—–ལྷག་པ་ཚེ་རིང་།
ཐེ་ཝན་དུ་ཡོད་པའི་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ཚོགས་པ་དང་རྡ་རམ་ས་ལར་ཡོད་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་གནངས་ཏེ། ༼རྒྱ་བོད་ཚིག་མཛོད༽་བེད་སྤྱོད་བདེ་བ་ཞིག་རིན་མེད་དུ་བཀྲམས་པའི་གསལ་བསྒྲགས་མཇལ་བ་ཙམ་ནས་དགའ་བས་སྐྱ་ནམ་རྒྱས་པ་ལྟ་བུ་བྱུང་། ཡིན་ནའང་། ཡིག་ནོར་མང་པོ་འདུག་པར་བློ་ཕམ་ཞིག་ཀྱང་བྱུང་།
ཚིག་མཛོད་འདི་དྲ་ལམ་ནས་ཁ་པར་དུ་ནང་འཇུག་ཞུས་པའང་ཐེངས་གཅིག་གིས་ལེགས་ལམ་དུ་སོང་། དེ་ནས་རིམ་པས་ཚིག་རེ་ཟུང་བཙལ་བ་ན། བོད་ཡིག་གི་ནང་ལ་ཡིག་ནོར་མང་པོ་ཡོད་པ་ལྟ་བུ་ཞིག་ཏུ་མཇལ། རང་ཉིད་འཁྲུལ་བར་ངེས་སོ་སྙམ་སྟེ་རྒྱ་ཡིག་འགའ་གཏགས་ནས་་དེའི་ཐད་ཀྱི་བོད་ཡིག་བཀླགས་པ་ན། ཅི་ཙམ་མང་དུ་བསྔོགས་པས་ཡིག་ནོར་མང་དུ་མཇལ་བ་ཞིག་ཏུ་འདུག ཚིག་མཛོད་འདིའི་གཙོ་འགན་ཁུར་མཁན་མཁན་པོ་ཚུལ་རྣམ་ལགས་དང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས། འཇུ་བསྟན་སྐྱོང་ལགས། ཞུས་དག་པ་མགོ་ལོག་ལྕགས་མོ་ལགས་དང་སྐལ་བཟང་བཀྲ་ཤིས་ལགས་རྣམ་ལྷན་ནས་གང་མགྱོགས་ཞུས་དག་ཁམས་གཙང་ཞིག་ཐུགས་ལ་ངེས་པར་འདོགས་པ་གནང་སྐྱོང་ཡོང་བ་ཞེས་ཞུ་གསོལ་སྙིང་ནས་འདེབས་པ་ལགས།
ཨ་ཁ། ཡང་མ་དག་པ་ཞིག་རེད་འདུག ཚིག་མཛོད་དང་དག་ཡིག་ཡིན་ན། བརྩམས་ཆོས་གཞན་དང་འདྲ་ཡི་མ་རེད། ཁ་མི་གྲག་པའི་དགེ་རྒན་ལྟ་བུ་ཡིན་ཟེར་བ་རེད། དེས་ན། སྤུས་དག་པོ་ཡོད་དགོས་པ་རེད།
ད་གང་དྲག་ཨ། ཕྱོགས་བསྒྲིགས་བྱས་ཟིན་ལ་དེབ་བཀྲམ་ཚར་འདུག་་་་ཞུས་དག་མཐའ་ཕྱིན་པར་ཅིག་མ་བྱས་ནས་བྲེལ་བ་ཨང་་་་་་
གཞན་གྱིས་དཀའ་ལས་ཁྱད་དུ་གསད་ནས་ཚིག་མཛོད་འདི་འདྲ་ཞིག་བཟོས་ནས་རིན་མེད་ཐོག་འབུལ་ན། དེ་ལ་ཐུགས་རྗེ་བཀའ་དྲིན་མེད་པར་ད་དུང་ཡིག་ནོར་འདུག་ཟེར་ནས་སྐྱོན་བརྗོད་བྱེད་པ་ནི་ཡ་རབས་བཟང་སྤྱོད་དང་འགལ་བ་ཞིག་རེད་བསམ། ཡིག་ནོར་ཡོད་ན་ཞུ་དག་བཏང་ནས་རིམ་བཞིན་ཡག་རུ་གཏོང་དགོས་པ་འཛམ་གླིང་ཚང་མ་གཅིག་མཚུངས་རེད། ལྷག་ཏུ་གློག་ཀླད་ཚིག་མཛོད་འདི་རིགས་གནའ་སྔ་མོའི་ཤིང་པར་དང་ཁྱོན་ནས་འདྲ་གི་མ་རེད། འདི་ཐོན་རིམ་དང་པོ་དང་གཉིས་པ་བྱས་ནས་ཡར་རྒྱས་གཏོང་ཆོག་ཆོག་རེད། སྣོན་མ་བརྒྱབ་ནས་རིམ་བཞིན་ཡར་རྒྱས་གཏོང་དགོས་པ་ཞིག་རེད།
དཀའ་ལས་བརྒྱབ་པར་ཡག་བྱུང་། ཡིག་ནོར་མང་བས་སྐྱོར་སོང་། བྱས་བྱས་འཇོག་འཇོག་མང་པོར་བསྒྲགས་ཀྱང་བཙན་བྱོལ་ཚང་གི་སློབ་དེབ་དང་ཚིག་མཛོད་བཅས་ལ་ཡིད་རྟོན་ཁག་ནི་རེད།།
དང་པོ། འབྲེལ་ཡོད་འགན་འཁུར་བ་དང་ཕྱག་ལས་གནང་མཁན་རྣམས་ལ་ལག་གཉིས་ཐལ་མོ་སྦྱར་ནས་བཀའ་དྲིན་ཆེའོ་ཞུ། ཁྱེད་རྣམ་པས་བརྩེ་བའི་སེམས་ཀྱིས་ཟིན། དཀའ་བའི་ལས་ཀྱིས་བརྩོན། ཡངས་བའི་བློ་ཡིས་འདྲེན་པའི་ཚིག་མཛོད་འདིས་མི་རིགས་འདིར་ཕན་པ་ཡོང་བ་སྨྲོས་མེད་རེད་ལགས།
གཉིས་པ། ཡིག་ནོར་རེད་མིན་འདུག གཏགས་ནོར་རེད་འདུག བལྟས་པ་ཙམ་གྱིས་ཤེས། དེ་བཟོ་ཐབས་ཡོད། ད་ལྟའི་པར་མ་འདི་གློག་དེབ་ཡིན་སྟབས། བཟོ་བཅོས་རྒྱག་པར་མི་དཀའ།
གསུམ་པ། ངས་བལྟས་ན། ཇི་ལྟར་ཚེ་རིང་རུང་བོད་ཡིག་འདི་ལོ་བརྒྱའི་ནང་ལ་འཇིག་པ་དང་སྟོང་རྒྱུ་ཉག་གཅིག་གི་སྐད་ཡིག་རེད། དེར་བརྟེན། ང་ཚོ་མ་ཤི་གོང་ལ་འདི་ལྟར་ཚིག་མཛོད་དང་། ཀློག་དེབ། ཚགས་པར་སོགས་བོད་ཡིག་ནང་ལ་འཇལ་རྒྱུ་ཡོད་པ་འདི་བསོད་ནམས་ཡིན་བསམས། འདིར་ལས་ཀ་གནང་མཁན་དང་། དོ་སྣང་གིས་ཞུས་དག་གནང་མཁན། དེ་བཞིན་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།
འཇལ་རྒྱུ་ཡོད་པ། མཇལ་རྒྱུ་ཡོད་པར་བཅོས་རོགས།
ངས་ཀྱང་མདང་དགོང་རྒྱ་བོད་ཚིག་མཛོད་ཅིག་ཁ་པར་ནང་ལ་ཕབས་ལེན་བྱེད་ཐུབ་པ་དྲྭ་ལམ་ནས་མཇལ་བྱུང་། ཧ་ཅང་དགའ་ནས་ལམ་སོང་ཕབས་ལེན་བྱས་ནས་རྒྱ་ཡིག་ལམ་ནས་བོད་ཡིག་འགའ་འཐོང་བས་དག་པོ་དེ་ཙམ་མི་འདུག་སྙམ་པ་བྱུང་། ད་ནང་འདིར་་རྒྱ་བོད་ཚིག་མཛོད་དེ་ལ་སྐྱོན་ཆ་མང་དུ་གླེང་བ་མ་ཟད། བོད་ཡིག་གི་ནོར་འཁྲུལ་མང་དག་དཔེར་བཀོད་འདུག དེ་མཐོང་མ་ཐག་ཚིག་མཛོད་དེའི་རིན་ཐང་ཚང་མ་ཤོར་ནས་བྱ་བ་ཐབས་སྡུག་འདི་འདྲ་གང་ཡིན་ནམ་སྙམ་ནས་སེམས་པ་ཧ་ཅང་སྐྱོ་བྱུང་། ཨ་ཁ་ཁ།
གངས་སེང་ལགས། ངོ་མ་ཁྱྱེད་ལ་ཚིག་མཛོད་ཡག་པོ་ཞིག་མཁོ་ཐག་ཆོད་རེད། ཕབས་ལེན་ཟེར་བ་དེ་ཚོ་ཚིག་མཛོད་དེ་ཚོའི་ནང་ལ་བསྣན་དགོས་འདུག
དག་ཡིག་ཡིག་ནོར་ཅན་སྤེལ་བ་ཡག་པོ་མ་རེད། དཀའ་ལས་དཀའ་ལས་རེད། ཡིག་ནོར་ཡིག་ནོར་རེད། དེ་གཉིས་བརྗེ་ཚོང་ཡོང་གི་མ་རེད། ཡིག་ནོར་ཅན་གྱི་ཚིག་མཛོད་སྤེལ་བ་མ་འགྲིག་པ་རེད། མ་དག་པ་རེད། ཡིག་ནོར་སྤེལ་བ་འདི་སྐད་ཡིག་སྲུང་སྐྱོབ་དང་རྒྱབ་འགལ་གྱི་ལས་ཀ་རེད། ག་རེ་བྱས་ནས་ཐུགས་རྗེ་ཆེ་ཞུ་དགོས་པ་རེད། ཡིག་ནོར་མེད་པ་ཞིག་ནུས་ཀྱི་མེད་ན་མ་བསྒྲིགས་ན་ཡག་གི་རེད། དག་ཡིག་དང་ཚིག་མཛོད་ཡིག་ནོར་ཅན་སྤེལ་བ་འདི་བོད་ཀྱི་སྐད་ཡིག་ལ་ཁྱད་གསོད་འདྲ་པོ་རེད། ཡིག་ནོར་འདུག་ཟེར་ནས་སྐྱོན་བརྗོད་བྱས་པ་ཡ་རབས་བཟང་སྤྱོད་དང་འགལ་གྱི་ཡོད་མདོག་ཀྱང་ལབ་འདུག ད་ལྟད་མོ་འདུག་ག
ལྷག་པ་དོན་གྲུབ།
ཡིག་ནོར་མ་རེད། གཏགས་ནོར་རམ། འཕྲུལ་འཁོར་གྱི་སྐྱོན་རེད། ལྐུགས་རྟགས་མ་སྟོན། གནས་ཚུལ་ཆུང་ཆུང་ཆེན་པོ་བཟོ་རྒྱུར་དགའ་བའི་གློའུ་ཁྱེད་ཚོ།
དངོས་ཡོད་གནས་སྟངས་བཤད་ན་ཁྱེད་ཚོ་མི་དགའ་བ་ཅི་རེད། ནོར་འདུག་ལབ་ན་མི་དགའ་བ་བྱེད་ཅིང་རྒོལ་བར་བྱེད་པ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་པར་མཐོང་མ་སོང་། སྤུས་དག་མི་འཇོན་ན། འདི་འདྲ་སྒྲིག་རྒྱུ་གཡུགས་བཞག་ན་དགའ་བ་རེད། ཡིག་ནོར་ཅན་གྱི་ཚིག་མཛོད་ཅིག་དཔར་བར་ལེགས་གསོལ་དང་བསྔགས་བརྗོད་འཚམ་པོ་ཡོད་པར་མཐོང་གི་མེད།
རྒྱ་བོད་གཉིས་ཀའི་ནང་ཞིབ་གཟིགས་མཛད་ནས་ཡིག་ནོར་གང་ཡོད་པ་དེ་དག་གསུང་མཛད་རོགས་གནང་ལགས། ལམ་སང་ཞུ་དག་ཞུ་ངེས་ཡིན།
ཚིག་མཛོད་ཡིག་ནོར་ཅན་བསྒྲིགས་ན་དེ་གནས་ཚུལ་ཆུང་ཆུང་མ་རེད། གནས་ཚུལ་ཆེན་པོ་རེད། ཚིག་མཛོད་ཀྱི་ཡིག་ནོར་གླེང་ན། དེར་མི་དགའ་བ་བྱེད་པ་ལས། ང་ཚོས་སྐྱོན་ནོར་ངོས་ལེན་དང་བཟོ་བཅོས་གོང་སྤེལ་ལ་འབད་ཐུབ་ན་ཕོ་ཁྱོ་གའི་ལས་ཀ་རེད། དེ་མིན་ཡིག་ནོར་གླེང་མཁན་ཚོར་སྡིག་དམོད་བྱས་ནས་ཕན་ཐོགས་གང་ཡང་ཡོད་པ་མ་རེད།
ཡིག་ནོར་མ་རེད་གཏགས་ནོར་རེད་ཟེར་བ་འདི་ཡ་མཚན་རེད་གཏག་ནོར་ཡིག་ནོར་མིན་དོན་གང་ཡིན་ནམ།
ལྷན་རྒྱས་ནས་དགོངས་ཚུལ་གསུང་པ་ཐུགས་རྗེ་ཆེ། ཡི་གེ་གཏག་ཤོར་བ་མང་པོ་ཡོད་འདུག་པས་གང་མགྱོགས་བཟོ་བཅོས་ཞུ་གི་ཡིན། ཚིག་མཛོད་འདི་སླར་གསོ་(update)བྱ་རྒྱུ་ཧ་ཅང་སྟབས་བདེ་ཡིན་པས་ཁྱོན་ཡོངས་ལ་འགྱུར་བ་གཏོང་ཆོག
གུས་པས་སེམས་བསམ་པའི་གཏིང་ནས་མི་རིགས་འདིར་ཕན་པ་རེ་བྱུང་ན་སྙམས་ནས་ལས་གཞི་གང་མང་སྤེན་བཞིན་པར་ནོར་འཁྲུལ་ཡང་མང་དག་ཞིག་བྱུང་འབྱུང་བཞིན་པས་དགོངས་འགལ་མེད་པར་ཞུ། འགན་ཁུར་ནས་གང་མགྱོགས་བཟོ་བཅོས་ཞུ་གི་ཡིན།
འགན་ཁུར་མཁན་རྣམས་ལ་ཐུགས་རྗེའི་བཀའ་དྲིན་ཆེ་ཞུ་ཞུ།
སྐད་འཕྲིན་བརྒྱུད་ལམ་ན། རྒྱ་བོད་ཚིག་མཛོད་འདི་དང་གཞན་གླེང་སྟངས་ནི་འཇིགས་ཡེར་བ་ཞིག་རེད། མི་མང་པོས་དྲི་བ་འགའ་ལ་ལན་མ་རྙེད་ནས་འདུག
༼སྨོན་ལམ་ཚིག་མཛོད་ཆེན་མོ༽ནི་བོད་ཀྱི་གློག་རྡུལ་ཚིག་མཛོད་ཡིག་ནོར་མང་ཤོས་རེད་ཟེར་ནས་གླེང་གིན་འདུག
༼བོད་ཡིག་ཚིག་གཏེར་རྒྱ་མཚོ༽ནི་བོད་ཀྱི་ཤོག་ངོས་ཚིག་མཛོད་ཡིག ནོར་མང་ཤོས་རེད་ཟེར་ནས་གླེང་གིན་འདུག
༼མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ༽ནི་བོད་ཀྱི་རྣམ་ཐར་གླེགས་བམ་ཡིག་ནོར་མང་ཤོས་རེད་ཟེར་ནས་གླེང་གིན་འདུག
༼རྒྱ་བོད་ཚིག་མཛོད༽ནི་བོད་ཀྱི་ཤན་སྦྱར་གློག་རྡུལ་ཚིག་མཛོད་ཡིག་ནོར་མང་ཤོས་རེད་ཟེར་ནས་གླེང་གིན་འདུག
འདི་དག་ལ་རྒྱུ་མཚན་བགྲངས་ནས་མ་རེད་ཟེར་ཐུབ་མཁན་ཡོད་ན་ལན་འཁྱེར་ཤོག་ཟེར་གྱིན་འདུག གླེང་སྟངས་འཇིགས་ཡེར་བ་ཞིག་འདུག་གོ །
ལྷན་རྒྱས་རེ་སྐུལ་ཞུ་རྒྱུར།
གུས་པ་གཙོས་འགན་ཁུར་བ་རྣམས་ལ་སྐྱོན་བརྗོད་དང་དགོངས་ཚུལ་གསུང་རྒྱུ་ལས་དྲ་གྲོགས་ཕན་ཚུན་བར་གུས་པ་ཅག་གི་ལས་ཀ་དང་འབྲེལ་ནས་ཁ་རྩོད་མི་གནང་བའི་རེ་སྐུལ་ཞུ་བཞིན་པ་ལགས།
གུས་པ་ཅག་ལ་ཕན་སེམས་ཤིག་ཡོད་ནའང་སྤྱིར་བཏང་གི་སྐྱེ་བོ་ཞིག་ལགས་པས་ནོར་འཁྲུལ་ཤོར་བ་ལ་དགོངས་སེལ་དང་། བསྐྱར་བཅོས་ཞུ་ཆོག
གུས་པར་མཚོན་ན་ལས་ཀ་དང་སྐྱོན་བརྗོད། རྒྱབ་སྐྱོར་དང་སྟོད་ར་གང་གནང་མིན་ལ་མ་ལྟོས་པར་རང་ནུས་གང་ཡོད་འདོན་ཁུལ་ཡིན། སྐྱེ་བ་སྔ་མའི་བུ་ལོན་ནམ་ཞེན་ཆགས་ཤིག་གིས་ལམ་འདིར་མི་ཞུགས་མཐུ་མེད་བྱུང་།
བསམ་ཤེས་ལགས། བདེན་པ་རེད། ངས་ཚིག་མཛོད་བཟོ་ཤེས་ཀྱི་མེད། ང་ཚིག་མཛོད་སྦྱོང་མཁན་ཞིག་ཡིན། སྦྱང་བྱའི་ཚིག་མཛོད་འདི་ལྟ་བུ་ལ་སྦྱོང་ན་སྦྱོང་བའི་དཀའ་ཚེགས་དང་མཐར་ལོག་ལམ་ལ་འཁྲིད་རྒྱུ་ཉག་གཅིག་ལས་དགེ་ཚན་ཏིལ་འབྲུ་ཙམ་ཡང་མཐོང་མ་སོང་ཞུ་རྒྱུ་ཡིན།
རྒྱ་སྐད་དུ [ མའ] 马 : བོད་སྐད་དུ [ རྟ ] རྟ་དཀར་པོ-白马
རྟའི་ཤུགས- 马力 རྟ་རྒྱུགས- 赛马 ཟེར་བས
马克思:མའ་ཁེ་སི་་་་་མི་ཡིན་ལ་རྟ་མིན་ཏེ་་་་་་་ཚིག་དང
དོན་གཉིས་ནོར་བར་ཡིག་ཆ་ཁག་ལ་གཟིགས་ཞིག་མ་གནང་བའི་སྐྱོན་
ཆ་མང་བ་སྨོས་ཅི་དགོས གང་ལྟར་རྒྱ་ཆ % ༩༠ སྐྱོན་ཅན་ནོ །།
真丢脸的 !!!
ཡོད་ན་ཡོད་པའི་བཀྲིས་ཤོག་།
མེད་ན་མེད་པའི་བཀྲིས་ཤོག་།
སྩལ་པ་ལ་བསྩལ་བ། མདང་དགོངས་ལ་མདང་དགོང་། ལྡང་ལ་འདང་ཡོངས་གྲགས་ཆགས་པ་བྱུང་དང་། འབྱུང་བཞིན་པ་གཙོ་བོ་མ་དག་པའི་ཚིག་མཛོད་ལ་དག་པར་བློ་གཏན་འཁེལ་བ་དང་། མ་བརྟགས་མ་དཔྱད་པ་ལས་བྱུང་། འདི་འདྲ་བོད་སྔར་གྱི་དཔེ་དག་ཏུ་ཡང་མཐོང་རྒྱུ་མང་པོ་འདུག ནོར་འཁྲུལ་འབྱུང་བ་ཀུན་མི་རེ་རེས་དག་སེལ་མི་ཐུབ་ཀྱང་མང་པོ་ཞིག་མཉམ་འབྲེལ་གྱི་སྒོ་ནས་དག་པར་བྱེད་ཐུབ་སྙམ་མོ།
་
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས།” སྔར་བོད་ལ་བསྟན་པ་དར་བ་ན། བསྟན་པ་འཔང་དམའ་རུ་སོང་བ་ན་ཡི་གེ་ཡང་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན།” ཞེས་གསུངས་པ། སོག་པོ་བསྟན་དར་ལྷ་རམས་པས་བཀོད་དོ།
སྤྱིར་བཏང་བོད་ཡིག་མ་དག་བྲིས་པ་ནི་རྩམ་པ་པོའམ་ཞུས་དག་པོས་དང་། ཡིག་མཁན་དག་གིས་ནོར་སྲིད་པ་རེད། དག་ཡིག་ཚིག་མཛོད་ནང་ལ་མ་དག་པ་བྱུང་ན། དག་ཚིག་ཚིག་མཛོད་བསྒྲིགས་པའི་གོ་དོན་མ་ཚང་བས་འདི་ལས་ནོར་ཚབ་ཆེ་བ་དང་བགད་མོ་ཤོར་ས་ཅིག་མེད་པ་རེད། དེས་མཁས་མཆོག་རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཀྱིས་དག་བཅོས་ལན་གཅིག་ཙམ་མ་ཡིན་པར། ཐང་མ་མང་པོར་ཐེར་འདོན་གནང་བཞིན་པའང་། འདི་ལ་ཐུག་པ་རེད་དོ།།
ཞེན་ཁོག་ཤ་ལ་བྱེད་མཁན་ཚོས་སོམས་དང་།
གཏགས་ནོར་དང་ཡིག་གཏགས་ནོར་གཉིས་ལ་མུ་གསུམ་ལས་བཞིར་བརྩི་རུ་མེད། ཡིག་ནོར་ཡིན་ལ་གཏགས་ནོར་མ་ཡིན་པ་ནི་སུག་བྲིས་སུ་ཐོན་པའི་ཡིག་ནོར་ལྟ་བུ། གཉི་ག་ཡིན་པའི་མུ་ནི་ད་ཐེངས་ཨ་ཁུ་སྨོན་ལམ་མཆོག་གི་གློག་རྡུལ་ཚིག་མཛོད་ལས་ཐོན་པའི་ཡིག་ནོར་རྣམས་ལྟ་བུ། གཉི་ག་མ་ཡིན་པའི་མུ་སླ། གཏགས་ནོར་ཡིན་ལ་ཡིག་ནོར་མ་ཡིན་པའི་མུ་ཞིག་སུས་ཞོག་གམ།མོ་གཤམ་གྱི་བུས་ཞོག་སྲིད།
ཨ་ཁུ་སྨོན་ལམ་ལ་གཏགས་ནོར་འདུག་ཡིག་ནོར་མི་འདུག་ཟེར་མཁན་ཚོ་ནི། དཔེར་ན། གླ་རྩི་ཐེངས་གཅིག་ཐོབ་པའི་དགའ་བ་ཡིས་གླ་ཧྲིལ་པོ་གླ་རྩི་རུ་སྒྲུབ་པའི་རྩོལ་བ་ལྷུར་ལེན་པ་དང་འདྲ་སྟེ། རྣམ་དབྱེ་ལ་དེ་ལས་ལྷག་པའི་རྨོངས་ཚུལ་ཞིག་ངས་གཞན་ནས་རྙེད་ན་ཨ་ཕའི་ཤ།
(འདི་ཀློགས་ཤིག)
ཞེན་ཁོག་ཤ་ལ་བྱེད་མཁན་ཚོས་སོམས་དང་།
གཏགས་ནོར་དང་ཡིག་ནོར་གཉིས་ལ་མུ་གསུམ་ལས་བཞིར་བརྩི་རུ་མེད། ཡིག་ནོར་ཡིན་ལ་གཏགས་ནོར་མ་ཡིན་པ་ནི་སུག་བྲིས་སུ་ཐོན་པའི་ཡིག་ནོར་ལྟ་བུ། གཉི་ག་ཡིན་པའི་མུ་ནི་ད་ཐེངས་ཨ་ཁུ་སྨོན་ལམ་མཆོག་གི་གློག་རྡུལ་ཚིག་མཛོད་ལས་ཐོན་པའི་ཡིག་ནོར་རྣམས་ལྟ་བུ། གཉི་ག་མ་ཡིན་པའི་མུ་སླ། གཏགས་ནོར་ཡིན་ལ་ཡིག་ནོར་མ་ཡིན་པའི་མུ་ཞིག་སུས་ཞོག་གམ། མོ་གཤམ་གྱི་བུས་ནུས་སྲིད།
ཨ་ཁུ་སྨོན་ལམ་ལ་གཏགས་ནོར་འདུག་ཡིག་ནོར་མི་འདུག་ཟེར་མཁན་ཚོ་ནི། དཔེར་ན། གླ་རྩི་ཐེངས་གཅིག་ཐོབ་པའི་དགའ་བ་ཡིས་གླ་ཧྲིལ་པོ་གླ་རྩི་རུ་སྒྲུབ་པའི་རྩོལ་བ་ལྷུར་ལེན་པ་དང་འདྲ་སྟེ། རྣམ་དབྱེ་ལ་དེ་ལས་ལྷག་པའི་རྨོངས་ཚུལ་ཞིག་ངས་གཞན་ནས་རྙེད་ན་ཨ་ཕའི་ཤ།
ཡིག་ནོར་གང་འགྱོགས་བཟོ་བཅོས་གནང་འཆར་འདུག
སྔོན་མར་བོད་ནང་གི་རིག་གནས་པ་རུས་པ་ཅན་ཚོས་བོད་རྒྱ་ཚིག་མཛོད་བརྩམས།།
ད་ལྟ་ཡུལ་བྱོལ་བའི་རིག་གནས་པ་འཚོ་བ་གཞན་རྟེན་པས་རྒྱ་བོད་ཚིག་མཛོད་བརྩམས།།
ངའི་མི་ཚེའི་ནང་རྒྱའི་བོད་ཚིག་མཛོད་ཀྱང་མཐོང་སྲིད་པ་རེད།། བསྟུན་མཁས་ཟེར་བ་འདིས་དགོས་ས་ཆད་མི་དགོས་སར་ལྷག་གི་འཇུག་འོངས།།
སྨོན་ལམ་ཚིག་མཛོད་ཆེན་མོ། རྒྱ་བོད་ཚིག་མཛོད། གཉིས་ཀ་ན་ཡིག་ནོར་མང་བ་བདེན་པ་རེད། ཡིག་ནོར་ཉུང་ཉུང་རེད་མི་འདུག སྨོན་ལམ་ཁོ་རང་ལ་ཁག་ཡོད་པ་མ་རེད། ལག་རྩལ་ལ་མཁས་པ་ལས་རིག་གནས་ལ་མཁས་པ་དེ་འདྲ་གང་ཡང་མ་རེད། ལས་བྱེད་ཚོས་ལས་ཀ་སྤུས་དག་མ་བྱས་པ་རེད། ཡང་ན། སྤུས་དག་བྱེད་པའི་ཤེས་ཡོན་གནས་ཚད་མེད་སོང་བ་རེད། དེ་ལ་འགྲེལ་བཤད་གཞན་པ་དགོས་པ་མ་རེད་ལ། ཁུངས་མི་འཁྱོལ་བ་དང་ཨུ་ཚུགས་ཀྱི་རྒྱབ་སྐྱོར་གང་གིས་ཀྱང་ཕན་ཐོགས་ཡོད་པ་མ་རེད། ནོར་ན་ནོར་བ་རེད། ཡིག་ནོར་འདུག་ལབ་ཡོང་ན། དེ་ལ་སྡང་བའི་ལྟ་སྟངས་འཛིན་པ་ཡག་པོར་མཐོང་མ་སོང་། དེ་རིག་གནས་སྲུང་སྐྱོབ་མ་རེད། སྐད་ཡིག་སྲུང་སྐྱོབ་མ་རེད། འབྲེལ་ཡོད་ཚོས་ག་ལེར་ཚིག་མཛོད་ནང་གི་ཡིག་ནོར་རྩ་མེད་གཏོང་རྒྱུ་དཀའ་ནའང་ཇེ་ཉུང་ལ་བཏང་ནས་ལེགས་བཅོས་གནང་བའི་ཡིད་ཆེས་བྱེད་ཀྱི་ཡོད།
བློ་བཟང་སྨོན་ལམ་ལགས་ལ་སྙིང་དབུས་ནས་བཀའ་དྲིན་ཞུ་ཡིན་ཁྱེད་ཐུགས་མ་ཕམ་བློ་བཟོ་བོར་གནས་པའི་སྐྱེ་བོ་རྣམས་ནས་དུས་ནམ་ཡང་ཁྱེད་ལ་རྒྱབ་བསྐྱོར་ཡོད་དོ། སྨོན་ལམ་རྒྱལ་ལོ། །བོད་ཡིག་རྒྱལ་ལོ། །ཚིག་མཛོད་རྒྱལ་ལོ།
ཐེ་ཝན་ཞིབ་འཇུག་ཚོགས་པའི་རྫ་ཚེ་རིང་བཀྲ་ཤིས་ཀྱི་ད་རེ་དགེ་བཤེས་སྨོན་ལམ་ལགས་ཐེ་ཝན་དུ་ཕེབས་པའི་འགྲོ་གྲོན་ཆ་ཚང་དང་། རྒྱ་བོད་ཚིག་མཛོད་རྩོམ་སྒྲིག་ཆེད་ཁྲི་རྒྱ་བརྒྱ་ཐབ་པ་བཏང་ཡོད་ཟེར། ཚིག་མཛོད་སྒོ་འབྱེད་ཉིན་ཞབས་འདེབས་སློང་ནས་ཐེ་སྒོར་འབུམ་གཉིས་༢༠༠༠༠༠་ལྷག་རག་བྱུང་གསུང་སོང་། ད་དུང་ལྷག་མ་ཚང་མའི་ཞབས་འདེབས་གནང་རྒྱུ་འབོད་སྐད་གནང་བ་དང། ཐེ་ཝན་དོན་གཅོད་ལས་ཁུངས་ནས་ཡང་ཨ་སྒོར་༣༠༠་གནང་།
ཡག་བྱུང་།
རེད་རེད་བོད་རྒྱ་ཚིག་མཛོད་དང་སྨོན་ལམ་ཚིག་མཛོད་སོགས་ལ་ནོར་བ་མང་པོ་རེད། བོད་རྒྱ་ཚིག་མཛོད་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གིས་ལྟ་བ་བཀོལ་ནས་བཤད་ཡོད། ཆོས་ལུགས་གཞན་པའི་ལྟ་གྲུབ་དང་ཆོས་ཚིག་སོགས་ལ་འགྲེལ་བ་བྱས་མེད་ཅུང་ཟད་བྲིས་པ་དེ་ཡང་ངན་སྨྲས་སམ་རང་ཕྱོགས་ཀྱི་ལྟ་ཚུལ་རྣམས་བྲིས་ཡོད་དེ་དག་ཐམས་ཅད་ཚིག་ནོར་དོན་ནོར་རེད། སྨོན་ལམ་ཚིག་མཛོད་ནི་ཁོ་རང་གིས་བྲིས་པ་མ་རེད་ཁོ་རང་གི་མིང་བཏགས་པ་ཙམ་རེད། ཚིག་མཛོད་ནི་ཆོས་རྒྱུད་བཞི་དང་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ནས་འཐུས་མི་བསྐོས་པ་ཚོ་རེད། བྱས་ཙང་ངོ་མ་བྱས་ན་སྨོན་ལམ་ཚིག་མཛོད་ཅེས་མིང་བཏགས་པ་ནི་ཡ་མཚན་རེད། སྨོན་ལམ་ཁོ་རང་དེ་ཡི་གཙོ་འཛིན་དང་བཀོད་བྱུས་བྱེད་མཁན་ཙམ་རེད་་་འགྲོ་སོང་ནི་དགའ་ལྡན་ཕོ་བྲང་ངམ་སྐུ་སྒེར་ནས་གཏོང་གི་ཡོད། བྱས་ཙང་ནོར་བ་ཡོད་ན་ཁོང་ཚོས་ནོར་བ་རེད་སྨོན་ལམ་ཁོ་རང་ལ་དེ་འདྲའི་རིག་གནས་ཅན་ཅིག་མ་རེད། གློག་ཀླད་ལ་འཇུག་པ་སོགས་ཀྱི་ཤེས་ཡོན་ནི་ཏན་ཏན་ཡོད་རེད། དེ་ཚོ་ཁོ་རང་གིས་བྱས་རྗེས་རེད།
ཁྱོད་ཀྱིས་ཞེ་ཕུག་ལ་ཚིག་མཛོད་ཚང་མའི་མིང་ལ་བོན་པོའི་མིང་བརྟགས་ན་ཞེ་འཚམ་འདོག་ཁག་པོ་རེད་དེ་ཡོང་མི་སྲིད་པ་རེད་རང་གིས་ནི་མི་ཐུབ་གཞན་ལ་སྐྱོན་རྐྱང་རྐྱང་འཚོལ་ལས་ངན་པ་རེད་ཁྱུང་སེ་་འདི་ཕར་ཆེར་བོན་ནག་ཡིན་ས་རེད་ཨ་རོ་ཁྲོ་མ་ལངས་ཨ
དྲང་སྲོང་ལགས་ཁྱེད་ལ་ཆོས་ལུགས་ཀྱི་ཆགས་སྡང་དང་མི་རིགས་ལ་མཐོང་ཆུང་ལ་བྱེད་པའི་ཉམས་ལེན་དེ་ཚོ་ཁྱེད་ཀྱིས་ནང་ཆོས་ཉམས་སུ་བླངས་པ་ལས་བྱུང་བ་ཡིན་ནམ། ཁྱེད་ཀྱི་བླ་མས་གསུངས་པ་དེ་ཉམས་སུ་ལེན་གྱི་ཡོད་དམ། ཡང་ན་ཆོས་ཀྱི་ཕྱོགས་ཞེན་ཙམ་ལས་ཆོས་ཀྱི་དྲི་མ་ཙམ་ཞིག་ཀྱང་སེམས་ལ་མ་ཟུག་པ་ཡིན་མིན་ཁྱེད་རང་གིས་ལོས་ཤེས། དེང་སང་བོད་ཀྱི་ཆབ་སྲིད་འཁྲབ་སྐབས་རྫུན་དང་ཁྲམ་པ་རང་བསྟོད་གཞན་དམོད་བྱེད་མི་ཆོག་ཟེར། དེས་བོད་མིའི་བཟང་སྤྱོད་དང་འགལ་འགྲོ་གི་འདུག་ཟེར། ཡིན་ནའང་ཆོས་ལུགས་འཁྲབ་དུས་ཅི་བཤད་ཅི་སྨྲས་ཀྱི་རང་དབང་བཟོ་འདྲ་ཞིག་འདུག དེ་མིན་ན་ཁྱེད་ལྟར་ན་ཚིག་མཛོད་དེ་ལ་བཟང་་ངན་གང་ཡང་བརྗོད་མི་ཆོག་པ་དང་མི་རུང་བ་ཞིག་ཡིན་ནམ། གནམ་བཀའ་ཡིན་ན་གནས་ཚུལ་ཁ་ཁ་རེད། སྔར་བོད་རྒྱ་ཚིག་མཛོད་ཅེས་མིང་བཏགས་ཡོད། དེང་སང་རྒྱ་བོད་ཚིག་མཛོད་ཅེས་མིང་སྔ་ཕྱི་འགྱུར་འདུག་དེ་ལ་དགོས་པ་འདྲ་ཡོད་པ་ཡིན་ནམ།
ཚིག་མཛོད་དེར་དང་པོ་ནས་འགྲོ་གྲོན་ཆ་ཚང་ཡོད་ཟེར། རྗེས་ལ་ཞབས་འདེབས་སློང་གི་འདུག་ཟེར་ན་གང་ཡིན་ནམ། དཔལ་འབྱོར་འབད་དམིགས་ནི་ཡིན་རྒྱུ་མ་རེད་དྲན། དང་པོ་ནས་མ་ནུས་ན་གཡུག་བཞག་ན་ཆོག་གི་མ་རེད་དམ། མ་གཞི་ནས་དག་ཡིག་དང་ཚིག་མཛོད་ཕྱོགས་བསྒྲིགས་ལ་ནོར་བ་རྩ་བ་ནས་མེད་དགོས་པ་དེ་གལ་གནད་ཆེ་ཤོས་རེད་དྲན། ཕྱོགས་བསྒྲིགས་བྱས་ཟིན་པར་ཐུགས་རྗེ་ལོས་ཡོད། དེར་ངལ་བ་བརྟེན་དགོས་པས་ལས་སླ་མོ་ཡོད་མ་རེད། ཡིན་ནའང་མ་འགྲིག་ས་དང་ནོར་བར་ཐེར་བཏོན་བྱས་མ་ཆོག་ན་དང་པོ་ནས་འཁྲུལ་མེད་སྤུས་དག་ཅིག་སྒྲིགས་བཞག་ན་རྗེས་ལ་སྐད་ཅ་མང་པོ་འོང་གཞི་ཡོད་མ་རེད། མི་ཚང་མ་མགུ་བའི་ལས་ཀ་གཅིག་འཛམ་གླིང་ན་ཡོད་མ་རེད་པས་དེར་བཞིན་གལ་གནད་གང་ཆེ་ལ་ལྟོས་ན་ཡག་པོ་མིན་ནམ་སྙམ།
ཆོས་ལུགས་ཀྱི་ཆགས་སྡང་སུ་ལ་ཡོད་མེད་ཁ་བརྡའི་དྲ་གྲོགས་ཡོངས་ཀྱིས་མིག་མཐོང་ལག་ཟིན་རེད། ཁྱུང་སེ་ལགས་འདིར་དབྱར་གནས་སྲུང་དགོས་དོན་མེད་སྡིག་པ་བསགས་འདོད་མེད་དེ་ཙམ་ཨ་རོག