མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ནས། ༢༠༡༠ ཟླ་༥ ཚེས་༣༠ ཉིན་བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བརྩམས་གནང་བའི་གནམ་ས་གོ་འབྱེད་ཅེས་པ་ས་བྱི་ཞི་རྒོལ་ཆེན་མོའི་དེབ་ཕྲེང་དང་པོའི་ཚུལ་དུ་བསྐྱར་དུ་དཔར་བསྐྲུན་འགྲེམས་སྤེལ་གྱི་མཛད་སྒོ་དང་སྦྲགས། དེའི་ཐད་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུ་འཆར་ལགས་པ་དང་། དེར་མཐུད་ས་བྱི་ཞི་རྒོལ་དང་འབྲེལ་བའི་རྩོམ་འབྲི་དང་དཔྱད་བརྗོད་རྒྱ་ཡིག་དང་བོད་ཡིག་ཏུ་གང་ཡོད་ཕྱོགས་བསྒྲིགས་དང་། རྩོམ་པ་པོའི་ལོ་རྒྱུས་ལྷན་སྦྱར་གྱིས་དེབ་ཕྲེང་རིམ་འཛར་དུ་ཁག་སོ་སོར་འདོན་འགྲེམས་ཞུ་རྩིས་ལགས་ན། འཛམ་གླིང་ཁྱོན་དུ་གནས་འཁོད་རང་རིགས་ཐུགས་སྣང་ཅན་ཚོས་དེའི་སྐོར་གྱི་རྒྱུ་ཆ་གང་ཡོད་འདི་གར་གནང་སྐྱོང་ཡོང་བའི་འབོད་སྐུལ་གསལ་བསྒྲགས་སུ། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ནས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༠ ཉིན།
གནས་འབྲེལ་ཁ་བྱང་།
ཨེ་མལ། dhomay2008@gmail.com
ད་་ཆོག་གི་ད་ཆོག་་གི་་ཕྱོགས་དུང་མྱི་རེད། གཞན་པ་བཟུང་བ་དང་་བསད་པ་ཚང་མ་མྱི་རེད། མྱི་ཚང་མ་འདྲ་འདྲ་རེད་ཟེར་མཁན་ཡང་ཕྱོགས་དུང་ཁོ་རེད། གནམ་ས་གོ་འབྱེད་ཟེར་བ་དེའི་་ནང་ན་༢༠༠༨ ལོའི་ཞི་རྒོལ་སྐོར་རགས་བཤད་བྱས་དང་ལྷན་ན་ནང་བསྟན་ལ་ཟ་ཟུར་ནས་ངན་སྨྲས་བྱས་ཡོད་པ་དེ་ལས་གཞན་ཅིང་མེད་ཁ། ད་དུང་བོད་རྒྱ་ཁུངས་ཡིན་པར་ཡང་བསྒྲུབས་འདུག་ག དེ་ལས་ཡུལ་ཤུལ་རྒུད་སྐྱོབས་ལ་རོགས་སྐྱོར་བཤད་བཞིན་པའི་བརྙན་པར་དང་པར།ད་དུང་ཟིན་ཐོ་སོགས་ཕྱོགས་བསྒྲིགས་དང་དཔར་འགྲེམས་བྱེད་ཐུབ་ན་ཡག་པོ་རེད། ད་དུང་གལ་ཆེ་བ་ཞིག་ནི་བོད་རྒྱ་ཆེ་མི་དམངས་ཀྱི་གཏོང་ཕོད་ཞལ་འདེབས་གྲངས་ཀ་ཕྱོགས་བསྒྲིགས་བྱེད་ཐུབ་ན་ཧ་ཅང་ཡག་པོ་རེད།
མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཟེར་བའི་ཚོགས་པ་འདིའི་དམིགས་ཡུལ་དང་། ཚོགས་པ་འདི་འཛུགས་མཁན། དམིགས་ཡུལ། ཚོགས་མི། གནས་ཡུལ་སོགས་སྟབས་མི་བདེ་བ་མེད་པ་ཡིན་ན། དེ་ཡི་སྐོར་ཞིག་གསུང་རོགས་ཞུ། ང་དང་འདྲ་བའི་མི་བུ་མང་བོ་ཞིག་གིས་ཤེས་འདོད་ཡོད་ངེས་ཡིན།
ད་ཡིན་ན་ཞོགས་དུང་ཁོང་གི་ཆེད་དུ་ཚོགས་པ་ཡང་བཙུགས་ཚར་ཡོད་ས་རེད་་་་་ཧྲ་གི་་ཁྱོད་ཚོ།
རྒྱལ་ཞེན་ལྷག་བསམ་ཅན་ཁྱོད་ཚོ་ལ་དཔར་འབྱོར་སོགས་དཀའ་ངལ་མེད་པ་ཡིན་ན་་་་་་་༧གོང་ས་མཆོག་ལ་ཕྱི་རྒྱལ་ཁག་གི་གསར་འགོད་པ་ཚོས་དྲི་བ་དྲིས་ལན་གནང་རིགས་སྐོར་ཕྱོགས་བསྡུས་རེ་གནང་ཐུབ་ན་དགེ་མཚན་དེ་བས་ཆེ་བར་མཐོང་།
སྐུ་ཞབས་རྩམ་དགའ་ལགས་ཁྱེད་རང་ཞོགས་དུང་ལ་སྡང་དགོས་དོན་ཅི་ཡིན། ཞོགས་དུང་གིས་བོད་ལ་བཅིངས་པའི་སེམས་པ་ཁྱེད་ཀྱིས་མཐོང་མེད་ན་བླངས་ཏེ་ལག་ཏུ་འཇོག་ཐབས་ཡོད་མ་རེད་ ཁོང་གིས་མང་པོ་ཞིག་བློས་བཏང་སྟེ་ད་སྐབས་ཁྲིམས་ཁང་དུ་མནར་གཅོད་མྱོང་གི་ཡོད་པ་གོ་ཡོད་ཤག་རེད། དེ་ལྟ་ན་ཁོང་གི་བྱས་རྗེས་ང་དང་ཁྱོད་འདྲ་བའི་མིག་ལམ་དུ་མ་བསྟར་ན་བདེ་བདེ་སྐྱིད་སྐྱིད་ཀྱི་འཚོ་བར་མགོ་འཁོར་ནས་བསྡད་ཡོད་ པ་ཧ་གོ་ཆེད་དང་། རྗེས་ཕྱོགས་བོད་མི་རིགས་འདིའི་སྐྱིད་སྡུག་ལ་བསམ་བློ་མང་པོ་བཏང་ཡོད་རེད། ངེད་གཉིས་ནང་བཞིན་དྲ་ངོས་འདིར་ཁ་རྒྱག་པ་རེ་བཤད་དེ་ཉལ་ནས་བསྡད་ཡོད་མ་རེད་ད། དེའི་ཕྱིར་ཁོང་གིས་བྲིས་པའི་གནམ་ས་གོ་འབྱེད་ཅེས་པའི་དེབ་དེ་དཔར་བསྐྲུན་བྱས་ན་ནོར་འཁྲུལ་ཅན་ཞིག་ཏུ་མཐོང་གི་མི་འདུག གང་ཡིན་ཟེར་ན་མི་ཞིག་གིས་རང་དབང་ལོངས་སྤྱད་དེ་རྒྱ་གཞུང་གི་གཅར་རྡུང་དང་། མི་ཁ་མ་འཛེམས་པར་བྲིས་པ་དེར་དགའ་བསུ་དང་གུས་བརྩི་བྱེད་རྒྱུ་ལས་ང་ཚོས་ཅི་ཡང་འཇོན་གྱི་མི་འདུག་པ་རང་གིས་མ་ཤེས་ནས་ གཞན་གྱིས་བཤད་ན་ངོ་གདོང་དམར་པོ་ཆགས་སྲིད་པས་ལག་པ་བྲང་ལ་བཞག་ཏེ་ཐུགས་བསམ་ཡག་པོ་བཞེས་རོགས། སྤྱིར་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་དྲ་ངོས་འདི་ལམ་སེང་གཅིག་གིས་གཅིག་ལ་སྐྱོན་འཛུགས་དང་། འགྲན་སེམས། ཕྲག་དོག་སྐྱེས་སའི་འཁོར་ཡུག་གཅིག་ཏུ་བེད་སྤྱོད་མི་བཏང་བར་གཅིག་གིས་གཅིག་ལ་རོགས་རམ་དང་། ལྷག་པར་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་ངོ་ཚབ་བྱེད་དགོས་ཞེས་རྒྱལ་བ་རིན་པོ་ཆེའི་གསུང་མང་པོ་ཡོད་རེད། མཁྱེན་སོང་ངམ། དེས་ན་ཆོད་མེད་རྐྱང་རྐྱང་གིས་མི་ཚེ་དྲ་ངོས་འདིར་བསྐྱལ་བ་ལས་ཉལ་ན་དགའ་སྙམ་མོ།
སྐུ་ཞབས་ཞོགས་དུང་གི་རྩོམ་ཡིག་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཞིག་འཚོགས་ཐུབ་ན་སྐབས་དེར་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་རྩ་མེད་གཏོང་དགོས་པའི་བསམ་ཚུལ་བརྗེ་རེས་བྱེད་ཀྱི་གལ་ཆེན་པོ་རེད། སྐུ་ཞབས་ཞོགས་དུང་གིས་སྔར་ནས་ཡང་ཡང་བཤད་ཡོད་པ་བཞིན་བོད་བརྒྱུད་སྤྲུལ་སྐུའི་ལམ་ལུགས་མཇུག་བསྒྲིལ་བའི་ལས་འགུལ་སྤེལ་དགོས་ཀྱི་འདུག
བསིལ་རླུང་འཇམ་པོ་ནས་ཆར་བ་རྩུབ་པོ་ཞིག་ཕབ་འདུག དེ་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད།
གཏམ་མང་པོ་བཤད་པའི་ཁོམ་མི་འདུག བོད ལྷ་ཀླུ་གཉན་གསུམ་ལགས་ཀྱིས་གསུངས་བ་ནང་བཞིན། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཚོགས་པ་འདི་འཛུགས་དགོས་བའི་དམིགས་ཡུལ་དང་རྒྱབ་ལྗོངས།མ་འོངས་བའི་ལས་འཆར། ཚོགས་པ་འདིའི་སློབ་སྟོན་པ་སུ་ཡིན་མིན་བསྐོར་ཆུ་ལ་སྐོམ་པ་བཞིན་ཤེས་འདོད་ཧ་ཅང་ཆེ་ཕྱིར། དྲ་གྲོགས་སུ་ཞིག་གིས་དེའི་བསྐོར་ལ་གསལ་ཆ་དང་ཁུངས་ལུང་ཡོད་ན་གཤམ་གསལ་འགོད་རོགས་ཞུ་ཞུས་བ་ཡིན།
བསིལ་རླུང་ལགས་ནས་་་་་མི་ཆུང་ཁོ་བོའི་སེམས་གཏམ་ལ་རྒོལ་བའི་རྩུབ་མོའི་ཆར་རླུང་དྲག་པོ་མཛད་མེད་དུ་ཕབ་འདུག་་་་་བཀའ་དྲིན་ཆེ།
མཛད་་་་འཛད་ལ་བཅོས་དགོས།
ངེད་ཀྱི་མདོ་སྨད་དྲ་གྲོགས་ཚོ།
མདོ་སྨད་བཙན་རྒོལ་བདེན་རྒྱབ་ཚོགས་པ་འདི་ཡག་པོ་རེད། ཡིན་ནའི་ཆོལ་ཁའི་ནད་ཏོག་ཙམ་སླེབས་མེད་འགྲོ་སྙམས། ཁོང་ཚོས་ཨ་མདོའི་ཡུལ་དང་ཨ་མདོ་བའི་བྱས་རྗེས་འབའ་ཞིག་བསྟན་འདོད་པ་འདི་དོན་ཆུང་རེད། ཞོགས་དུང་བོད་སྤྱི་པའི་དཔའ་བོ་ཞིག་བཟོ་དགོས་པ་ལས། ཨ་མདོའི་ཆོལ་ཁའི་དཔའ་བོ་ཞིག་བཟོ་ཐབས་བྱས་པ་ནི། ཞོགས་དུང་གི་ལྟ་བ་དང་འགལ་བར་མཐོང་། དེར་བརྟེན། ངའི་འཇིགས་སྣང་ལ། ཡང་ཨ་ལགས་རིན་པོ་ཆེ་དང་མདོ་སྨད་ཆོལ་ནད་ཅན་དེ་ཚོས་ཞོགས་དུང་དང་དེང་རབས་ཀྱི་ཨ་མདོ་ན་གཞོན་རྣམས་བེད་སྤྱད་ནས་ཁམས་པ་དང་དབུས་པར་འཇིགས་སྣང་སྐུལ་ཐབས་བྱེད་པ་འདི་རེད།
སྔོན་མ་མདོ་སྨད་ཕོ་གསར་ཡོན་ཏན་ཅུང་ཡོད་པ། ལྷག་བསམ་ཏོག་ཙམ་ཡོད་པ་ཚང་མ་ཨ་ལགས་འཇིགས་མེད་ཀྱིས་བོད་པའི་སྤྱི་ཚོགས་སྤྱིས་བདག་པོ་བརྒྱབ་མི་ཐུབ་པ་བཟོས་སོང་། དཔེར་ན། སྤྱི་འཐུས་བསྟན་འཛིན་མགོན་པོ་དང་། སྤྱི་འཐུས་ཧོར་གཙང་འཇིགས་མེད། སྤྱི་འཐུས་ཟུར་པ་གདུགས་དཀར་ཚེ་རིང་། དེ་བཞིན་མདོ་སྨད་པ་མི་ཉུང་བ་ཞིག་ལ་ཨ་མདོའི་ཤོག་འཐེན་གྱི་བྱ་བའི་འགོ་ཁྲིད་བཅུག གོང་གི་བསམ་མེད་དེ་ཚོས། ཁོང་ཚོའི་མགོ་སྐོར་འོག་ལ་ཕྱོགས་བཞེན་གྱི་ལས་འགུལ་ཤ་སྟག་སྤེལ་ནས། མཐའ་མ་ཨ་མདོའི་སྤྱི་ཚོགས་ནང་ནས་མར་འདོན་སྐབས། ཁམས་པ་དང་དབུས་པས་སྐྱུག་མལ་ལངས་དགོས་པའི་མི་ཤ་སྟག་ལ་འགྱུར་སྟབས། རང་གི་མདུན་ལམ་ཡང་མེད་པ། སྤྱི་པའི་བྱ་བ་ཡང་སྒྲུབ་མ་ཐུབ་པའི་མི་ནུས་མེད་ཤ་སྟག་ལ་འགྱུར་བ་མ་རེད་དམ།
ཆོལ་ནད་ཀྱི་བློ་བྲིད་ལ་མི་འཇུག་མཁན་དཔེར་ན། རྔ་བ་ཚེ་རྒྱམ་དང་། རྒན་པད་མ་འབུམ། དེ་བབཞིན་མདོ་སྨད་པ་སྤྱི་འཐུས་སྤེན་པ་ཚེ་རིང་། ད་དུང་ཨ་ཁུ་བློ་བཟང་སྨོན་ལམ་སོགས་བོད་པ་སྤྱིའི་ཁོར་ཡུག་ནང་གུས་ཞབས་དང་མཐོང་ཆེན་བྱེད་བཞིན་ནོ།
ད་རེས་ཡང་ཨ་ལགས་རིན་པོ་ཆེ་དྲིན་ཅན་དེས་ཚོགས་པའི་མིང་གསར་པ་ཞིག་བཏགས་ནས་ཞོགས་དུང་དང་བོད་ནང་ཡོད་པའི་མི་ཤེས་ཡོན་ཅན་རྣམས་བླུ་བྲིད་བྱེད་པ་མཐོང་སྐབས། སེམས་ཁྲལ་སླེབས་ནས་ཤ་ཚའི་ཚིག་གསུམ་འབྲི་བར་ཐལ་སོང་། རིགས་བཞེན་གྱི་ཕྱུག་པའི་མདོ་སྨད་སྤྱི་ལ་དུང་ལྟར་དཀར་བའི་མི་རིགས་ཀྱི་ལ་རྒྱས་བྲིས་པ་ལས་གཞན་གནོད་སེམས་ཅི་ཡང་མེད། ལྷག་པར་དུ་མདོ་སྨད་མི་དམངས་ཀྱིས་བོད་ཀྱི་རིག་གནས་དང་ཆབ་སྲིད་ཀྱི་གོང་སྤེལ་བྱ་བའི་ནང་ལེགས་སྐྱེས་ཆེན་མོ་འབུལ་བཞིན་པ་འདི་མཐོང་སྐབས། མདོ་སྨད་པ་བྱིངས་ཚང་མར་ཕྱག་འཚལ་ནས་ཐུགས་རྗེ་ཆེ་ཞུ་འོ།