ཨཱཙཱརྱ་ཨག་ལོ་ཡིས།
༄། །མཁས་མང་འགྲན་ཟླ་བྲལ་བའི་རྣམ་དཔྱོད་ལྟར། །
འཇམ་དབྱངས་ཕྱག་གི་རལ་གྲི་རྣོ་ངར་ལྡན། །
ཆོས་ཀུན་མ་ལུས་ཆུབ་པའི་མཁྱེན་པ་བཞིན། །
ཞི་བདེ་རྒྱ་མཚོའི་མུ་མཐའ་དཔོག་པ་རྫུན། །
སྨྲ་བའི་དབང་པོ་ཟམ་གདོང་རིན་པོ་ཆེ། །
བྲམ་ཟེའི་རིགས་སུ་ལྟེ་ཁྲག་འཕོས་གྱུར་ཚེ། །
རིག་པའི་ཁྱུ་མཆོག་ཕྱོགས་གླང་ཡབ་སྲས་དང་། །
འབྱེད་ཆོས་གཞན་ནི་ཉིན་གྱི་སྐར་མའི་མདངས། །
ཉི་ཟླ་ཟུང་གི་དཀྱིལ་འཁོར་རྫོགས་པ་བཞིན། །
དོན་གཉིས་ཕུན་ཚོགས་གཟིགས་པ་ལྷག་ཏུ་ཡངས། །
དགོངས་པའི་ཀློང་ན་དོན་གཉིས་རྫོགས་པ་ལྟར། །
མཁའ་ཡི་པདྨོར་ཉི་ཟླའི་ཆ་ཤས་རྫོགས། །
མཁས་བཙུན་བཟང་གསུམ་མངའ་པའི་ཟམ་གདོང་མཆོག །
མཛད་འཕྲིན་༧གོང་ས་སྐུ་ཕྲེང་བཅུ་བཞི་དང་། །
རྗེས་སུ་འཇུག་གི་དཔེ་གཞན་སྲིད་པ་འདིར། །
ཇི་ཙམ་བཙལ་ཡང་རང་ཉིད་ངལ་བའི་རྒྱུ། །
མཁས་པའི་དབང་པོ་མཧཱ་ཟམ་གདོང་ཉིད། །
པཎ་གྲུབ་བྱེ་བའི་གཙུག་རྒྱན་ཀླུ་སྒྲུབ་དང་། །
རྗེས་སུ་འཐབ་ཅིང་ད་དུང་འཕགས་ཡུལ་འདིར། །
གལ་ཏེ་མཆིས་ཚེ་གང་གི་དཔེ་ཟླར་རིགས། །
མི་འཇིགས་གདོང་ལྔའི་འཁྲི་འཕང་མཐོན་པོ་ནས། །
མཚན་དཔེའི་འོད་ཟེར་ཕྱོགས་བཞིར་ཁྱབ་པའི་དུས། །
བྱང་ཆུབ་ཤིང་གི་ལྗོན་པའི་འདབས་རོལ་དུ། །
འགོག་པའི་དབྱིངས་ལ་བཞུགས་པའི་སྟོན་པ་བཞིན། །
༧ཟམ་གདོང་བླ་མ་བློ་བཟང་བསྟན་འཛིན་གང་། །
འཕགས་ཡུལ་དབུ་ཁྲིད་གྷཎྜི་དམ་པ་དང་། །
བདེན་པའི་ཨུ་ཚུགས་ཁོ་ནས་མཚུངས་མིན་ཏེ། །
འཚེ་མེད་ཞི་བའི་ལམ་བཟང་བསྙེགས་པས་ཀྱང་། །
ཟམ་གདོང་བླ་མ་དུས་རབས་འདི་ཡི་མགོན། །
ཞི་བ་ལྷ་ཞེས་སྔོན་བྱུང་སྐྱབས་ཀྱི་རྟེན། །
མདོར་ན་དུས་ཀྱི་ཁྱད་པར་ཙམ་ཞིག་ལས། །
ཐོས་བསམ་སྒོམ་པའི་འཕྲིན་ལས་ཁྱད་པར་ཅི།། །།
སརྦམངྒལཾ། །
2018/11/5ནུབ་མོ།
མ་ཧཱ་པཎྜི་ཏ
ཀེ་ཏ་ཀ
ཨཱ་ཙཱརྱ་ལོ་ཡག་ཡི
གྷཎྜི་དམ་པ
སརྦམངྒལཾ
འདི་འདྲ་འགའ་ཤས་འདུག་པས་བོད་སྐད་དུ་ག་རེ་ཟེར་བ་ཡིན་ནམ།
འཇམ་དབྱངས་ཕྱག་གི་རལ་གྲི་དེ་།
འཕྱར་རྒྱུ་སེམས་ཅན་མགོ་ལ་འཕྱར་།
སེམས་ཅན་བསད་་པའི་ལོ་རྒྱུས་མེད་།
ཤེས་རབ་ཀྱི་རལ་གྲི་ སོ་གཉིས་མ་།
ཤེས་བྱའི་གནས་ལ་ལྡིང་ཆེ་ན་།
རང་མགོ་རྨས་པ་ཨ་རྩ་མ་།
རྣོ་ཕྱོགས་གཅིག་ཡིན་ན་ཆོག་པ་ལ་།
་
༡༽ཨཱཙཱརྱ་ཞེས་པ་ནི། སློབ་དཔོན།
༢༽སརྦམངྒལཾ།ཞེས་པ་ཀུན་བདེ་བར་ཤོག
༣༽མ་ཧཱ་ཞེས་པ་ཆེན་པོའམ་བདག་ཉིད།
༤༽པཎྜིཏ། མཁས་པ་ཞེས་པའོ། །
ཧཧཧ།
༥༽ཀེ་ཏ་ཀ།ཞེས་པ་ཆུ་དྭངས་ནོར་བུའོ། །
སྒྲ་བོ་ཆེ་ཡི་བཙན་བྱོལ་སྤྱི་ཚོགས་ནང་།
ཆེ་བའི་ཆེ་མཆོག་ཟམ་གདོང་རིན་པོ་ཆེ།།
སྡོམ་གསུམ་མིག་ལྟར་སྲུང་བའི་བཙུན་པ་ཆེ།།
ཆོལ་གསུམ་ཀུན་ལ་སྙོམས་པའི་བཏང་སྙོམས་ཆེ།།
བསླབ་གསུམ་ནོར་གྱིས་ཕྱུག་པའི་ཕྱུག་པོ་ཆེ།།
ཤེས་བྱའི་གནས་ལ་ཨ་ནུའི་བུ་ཡང་སྐྱེངས།།
འདུལ་བའི་གནས་ལ་ཉེ་བར་འཁོར་ཡང་སྐྱེངས།།
ཁྲིམས་བཟོའི་གནས་ལ་ཚངས་པ་ཆེན་པོ་དངོས།།
ལུགས་གཉིས་སྐྱོང་ལ་སྲོང་བཙན་སྒམ་པོ་དངོས།།
འཆད་རྩོད་རྩོམ་ལ་མཁས་པས་མཁས།།
སྡོམ་གསུམ་སྲུང་ལ་བཙུན་པས་བཙུན།།
མི་གཞི་གསེར་ལས་བཟང་བས་བཟང་།།
ཟམ་གདོང་བླ་མ་ལྟ་བུ་མི་ཚེ་དོན་ལྡན་བསྐྱལ་ཐུབ་མཁན་ཤིན་དུ་དཀོན། རྗེས་སུ་ཡིད་རང་ཞུ། ཁོང་ངོ་མ་ཆོས་སྲིད་གཉིས་ཀྱི་མཁས་དབང་རེད།
ཁམས་པའི་མིའི་ནང་ནས། དབུས་གཙང་དང་མདོ་སྨད་ཀྱི་རྒྱབ་སྐྱོར་མང་ཤོས་ཐོབ་པ་ཁོང་གཅིག་པུ་རེད། དེ་ལ་ངེས་པ་དོན་གྱི་སྲིད་དོན་པ་ཟེར། གཞན་གྱི་རྒྱབ་སྐྱོར་འབད་མི་དགོས་པར་ལེན་ཐུབ་པ་དེ་སྲིད་དོན་པ་རེད། དེ་མིན་མང་པོ་ཞིག་ཉིན་མོའི་སྐར་ཚོགས་ལྟ་བུར་སྣང་།
ཟམ་གདོང་རིན་པོ་ཆེ་ལ་གུས་ཕྱག་སྔོན་དུས་སིང་ནས།ཁྱེད་སྐུ་ཚེ་ཡུན་རིན་པོར་བརྟན་པར་སྨོནལམ་ཞུའོ།
གསལ་འདེབ་ཞུ་བྱ་ལ། མདོ་སྨད་པའི་ངོ་ཚབ་ཤར་ཁུག་གམ་བློ་བཟང་ཆོས་འབྱོར་ཟེར་བའི་སྤྱི་འཐུས་དེ་ནི་་་བསླབ་བྱ་གནངནརོག་་་་ཁང་ནི་ཆོས་ལུགས་རྙིང་མ་དང་བཀའ་བརྒྱུད་པའི་ག་མང་ཟག་ལ་སྡང་ཟུག་དང་། མ་ཟད་མི་ཤི་ཚར་དུས་་་རོ་ལ་རྡོ་བཞུ་མཁན་ཅིག་རེད་འདུག་ཉེ་ཆར་འདས་པོ་རྒྱ་རི་རིན་པོ་ཆེ་ལ་་ནནགསོན་དུས་སུ་བསམ་འཆར་ཚིག་གཅིག་ཙམ་གོ་རྒྱུ་མི་འདུག་་་ཁོང་འངས་གྲོངས་ཉིན་ཤས་རྗེས་ནས་ཁོས་གཏམ་འཆལ་བཤད་ནས་བརྙན་ཐུང་བཀྲམ་འདུག་་་གང་ལྟར་དེ་སྐུ་ཕུང་བཞུ་རྒྱར་དང་་ཞག་ཞེ་དགུ་སྨོན་ལམ་འདོན་རྒྱུ་ངགར་རྩ་ཞུ་བཞིན་པ་ལ་དེ་ལ་བར་ཆད་ཆེན་པོ་ཞིག་བྱས་སོང་། མ་ཟད་ཁོང་གི་ཆོས་དག་འཇིག་རྟེན་གཉིས་འབྲེལ་བ་ངང་ལང་ཕྱོགས་ཡོངས་ལ་སེམས་ནང་ལ་རྨ་ཁ་བཟོས་སོང་། ་དེ་བཞིན་ཀུརྟེ་རིན་པོ་ཆེས་མཆོག་ནས་བསླབ་བྱ་གནང་རོག་་་བཀྲིན་ཞུ་།
བསྟོད་པས་དགའ་བར་མ་འགྱུར་ཞིང།
སྨད་པས་མི་དགའ་མ་འགྱུར་ཞིང་།
རང་གི་ཡོམ་ཏན་ལེགས་སྤེལ་ན་།
སྐྱེས་བུ་དམ་པའི་མཚན་ཉིད་ཡིན་་
ཟམ་གདོང་རིན་པོ་ཆེ་ལ་གུས་ཕྱག་སྔོན་དུས་སིང་ནས།ཁྱེད་སྐུ་ཚེ་ཡུན་རིན་པོར་བརྟན་པར་སྨོནལམ་ཞུའོ།
གསལ་འདེབ་ཞུ་བྱ་ལ། མདོ་སྨད་པའི་ངོ་ཚབ་ཤར་ཁུག་གམ་བློ་བཟང་ཆོས་འབྱོར་ཟེར་བའི་སྤྱི་འཐུས་དེ་ལ་བསླབ་བྱ་གནང་རོག་་་་ཁོང་ནི་ཆོས་ལུགས་རྙིང་མ་དང་བཀའ་བརྒྱུད་པའི་གང་་ཟག་ལ་སྡང་ཟུག་དང་། མ་ཟད་མི་ཤི་ཚར་དུས་་་རོ་ལ་རྡོ་བཞུ་མཁན་ཅིག་རེད་འདུག་འདས་པོ་རྒྱ་རི་རིན་པོ་ཆེ་ལ་གསོན་དུས་སུ་བསམ་འཆར་ཚིག་གཅིག་ཙམ་གོ་རྒྱུ་མི་འདུག་་་ཁོང་འངས་གྲོངས་ཚར་ནས་ཉིན་ཤས་རྗེས་ནས་ཁོས་གཏམ་འཆལ་བཤད་ནས་བརྙན་ཐུང་བཀྲམ་འདུག་་་གང་ལྟར་སྐུ་ཕུང་བཞུ་རྒྱར་དང་་ཞག་ཞེ་དགུ་སྨོན་ལམ་འདོན་རྒྱུ་དགེ་རྩ་ཞུ་བཞིན་པ་ལ་དེ་ལ་བར་ཆད་ཆེན་པོ་ཞིག་བྱས་སོང་། མ་ཟད་ཁོང་གི་ཆོས་དང་འཇིག་རྟེན་གཉིས་ཀྱི་འབྲེལ་བའི་ལང་ཕྱོགས་བ་ཡོངས་ལ་སེམས་ནང་ལ་རྨ་ཁ་བཟོས་སོང་། ་དེ་བཞིན་ཀུརྟེ་རིན་པོ་ཆེས་མཆོག་ནས་བསླབ་བྱ་གནང་རོག་་་བཀྲིན་ཞུ་།
ལག་བརྡ་ལགས།
ཁྱེད་སྐྱབས་འཇུག་ཞུ་ཡུལ་ནོར་སོང་། ཁམས་པ་ལི་ཐང་། སྲིད་སྐྱོང་མཁས་དབང་འབུམ་རམས་པ་བློ་བཟང་སེང་གེ་ལ་སྐྱབས་འཇུག་ཞུས། ཁམས་པ་ཚོས་ཁོང་ལས་འཇོན་ཐང་ཆེ་བ་མེད་གསུངས། ད་འཇོན་ཐང་འདོན་རན།
ཨ་མདོ་མི་གཅིག་གླག་མ་རྙེད་ན་བོད་མི་ས་ཡ་དྲུག་གི་འགོ་ཁྲིད་ཇི་ལྟར་བྱེད།
མདོར་བསྡུས་ཏེ་ཞུ་ན་
ཟམ་གདོང་རིན་པོ་ཆེ་མཆོག་ནས་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་པུང་
འདེགས་གནང་བ་བཀའ་དྲིན་ཆེ། ཁྱེད་སྐུ་ཚེ་བརྟན་ཤོག་
སྟོན་ཀ
ཟམ་གདོར་རིན་པོ་ཆེ་མཆིག་འཁྲུངས་ཡུལ་ཁམས་པ་རེད། བློ་སེང་ལས་ཁོང་ལ་བྱིན་རླབས་དང་ཐུགས་བསྐྱེད་ཡོད་པ་ངས་ཡིད་ཆེས་ཡོད། མ་ཟད་མདོ་སྨད་བླ་མ་ཀི་རྟི་རིན་པོ་ཆེ་ཐུགས་བསྐྱེད་བྱུན་རླབས་ཆེན་པོ་བཞུགས་ཡོད་པ་ངས་ཡུད་ཆེས་ཡོད་པ་བརྟེན་་་་ཤར་ཁུག་་་མདོ་མེད་ལ་་་ལམ་སྟོན་ཞུ་ས་ཁོང་རྣམ་པ་གཉིས་ལས་མེད་པས་་་དགོངས་མངའ་ཡིན་པ
ངས་རླབས་ཆེན་གྱི་སྐྱེས་བུ་ཞིག་ལ་བསྟོད་པ་འཕུལ་ཡོད་པ་ལས་གཞན་པའི་ཆོས་ཁའི་འཐེན་འཁྱེར་གཏན་ནས་གླེང་མེད། སོང་ཙང་བརྗེད་བྱ་རྗོད་བྱེད་ཀྱི་ཆ་ལ་སྐྱོན་ཡོད་ན་གསུངས་རོགས།དེ་མིན་མི་འདྲ་མིན་གྱི་མཚན་མ་སྨྲོས་རོགས།
མ་ཧཱ་པཎྜི་ཏ
རིག་གནས་མཁས་དབང་ཆེན་པོ།
ཀེ་ཏ་ཀ
རྡོ་རིགས་ནོར་བུ་ཆུར་བཞག་ན་ཆུ་རྙོག་སེལ་བར་གྲག
ཨཱ་ཙཱརྱ་
སློབ་དཔོན་ནམ། དགེ་བཤེས།
ལོ་ཡག་ཡི་ ཞེས་པའི་དོན་མི་ཤེས།
གྷཎྜི་དམ་པ
ཞིང་གཤེགས་གན་དྷི་
སརྦམངྒལཾ
ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག
ཟམ་གདོང་རིན་པོ་ཆེ་ལ་སྐྱབས་སུ་་་་་་་་་་་་
ཨཱཙཱརྱ་ཨག་ལོ་ཡི་སྙན་ངག་ནི་སྙན་ངག་རང་རེད།
ཕྱི་ཡི་ཆ་ལུགས་གཞན་གཅེས་བླ་མའི་ཚུལ།།
ནང་དུ་སྦས་པ་རང་རྒྱལ་དྲེགས་པའི་བློ།།
མི་མངོན་ལྐོག་ཏུ་ཡིབ་པའི་རྫུ་བག་ཅན།།
སུ་ལ་བརྣག་ཡོད་རང་ཉིད་ཁོ་ནས་ཤེས།།
སྙན་ངག་ལ་སྙན་ངག་ལས་ལྷག་པའི་ཁྱད་ཆོས་ཅི་ཚང་དགོས་སམ།
འཚུབ་མ་རྒོད་པོ། ཚིག་རྐང་གཅིག་པོ་དོན་ལ་ཧ་ཅང་གནས་འདུག ཧ་ཧ་་་་
ཡག་བྱུང་། མུ་མཐུད་དུ་་་་་