མཚམས་སྦྱོར་བ་འདུས་བྱུང་ཕུན་ཚོགས་ཚེ་རིང་།
བླ་ན་འབར་བའི་རྩོམ་རིག་སྒྱུ་རྩལ་གྱིས་སྤྱི་ཚོགས་ཤིག་གི་བསམ་པའི་དཔལ་ཡོན་དང་། སྤྱི་ཚོགས་དེའི་མི་དམངས་ཀྱི་འཚོ་བ། དེ་བཞིན་སྲིད་ཆོས་དཔལ་གསུམ་དང་། ཁོར་ཡུག་དང་བཅས་པའི་གནས་བབ་མངོན་པར་བྱས་དང་བྱེད་བཞིན་ཡོད་པས་ན། ང་ཚོས་བོད་ཀྱི་དེང་དུས་རྩོམ་རིག་སྒྱུ་རྩལ་གྱི་འཇིག་རྟེན་དེར་ཅུང་ཙམ་བལྟ་བར་བྱ།
དེ་ཡང་རྗར་མེ་ནི་བོད་ཀྱི་ཁང་པས་ ༢༠༡༥། ༥ ། ༨ ཉིན། དེང་དུས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ཞིབ་འཇུག་ཆེད་མཁས་པ་ཧྥ་རན་སི་ནས་སློབ་དཔོན་ཆོས་ཉིད་དབང་མོ་(Francois Robin) ལགས་དང་། ཧོ་ལན་ཊི་ནས་འབུམ་རམས་མ་གཡང་སྒྲོན་དོན་གྲུབ་ལགས། དབྱིན་ཡུལ་ནས་འབུམ་རམས་པ་བླ་མ་སྐྱབས་ལགས་གདན་འདྲེན་ཞུས་ཏེ། ཁོང་གསུམ་དང་ལྷན་དུ་བརྗོད་བྱ་གཙོ་བོ་རྩོམ་རིག་སྤྱི་དང་། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་རྩོམ་རིག་སྐོར་དང་། དེ་མཚུངས་སྐད་ཡིག་གཞན་ནང་རྩོམ་ཡིག་འབྲི་སྤེལ་གནང་མཁན་གྱི་བོད་མི་རྩོམ་པ་པོ་རྣམ་པའི་གནས་བབ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུ་རྒྱུ་གཏན་འཁེལ་གནང་སོང་། ཁོང་རྣམ་པ་གསུམ་དང་ལྷན་དུ་གླེང་མོལ་ཞུས་པའི་བགྲོ་གླེང་བརྙན་པར་དེ་རིམ་བཞིན་བོད་ཁང་གི་གླེང་མོལ་དྲྭ་བརྙན་ནང་སྤྱན་འབུལ་ཞུ་འཆར་ཡོད་པ་བཅས།
དེང་སང་བོ་དཀྱི་རྩོམ་རིག་སྒྱུ་རྩལ་ཉམ་རྒུད་དུ་ཧ་ས་པ་འགྲོ་བཞིན་པའི་སྒང་རེད། དེ་འདྲ་གནང་ཐུབ་པར་ཐུགས་རྗེ་ཆེ་ཞེས་ཞུ་བ་ལགས།