་མི་མཐུད་ནས་དེ་ཚོའི་སྐོར་ཞུ་དགོས་པ་རེད་གསུང་སོང་ཞེས་ཁྲི་རིན་པོ་ཆེ་ནས་འབྲས་གོ་བོ་ཁང་ཚན་གྱི་ནང་དུ་གསུང་ཆོས་གནང་སྐབས་གྲྭ་མང་སྟོང་ཕྲག་རྒལ་བའི་དབུས་སུ་གསལ་བསྒྲགས་གནང་ཡོད། །
དེ་བཞིན་རྡ་སའི་ཐེག་ཆེན་གཙུག་ལགས་ཁང་དུ་ས་ག་ཟླ་བའི་ནང་དུ་ལོ་ལྟར༸གོང་ས་མཆོག་ནས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གནང་སྲོལ་ཡོད་པ་དེ་ཡང་༢༠༡༠ དང་༡༢ སོགས་ལ་བློ་ཆོས་རིན་པོ་ཆེ་ལ་གནང་བཅུག་ཡོད་པ་དེ་ཚོ་རྡ་སར་གནས་ཡོད་དགེ་བཙུན་ཀུན་གྱིས་གསལ་པོ་མཁྱེན་རྟོགས་ཡོད་པས་གསུང་ཆོས་ལ་ཕེབས་མི་ཆོག་པ་བཟོས་ཚུལ་དང་། ཁོང་ཉིད་མགོ་གཉིས་མ་ཡིན་ཚུལ་སོགས་ཀྱི་འཆལ་གཏམ་འདི་དག་ནི་མི་བུ་རེ་འགའི་མངོན་འདོད་ཙམ་ལས་ཡང་དག་པའི་གནས་ལུགས་ཞིག་གང་དུ་ཡོད།།
ད་དུང་ལྡན་མ་བློ་ཆོས་རིན་པོ་ཆེའི་སྐུ་མདུན་ནས་དངོས་སུ་གསང་སྔགས་ཀྱི་བཀའ་དབང་ཞུས་མྱོང་བ་དང་། བརྒྱུད་ནས་ཐོབས་བསྡད་པའི་དེང་དུས་ཀྱི་མགོ་རིལ་རིགས་གཅིག་ནི་ཉོན་མོངས་དུག་གསུམ་རས་གཟན་དམར་པོའི་འོག་ཏུ་སྦས་ཤིང་།དངོས་དང་བརྒྱུད་པའི་བླ་མའི་འགྲོ་སྟངས་ཙམ་ལ་ཡང་རྨོངས་པའི་དབང་གིས་བཤེས་གཉེན་ལ་དུས་དང་། གནས་སྐབས། སྔོན་ཆད་དང་དེང་སང་སོགས་ཀྱི་དབྱེ་བ་འབྱེད་ཁུལ་བྱེད་པ་འདི་དག་མཐོང་བའི་དུས་སུ་བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པའི་གདམས་ངག་དེ་ཡིད་ལ་དྲན་པ་དང་ལྷན་དུ་མཇུག་བསྡུ་བར་བྱས་སོ།།
༼བླུན་པོ་སྨྲ་བ་ཉུང་ན་མཛེས།༽
བླུན་པོ་དང་སྨྲ་བ་ཉུང་ན་མཛེས་བའི་དོན་ཡིན་ནམ། དེ་འདྲ་ཡིན་ན། བླུན་པོ་སྨྲ་བ་བ་ཉུང་ན་མཛེས་ཟེར་དགོས། བླུན་པོ་ཚོས་སྨྲ་བ་ཉུང་ན་མཛེས་བའི་དོན་ཡིན་ན། བླུན་པོས་སྨྲ་བ་ཉུང་ན་མཛེས་ཟེར་དགོས། དེ་འདྲ་གང་ཡང་མིན་པར་དམིགས་སུ་བཙུགས་པའི་སྐད་ཆ་ཡིན་ན། བླུན་པོ། སྨྲ་བ་ཉུད་ན་མཛེས་ཟེར་དགོས། རྩོམ་རིང་འདི་འདྲ་ཞིག་ལ། ཁ་ཡིག་དེ་འདྲའི་དོན་མེད་ཞིག། གཞུང་ཡང་དག་གི་བརྡ་སྤྲོད་ལ་བསམ་བློ་གཏོང་དགོས་བ་ལས། རྡོ་ཆག་བཙན་སྦྱོར་ལ་ཡིད་ཚོད་ཀྱི་གོ་བརྡ་ཞིག་ཡོད་པར་འདོད་པ་ནི། རང་མོས་སྙན་ངག་ལ་མཁས་རློམ་པ་ཚོའི་ན་ཚ་ཕོག་པ་ལས་གཞན་ཅི་ཡང་མ་ཡོད་དོ། ཧ་ཧ་ཧ།
ཉེས་བ་ལ་ཉེས་བར་མཐོང་ངམ མཐོང་ལགས
ནང་དོན་ལ་དྲང་བདེན་མ་ཡིན་པ་འདྲ་འདུག་གམ། གནམ་ཟེར་བ་དང་ངག་དབང་ཟེར་བ་གཉིས་ལ་དྲི་བ་ཡིན།
ངས་སླར་ཡང་གནམ་མིང་ཅན་ལ་བླུན་པོ་སྨྲ་བ་ཉུང་ན་མཛེས་ཟེར་འདོད་བྱུང་། རྩོམ་ཡིག་དེའི་ཁ་བྱང་གི་ནང་དོན་ཤེས་འདོད་ན་ས་སྐྱ་ལེགས་བཤད་ལ་མིག་ཆེ་ཙམ་བགྲད་ནས་་བལྟོས་ཤིག་་་ཧི་ཧི་ཧི་ཧི་་
རྩོམ་དེའི་ཁ་བྱང་ལ་བློན་པོས་སྨ་བ་ཉུང་ན་མཛེས་འམ་ཡང་ན་བློན་པོའི་རྩོམ་ལ་ཡིད་སྟོན་མེད་ཞེས་མཁོད་ན་བཟང་།
རེད་རེད་རྩོམ་ཡིག་ཁ་བྱང་ལ་དེ་ལྟར་ཟེར་ཆོག ཁྱོད་ཀྱི་མིང་དེ་ཡང་རྫུན་པའི་ཕོ་ཉ་ཟེར་ན་ཏག་ཏག་རེད་དྲན་་ཧི་ཧི་་་་་་ཀུ་རེ་ཙམ་ཡིན་འབུ་ཆུང་ཆུང་་་་་
ཀུ་རེ་མ་ཤོད་བདེན་པར་ཤོད་འབུ་ཆུང་ཆུང་གི་ཆེན་པོའི་གླང་ཆེན་ཡང་གསོད་་ལ་འབུ་ཆུང་ཆུང་གི་འཇམ་གཅེས་ཡང་གཏུལ་ཧ་་ཧ་།
རྣ་ནང་ལ་དུང་བུས་ན་མི་གོ་ནི། མྱིག་ལམ་ལ་དར་གཡུགས་ན་མི་མཐོང་ནིའི་འཇམ་གཅེས་ཁྱེད། ཀ་བྲིས་དུས་ནས་སྒྲ་ལོག་དང་ཀེ་ལབ་དུས་ནས་སྤྱོད་ལོག་ཞིག་ཡིན་པ་ཤེས་བྱང་བས། ང་བླུན་པོས་ལུག་རྫི་བྱས་མི་ཡོང་། ཁྱེད་རང་གིས་རྩྭ་ལྡུམ་བུ་ག་རེ་ཟ་ན་ཡང་ཟ་རྐྱང་བྱོས། ཧ་ཧ་ཧ།
ཡི་གེ་བས། དོགས་ཡོད་ཁག་གཅིག་ཕེབས་བསུ་ལ་བཅར་བ་གཟིགས་ནས་ཞེས་བྲིས་འདུག དོགས་ཡོད་སུ་དང་སུ་ཡིན་ནམ། དྲི་བ་ཡིན། དྲི་ལན་འདེབས་བདེ་པོ་མེད་ན་མ་བྱུང་ན་འགྲིགས།
མཛད་པ་རྣམ་ཐར་འདི་འདྲ་ཡིན་ཡིན་བགྱིད་རེད། ཡག་པོ་བྲིས་འདུག བཀའ་དྲིན་ཆེ།
མཇུག་བསྡུའི་བསྡུ་ཚིག་ལ་མཛུབ་གུའི་གར་བསྟན་ཤར་གྱི་འབོག་གཙོག་ཞེ་དྲག་འདུག་པས་ང་ངས་ལེན་གཏན་ནས་མེད། བསྟན་འཛིན་འཇིགས་བྲལ་དང་འཇམ་གཅེས་ཡག་པོ་འདུག
བརྡ་དག་ཞིབ་དུ་མ་བསླབ་པར། འབྲི་དང་རྩོམ་པའི་ཁུར་ལེན་པ། རང་སྐྱོན་གཞན་ལ་ངོམས་པར་ཟད། ་གསུངས་པ་ཅེས་མ་བདེན། འཇམ་གཅེས་ཟེར་བ་འདིས་བླུན་པོས་སྨྲ་བ་ཉུང་ན་མཛེས་ཟེར་བ་འདིའི་་དོན་ཁོ་རང་གིས་རྟོགས་མེད་པ་འདྲ། སྣང་བ་འཁྲུལ་ནས་ཅིག་འབྲི་ཁུལ་བྱེད་ཀྱིན་འདུག
དོན་དགས་གསན་རོགས། འཇམ་གཅེས་ལགས་ནི་རང་ནང་བཞིན་ཁོམ་ན་སྐྱེས་སྨན་ལ་བརྡེང་བརྡེག་གིས་ཆུ་ཚོད་བསྐྱལ་མཁན་གྱི་རིགས་ཅན་མིན་པར། བོད་སྡེ་བར་ཁ་སེམས་དཀར་ཞིང་སེམས་རྩ་འཁོལ་བར་མ་ཟད་ཆོས་དད་ཆེ་བའི་མི་ཞིག་ཏུ་གུས་པས་མཐོང་ལ། ཏང་གིས་དྲིལ་བསྒྲག་རྩ་ལམ་དུ་ཁྱབ་པའི་ཨ་ནུ་ཐང་བ་ལྟ་བུ་མིན་པར། རང་ལ་ལས་ཀྱིས་བཀོད་པའི་བོད་ཀྱི་མེས་པོ་དང་ཁྱིམ་གཞིར་དུངས་པ་ཆེ་ལ་སྤྲོ་སྣང་དང་ལྡན་པའི་སྐྱེས་བུ་བག་སྤྲོ་པོ་ཞིག་ཡིན། རང་གིས་སྣང་བ་འཁྲུལ་གྱིན་ཡོད་པ་མེད་འགྲོ་ཨ།
འཇམ་གཅེས་ཟེར་བའི་འཆལ་གཏམ་པ་དེས་འཆལ་འཏམ་སྤེལ་བའི་འཆལ་གཏམ་ཁ་བཤད་ཞིག་ལྟ་ཙམ་བྱེད་མྱོང་ཁོ་པ་ནི་ཕྱི་འཇམ་ནང་གཅེས་པའི་མིངདོན་དང་མཐུན་།
གཞན་སྐྱོན་མཐོང་བྱེད་མིག་ཡོད་ན།།རང་སྐྱོན་གསལ་མེ་ལོང་དགོས་ཞེས་པ་དེ་ཡང་ལེགས་བཤད་རེད། ངས་བལྟས་ན་དོན་དོན་དགའ་མིང་ཅན་དེས་ཀྱང་བརྡ་སྤྲོད་ཀྱི་ཁྲིམས་སྲོལ་གཏོར་གཤིགས་བཏང་འདུག་པར་མཐོང་སྟེ། དཔེར་ན། ཚིག་བཅད་མཐའ་རུ་གཉིས་ཤད་དགོས།།
དྲན་དཀར་ལགས་ལ་ལན། དོགས་་ཡོད་ཟེར་བ་ནི་དགའ་གདན་བྱང་རྩེ་གྲྭ་ཚང་གིས་གནས་དབྱུངས་བཏང་ཟིན་པའི་མཁན་ཟུར་དེ་དང་། ད་དུང༸གོང་ས་མཆོག་གིས་ཐུགས་རེ་བཞིན་ལས་དོན་ཏག་ཏག་མི་སྒྲུབ་མཁན་གྱི་ལས་སྣེ་མི་ཉུང་བ་ཞིག་ལ་དམིགས་ནས་བཀའ་བཀྱོན་གནང་བ་རེད། རེ་རེ་བཞིན་མིང་མ་ཤེས། ཉིན་དེར་ཞོགས་པར་དགའ་ལྡན་ཚོགས་ཆེན་དུ་འབྲས་སྤུངས་ནས་ཆུབ་བསྒྱུར་ཡིན། དམིགས་བསལ་གསུང་ཆོས་མེད་དུས་མི་མང་འདུ་འཛོམས་དེ་འདྲ་གང་ཡང་མེད། དགོན་པའི་ལས་ས་སྣེ་དང་། གནད་ཡོད་ལས་བྱེད་ཉུང་བསྡུའ་ཙམ་ཞིག་ཡོད་པ་རེད། མཇུག་བསྡུ་བའི་ཚིག་ནི་ཁྱེད་ཀྱི་྄ཐུགས་སུ་འཐད་མིན་ཇི་ལྟར་ཡང་། ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་དམ་ཚིགས་སྡོམ་པ་ནིི་སྲོག་ལས་ཀྱང་གལ་ཆེ་བ་ཡིན་དགོས་པ་ནི་སྤྱི་སྐད་ཡིན་པས་འདིར་བཤད་ན་དུས་ཚོད་དང་། གང་ཅིའི་ཐད་ནས་ཏག་ཏག་ཞིག་མིན། གནས་སྐབས་དེ་ཙམ་ཡིན།
དགའ་ལྡན་ལ་ཆོས་་་་
འཇམ་གཅེས་ལགས་ཀྱིས་ལན་གནང་བར་ཡག་བྱུང་ཞུ་དགོས་བྱུང་།
བཙུན་པ་ཟླ་བས་པནྜི་ཏ་ལེགས་ལྡན་འབྱེད་ཀྱིས་གསུང་ལ་དབྱེ་འབྱེད་ཀྱིས་དག་ཐེར་གནང་ཡོད་པར་གྲགས་ལ། ཀུན་མཁྱེན་དབྱིག་གཉེན་གྱིས་ཀྱང་འདུན་བཟང་གིས་གསུང་ལ་དག་ཐེར་མཛད་པར་ཡོངས་སུ་གྲགས་པས་ན་དམ་ཚིག་བརྩི་བ་དང་དག་ཐེར་མཛད་པ་ནོར་མི་རུང་ང་།
ཞར་བྱུང་གི་གསལ་འདེབས་ནི་དྲྭ་བའི་སྤྱི་ཚོགས་སུ་ཡི་དྭགས་ལྟར་དུ་རྒྱུ་བའི་དྲྭ་འབུ་འགའ་ཡང་ལམ་ཟུར་དང་ལྡོག་ལམ་དུ་གཏོར་མར་རེ་ཞིང་མཆིས་ན་དེ་དག་ལ་གཏོར་མ་རེ་བསྔོ་བགྱི་མཁྱེན།
ཚིག་བཅད་མཐའ་རུ་གཉིས་ཤད་དགོས་འཇམ་གཅེས་རྐུབ་ལ་གསུམ་ཤད་དགོས་ཧ་་་་ཧ་་་ཧ
་འཇམ་གཅེས་རང་སྣང་གི་མཁའ་ལ་ཨག་སྐད་སྒྲོག་བཞིན་ཐང་དཀར་རྒོད་པོ་ཡིན་སྙམ་སྐྱེས།
འཇམ་གཅེས་འཁྲུལ་སྣང་གི་ཚང་ལ་སྔུར་བ་སྒྲོག་བཞིན་ས་ལ་རབ་བརྟན་ཡིན་སྙམ་སྐྱེས།
འཇམ་གཅེས་རང་མཐོང་གི་ལམ་ལ་སུག་ཐུང་འདུར་བཞིན་ཅང་ཤེས་རྐྱང་རྒོད་ཡིན་སྙམ་སྐྱེས།
འཇམ་གཅེས་བརྡ་འཕྲིན་གྱི་དུས་ལ་ཀླད་ཁམས་འཁྲུགས་ནས་སྔོན་ཐོན་པ་ཞིག་ཡིན་སྙམ་སྐྱེས།
ཡར་བཤད་མར་བཤད་འགའ་བར་ནས་འབྲས་སྤུངས་བློ་གླིང་ཚང་གིས་དོལ་ཚོགས་དང་ལྷན་དུ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་ཟེར་བ་དེ་དག་ཁ་དོན་མི་མཚུངས་པ་ཞིག་ཐོན་ཡོང་གི་འདུག་གོ།
ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་གི་མཛད་པ་རྣམ་ཐར་ལ་རྒྱུས་ཅུང་ཙམ་བྱུང་བས་མ་ཚད་ཐེ་ཚོམ་འགའ་བཅད་བྱུང་བས་འཇམ་གཅེས་མཆོག་བཀའ་དྲིན་ཆེ། ང་ཚོའི་བོད་ལ་ནོར་འཁྲུལ་འབྱུང་མཁན་མང་ན་ཡང་། ༧གོང་ས་མཆོག་གི་དབུ་འོག་དཔུངས་འདེགས་སུ་བོད་མི་རིགས་ཀྱི་ཆེད་དུ་མཐར་ཐུག་ན་ལས་འབྲས་བློས་མི་གཏོང་བའི་སྐྱེས་བུ་དམ་པའང་གང་མཚམས་མང་པོ་ཞིག་གཤེགས་བཞུགས་མཛད་བཞིན་པ་ནི་ང་ཚོའི་བསོད་ནམས་རེད་སྙམ་བྱུང་། དགེ་འོ།
འཇམ་གཅེས་ལགས་གྱིས་མ་གསུངས་བར་དུ་འབྲས་བློ་གླིང་གི་ལྷ་ཁང་གསར་བའི་རྒྱུ་ཅ་ནང་དུ་དོལ་རྫས་ཡོད་པ་གོ་མ་སོང་། ཨ་ཁ་ཁ འབྲས་བློ་གླིང་ཚང་།
རེད་ཡ། འཇམ་གཅེས་ལགས་ལ་ཞུ་རྒྱུར། གསུང་ཆོས་སྐབས་ཀྱི་གསུང་དུམ་ཞིག་ཆད་འདུག །ངས་དོལ་རྒྱལ་སྟེན་མཁན་དེ་དག་དང་འབྲེལ་པ་གཅོད་ཐུབ་ས་མ་རེད། ཅེས་པ་དེ་དང་། དེ་ལ་བརྟེན་ནས་སྨོན་ལམ་གྱི་མང་ཇ་ཞིག་གི་སྐབས་སུ་རིན་པོ་ཆེ་ནས་སྐུ་འགྱེད་སྒོར་བཅུ་རེ་འཕུལ་བ་ལ། གྲྭ་མང་གིས་དང་པོ་མ་ཤེས་པར་བཞེས་ན་ཡང་། རྗེས་སུ་ཤེས་ཏེ་སྒོ་ཁ་ནས་སྐུ་འགྱེད་གང་བྱུང་གཏོར་བ་དེ་བྱུང་བ་རེད། སྤྱིར་དད་ལྡན་པ་དག་ལ་མཚོན་ན་བླ་མར་དད་པ་བྱེད་རྒྱུ་གལ་ཆེན་པོ་རེད་ལ། དེང་སང་གི་དུས་འདིར་བླ་མའི་སྐྱོན་ལ་སྐྱོན་དུ་ཤེས་རྒྱུ་དེ་ཡང་གལ་ཆེན་པོ་རེད་དྲན། དུས་ཀྱི་དབང་གིས་།སྔོན་གྱི་དམ་པ་གྲུབ་ཆེན་རྣམ་པ་ལྟར་དད་པ་དག་སྣང་ཡོད་མཁན་ཞིག་ཧ་ཅང་དཀོན་ལ། དེ་ལྟར་བྱེད་ཐུབ་མཁན་ཞིག་ཀྱང་ཧ་ཅང་དཀོན་ན། བླ་མའི་སྐྱོན་ལ་སྐྱོན་ཡིན་པར་ངོས་ཟིན་པའི་ཐོག་ནས། དེ་ཉིད་གདུལ་བྱ་སོ་སོ་ལ་ལམ་ནོར་ལས་ལྡོག་དགོས་པའི་ལམ་སྟོན་གྱི་མཛད་པ་ཞིག་ལ་བལྟས་ཏེ། ཉམས་ལེན་བྱས་ན་དེ་དགེ་མཚན་ཆེ་བར་མཐོང་བ་མ་གཏོགས། ལོ་རྒྱུས་ཀྱི་དོན་དངོས་ལ་སྦས་སྐུང་བྱེད་པ་ནི་ཡ་རབས་ཀྱི་སྤྱོད་ཚུལ་མིན་ནོ།།བསམ་ཚུལ་ཙམ་སྨྲས་པ་ལ། གཞན་ལ་ཕོགས་ན་སྙིང་ནས་དགོངས་དག་ཞུ་པ་ཡིན།