མི་གསོན་པོས་ཟིན་བྲིས་བཏབས།
རྒྱལ་ཀུན་འཕྲིན་ལས་རོལ་པའི་འཕྲིན་ལས་ཀྱི་འོད་ཟེར་ནུབ་ཕྱོགས་སུ་ལྷམ་མེར་འཛུམ་པའི་དུས་ཀྱི་དགའ་སྟོན་མངོན་པར་འཆར་བའི་དེ་རིང་སྤྱི་ལོ་༢༠༡༥ ཟླ་༣ ཚེས་༡༩ ཉིན། སངས་རྒྱས་ཀརྨ་པའི་འགྲོ་དོན་ཕྱོགས་རིས་མེད་པ་འཇིག་རྟེན་ཀུན་ལ་ཁྱབ་པའི་རྟེན་འབྱུང་གི་མཚོན་བྱེད་དུ་གྲུབ་པའི་བཀའ་བརྒྱུད་འགྲོ་དོན་ཀུན་ཁྱབ་ཅེས་སྐྱབས་རྗེ་གྲུབ་པའི་དབང་ཕྱུག་ཀ་ལུ་རིན་པོ་ཆེའི་ཆོས་ཚོགས་ཀྱི་བླ་མ་བློ་གྲོས་རིན་པོ་ཆེ་ནས་ནན་གྱིས་གསོལ་བ་བཏབས་ཏེ་གོ་སྒྲིག་ཞུས་པ་ལྟར། གསེར་གྱི་སྒོ་མོ་ཞེས་པའི་ཟམ་ཆེན་གྱི་ཉེ་འགྲམ་དུ་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེས་བོད་རྒྱ་ཨ་གསུམ་གྱི་མི་སྣ་སྟོང་ཕྲག་ལས་བརྒལ་བའི་འདུས་ཚོགས་ལ་བཀའ་ཆོས་ཀྱི་བཀའ་དྲིན་བསྩལ་གནང་མཛད།
སྐབས་དེར་ཁོང་གིས། ༧དཔལ་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་དྲུག་པ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚུལ་ཕྱི་ཕྱོགས་སུ་དར་སྤེལ་བྱེད་མཁན་གྱི་གཙོ་བོ་གྲས་ཤིག་ཡིན་པར་བརྟེན་ཁོ་བོ་རང་ཉིད་ཡང་ད་བར་ནུབ་ཕྱོགས་ཀྱི་ལུང་པ་གཉིས་ཙམ་ལས་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་འགྲོ་བསྐྱོད་ཐུབ་མེད་ཀྱང་། སྔོན་སྨོན་ཐུགས་བསྐྱེད་དབང་གིས་ཨ་རི་ལུང་པའི་མི་རྣམས་དང་རྒྱལ་མཆོག་བཅུ་དྲུག་པ་དང་དམིགས་བསལ་གྱི་འབྲེལ་བ་ཟབ་མོ་ཡོད་སྟབས། ང་རང་ཉིད་ཀྱི་ངོས་ནས་ཀྱང་ཡང་ཡང་ཐུག་འཕྲད་ཡོང་བའི་རེ་སྨོན་དང་ཡིད་ཆེས་བྱེད་ཀྱི་ཡོད། བོད་གངས་ཅན་གྱི་ལྗོངས་སུ་ལོ་ངོ་སྟོང་ཕྲག་གི་བྱུང་རིམ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སློབ་སྦྱོང་དང་ཉམས་ལེན་ཟབ་མོ་བྱེད་རྒྱུ་ཡོད་པའི་ཐུན་མིན་གྱི་ཁྱད་ཆོས་འདི་དག་དེང་སྐབས་འཛམ་བུ་གླིང་གི་བགོ་སྐལ་དུ་གྱུར་ཏེ་འཛམ་གླིང་ཡོངས་སུ་བེད་སྤྱོད་བྱེད་ཆོག་པའི་གནས་སྟངས་ཆགས་ཡོད།
གནས་སྟངས་དེ་ལ་བརྟེན་ནས་རང་རང་སོ་སོའི་ངོས་ནས་ཆོས་ཉམས་ལེན་བྱེད་པའི་དུས་ཚོད་ཅིག་སྤྲད་དེ་རང་གི་ལུས་སེམས་གཉིས་ཀ་ཞི་ལྷོད་ཅན་དུ་ཆགས་ཐུབ་པ་བྱེད་དགོས། འོན་ཏེ་ནང་ཆོས་ཀྱི་ཉམས་ལེན་ངོ་མ་ནི་ལུས་སེམས་ལྷོད་པོ་གཅིག་པུ་ཙམ་གྱི་དོན་དུ་མིན་པར་རང་བརྒྱུད་ཀྱི་ཉོན་མོངས་ཆུང་དུ་བཏང་བ་དང་ཉོན་མོངས་ཀྱི་གཉེན་པོ་ལ་བསྟེན་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཆོས་ཀྱི་ཉམས་ལེན་དེ་ཉིན་ཞག་ཙམ་དང་བདུན་ཕྲག་ཙམ་གྱིས་གྲུབ་འབྲས་ཁྱད་པར་ཅན་ཞིག་ཐོབ་པར་དཀའ་ལས་ཁག་པོ་རེད། འོན་ཏེ་རང་རྒྱུད་ཀྱི་གོམས་གཤིས་བགས་ཆགས་དེ་ཉིད་རིམ་བཞིན་འགྱུར་བ་བཏང་བར་འབད་བརྩོན་བྱེད་དགོས། མི་མང་པོས་མི་རང་རང་གི་གཤིས་ཀ་ཞེས་རང་བཞིན་གྱིས་གྲུབ་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག་མོད་སེམས་ཀྱི་གོམས་གཤིས་དེ་ཡར་རྒྱས་དང་འགྱུར་བཅོས་གཏོང་རྒྱུ་ཡོད་པ་ཞིག་ལས་ཚུགས་ཐུབ་ཅན་ཞིག་མིན།
དེས་ན་ནང་ཆོས་ལས་གསུངས་པ་ལྟར་རང་རྒྱུད་ཉོན་མོངས་དང་འདྲེས་པའི་སེམས་དེ་འགྱུར་བཅོས་བཏང་ཐུབ་པ་བྱེད་དགོས། རང་གཤིས་ངན་པ་དེ་འགྱུར་བཅོས་ཀྱིས་རང་གཤིས་ཡག་པོ་ཞིག་ཆགས་ཐུབ་ཚེ་དེས་མི་ཚེ་ལ་འགྱུར་བ་བཏང་བ་དང་ལས་ལའང་རང་བཞིན་གྱིས་འགྱུར་འགྲོས་ཀྱིས་ལས་ངན་དག་ཅིང་ཚོགས་རྫོགས་པ་སོགས་ཡོང་གི་ཡོད།
མདོར་ན་སེམས་ཀྱི་ཉམས་ལེན་ཟེར་བ་དེ་ཉོན་མོངས་སྤངས་ཤིང་གཉེན་པོ་ཡར་རྒྱས་བཏང་བ་ཞིག་ལ་ཟེར། ཉོན་མོངས་ཀྱིས་གཞན་དབང་དུ་གྱུར་པའི་ལས་དང་པོ་པའི་སྐབས་སུ་ཉོན་མོངས་ལམ་དུ་བྱེད་པ་དང་གྲོགས་སུ་ཁྱེར་བ་སོགས་དཀའ་ལས་ཁག་པོ་རེད། དེས་ན་ཉོན་མོངས་སྤང་བ་དང་དེའི་ལྡོག་ཕྱོགས་གཉེན་པོ་བསྟེན་པ་ལ་འབད་བརྩོན་བྱེད་དགོས་ཀྱི་འདུག
ཉོན་མོངས་ཀྱི་གཉེན་པོ་དེ་ཕྱོགས་གཉིས་ནས་བསམ་བློ་བཏང་དགོས་པ་ཞིག་སྟེ། དང་པོ་ཕྱི་ལོགས་ཀྱི་ཉོན་མོངས་ཀྱི་རྒྱུ་རྐྱེན་སོགས་ལ་བསམ་བློ་བཏང་དེ་སྤངས་བླངས་བྱེད་དགོས་པ་དང་། གཉིས་པ་ཉོན་མོངས་རང་ཉིད་ངོ་ཤེས་པ་བྱེད་དགོས། ཉོན་མོངས་ངོ་མ་ཤེས་ན་དེ་ཉིད་འགྱུར་བཅོས་བཏང་བར་དཀའ་ལས་ཏོག་ཙམ་ཡོད། ཉོན་མོངས་ལ་རྣམ་པ་འདྲ་མིན་མང་དུ་ཡོད་ཀྱང་གཙོ་བོ་དེ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་ཉོན་མོངས་དུག་གསུམ་དུ་ངོས་འཛིན་བྱེད་ཆོག་པ་རེད། དུག་གསུམ་ལས་ཞེ་སྡང་དེ་ངོས་ཟིན་པ་སླ་ཞིང་འདོད་ཆགས་དེ་ལས་དཀའ་ལས་ཁག་པོ་ཡོད། གཏི་མུག་ནི་དེ་ལས་དཀའ་བ་ཡོད་པས་ངོས་ཟིན་རྒྱུ་ཧ་ཅང་དཀའ་བས་ཉོན་མོངས་དུག་གསུམ་སྤོང་རྒྱུ་དེ་ཉིད་ལས་སླའོ་ཞིག་མིན་པས་ནུགས་ཤུགས་བསྐྱེད་དེ་འབད་བརྩོན་བྱེད་དགོས། མདོར་ན་ཉོན་མོངས་ཀྱི་ཕམ་ཉེས་འོག་ཏུ་མགོ་བོ་མི་སྒུར་བ་ཉོན་མོངས་ངོ་ཤེས་པ་དང་སྤོང་བ་བྱ་བ་ལ་གདེངས་ཚོད་དང་སེམས་ཤུགས་བསྐྱེད་དགོས། རང་རྒྱུད་ཀྱི་ཉོན་མོངས་ཤུགས་ཆུང་དུ་འགྲོ་དུས་སེམས་ཁམས་དང་གཤིས་རྒྱུད་རང་བཞིན་གྱི་འགྱུར་བའི་སྐབས་དང་བསྟུན་བྱམས་པ་དང་སྙིང་རྗེའི་ཐོག་ཏུ་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེ།
བྱམས་དང་སྙིང་རྗེའི་རྨང་གཞི་དེ་ང་ཚོའི་སེམས་རྒྱུད་ལ་རང་བཞིན་གྱི་ཡོད་བསྡད་པ་ཞིག་རེད། རྨང་གཞི་དེ་ཉིད་ཡར་རྒྱས་བཏང་དེ་རང་རྒྱུད་ལ་བྱམས་དང་སྙིང་རྗེ་རང་བཞིན་གྱིས་སྐྱེ་བ་དེ་འདྲ་ཡོང་སྐབས་རང་གི་གཤིས་ཀ་དང་མི་ཚེ་དེ་ཉིད་ཡང་དག་པའི་གནས་སྟངས་སུ་འགྱུར་ཐུབ་ཀྱི་རེད་དྲན་གྱིན་འདུག་དེ་ཙམ་ལས་དམིགས་བསལ་གཞན་གང་ཞུ་རྒྱུ་མེད། མཐར་དོན་ང་རང་ད་ལན་ཨ་རི་ལ་ཟླ་བ་གཉིས་ཀྱི་དུས་ཡུན་རིང་དུ་འགྲོ་བསྐྱོད་ཆོག་པའི་གོ་སྐབས་ཐོབ་པ་འདི་ལས་སླའོ་ཞིག་གཏན་ནས་མ་རེད། ལོ་བཅོ་ལྔའི་གོང་དུ་ང་རང་བྲོས་བྱོལ་དུ་ཡོང་སྐབས་ཡི་གེ་ཞིག་ཀྱང་བྲིས་ནས་བཞག་ཡོད་ལ་དེའི་ནང་དུ་གསལ་བ་ལྟར། རྒྱུ་མཚན་གཙོ་བོ་ཞིག་ནི་རང་ཉིད་དང་འབྲེལ་ཡོད་སློབ་མ་ཟེར་ན་འདྲ་ང་ལ་ཡིད་ཆེས་དང་བློ་ཉེ་བའི་མི་སྣ་མང་པོ་ཞིག་ཕྱི་ཕྱོགས་སུ་བཞུགས་ཡོད་པས་བོད་དུ་ཐུག་འཕྲད་བྱེད་སྐབས་དཀའ་ངལ་མང་དུ་འཕྲད་པ་བརྟེན་དེ་དག་ལའང་ཐུག་འཕྲད་བྱེད་དུ་བདེ་བའི་རེ་འདུན་འདྲ་བོ་བྱས་ཏེ་ཡོང་བ་རེད། འོན་ཏེ་རྒྱ་གར་དུ་འབྱོར་ནས་གནས་སྟངས་དེ་ལས་སླའོ་མ་ཡིན་པ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་ད་ལན་ཏོག་ཙམ་རང་དབང་དང་གུ་ཡངས་ཀྱི་རྣམ་པ་འདྲ་བོ་བྱུང་བ་ཡིན་དུས་རང་ངོས་ནས་དགའ་བོ་བྱུང་།
རྗེས་སུ་མུ་མཐུད་ནས་གོ་སྐབས་བྱུང་ན་ཁྱེད་རང་ཚོའི་ཆེད་དུ་དུས་ཚོད་གང་ཐུབ་གཏོང་རྒྱུ་དང་ཡང་ཡང་ངོ་འཕྲད་ཡོང་བའི་རེ་སྨོན་བྱེད་ཀྱི་ཡོད། ངའི་མི་ཚེ་ནང་དུ་ལོ་བདུན་ནས་ཀརྨ་པ་རུ་ངོས་འཛིན་བྱས་པ་དང་། ལོ་བཅུ་བཞི་ནས་བྲོས་བྱོལ་ཡོང་བ་སོགས་འགྱུར་ལྡོག་མང་པོ་ཞིག་བྱུང་བ་རེད། འགྱུར་བ་དེ་དག་རང་ངོས་ནས་འདོད་པ་ཡོད་བཞིན་དུ་བྱས་པ་ཞིག་མིན་ཀྱང་འགྱུར་བ་དེས་མི་མང་པོ་ཞིག་ལ་ཕན་ཐོགས་བྱུང་ཡོད་པའི་རེ་བ་འདྲ་བྱེད་ཀྱི་ཡོད། འགྱུར་བ་དེས་དེ་རིང་ང་ཚོ་ཡང་གནས་འདིར་ལྷན་དུ་འཛོམས་ཐུབ་པ་བྱུང་བ་ཡིན་དུས་ངས་མུ་མཐུད་ནས་འདི་ལྟར་ཡོང་བའི་རེ་སྨོན་བྱེད་རྒྱུ་ཡིན་ཞེས་གསུངས།
སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། དྲུག་པ།
དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པའི་མཚན་དཔེའི་དཀྱིལ་འཁོར་བྱང་ཕྱོགས་ཁ་བའི་ལྗོངས་སུ་བཞད་ཀྱང་། མི་རིགས་དང་མི་རིགས་ཀྱི་བདེ་སྡུག་ལ་ཐུགས་འགན་ཕྲག་ཏུ་བཞེས་པའི་སྙིང་སྟོབས་ཀྱི་དཔུང་པ་བརྟན་པོས་ཧི་མ་ལའི་རི་བོ་རླབས་ཆེན་གྱི་གོམས་སྟབས་ཟབ་མོས་བརྒལ་ཏེ། དཀའ་སྤྱད་དང་ངལ་དུབ་ཡོད་ཚད་ཁྱད་དུ་བསད་པའི་སེམས་དཔའ་ཆེན་པོའི་བརྟུལ་ཞུགས་དང་ལྡན་པའི་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་༧གོང་ས་ཐམས་ཅད་མཁྱེན་པའི་གསེར་ཞལ་མཇལ་ཅིང་ཡབ་སྲས་ཟུང་གི་ཐུགས་སྣང་དམ་ཚིག་ཟབ་མོས་བསྟན་འགྲོའི་བདེ་དོན་སྤྱི་དང་བོད་རིགས་ཀྱི་བསྟན་སྲིད་ལུགས་གཉིས་ཀྱི་སྣང་བའི་སྒོ་མོ་ཇི་སྙེད་གཞིས་བྱེས་བོད་མིའི་བསོད་ནམས་བགོ་སྐལ་དུ་མངོན་པར་ཕྱེས་ཀྱང་། ལྷ་ཟབ་ས་རུ་བདུད་ཟབ་པའི་དཔེར་ལྟར་ཕྱི་ནང་གི་རྒྱུ་རྐྱེན་མང་པོས་འཕགས་པའི་ཡུལ་ནས་མཛད་འཕྲིན་གྱི་ཁོར་ཡུག་གཞན་དབང་ཅན་དུ་གྱུར་ཏེ་ཕྱོགས་ཀྱི་དད་སློབ་ཁག་གི་མཇལ་འཕྲད་དང་། ཕྱི་ཡི་རྒྱལ་ཁབ་ཁག་གི་ནང་དུ་གདན་ཞུ་མང་པོ་ཞུས་ཀྱང་ཆིབས་བསྒྱུར་གནང་རྒྱུའི་ཐད་དུ་འོ་བརྒྱལ་ཆེན་པོ་བྱུང་ཡང་ད་ལན་ཨ་རི་ཁུལ་གྱི་གཙུག་ལག་སློབ་ཆེན་མང་པོས་གདན་ཞུ་དང་།
ཀརྨ་པ་སྲི་ཞུ་ལྷན་ཚོགས་ཀྱིས་གོ་སྒྲིག་ལ་བརྟེན་ནས་ཨ་རི་ཡུལ་དུ་ཆིབས་བསྒྱུར་ཐེངས་གསུམ་པ་གནང་ཐུབ་པ་བྱུང་ཞིང་། དུས་ཡུན་རིང་མོར་མཇལ་འདོད་ཀྱི་བསམ་བློ་སྐམ་པར་ཆུ་ལྟར་ཡོད་པའི་རྗེ་གང་འོག་གི་ཞལ་སློབ་དང་ས་གནས་ཀྱི་བོད་རིགས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ལྡན་པའི་སྒོ་ནས་ཞལ་གྱི་དཀྱིལ་འཁོར་མཇལ་ཞིང་གསུང་གི་བདུད་རྩི་ཐོས་པའི་སྐལ་བཟང་གི་དུས་འདིར། སྤྱི་ཚེས་༡༩ཉིན་གྲོང་ཁྱེར་ཆེན་མོ་སན་ཧྥི་རན་སི་སི་ཁོ་རུ་ཡོད་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབས་པ་ལྟར་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་ཟབ་མོ་བཀའ་དྲིན་བསྩལ་གནང་སོང་།
སྐབས་དེར་ཐོག་མར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ས་གནས་ཀྱི་ཚོགས་པ་དབུ་བརྙེས་ཏེ་མི་ལོ་༢༥ཕྱིན་པའི་བརྒྱུད་རིམ་དང་ཚོགས་པའི་གནས་སྟངས་རྣམས་སྙན་སེང་ཞུས་ཟིན་རྗེས། ༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཆོག་གིས་བཀའ་སློབ་འདི་ལྟར་བཀའ་དྲིན་བསྩལ་གནང་སོང་། ང་རང་ཕྱི་རྒྱལ་དུ་འགྲོ་རྒྱུའི་གོ་སྐབས་མང་པོ་བྱུང་མ་སོང་ཡང་གང་དུ་སླེབས་པའི་ས་གནས་དེའི་བོད་མི་རྣམས་དང་ཐུགས་འཕྲད་བྱེད་རྒྱུ་དེ་ཧ་ཅང་རྩ་ཆེན་པོ་བརྩི་བཞིན་ཡོད། གང་ཡིན་ཟེར་ན་ང་རང་ཚོ་སྐྱིད་སྡུག་གནས་སྟངས་གཅིག་གི་འོག་ཏུ་ཡོད་བསྡད་པ་ཞིག་ཡིན་དུས་མཉམ་འཛོམས་བྱུང་བ་ཧ་ཅང་དགའ་བོ་བྱུང་། དེ་བཞིན་གོ་སྐབས་འདི་བརྒྱུད་ནས་བོད་མི་རིགས་ལ་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལའང་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཨ་རི་ལུང་པའི་ནང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡང་ཡང་ཆིབས་བསྒྱུར་བསྐྱངས་གནང་གི་ཡོད་སྟབས་ས་གནས་འདིའི་བོད་མི་རྣམས་ལ་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བཟང་པོ་རྟག་ཏུ་ཐོབ་ཀྱི་ཡོད་རེད། དེ་བཞིན་ཆོས་བརྒྱུད་གཞན་གྱི་བླ་ཆེན་རྣམ་པ་དང་། དབུས་བོད་མི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་ཡང་རྟག་ཏུ་ཕེབས་ཀྱི་ཡོད་རེད། ཁོང་རྣམ་པས་གསུངས་པ་ལས་ལྷག་པ་ཞིག་ང་ལ་བཤད་རྒྱུ་གང་མེད་ཀྱང་ང་ཚོ་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུར་ཡིན་དུས་ངས་དེ་རིང་སྐད་ཆ་གོ་རིམ་ཡོད་མེད་ལ་མ་བལྟོས་པར་ནང་ཚགས་བྱས་ཏེ་གང་དྲན་དྲན་ཁ་ཤས་ཤིག་ཞུ་རྒྱུ་ཡིན། ངས་གོ་ཐོས་ལ་རྒྱ་གར་ལས་གཞན་པའི་ཕྱིའི་རྒྱལ་ཁབ་ནང་དུ་བོད་པ་མང་ཤོས་དེ་སུད་སི་དང་གཉིས་པ་དེ་ཨ་རི་ཡིན་སྐད་འདུག འོན་ཏེ་སྐད་ཆ་དེ་བདེན་མིན་གང་ཡིན་མི་ཤེས་ངས་དེའི་ཐད་དུ་ཞིབ་འཇུག་འདྲ་བྱེད་རྒྱུ་བྱུང་མ་སོང་།
གང་ལྟར་༧སྤྱིར་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཆོས་བརྒྱུད་ཁག་གི་བླ་ཆེན། དེ་བཞིན་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་ས་གནས་སུ་ཕེབས་དུས་བོད་རིགས་རྣམས་མཉམ་འཛོམ་བྱེད་རྒྱུའི་གོ་སྐབས་ཡོང་གི་ཡོད་རེད། མཉམ་འཛོམས་བྱུང་བའི་གོ་སྐབས་དེ་བརྒྱུད་ནས་བོད་རིགས་ཕན་ཚུན་ངོ་ཤེས་དང་། རྒྱུས་ལེན། བསམ་ཤེས་སོགས་བྱེད་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་དུས་མཉམ་གནས་དང་མཐུན་འབྲེལ་གྱི་ཁོར་ཡུག་དེ་རྒྱ་ཆེ་རུ་བཏང་དགོས་ཀྱི་ཡོད་རེད། དད་པ་དང་དམ་ཚིག་ལྡན་པའི་སྒོ་ནས་ང་ཚོའི་སྟོབས་ཤུགས་ངོ་མ་ནི་མཐུན་འབྲེལ་རྒྱུན་འཛིན་བྱེད་ཐུབ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
གཞན་ཞིག་ནི་ཨ་རི་ནང་དུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་དག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་དང་། རིག་གཞུང་། གོམས་སྲོལ་སོགས་ལ་དོ་སྣང་བྱེད་རྒྱུའི་ཐད་མཐུས་ཤོར་ཆེན་པོ་ཕྱིན་པའི་ཚོར་སྣང་ཡོང་གི་འདུག ཨ་རི་ལ་སྐྱེས་པའི་བོད་ཕྲུག་རྡ་རམ་སར་སློབ་སྦྱོང་བྱེད་དུ་ཡོང་མཁན་དེ་འདྲ་དང་ཐུག་འཕྲད་བྱས་མྱོང་། ཁོང་ཚོ་དང་ཐུག་འཕྲད་བྱས་པའི་སྐབས་སུ་སེམས་པ་སྐྱོ་བོ་འདྲ་བྱུང་སོང་། བོད་སྐད་བཤད་མི་ཤེས་པ་ཙམ་དུ་མ་ཟད་བོད་ཀྱི་ཁྱད་ཆོས་རིག་གཞུང་དང་། གོམས་སྲོལ། ལ་ཞེན་སོགས་དེ་ཙམ་མེད་པའི་གནས་སྟངས་ཡོང་གི་འདུག བོད་མི་རིགས་ཀྱི་རྩ་ཆེན་གོམས་སྲོལ་དང་རིག་གཞུང་དེ་བདག་པོ་བྱེད་རྒྱུ་ནི་ང་ཚོའི་འགན་རེད།
དེས་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐད་བུ་ཕྲུག་ལ་དོ་སྣང་སླེབས་ཆེད་ཕ་མས་འགན་ཁུར་གནང་དེ་ཁོར་ཡུག་ཡག་པོ་བསྐྲུན་དགོས། འོན་ཏེ་མི་རབས་གསུམ་པའི་གནས་སྟངས་དེ་དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་འགྲོ་བཞིན་ཡོད་སྟབས་སྲོལ་རྒྱུན་ལའང་འཁྲེགས་འཛིན་ཆེ་དྲག་པ་མ་ཡིན་པར་དུས་རབས་དང་མཐུན་པའི་རིག་གཞུང་དང་གོམས་སྲོལ་རྒྱུན་འཛིན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། མི་རབས་གསར་པའི་ནང་དུ་ལྟ་བ་དང་བསམ་ཚུལ་མི་གཅིག་པ་མང་པོ་ཡོང་གི་ཡོད་དུས་དེ་དག་གཅིག་གིས་གཅིག་ལ་བསམ་ཤེས་དང་གུས་བརྩི་ལྡན་པའི་སྒོ་ནས་ཕན་ཚུན་ངོས་འཛིན་ཡག་པོ་བྱེད་རྒྱུ་ལས་རྩོད་གླེང་གི་གཞིར་བྱས་ན་ཕན་ཐོགས་མེད།
ང་ཚོ་ལ་ངོམ་དུ་འོས་པའི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ལྟ་བུར་བོད་ཙམ་དུ་མ་ཟད་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་སྟེར་ཐུབ་མཁན་གྱི་དབུ་ཁྲིད་བཟང་པོ་ཞིག་ཡོད་རེད། གཅིག་གྱུར་གྱི་དབུ་ཁྲིད་བཟང་པོ་ཁོང་གི་འོག་ཏུ་ང་ཚོ་ལྷན་དུ་གནས་ཐུབ་ཡོད། ཁོང་ནི་སྲུང་གུར་ལྟ་བུར་བྱས་ཏེ་ང་ཚོ་བོད་རིགས་ཡོངས་རྫོགས་ཁོང་གི་བཀའ་དྲིན་དང་ལམ་སྟོན་འོག་ཏུ་འཆམ་མཐུན་དང་ལྡན་པ་ལྷན་དུ་གནས་ཡོད་སྟབས་དེ་ཉིད་ང་ཚོས་གལ་ཆེན་དུ་བརྩིས་ཏེ་རྒྱུན་འཛིན་བྱེད་ཐུབ་དགོས། རྙོག་སྒྲ་དང་དཀའ་ངལ་ཏོག་ཙམ་མེད་པ་ཞིག་ཡོང་མི་སྲིད་ཀྱང་གཞི་རྩའི་ཆ་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་དུ་གནས་ཡོད་པ་འདི་ཉིད་ང་ཚོས་གལ་ཆེན་དུ་བརྩི་འོས། དེ་ཡིན་དུས་༧སྐྱབས་མགོན་རིན་པོ་ཆེའི་ལམ་སྟོན་དང་དབུ་ཁྲིད་འོག་ང་ཚོ་བོད་མི་ཡོངས་རྫོགས་བསམ་བློ་དང་ནུས་པ་གཅིག་གྱུར་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད་ལ་དེ་ལྟར་གནང་རྒྱུའང་ངས་འབོད་བསྐུལ་ཞུ་བཞིན་ཡོད། འདི་ནི་ངའི་སྐད་ཆའི་སྙིང་དོན་ངོ་མ་དེ་ཡིན།
ང་རང་བོད་ལ་ཡོད་སྐབས་༧རྒྱལ་བ་རིན་པོ་ཆེ་ལ་ཞབས་ཞུ་ཞིག་བྱེད་མ་ཐུབ་ནའང་ཞབས་འདྲེན་མི་ཞུ་བའི་རེ་སྨོན་བྱེད་ཀྱི་ཡོད། རྒྱ་གར་དུ་འབྱོར་ནས་སྒེར་རང་ངོས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བྱུང་ཡང་རང་སྒེར་གྱི་དཀའ་ངལ་དེ་ཕར་བཞག་ནས་བོད་སྤྱི་པའི་རྩ་དོན་ཆེད་དུ་གང་ཐུབ་ཀྱི་ཞབས་ཞུ་བྱེད་རྒྱུ་ལ་འབད་བརྩོན་བྱས་ཡིན། ལས་དང་སྨོན་ལམ་གྱི་འབྲེལ་བས་ང་རང་གི་ལུས་འདི་བོད་མི་རིགས་ཀྱི་ཤ་ཁྲག་ལས་གྲུབ་ཚར་དུས་ག་དུས་ཡིན་ནའང་བོད་མི་རིགས་ཀྱི་གནད་དོན་ལ་རང་ནུས་གང་ཡོད་ཀྱིས་འགན་ཁུར་དང་ཞབས་ཞུ་བྱེད་རྒྱུའི་ཆོས་སེམས་དང་རེ་སྨོན་བྱེད་ཀྱི་ཡོད། ང་ཚོ་ཚང་མས་ནུས་ཤུགས་མཉམ་དུ་ཕྱུངས་ནས་བོད་མི་རིགས་ཀྱི་རྩ་དོན་མ་བརླགས་པར་འབད་བརྩོན་བྱེད་རྒྱུ་དང་གཞིས་བྱེས་མཉམ་འཛོམས་ཐུབ་པར་སྤོབས་པ་དང་ཡིད་ཆེས་རེ་སྨོན་བྱེད་ཀྱི་ཡོད་ཅེས་བཀའ་བསྩལ།
མི་གསོན་ཁྱོད་མ་འཆི་གོང་ལ་ཞུ་རྒྱུར། ་་་་་་ སངས་རྒྱས་ཀརྨ་པ་་་་་་་ ཟེར་བ་ནོར་བ་རེད་གདའ།
ཀརྨ་་པ་མཁྱེན་ནོ།།
ཀར་རྡོ་གཉེར་ཕྱག་པ་ལགས། དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ། འོན་ཏེ་རང་ངོས་ནས་བླ་མ་སངས་རྒྱས་བླ་མ་ཆོས། ཞེས་གསུངས་པ་ལྟར། རྒྱལ་དབང་ཀརྨ་པ་ནི་མཆོག་གསུམ་གཅིག་ཏུ་འདུས་པའི་ངོ་བོ་རུ་འཛིན་བཞིན་ཡོད་པས་སངས་རྒྱས་ཞེས་པའི་ཐ་སྙད་འདི་སྦྱར་བ་ཡིན། སྤྱིར་ཀརྨ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་རོལ་པ་ཡིན་པར་ཡོངས་གྲགས་སུ་བཤད་འདུག་པས་སངས་རྒྱས་ཀྱི་ཐ་སྙད་སྦྱོར་ལོས་ཆོག འོན་ཏེ་ཁོང་ཉིད་སངས་རྒྱས་དང་བྱང་སེམས་སོར་སྐྱེ་སོགས་གང་ཞིག་ཡིན་པ་ནི་གུས་པ་ལ་མཚོན་ན་ལྐོག་གྱུར་ལོས་ཡིན། འཕགས་པའི་གང་ཟག་གི་མངོན་རྟོགས་མི་དགོས་སོར་སྐྱེ་ཕལ་པའི་ཤེས་རྒྱུད་འཇལ་བའི་མངོན་སུམ་གྱི་དཔང་རྟགས་གང་ཡང་མེད་ལགས། རང་ངོས་ནས་དད་འདུན་ཡིད་ཆེས་ཀྱིས་སངས་རྒྱས་ཀྱི་ངོ་བོ་རུ་འཛིན་བཞིན་ཡོད་པ་དེ་རྒྱུ་མཚན་བྱས་པ་ཙམ་རེད། དེས་ན་ཁྱེད་ཀྱིས་གང་ཞིག་འཛིན་ནའང་མི་ཆོག་རྒྱུ་ཅི་ཡོད།
མི་གསོན་པོས་ཡག་པོ་བྲིས་འདུག གསར་འགྱུར་དེའི་མིང་ལ་སངས་རྒྱས་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ།ཞེས་བཤད་ན་འགྲིགས་ས་རེད། ནུབ་ཕྱོགས་ན་སངས་རྒྱས་གསོན་པོ་མང་པོ་ཡོད་ནི་རེད། དཔེར་ན། སེམས་དཔའ་ཆེན་པོ་དགེ་བཤེས་སྐལ་བཟང་རྒྱ་མཚོ། སངས་རྒྱས་གངས་ཅན་བླ་མ། སངས་རྒྱས་ཀ་ལི་རིན་པོ་ཆེ། སངས་རྒྱས་དྲུང་པ་དང་ཨ་ཀོང་སོགས་སངས་རྒྱས་མང་ནི་རེད། གང་ཟག་གི་ཚོད་སུ་ཞིག་ཟིན་ཀརྡོ་གཉེར་ཕྱག་གིས་ནམ་རྒྱུན་སི་ཀར་མ་གཏོགས་མེད་ཀུན་གཟིགས་ཞྭ་དམར་ཕྱོགས་ལ་དགྲ་བཞིན་སྨད་ཀྱང་། ད་ཐེངས་ཀརྨ་པ་སངས་རྒྱས་ཡིན་བཤད་ནས་ད་རིས་སངས་རྒྱས་མིན་ཟེར་ན་སམས་རྒྱས་རྐུན་མ་སུ་ཡིན་མི་ཤེས་ཟེར་བ་དེ་རེད་ཀོ།
མི་གསོན་པོས་སྐད་ཆ་གསོན་པོ་བཤད་འདུག ཀརྨ་དཀར་ནག་ཁྱད་པར་མི་འདུག གང་གི་མོས་པས་བློ་གཏད་པ། དེའི་མདུན་དུ་སངས་རྒྱས་བཞུགས། ཞེས་གསུངས་པའི་ཕྱིར།
དུས་ཀྱི་དགའ་སྟོན་མངོན་པར་འཆར་བའི་དེ་རིང་ཡིན་ནམ་ཤར་བའི་དེ་རིང་ཡིན།
དགོངས་དག་ང་རང་ནི་དག་ནོར་ལུང་པ་གང་འབྲི་མཁན་ཞིག་ཡིན་ནོ།
སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ་གསུངས་འདུག་མོད། དེ་འདྲའི་འོད་སྣང་དེ་དབུ་མ་ཆེན་པོའི་འོད་སྣང་ཡིན་ནམ། ཐུགས་དམ་ཕྱག་རྒྱ་ཆེན་པོའི་འོད་སྣང་ཡིན། གོང་དུ་ཉོན་མོངས་ཇི་ལྟར་སྤོང་ཚུལ་གྱི་སྐོར་ལ་བསྩལ་བའི་གསུངས་བཤད་དེ་ནི་དབུ་མ་ཆེན་པོའི་འོད་སྣང་ཡིན་ནམ་བསམ་པ་ཞིག་འདུག་གོ །
རྒྱ་མིས། བླ་སྤྲུལ་ཚོར། Living Buddhaས་ནང་ཆོས་ལ། གནོད་པ་དེ་ཡང་ཤེས་པ་གལ་ཆེ།
སངས་རྒྱས་ཀརྨ་པ་ལ་ཕྱག་འཚལ་ལོ། སངས་རྒྱས་ཀརྨ་པའི་སེང་གེའི་ང་རོ་སྒྲོགས་འགོ་འཚུགས་སོང་།
་་་་་་་་་་་་་ སངས་རྒྱས་གངས་ཅན་བླ་མ། སངས་རྒྱས་ཀ་ལི་རིན་པོ་ཆེ། སངས་རྒྱས་དྲུང་པ་དང་ཨ་ཀོང་སོགས་སངས་རྒྱས་མང་ནི་རེད། ་་་་་་་་་་་་
ནུབ་ཕྱོགས་པ་ཚོར་ཆོས་ཀྱིས་ཕན་ཐོགས་རྒྱུ་ནི་ཧ་གོ་མ་སོང་། འོན་ཀྱང་༧གོང་ས་་མཆོག་དང་ཀརྨ་པ་སོགས་ལ་ཨ་སྒོར་ཁ་ཤས་ཤིག་ཏན་ཏན་རག་གི་རེད། ནང་པའི་གྲྭ་བ་ཚོས་མདོ་སྔགས་གཉིས་ཀ་ཉམས་སུ་ལེན་བཞིན་དུ་རང་རྒྱུད་གྱོང་བོ་འདུལ་མ་ཐུབ་པར་ནུབ་ཕྱོགས་པ་ཚོར་ཆོས་ཀྱི་བྱིན་བརླབས་ཤིག་བྱས་པ་ཙམ་གྱིས་ཕན་མི་ཐོགས་པ་གསལ་པོ་རེད། སྙན་གྲགས་དང་ལོངས་སྤྱོད་འདོད་པའི་བླ་གྲྭ་ཚོས་ནུབ་ཕྱོགས་ཡུལ་ལ་ཕེབས་ནས་ཆོས་ཚོགས་བཙུགས་པ་དང་ཆོས་ཁྲིད་བྱས་ན་ཨ་སྒོར་ཏན་ཏན་རག་གི་རེད། དེ་མིན་ནུབ་ཕྱོགས་པ་ཚོར་ཕན་བཏགས་ཡོད་སྙམ་ན་ནོར་འཁྲུལ་རེད། །
ནང་ཆོས་ལ་དོ་སྣང་ཡོད་མཁན་ནུབ་ཕྱོགས་པ་ཕལ་མོ་ཆེ་སེམས་ལ་སྐྱོན་ཡོད་མཁན་རྐྱང་རེད། དོན་ལ་ནང་ཆོས་ཉམས་སུ་ལེན་མཁན་མང་བོ་ཞིག་གིས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་པ་ཤ་སྟག་རེད། ཁོང་ཚོས་ནང་ཆོས་ལ་དོ་སྣང་བྱས་པ་དེ་གནས་སྐབས་སྡུག་བསྔལ་སེལ་བའི་ཐབས་ཁོ་ན་ལས་གཞན་གང་ཡང་མ་མཆིས། སྤྱིར་ནུབ་ཕྱོགས་པ་ཚོས་སེམས་ཀྱི་སྡུག་བསྔལ་ཐེག་པའི་བློ་སྟོོབས་དེ་ཁོང་ཚོར་མེད། རྒྱུ་མཚན་ནི་འཚར་ལོངས་བྱུང་སྟངས་ཀྱིས་རེད། དཔེར་ན་མི་རིགས་ནག་པོ་ཚོར་མི་རིགས་གཞན་ལས་ཞན་ཆ་མང་བོ་ཞིག་ཡོད་པའི་རྒྱུ་མཚན་ནི་འཚར་ལོངས་བྱུང་སྟངས་ཀྱིས་རེད། དེ་མིན་ཁོང་ཚོའི་ཤ་མདོག་ནག་པའི་སྐྱོན་ཞིག་ཡེ་ནས་མ་རེད། དཔེར་ན་བོད་པ་ལ་མཚོན་ན་ལུས་སེམས་གཉིས་ཀའི་སྡུག་བསྔལ་ཐེག་པའི་བློ་སྟོབས་མི་རིགས་གཞན་ལས་ཆེ་བ་རེད། དེ་ནི་འཚར་ལོངས་བྱུང་སྟངས་ཀྱིས་རེད། །
རང་རིག་རྡོ་འདི། ཨ་སྒོར་མ་རག་པར་མུག་ཤིར་ཐེབས་པ་ཞིག་གི་རྣམ་ཤེས་ཡིན་འདྲ། མ་ཎི་པདྨེ་ མ་ཎི་པདྨེ་ མ་ཎི་པདྨེ་ཧཱུཾ།
སངས་རྒྱས་ཀརྨ་པས་་་་་་མདོར་ན་ཉོན་མོངས་ཀྱི་ཕམ་ཉེས་འོག་ཏུ་མགོ་བོ་མི་སྒུར་བ་ཉོན་མོངས་ངོ་ཤེས་པ་དང་སྤོང་བ་བྱ་བ་ལ་གདེངས་ཚོད་དང་སེམས་ཤུགས་བསྐྱེད་དགོས། རང་རྒྱུད་ཀྱི་ཉོན་མོངས་ཤུགས་ཆུང་དུ་འགྲོ་དུས་སེམས་ཁམས་དང་གཤིས་རྒྱུད་རང་བཞིན་གྱི་འགྱུར་བའི་སྐབས་དང་བསྟུན་བྱམས་པ་དང་སྙིང་རྗེའི་ཐོག་ཏུ་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེ།
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པར་ཤོག །
བླ་མ་སངས་རྒྱས་སུ་མོས་ནས་ཆོས་བྱས་ན་འགྲིགས་པ་རེད།
རང་གི་བླ་མ་སངས་རྒྱས་རེད་ཅེས་ཕྱི་སྒྲོག་བྱས་ན་སྐྱག་རྫུན་རེད།
དེ་གཉིས་ཀྱི་ཁྱད་པར་ཤེས་པར་བྱོས་ཤིག་ཀྱེེ།། །།
པདྨ་ལགས།
ང་ནི་ཏའི་སི་ཏུ་ལ་གུས་ཞབས་དང་། ཀརྨ་བཅུ་དྲུག་པ་དང་། བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་གཉིས་དད་མོས་ཡོད་མཁན་ཅིག་ཡིན། འོནད་ཀྱང་། སངས་རྒྱས་ཀརྨ་པ་ཟེར་བ་དང་། ཞྭ་དམར་གྱི་མཐའ་ཡས་རྡོ་རྗེ་ཀརྨའི་ཡང་སྲིད་དུ་འདོ་མཁན་ལ་དགག་གཞག་བྱེད་མཁན་དབ་། མཐའ་ཡང་ཁས་མི་ལེན་གཅིག་མཚུངས་ཡིན་ནོ།། །།
ཁྱེད་རང་ཚོ་བཀའ་རྙིང་གི ཟུར་ཟ་དང་། ཕྲག་དོགདང་། འཁྲུག་རྩོད་དེ། ངའི་མགོ་ལ། གཡོག་མ་ཡོང་ཨ། ཐུགས་རྗེས་གཟིགས།། །།
ཕྱི་རྒྱལ་བ་ནང་ཆོས་བྱེད་པར་༅ཆོས་ཚོགས་ཁག་ཏུ་ཡོང་བ་ནི་བུད་མེད་ཁེར་རྐྱང་བ་ཚོས་ཁྱོ་ག་འཚོལ་བ་དང་མི་ཁེར་རྐྱང་བ་དེ་ཚོས་བུད་མེད་འཚོལ་བར་སླེབས་པ་ལས་ཆོས་བྱེད་པར་ངེས་འབྱུང་སྐྱེས་ནས་སླེབས་པ་མ་རེད། ཁོང་ཚོ་འདུ་འཛོམ་བྱེད་ས་དང་གཞན་ལ་སྐད་ཆ་ཤོད་ས་མེད་ནས་ཆོས་ཚོགས་སུ་སླེབས་པ་ཤ་སྟག་རེད།
མཐོ་མཐོ་ན་ཆག་སླ དཀར་དཀར་ན་རྫོབ་སླ་ཟེར་བའི་དཔེ་ལྟར་། སངས་རྒྱས་ཀརྨ་པ་ཟེར་འདི་མང་དྲག་པ་རེད ད་དུང་ཤེས་ཡོན་གྱི་རྒྱུད་སྨིན་པར་བྱས་ནས། སྤྱི་ཚོགས་ནང་སྤྱོད་པ་བྱང་སེམས་དང་མཐུན་པ་བྱུང་ན་གཞི་ནས་བྱང་ཆུབ་སེམས་དཔའ་ཟེར་ན་ཚམས
སངས་རྒྱས་ཀརྨ་པ་ལ་ཕྱག་འཚལ་ལོ། །ནང་ཆོས་ཉི་མས་ནུབ་ཀྱི་མུན་པ་སེལ། །འབྱུང་བྱ་བན་བོན་ཚོགས་རྣམ་མིག་ལ་གཟན། །འདི་ནི་སངས་རྒྱས་ཁྱེད་ཀྱི་མཛད་པ་ལགས།།
རང་རིག་རྡོ་ལགས་ཁྱེད་རང་ཨ་སྒོར་དོན་ལ་སྨྱོ་ནས་བསྡད་ཡོད་ན་བྱ་ཐབས་གཅིག་རང་གཅིག་ཡོད་་་དེ་ནི་སྐྱེ་བ་ཕྱི་མ་ཨ་རིའི་ཡུལ་དུ་ཨ་སྒོར་མང་པོ་ཡོད་མཁན་གཅིག་ལ་སྐྱེས་པ་ཤོག་མི་ལུས་འདི་བོད་མིར་སྐྱེས་ནས་ནོར་འདུག་ཟེར་སྨོན་ལམ་ཡག་པོ་འདེབས་ནས་གཡང་ས་ཞིག་ནས་མཆོང་ན་ཁྱེད་ཀྱི་བསམ་དོན་འགྲུབ་སྲིདསྲིད་སྲིད་སྲིད་་
པདྨ་ལགས་དངོས་གནས་ཁྱེད་རང་སི་ཏིའི་ཀརྨ་པ་ལ་མི་དགའ་བའི་རྒྱུ་མཚན་རྣམ་དག་ཅིག་ཤོད་སྟངས་དེ་མིན་ཁྱི་ཐོང་ནམ་མཁར་ཟུག་པ་ལ་དོན་སྙིང་གིས་སྟོང་པ་རང་རེད།
ཀམ་པོ་ཚང་ལ་སངས་རྒྱས་ཤིག ། ནུབ་ཕྱོགས་ལ་སོང་མགོ་སེར་གྱིས།། གཞི་མེད་འབུམ་རམས་ལག་འཁྱེར་ཞིག། གནང་བར་ཀམ་པོའི་སངས་རྒྱས་དངོས།།
སངས་རྒྱས་ཁོག་ཞུགས་ཀྱི་སྤྲུལ་སྐུ་དྲུག་སྟོང་ལྷག་གིས་འོད་སྣང་བོད་ལ་མཆེད་ནས་བོད་མི་རིགས་ཀྱི་མགོ་ཐོག་གི་སྡུག་གི་མུན་ནག་ལ་སངས་ཐབས་མེད་པ་རེད། བོད་ཀྱི་སངས་རྒྱས་ཁོག་ཞུགས་ཡོངས་ཀྱིས་འོད་སྣང་ནུབ་ཕྱོགས་སུ་མཆེད་ན་ནུབ་ཕྱོགས་པའི་མི་དམངས་ཀྱི་བདེ་སྐྱིད་ཡང་བོད་མི་དམངས་ཀྱི་བདེ་སྐྱིད་ལྟར་བཅོམ་ཐུབ་པའི་རེ་བ་མེད་འགྲོ་་་་་ཧཧཧ
http://kagyutv.org/index.php/zh/
སྐབས་རེ་པདྨ་མ་སྐབས་རེ་དཔལ་དགྱེས་སོ། །རྣམ་འཕྲུལ་སྣ་ཚོགས་སྟོན་ནས་དྲ་ནང་དུ། །གོང་ས་མཆོག་དང་ཀརྨ་པ་ལ་སོགས། །བོད་མིའི་སྙིང་དང་འཛམ་གླིང་མུན་སེལ་བའི། །སྒྲོན་མེ་ལྟ་བུའི་སྐྱེས་ཆེན་དམ་པ་ལ། །སྒྲོ་སྐུར་ཁོ་ནས་ལས་ངན་བསགས་པའི་མཐར། །ཆོས་ཀྱི་རྒྱལ་པོའི་ཕོ་ཉ་ལས་མཁན་གྱིས། །དམྱལ་བའི་ཟང་དམར་ནང་དུ་བཙོ་བའི་དུས། །ཁ་གདང་མིག་སྦྲད་སྐད་ངན་འདོན་ན་ཡང་། །སྐྱབས་མཁན་མེད་པར་ལས་ངན་སྙིང་རེ་རྗེ། །སྤྱན་རས་གཟིགས་དང་འོད་དཔག་མེད་མགོན་གྱིས། །ལས་ངན་འདི་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས།
ལས་ངན་གྱི་དྲྭ་གྲོགས་ཁག་ཅིག །ཚོད་མེད་ཀྱིས་སྡིག་པ་བསགས་ཏེ། མྱལ་ཁམས་ཀྱི་ཟངས་སྦུག་ནང་དུ། འགྲོ་བ་ལ་ཐེ་ཚོམ་མི་གདའ།
སངས་རྒྱས་སེམས་ཅན་གྱི་དོན་དུ་ཕེབས་ཏེ་མ་ཤེས་མ་རིགས་པའི་མར་གྱུར་སེམས་ཅན་ཀུན་སྒྲོལ་བར་བྱོན་པ་ལས། ཤེས་ན་སངས་རྒྱས་ཕེབས་པར་དགོས་དོན་མ་དམིགས་པའི་ཕྱིར་དང་། དེ་བཞིན་དུ་མགོ་སེར་པོའི་ནང་གི་སེམས་ནད་གཅོང་ཅན་རྣམས་བཅོས་པར་བྱོན་པ་ལ་ལྷས་སྦྱིན་དང་ལེགས་ཀར་ལྟ་བུའི་མི་རྣམས་ཕྲག་དོག་གིས་མྱོས་ནས་སྡུག་སྐད་འདོན་པར་ཡིད་རེ་སྐྱོ།
ལྷས་སྦྱིན་དང་ལེགས་ཀར། ཞེས་པའི་མིང་ཚིག་དག་ལ་སྒྲ་བཤད་རེ་དགོས་པར་མཐོང་། ལྷས་བྱིན་པའི་གང་ཟག་ལ་ལྷས་བྱིན་དང་། ལེགས་པའི་སྐར་མ། ཞེས་པ་ཀརྨ་དང་སྐར་མ་མ་ནོར་བ་གལ་ཆེ། ཀརྨ། ལེགས་སྦྱར་སྐད་ཀྱི་སྒྲ་དང་། སྐར་མ་ཞེ་བོད་སྐད་ཡིན་པས། བསྡུས་ཚིག་ལ་ལེགས་སྐར་ཞེས་འབྲི་བར་འབད་པ་གནད་ཆེའོ།
སྐར་མ་ཞེ། སྐར་མ་ཞེས་པར་བཅོས་སོ།