ཆུ་སྐྱེས་སྒྲོལ་མ།
རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་ཨིན་ཡིག་ནང་རྩོམ་སྒྲིག་གནང་ཡོད་པ DALAI LAMA, MY SON (A Mother’s Story) ཞུ་བ་ཕྱི་ལོ་ 2000 ལོར་ཨིན་ཡིག་པར་སྐྲུན་འགྲེམས་སྤེལ་ཞུས་འདུག ད་ལྟ་བར་བོད་ཡིག་ནང་ལ་བསྒྱུར་བ་ཞིག་མཐོང་མ་སོང་། ངས་ཨིན་དེབ་དེ་ཐེངས་འགར་བཀླགས་མྱོང་། དེ་དུས་དེབ་འདི་བོད་ཡིག་ནང་ཡོད་ན་བོད་ཡིག་གི་ལམ་ནས་ཀློག་མཁན་མང་པོ་ཡོང་གི་རེད་བསམ་བྱུང་།
ཡིན་ནའང་། སྐབས་དེར་རང་ཉིད་ཀྱིས་བསྒྱུར་དགོས་བསམ་པ་བསམ་བློ་འཁོར་མ་བྱུང་། དེ་རྗེས་བོད་ཡིག་ནང་བསྒྱུར་བའི་བསམ་བློ་སྐྱེས་ཏེ་འབད་པ་བྱས་པ་ཡིན། ངས་རང་ཉིད་དང་རོགས་པ་ཚོར་མངགས་པ་སོགས་བྱས་ནས་ཨིན་ཡིག་དེབ་ཀྱི་ཡིག་འབྲུ་ཆ་ཚང་གློག་ཀླད་ནང་བཅུག་སྟེ། དེ་ནས་དུམ་ཚན་རེ་རེ་བྱས་ནས་བཀླགས་ཤིང་བསྒྱུར། དེ་ནི་དཀའ་ཚེགས་ཤིག་རེད་འདུག་ཀྱང་ཡིག་སྒྱུར་བྱེད་པར་སྟབས་བདེ་བ་ཞིག་བྱུང་། དེ་ནས་༢༠༡༢ ལོར་བསྒྱུར་བའི་ལས་ཀར་དངོས་སུ་ཞུགས་པ་ཡིན།
ངས་ཡིག་སྒྱུར་འདི་མ་བྱས་གོང་ལ། སྒྲ་སྦྱོར་བམ་གཉིས་དང་། ཡིག་སྒྱུར་སྐོར་གྱི་རྩོམ་ཡིག་གང་འཚམ་ཞིག་བཀླགས་པ་ཡིན། དེ་ཚོ་བཀླགས་ནས་ཐབས་ལམ་སྟབས་བདེ་རེ་རྙེད་པའི་རེ་བ་བྱས། མཐའ་མ་དེར་ང་ལ་ཚོར་སྣང་བྱུང་བ་ནི། ལོ་ཙྰ་བའི་ལས་ཀ་ནི་ལས་སླ་པོ་ཞིག་མ་རེད་བསམ་པའི་ཚོར་སྣང་གཅིག་དང་། གཞན་ནི་སྒྱུར་མཁན་ལ་རང་དབང་མེད་པའི་ལས་ཀ་ཞིག་ཡིན་པའི་ཚོར་སྣང་གཉིས་རེད ། གང་ལྟར་དོན་སྒྱུར། ཐད་སྒྱུར། སྣོལ་བསྒྱུར་སོགས་སྒྱུར་ཐབས་སྣ་ཚོགས་བསྟེན་ཏེ། བསྒྱུར་བྱ་ཡི་དོན་དང་མི་འགལ་བ་དང་འགྱུར་ཡིག་གི་བརྗོད་པ་བདེ་བའི་རྩ་དོན་དེར་སྙེགས་ཐབས་བྱེད་ཁུལ་བྱས་པ་ཡིན། དྲན་ཐོར་བཏབས་པའི་དེབ་ནང་གསལ་བ་ལྟར་ན། ཕྱི་ལོ་ 2013 ཟླ་ 10 ཚེས་ 17 ཉིན་ཡོངས་སུ་གྲུབ་འདུག
དེབ་འདི་བོད་ཡིག་ནང་ལ་བསྒྱུར་ཚར་བའི་རྗེས་ལ་ངས་བོད་ཡིག་ཀློག་མཁན་ཚོར་ལེགས་སྐྱེས་ཤིག་འབུལ་ཐུབ་སོང་སྙམ་པའི་དགའ་ཚོར་ཆེན་པོ་སྐྱེས་བྱུང་། སྤོབས་པའང་སྐྱེས་བྱུང་། ཡིན་ནའང་། ལས་འཛོལ་ཆེན་པོ་ཞིག་བྱས་འདུག་པ་དེར་འགྱོད་སེམས་ཆེན་པོ་ཞིག་ཀྱང་བྱུང་། དེ་ནི། ངས་དེབ་འདི་བོད་བསྒྱུར་ཚར་བའི་རྗེས་ལ་གཞི་ནས་བོད་སྒྱུར་དང་བོད་ཡིག་ནང་པར་སྐྲུན་གྱི་ཆོག་མཆན་ཞུས་པ་དེ་ཡིན། གང་ལྟར་བོད་ཡིག་ནང་ཡིག་སྒྱུར་གྲུབ་ཡོད་པ་དེར། སྐབས་དེར་འབྲེལ་ཡོད་ནས་པར་སྐྲུན་གྱི་ཆོག་མཆན་གནང་མ་བྱུང་། གཅིག་བྱས་ན། དེ་ནི་ངས་བསྒྱུར་ཚར་ཡོད། པར་སྐྲུན་གྱི་ཆོག་མཆན་གནང་རོགས་ཞུས་པ་དེ་ཆོག་མཆན་གནང་མཁན་གྱི་ངོར་གོ་རིམ་འཛོལ་བ་ཞིག་དང་གོ་སྟངས་གཞན་ཞིག་གི་གོ་བ་བཞེས་ཡོད་ངེས། གང་ལྟར་ཆོག་མཆན་རག་མ་བྱུང་། དེ་ནི་ཕྱི་ལོ་ 2013 ལོར་རེད།
ཉེ་བའི་ཆར་མཁྱེན་ཡངས་ཤེས་རབ་དར་རྒྱས་ལགས་ནས་དེབ་འདིའི་པར་དབང་བསྣམས་མཁན་བསྟན་འཛིན་མཁས་གྲུབ་ལགས་ལྷན་གང་ཞིག་གླེང་མོལ་ཀྱི་སྐབས་དེར། ངས་བོད་བསྒྱུར་ཞུས་ཡོད་གནས་སྐོར་དྲན་གསོ་དང་བཅས་རྒྱལ་ བོད་ཡིག་ནང་ཡོད་ན་ལེགས་པའི་དགོངས་ཚུལ་གསུང་འདུག་པ་དང་། དེ་ནས་རིམ་པས་པར་སྐྲུན་བདག་དབང་བསྣམས་མཁན་དང་ང་ཚོའི་བར་ལ་འབྲེལ་མཐུད་གནང་བ་ལ་བརྟེན་ནས་ད་ཆ་བོད་ཡིག་ནང་པར་སྐྲུན་གྱི་ཆོག་མཆན་ཐོབ་ཡོད། གོ་སྐབས་འདི་བརྒྱུད་ནས་བསྟན་འཛིན་མཁས་གྲུབ་ལགས་དང་མཁྱེན་ཡངས་ཤེས་རབ་དར་རྒྱས་ལགས་དང་གཉིས་ཀར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
དེ་སྔ་ཆོག་མཆན་ཞུས་ནས་མ་རག་པའི་རྗེས་དེར་ངས་བོད་བསྒྱུར་ཟིན་པ་འདི་རྩ་བ་ལ་བཞག་སྟེ། རྒྱལ་ཡུམ་ཆེན་མོའི་སྐོར་ལ་དེབ་གསར་པ་ཞིག་འབྲི་བའི་གྲ་སྒྲིག་ལ་ཞུགས་ཤིང་། ཡབ་གཞིས་དང་རྒྱལ་ཡུམ་ཆེན་མོར་འབྲེལ་ཡོད་གང་འཚམ་ཞིག་ལ་བཅར་འདྲི་དང་། པར་དང་འོད་སྡེར་འཚོལ་སྡུད། འབྲེལ་ཡོད་ཨིན་བོད་ཀྱི་དེབ་གང་འཚམ་ཞིག་བཀླགས་པ་བཅས་བྱས་ནས་རྒྱུ་ཆ་མང་པོ་ཞིག་བསགས་ཤིང་ཉར་ཚགས་བྱས། ད་ཆ་གཞི་ནས་དེབ་འདི་བོད་ཡིག་ནང་པར་སྐྲུན་གྱི་ཆོག་མཆན་རག་སྟབས། དེབ་འདི་བོད་ཡིག་ནང་པར་སྐྲུན་དང་ད་བར་བསགས་པའི་རྒྱུ་ཆ་བེད་སྤྱོད་སྐོར་ལ་ལས་སྣོན་ཅི་ཞིག་བྱེད་པར་དགོས་བསམ་བློ་གཏོང་གིན་ཡོད།
ད་ཆ་པར་སྐྲུན་ཆོག་མཆན་ཐོབ་ནས་ཐོག་མའི་བསམ་འདུན་ལེགས་འགྲུབ་བྱུང་བར་དགའ་བ་སྒོམ་བཞིན། ད་ནི་མི་རིང་བར་དེབ་འདི་བོད་ཡིག་ནང་དཔར་སྐྲུན་གྱིས་རྒྱ་ཆེའི་བོད་ཡིག་ཀློག་པ་པོ་ཚོར་ལེགས་སྐྱེས་སུ་འབུལ་བའི་དེབ་འཕྲིན་གྱི་ཚུལ་དུ་འདི་ལྟར་ཞུ་བར་འདོད་བྱུང་། དེབ་འདི་བོད་འགྱུར་བརྒྱུད་རིམ་ནང་ཕན་གྲོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཕྱི་ལོ་ 2019 ཟླ་ 2 ཚེས་ 24 ཉིན།
དངོས་ནས་ཡག་པོ་འདུག ཁྱོད་ལ་ཐུགས་ཆེ་དང་ད་དུང་མུ་མཐུད་དུ་འདི་འདྲའི་རིགས་གནང་རོགས་ཀྱི་འབོད་སྐུལ་གྲངས་མེད་ཞུ་ཞུ
དེབ་འདི་གང་ན་བཙོང་རྒྱུ་འདུག
DALAI LAMA MY SON = ངའི་བུ། ཏྰ་ལའི་བླ་མ།
ལོ་ཤས་སྔོན་དེབ་འདི་ལ་དོ་སྣང་བྱུང་།
བོད་ཀྱི་བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ་ཀགས་ཀྱིས་རྒྱལ་ཡུམ་ཆེན་མོའི་སྐུ་ཚེ་ལོ་རྒྱུས་དབྱིན་དེབ་བོད་འགྱུར་གནང་གྲུབ་པར་རྟེན་འབྲེལ་ཞུ། མི་འགྱངས་པར་བོད་འགྱུར་མར་མཇལ་ཐུབ་རེ་ཆེ།
བོད་ཀྱི་དེང་རབས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན་མང་པོ་ཞིག་གི་སྐུ་ཚེའི་ལོ་རྒྱུས་དབྱིན་དེབ་མང་པོ་ཡོད་པ་བོད་འགྱུར་གནང་རྒྱུ་ཧ་ཅང་གལ་ཆེ་ལ། དེབ་འདི་བོད་འགྱུར་གནང་བའང་གལ་ཆེན་ནང་གི་དོན་ཆེན་གཅིག་རེད་བསམ་ནས་བོད་འགྱུར་བྱེད་པོ་ཨ་ཅ་ཆུ་སྐྱེས་ལགས་སུ་བཀའ་དྲིན་ཆེ་ཞུའོ།།
རྒྱལ་ཡུམ་ཆེན་མོའི་སྐོར་ལ་ཅིག་འབྲི་གི་ཡོད་ཚེ་འདི་དག་གཞིར་བཟུང་ནས་བྲིས་ནས་དེབ་བཏོན་ན་དགེ་མཚན་ཆེ། གཅིག་ནས་པར་བསྐྲུན་ལ་ཆོག་མཆན་ཞུ་མི་དགོས། གཉིས་ནས། གང་འབྲི་རང་ཉིད་ལ་རང་དབང་ཡོད། གསུམ་ནས། བོད་ཡིག་ནང་རྒྱལ་ཡུམ་ཆེན་མོའི་སྐོར་གྱི་དེབ་དང་པོར་སོང་ཀློག་མཁན་མང་བར་འགྱུར་ངེས། འོན་ཀྱང་ཁྱེད་རང་གིས་ལས་ཀ་བྱེད་སྟངས་མགོ་མཇུག་བསློག་ནས་བྱས་འདུག མ་གཞི་འདི་ཚོ་སྐད་ཆ་བཤད་སྟངས་ཤིག་མིན་འགྲོ
དེབ་གསར་བ་ཟིག་བྲིས་ན་ཡག་གི་རེད། མི་ངན་དེ་ལོ་6་ལ་བཀག་པ་རེད། དངོས་ནས་ཡན་ད་ཡིན་ན་བོད་ཡིག་རང་གི་ལམ་ནས་དེབ་གསར་བ་ཟིག་བྲིས་ན་མ་འོང་ལོ་རྒྱུས་ནང་ལ་རིན་ཐང་འདྲ་ནི་མ་རེད།
ཆུ་སྐྱེས་སྒྲོལ་མ་ལགས། ཁྱེད་ཀྱིས་རང་མི་རིགས་ལ་ཕན་པའི་རླབས་ཆེན་གྱི་སྲི་ཞུ་གནང་བ་དང་། དཀའ་ངལ་ཁྱད་བསད་ཀྱིས་ཕྱག་ལས་གཟི་བརྗིད་ལྡན་པ།ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་དེ། ཨིན་བསྒྱུར་གནང་བར་རྗེས་སུ་ཡི་རང་དང་བཀའ་དྲིན་བླ་མེད་ཞུ། མ་ཟད་དཔེ་དེབ་དེ་མྱུར་དུ་མཇལ་ཐུབ་པར་ཤོག
ཆུ་སྐྱེས་སྒྲོལ་མ་ལགས་ཀྱིས་མ་བསྒྱུར་གོང་གཞན་ཞིག་གིས་བསྒྱུར་བཞིན་པ་གོ་ཐོས་བྱུང་ཡང་། དེས་བསྒྱུར་མཚམས་བཞག་ཡོད་པ་འདྲ། གང་ལྟར་ཆུ་སྐྱེས་སྒྲོལ་མ་ལགས་ཀྱིས་བོད་འགྱུར་བྱས་རྟེན་འབྲེལ་ཞུ། ཐིགས་པ་བསགས་པའི་རྒྱ་མཚོ་བཞིན་ཕྱིའི་སྐད་ཡིག་ནས་བོད་ཡིག་ཏུ་རང་རང་གི་འཇོན་ཚོད་ཀྱིས་བསྒྱུར་ཐུབ་ན་རང་སྐད་རང་ཡིག་འདི་ཕུན་སུམ་ཚོགས་པར་འགྱུར་བར་གདོན་མི་ཟ་འོ།
༧ གོང་ས་མཆོག་གི་རྣམ་ཐར་དང་། རྒྱལ་ཡུམ་ཆེན་མོ་རྣམ་ཐར་སོགས་ནས་ཨིན་ཡིག་སོགས་དེབ་ཀས་བསྒྱུར་དགོས་དོན་མེད། ཁྱེད་རང་རང་གི་དེབ་གསར་ོ་རང་བོད་ཡིག་ཐོག་ནས་བྲིས་གནང་ན་རྟག་རྟག་རེད། བོད་ཡིག་ཐོག་ནས་གནས་ཚུལ་ནང་བ་རག་གིས་རེད། ན་གཞི་ཁྱེད་རང་དང་ཐོག་ནས་བོད་ཡིག་ཐོག་གསར་རྩོམ་ཞིག་བྲིས་ན་རང་དབང་རེད་། རྒྱལ་ཡུམ་ཆེན་མོ་སྐུ་འཁོར་ཡོངས་རྫོགས་དང་གཞན་ཡང་ངག་རྒྱུན་བོད་སྐད་ཐོག་ནས་བརྙེད་ཐུབ་ཀྱིས་རེད་དེ། གང་ལྟར་སྐུ་ལས་གནང་བ་དེར་བཀྲིས་བདེ་ལེགས་ཡོད།།👍
ཆུ་སྐྱེས་སྒྲོལ་མ་ལགས། བཀྲིན་བླ་མེད་དུ་ཆེ།
བཀྲིས་བདེ་ལེགས་ཡོད་། དགའ་བསུ་ཞུ་གི་ཡོད།
༄༅། ཆུ་སྐྱེས་སྒྲོལ་མ་ལགས་བཀྲིས་བདེ་ལེགས་ཡོད།
ཁྱེད་རང་བོད་དུ་བཞུགས་ཡོད་དམ། ཕྱི་རྒྱལ་ལ་བཞུགས་ཡོད།
རྒྱལ་ཡུམ་ཆེན་མོ་མཆོག་གི་མཛད་རྣམ་བོད་བསྒྟུུར་གནང་བ་ཐུགས་རྗེ་ཆེ།
ལྷ་བྱ་ཁུ་བྱུག་སྔོན་མོ། གངས་ལྗོངས་ཡུལ་ལ་ཕེབས་རོགས།
གངས་ལྗོངས་མདོ་དབུས་ཁམས་གསུམ་། བདེ་སྐྱིད་ལྡན་པའི་བཀྲིས།
ཆུ་ལ་སྐྱེས་པའི་པདྨ་འདི། །
མཚར་སྡུག་སྒྲོལ་མའི་སྐུ་ལ་འགྲན། །
སེར་དང་སེར་བས་བར་ཆད་རྣམས། །
མེད་པའི་ངང་ནས་འགྲུབ་པར་སྨོན། །
དགའ་བསུ་དང་བཅས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ང་ལ་མཚོན་ན་གཞན་དག་དང་འདྲ་བར་ཁྱེད་ལ་འདི་བྱེད་དགོས་དང་མི་དགོས་ཀྱི་ལམ་སྟོན་དང་བཀའ་གཏོང་བ་གང་ཡང་མེད།་
ཁྱེད་རང་ལ་ཁྱེད་རང་གི་འཆར་གཞི་ཞིག་དང་དམིགས་ཡུལ་ཞིག
གདེང་ཚོད་ཞིག་ཡོད་ངེས་པས་མུ་མཐུན་ནས་མདུན་བསྐྱོད་བྱེད་པར་ཡིད་ཆེ་དང་རྒྱབ་སྐྱོར་ཡོད།
རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་ཅེས།།
གོ་མྱོང་ཙམ་ལས་མིག་གིས་མ་མཐོང་བས།།
དབྱིན་ཡིག་བོད་ལ་སྒྱུར་བའི་བྱེད་པོ་ཁྱོད།།
བདག་དང་བདག་འདྲར་མིག་དང་ཅིར་མི་མཚུངས།།
༄༅། དབྱར་ཟླ་དྲུག་པའི་ལང་ཚོ་ཡི་མེ་ཏོག། གཡུ་སྦྲང་བུང་བའི་གཤོག་ཟུང་ལ་འཁོར་ནས།
ལྗང་མདོག་གཡུ་ལོའི་དགའ་ཚལ་གྱི་ཁྲོད་ནས། ཡིད་སེམས་འཕྲེང་བའི་ཁུ་བྱུག་དེ་མ་མཐོང།
ཆུ་སྐྱེས་སྒྲོལ་མ་ལགས་སུ་བཀྲིན་ཆེ་ཞུ།
རྒྱལ་ཡུམ་ཆེ་མོ་འཁྲུངས་ལོ་དེ་སྤྱི་ལོ་ 1900 ལོ་དང་། 1901 ལོ་བཅས་ཁག་གཉིས་ཡོང་བཞིན་འདུག་པ་དང་། ཡང་རྒྱལ་མོ་ཆེ་མོའི་འཁྲུངས་ལོ་སྤྱི་ལོའི་ཟླ་ཚེས་དེ་ཁ་གསལ་ངེས་གཏན་མི་འདུག་པས་གོང་གསལ་གནས་ཚུལ་གཉིས་ཀྱི་ཐོག་ལ་གནས་ཚུལ་ཁ་གསལ་རྒྱུ་མཚན་དང་བཅས་གསུང་མཁན་ཡོད་ན་དགའ་བསུ་དང་། བཀྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
མ་ཆེ་མོ་འཁྲུངས་ལོ་དེ་སྤྱི་ལོ་ 1900 ལོ་དང་། 1901 ལོ་བཅས་ཁག་གཉིས་ཡོང་བཞིན་འདུག་པ་དང་། ཡང་རྒྱལ་ཡུམ་ཆེ་མོའི་འཁྲུངས་ལོ་སྤྱི་ལོའི་ཟླ་ཚེས་དེ་ཁ་གསལ་ངེས་གཏན་མི་འདུག་པས་གོང་གསལ་གནས་ཚུལ་གཉིས་ཀྱི་ཐོག་ལ་གནས་ཚུལ་ཁ་གསལ་རྒྱུ་མཚན་དང་བཅས་གསུང་མཁན་ཡོད་ན་དགའ་བསུ་དང་། བཀྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
༄༅། སྔོན་བསགས་ལས་ཀྱི་སྦྱིན་པའི་འབྲས་བུ་མི་ཡུལ་གང་སར་བསླེབས་པ་སྐྱོ།།
འཁོར་བའི་སྡུག་བསྔལ་རྗོགས་མཐའ་མེད་པ་ལས་ཀྱི་སྦྱིན་པ་རྣམ་མིན་ཙམ།།
དཀར་ནག་ལས་འབྲས་གཤིན་རྗེའི་ཁྲིམས་ར་འཇིག་རྟེན་ཁྲིམ་ལས་བརྒྱ་རྒྱུར་བཙན་།།
ཉམས་ཐག་འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་མཆོག་ནོར་བུ་དམ་ཆོས་ཙམ།།