གནས་ཚུལ་མཁོ་སྤྲོད་པ། ཞིབ་འཇུག་ཚོགས་པའི་བརྡ་འཕྲིན་ལས་རིགས་ཚན་པ།
༢༠༡༣ ལོའི་སྤྱི་ཟླ་༦ པ་ནས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་གཙོ་འགན་ཁུར་བའི་༼སེམས་འགུལ་བརྙན་ལེན་འགྲན་བསྡུར་ཆེན་མོ་སྐབས་དང་པོ༽ཞེས་པ་དངོས་སུ་འཆར་འགོད་དང་འབྲེལ་ལག་བསྟར་བྱས་ཞིང་། འགྲན་ཞུགས་པ་གདན་འདྲེན་དང་གློག་བརྙན་བརྩམས་ཆོས་བསྡུ་ལེན། དཔྱད་འདེམས་ཆེད་མཁས་པའི་ཚོགས་ཆུང་གདན་འཛོམ་གྱིས་དཔྱད་གླེང་དཔྱད་འདེམས་བཅས་བརྒྱུད། སྤྱི་ཟླ་༨/༣༠-༣༡ སོ་སོར་སྒྱུ་རྩལ་ཁྱབ་ཁོངས་ཀྱི་གྲགས་ཅན་མི་སྣའི་གཏམ་བཤད་ཐེངས་གཉིས་གོ་སྒྲིག་གྲུབ་རྗེས། ༢༠༡༣/༩/༡ ཉིན། བདམས་ཐོན་གློག་བརྙན་ཁག་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་ཟབ་རྒྱས་དང་བཅས་ཐེངས་འདིའི་ལས་འགུལ་ཕུན་སུམ་ཚོགས་པའི་ངང་ནས་མཇུག་དྲིལ།
བརྩམས་ཆོས་བསྡུ་ལེན་དང་དཔྱད་འདེམས་ཀྱི་བརྒྱུད་རིམ།
དེ་ཡང་༼སེམས་འགུལ་བརྙན་ལེན་འགྲན་བསྡུར་ཆེན་མོ་སྐབས་དང་པོ༽ཐོག་མར་ལས་དོན་ཚོགས་ཆུང་ཆེད་འཛུགས་ཀྱིས་དྲ་ཐོག་ནས་ཆེད་སྤྱོད་ངོ་དེབ་བརྒྱུད་ལས་འགུལ་གྱི་ངོ་བོ་དང་དགོས་དམིགས་ངོ་སྤྲོད་ལས་མགོ་བརྩམས་ཏེ་བསྒྲུབས་ཤིང་། མཐར་སྤྱི་ཟླ་༨པའི་ནང་། ཆེད་མཁས་དཔྱད་འདེམས་པའི་ཚོགས་ཆུང་གིས་འགྲན་ཞུགས་གློག་བརྙན་ལྔ་བཅུར་ཉེ་བ་འབྱོར་ཞིང་། དཔྱད་འདེམས་ཀྱི་ཁོངས་སུ་ཚུད་པའི་གློག་བརྙན་སུམ་ཅུར་ཉེ་བའི་ནང་ནས་ཐ་མའི་བྱ་དགའ་ཐོབ་ཡུལ་གྱི་གློག་བརྙན་ཁག་དགུ་དང་། དྲ་ཐོག་འོས་འཕེན་གྱི་ལམ་ནས་མི་མང་གི་དགའ་མོས་ཀྱི་བརྒྱ་མང་ཤོས་ཐོབ་ཡུལ་གཅིག་སྟེ། ཁྱོན་གློག་བརྙན་བཅུ་འདེམས་ཐོན་བྱུང་།
གྲགས་ཅན་མི་སྣའི་གཏམ་བཤད་དང་པོ།
དེ་ནས་༨/༣༠ ཉིན་ཐའེ་ཝན་སློབ་ཆེན་གྱི་ཚོགས་ཁང་དུ་གློག་བརྙན་ཆེད་ལས་གྲགས་ཅན་མི་སྣའི་གཏམ་བཤད་ཐེངས་དང་པོ་གོ་སྒྲིག་བྱས། ཉིན་དེའི་དགོང་མོ༼སེམས་འགུལ་བརྙན་ལེན་འགྲན་བསྡུར་ཆེན་མོ་སྐབས་དང་པོ༽་འགན་འཛིན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཚམས་འདྲིའི་གཏམ་བཤད་གྲུབ་རྗེས། ཐའེ་ཝན་གྱི་ན་གཞོན་འཁྲབ་སྟོན་པ་སྐུ་ཞབས་སོའུ་ཏ་ལགས་ཀྱི་གཙོ་སྐྱོང་འོག་ ཐའེ་ཝན་གློག་བརྙན་ལས་རིགས་ཀྱི་ཁྲོད་དུ་སྐད་གྲགས་ཆེས་ཆེར་ལྡན་པའི་འཁྲབ་ཁྲིད་པ་སྐུ་ཞབས་ཝི་ཏི་ཧྲིན་魏德聖གྱིས་རང་ཉིད་ཀྱི་བློ་ཡུལ་ལས་འདས་པའི་ཕམ་ཁ་ནས་རླབས་ཆེན་གྱི་རྒྱལ་ཁའི་བར་གྱི་མི་ཚེའི་བརྒྱུད་རིམ་དང་། ཁྱད་པར་ཐའེ་ཝན་གྱི་ཉིས་སྟོང་བཅུ་གཉིས་ལོའི་གསེར་གྱི་རྟ་མཆོག་གི་བྱ་དགའ་ཐོབ་པའི་ཁོང་གི་གློག་བརྙན་བརྩམས་༼ཆོས་ཟེའི་ཏི་ཁི་པཱ་ལ༽(དངོས་གནས་ཀྱི་མི་ཞེས་པའི་དོན་ཏེ། ཐའེ་ཝན་གཉུག་གནས་མི་རིགས་ཤིག་གི་མིང་)་《賽德克.巴萊》དང་གཞན་༼མཚོ་སྣེ་ཨང་བདུན་པ་༽海角七號》སོགས་ཕབ་བསྐྲུན་གྱི་བརྒྱུད་རིམ་དང་འབྲེལ་བའི་གཏམ་བཤད་ཆུ་ཚོད་གཅིག་ལྷག་རིང་གནང་།
གྲགས་ཅན་མི་སྣའི་གཏམ་བཤད་སྤེལ་ཐེངས་གཉིས་པ།
དེའི་ཕྱི་ཉིན་༨/༣༡ དགོང་མོ་སླར་ཡང་ཚོགས་ཁང་དེར་ཐོག་མར་ཞིབ་འཇུག་ཚོགས་པའི་འཚམས་འདྲིའི་གཏམ་བཤད་གྲུབ་རྗེས་ཐའེ་ཝན་གྱི་དངོས་པར་གློག་བརྙན་གྱི་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ཀྲང་ཡི་ཙིན་莊益增གྱིས་རང་ཉིད་གྱིས་ཆེས་མཐའ་ཁུལ་གྱི་ཞིང་པ་དང་གྲོང་གསེབ་པ་དཀྱུས་མ་དག་གི་མི་ཚེ་དང་ཤེས་རབ་ཀྱི་མྱོང་རྟོགས་ཁྱད་པར་བ་དང་འབྲེལ་བའི་ཐོག་ནས་ཕབ་སྐྲུན་གནང་ཞིང་། ༢༠༡༠ལོའི་རྒྱལ་སྤྱིའི་དངོས་བྲིས་གློག་བརྙན་འགྲན་བསྡུར་ཁྲོད། ཐའེ་ཝན་དངོས་བྲིས་གློག་བརྙན་ཨང་དང་པོའི་བྱ་དགའ་ཐོབ་ཡུལ་ཚབ་མཚོན་བརྩམས་ཆོས་༼ཆན་ཡྭན་ཏིའི་ཧྲོའུ་(ལག་པ་དམ་པོར་འཇུས་པའམ་མཛའ་བ་མི་ལྷོད་པའི་དོན་ཏེ་ཐའེ་ཝན་ཡུལ་སྐད)༽「牽阮的手」སོགས་ཕབ་སྐྲུན་དང་འབྲེལ་བའི་བརྗོད་གཞིའི་ཐོག་མི་མང་གི་གད་མོ་དང་ཐལ་སྒྲའི་ཁྲོད་ཆེས་ཡིད་དབང་འཕྲོག་པའི་གཏམ་བཤད་དང་དྲི་བ་དྲིས་ལན་ཆུ་ཚོད་གཅིག་རིང་བྱས་མཐར། སྐད་གྲགས་ཅན་གྱི་གློག་བརྙན་འཁྲབ་ཁྲིད་པ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་གློག་བརྙན་གྱི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་དང་དགོས་དམིགས། སྐུ་ཉིད་ཀྱི་གློག་བརྙན་ལས་རིགས་ཀྱི་འབྱུང་འགྱུར་གྱི་འཆར་སྣང་སོགས་དང་། ཁྱད་པར་ལས་གཞི་འདིའི་གལ་ཆེན་རང་བཞིན་ལེགས་འགྲུབ་ལ་གདེངས་འཇོག་ཆེན་པོ་གནང་ཞིང་། ལས་འགུལ་འདི་མཇུག་སྐྱོང་དགོས་པའི་སྐུལ་མ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་།
ཁོང་གིས་ད་དུང་། ང་ལ་ཐོག་མར་ལས་འགུལ་གོ་སྒྲིག་པ་དང་སྐད་ཆ་བྱུང་སྐབས་འཆར་སྣང་ཙམ་ལས་ལས་དངོས་སུ་ལག་ལེན་དུ་ཁེལ་རྒྱུའི་ཡིད་ཆེས་མ་བྱས་ཡང་། ད་ཆ་དངོས་སུ་ལེགས་འགྲུབ་བྱུང་བ་ནི་ཧ་ཅང་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་གསུངས། མཐར་ལས་འགུལ་གོ་སྒྲིག་པས་མེ་ཏོག་གི་ཆུན་པོ ཕུལ་ཏེ་ཐུགས་རྗེ་ལེགས་གསོལ་ཞུས་རྗེས་མགྲོན་གསུ་ཁང་དུ་ཆིབ་བསྒྱུར་དང་འབྲེལ་ཞིབ་འཇུག་ཚོགས་པའི་མཁན་སྤྲུལ་དགེ་བཤེས་རྣམས་དང་ལྷན་ཐའེ་ཝན་བོད་བརྒྱུད་ཀྱི་གནས་བབ་དང་། ཞིབ་འཇུག་ཚོགས་པའི་ཁ་ཕྱོགས། དྲ་རྒྱའི་བརྙན་འཕྲིན་གྱི་ལས་འཆར་སོགས་ལ་གོ་བསྡུར་དང་བཀའ་མོལ་ཆུ་ཚོད་ཕྱེད་ཙམ་ཞུ་གནང་བཅས་ཉིན་དེའི་གཏམ་བཤད་མཇུག་དྲིལ།
སེམས་འགུལ་བརྙན་ལེན་འགྲན་བསྡུར་གྱི་བྱ་དགའི་མཛད་སྒོ
སྤྱི་ཟླ་དགུ་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོ་ཐའེ་ཝན་སློབ་ཆེན་གྱི་ཚོགས་ཁང་ཏུ་འདེམས་ཐོན་གློག་བརྙན་ཁག་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་དངོས་སུ་བསྡུས་ཤིང་། འཁྲབ་སྟོན་པ་སྐུ་ཞབས་སུའུ་ཏཱ་ཡིས་ལས་རིམ་གཙོ་སྐྱོང་འོག་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ ལས་འགུལ་འདིའི་དམིགས་ཡུལ་དང་འབྲེལ་བའི་འཚམས་འདྲིའི་གཏམ་བཤད་ཚར་བ་དང་། ཉེ་ཆར་ཐའེ་ཝན་གྱི་གལ་ཆེའི་གླུ་གཞས་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་སེང་ག་པུར་གྱི་གཞོན་སྐྱེས་གླུ་མ་ཧྥང་ཨིན་ཆིན་ལགས་ཀྱིས་༼ཐའེ་པེ་༽དང་། ༼ཉི་མ་རྟག་པར་མཛའ་གྲོགས་དུས་ཆེན་ཡིན་༽ཞེས་པའི་གླུ་གཞས་ཁག་གཉིས་དང་། འཛམ་གླིང་རང་བཞིན་གྱི་ཟློས་གར་ཚོགས་པ་ཉི་མ་ཟློས་གར་ཚོགས་པ་ཞེས་པར་ཚུད་པའི་ཐའེ་ཝན་པ་དང་པོ་སྒྱུ་རྩལ་བ་སྐུ་ཞབས་ཁྲིན་ཞིང་ཧྭི་陳星合ལགས་ཀྱིས་「contact juggling」「操控雜耍」,གྱི་བྱ་དཀའི་འཁྲབ་སྟོན་དང་། བྱ་དགའ་ཐོབ་པའི་གློག་བརྙན་དག་གཟིགས་འབུལ་དང་ལྷན་དུ། བུ་མོ་ཚའི་ཕེའི་ཅུན་(蔡沛均)གྱི་༼འཚོ་བ༽《日子》ཞེས་པའི་གློག་བརྙན་ལ་ཨང་དང་པོའི་བྱ་དགའ་དམིགས་བསལ་གཟེངས་ཡིག་དང་། ཐའེ་སྒོར་སུམ་ཁྲི།
སྐུ་ཞབས་ཁྲིན་ཟི་ཝི་(陳思瑋)ཡི་༼བསམ་བློའི་ཚུར་བསྡུད་༽《心靈回收》དང་། ཐའེ་ཝན་གྱི་གྲྭ་པ་ཙིན་པའི་རིན་曾柏仁ནམ་ཆོས་མིང་ཟི་ཧྲིན་བཀྭང་釋勝光གི་༼ཆེས་རིང་ཤོས་ཀྱི་གཙང་པོ༽《最長的一條河》ཀྲང་ཁའི་ཀྲི་(張凱智)ཡི་《Leave a message 》བཅས་གསུམ་ལ་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའི་དཔང་ཡིག་དང་བྱ་དགའི་དངུལ་གཅིག་ཁྲི་རེ།
ལྕམ་ལི་ལྭོ་ལུའུ་李珞伊 དང་ལི་སི་རོང་李思融ཟུང་གི་ཐུན་མོང་བརྩམས་ཆོས་༼བུ་མོ་གཉིས༽《兩個女孩》ཡི་བུ་མོ་གཉིས་དང་། ཁྲིན་ཧོང་ཤོའུ་ 陳宏修 གྱི་༼རྩེ་བའི་ང་ཚོ་ལམ་ལ་ཆས་ཡཱ༽《親愛的我們出發吧》 བོད་བཞུགས་ཐའེ་ཝན་གྱི་དགེ་འདུན་པ་ཡྭན་རིན་གྱི་༼དམོད་སྔགས་མིན་པའི་སྔགས༽《不哭的咒語 》ཧྭང་ཅུའན་ཆིའི་黃娟綺ཡི་༼གོམ་པ་བརྒྱ༽《一百步》ཧྭང་ཁི་ཡུའུ་黃可喻ཡི་༼རྨི་ལམ་ཐུན་གཅིག་ལས་སད་པ༽《醒出一場夢》བཅས་ལ་གློག་བརྙན་ཕུལ་བྱུང་གི་གཟེངས་ཡིག་དང་བྱ་དངུལ་སུམ་སྟོང་རེ། སྐུ་ཞབས་སུང་ཝི་ཅྭུན་宋韋均གྱི་༼གླེན་པ་ཁུན་ཏེན་དུ་བསྐྱོད་པ༽《憨兒墾丁行》༽ལ་དྲ་ཐོག་དཔྱད་འདེམས་ཀྱི་དགའ་གསུ་ཆེ་ཤོས་ཀྱི་བྱ་དངུལ་དང་གཟེངས་ཡིག་བཅས་མཁན་པོ་ཚུལ་རྣམ་རིན་པོ་ཆེ། ལྷ་རམས་དགེ་བཤེས་སྤྲུལ་སྐུ་ཧ་ཤན་རིན་པོ་ཆེ། ཀཿཐོག་རིག་འཛིན་ཆེན་པོ། སྐུ་ཞབས་མི་ལི་ཞུང་སོགས་དཔྱད་འདེམས་པ་རྣམ་པ་བཅས་ཀྱིས་རེ་རེ་བཞིན་དངོས་སུ་འབུལ་གནང་མཛད་མཐར་ཐེངས་འདིའི་སྐབས་དང་པོའི་༼སེམས་འགུལ་ བརྙན་ལེན་འགྲན་བསྡུར་ཆེན་མོ་སྐབས་དང་པོ༽ཕུན་སུམ་ཚོགས་པའི་ངང་ནས་མཇུག་གྲུབ།
དཔྱད་འདེམས་པ་སྐུ་ཞབས་མིས་ལི་ཞུང་གིས། འགྲན་ཞུགས་པ་ཁག་ཅིག་ལ་བརྩམས་ཆོས་རང་གི་ངོ་བོའི་ཆ་ནས་བྱ་དགའི་འོས་ཁོངས་སུ་སླེབས་རྒྱུའི་གཞི་རྩའི་ཆ་རྐྱེན་ཚང་ན་ཡང་། བེད་སྤྱོད་བཏང་བའི་སྒྲ་དང་བརྙན་རིས་སོགས་རྒྱུ་ཆ་ཁག་གི་བདག་དབང་གི་གནད་དོན་སོགས་ཀྱིས་ཞུགས་མ་ཐུབ་པ་ཁག་ཅིག་ཡོད་པ་སོགས་ཐེངས་རྗེས་མར་འགྲན་བསྡུར་ནང་ཞུགས་མཁན་ཚོས་འདི་རིགས་ཀྱི་ཕྱོགས་ལ་དམིགས་བསལ་ཐུགས་སྣང་དགོས་པའི་འབོད་སྐུལ་ཡང་གནང་སོང་།
ཆོས་ལུགས་ཀྱི་སྒྲིག་འཛུགས་ཤིག་གིས་སྲོལ་རྒྱུན་གྱི་འགྲོ་སྟངས་ལས་བརྒལ་བའི་ལས་འགུལ་གྱི་རྣམ་པའི་ཐོག་ནས་ཆོས་ལུགས་དད་མོས་ཀྱི་འབྲེལ་བས་མ་བསྡུས་པའི་གཞོན་སྐྱེས་མང་པོ་ཞིག་གི་གི་མི་ཚེ་ལ་བག་ཆགས་ཟབ་མོ་བཞག་ཅིང་། མིའི་ཚེའི་དམིགས་འདུན་ལ་སྐུལ་མ་ཅུང་ཟད་གཏོང་ཐུབ་པ་ཞིག་བྱུང་བ་འདི་ཞིབ་འཇུག་ཚོགས་པ་དང་ཐེངས་འདིའི་ལས་འགུལ་གྱི་གཙོ་འགན་ཁུར་མཁན་ཚང་མའི་ངོས་ནས་སྤྱི་ཚོགས་འདི་དང་ཁོར་ཡུག་འདིར་ཧ་ཅང་གལ་ཆེ་བའི་སྣང་བརྙན་གཞན་ཞིག་བསྐྲུན་གྱིན་ཡོད་པའི་ལྟ་ཚུལ་འཛིན་གྱིན་ཇེ་གསལ་དུ་གྱུར་ཡོད་པ་དང་། འགྲན་ཞུགས་པ་དང་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་དག་གི་ཚུར་སྣང་གི་ལན་ཆས་ར་སྤྲོད་གང་ལེགས་གནང་ཡོད།
བྱ་དགའ་ཐོབ་པའི་གློག་བརྙན་གྱི་ཁོངས་སུ་བོད་བརྒྱུད་ནང་བསྟན་ནང་བསྟན་གྱི་གྲྭ་པ་ཡིན་པའི་ཐའེ་ཝན་གྱི་མི་གཉིས་ཀྱི་གློག་བརྙན་ལ་བྱ་དགའ་ཐོབ་ཡོད་ཅིང་། ཁོང་གཉིས་ཀྱི་བརྩམས་ཆོས་ཀྱི་ནང་དོན་རྒྱ་གར་དང་བོད་ནང་གི་ཆོས་དང་འབྲེལ་བ་ཡོད་པའི་ཁོར་ཡུག་རྒྱབ་ལྗོངས་སུ་བྱས་འདུག སྤྱིར་གློག་བརྙན་གྱི་བརྗོད་གཞི་ལ་ཚད་བཀག་མེད་པ། ནང་དོན་སྣ་མང་ཅན། གཙོ་སྒྲུབ་པ་བོད་ཀྱི་ནང་པའི་ཚོགས་པ་དང་གྲྭ་བཙུན་ཡིན་པ་སོགས་ལས་འགུལ་འདིར་གཞན་ལ་མེད་པའི་ཁྱད་ཆོས་ཡང་གང་འཚམས་ཡོད་པ་དང་། ཐའེ་ཝན་དུ་ནང་པའི་ཚོགས་པ་ཞིག་གིས་འདི་ལྟ་བུའི་ལས་འགུལ་སྤེལ་བ་ཧ་ཅང་དོན་སྙིང་ལྡན་པ་དང་རྒྱུན་ལྡན་གྱི་བསམ་བློའི་ནང་དུ་ཡོད་པའི་ནང་པའི་ཚོགས་པ་ཞིག་གི་བྱེད་སྟངས་དང་མི་འདྲ་བ་ཞིག་རེད་ཅེས་དཔྱད་འདེམས་པ་དང་། བྱ་དགའ་ཐོབ་མཁན། གཙོ་སྐྱོང་བ་བཅས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱིས་བརྗོད།
ལས་འགུལ་ཧྲིལ་པོའི་འཆར་འགོད་དང་འགྲོ་སོང་ཐབས་འཚོལ་སོགས་ཀྱི་ལས་འགན་ཞིབ་འཇུག་ཚོགས་པའི་ལས་དོན་ཆ་བགོས་ཀྱི་སྒྲིག་གཞི་ལྟར་ཐེངས་འདི་ལས་འགུལ་འགན་འཛིན་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་དང་ཁོང་གི་ཆོས་ཚོགས་ཀྱིས་ཁུར་ཡོད།
འབྲེལ་བ་གནང་ཡུལ། ttashi07@yahoo.co.in
གལ་ཏེ་གནས་འཕྲིན་དང་འབྲེལ་བའི་ཐོག་ནས་གཙོ་སྒྲུབ་ལས་ཁུངས་ལ་འབྲེལ་དགོས་ན་གཤམ་གྱི་གློག་ཕྲིན་ཐོག་འབྲེལ་བ་གནོངས་དང་ལན་འབུལ་ངེས།
ttashi07@yahoo.co.in00886963017508
ལས་དོན་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།
རྟེན་འབྲེལ་ཞུ།
བཟང་ངན་གང་ཡང་བཤད་ཤེས་མ་སོང་། གང་ལྟར་ཡང་དེང་སང་གི་དུས་རབས་དང་མཐུན་པའི་དཔལ་འབྱོར་དང་། མཚན་སྙན་སྒྲུབ་སྟངས་ཤིག་རེད། ཆོས་དང་མཐུན་མིན་གང་ལྟར་ཡང་འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་བེད་ཆོད་བཏང་སྟངས་ཀྱི་ཆ་ཤས་ཤིག་དང་། དམིགས་འབེན་མངོན་དུ་བྱ་ཐབས་ཤིག་རེད། བྱ་བ་བརྒྱུད་ནས་གང་ཟག་རང་སྒེར་ལ་མིང་དང་། སྒོར་མོ་མོད་པའི་ཐབས་ལམ་དུ་འགྱུར་སྲིད་ཀྱང་། བོད་མི་རིགས་ཀྱི་ཁྱད་ཆོས་དང་། བོད་བརྒྱུད་ནང་བསྟན་གྱི་རིན་ཐང་དང་འབྲེལ་བ་ཆེར་མེད་པར་མངོན། ད་སྔོན་བླ་རྒན་ཚོས་ལོ་ངོ་སྟོང་ཕྲག་ལྷག་ལ་སྐུ་ངལ་བསྐྱོན་པ་ཆ་ཚང་རྡོག་རོལ་དུ་བཏང་མཁན་གྲས་ཀྱི་ཆ་ཤས་ཤིག་ཡིན་ན་སྙམ། གང་ལྟར་ཡང་གྲྭ་བའི་ལས་ཤིག་དང་། སྟོན་པའི་བསྟན་པ་དང་མི་འབྲེལ་བ་ཞིག་ཡིན་པ་ཐག་བཅད་དེ་སྨྲ་བར་སྤོབས། ལམ་འགྲོ་ཡོང་བར་ཤོག
རྫ་ཚེ་རིང་བཀྲ་ཤིས་འདི་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་མི་སྣ་ཞིག་ཏུ་འགྱུར་ངེས་ཀྱང་། ཁོའི་མི་ཚེའི་ལམ་བུ་དེའི་སྐོར་ཕྱོགས་བཟང་པོ་ཞིག་ཏུ་འགྱུར་བའི་ངེས་པ་གང་ཡང་མི་འདུག དེ་ཕྱིར་རང་གི་ཅུང་ཟད་གཟབ་དགོས་པར་འདོད། བྱ་བྱེད་མང་ན་བྱིའུ་རྐང་ཆག་་་་་་་་་་་་་་་་་་་་ཟེར་བ་རེད་ད། ཚོད་བཟུང་དགོས་པ་རེད། ཧཧཧཧཧ ངའི་ཁ་འདི།
ཨོ་རྒྱན་ཉི་མ་ལགས ཁྱེད་ཀྱིས་བཤད་པར་བདེན་ཁ་སྦྱིན་ཐུབ་ས་རེད། ག་རེ་རེད་ཟེར་ན་སྐུ་ཉིད་ཀྱིས་ཉམས་ལེན་ལ་ཧུར་ཐག་གནང་ཞོར་ཁ་བརྡ་རེ་གནང་ནས་བཞུགས་བསྡད་ན། རྗེས་མར་རྒྱ་མི་ཚོར་ཆོས་ཀྱིས་གོ་རྟོགས་དགའ་རབ་སླེབས་མཚམས། ད་ང་ཚོས་་ཆོས་རྣལ་མ་བྱེད་མཁན་ཉམས་མྱོང་ཚད་མ་ཡོད་མཁན་དང་མཇལ་དགོས་ཀྱིན་འདུག་ཟེར་ན། རྫ་ཚེ་ལ་སོགས་ལ་ཅི་བྱ་འདི་བྱེད་མེད་པར་སྐུ་ཉིད་དམ་ཡང་ན་སྐུ་ཉིད་དང་འདྲ་བའི་ཆོས་པ་རྣལ་མ་ཞིག་ཁོང་ཚོས་མི་འཚོལ་རང་ཚོལ་རེད། ཁོང་ཚོ་ནི་རང་གི་གནས་སྟངས་ལ་སུན་སྣང་སྐྱེས་ནས་འགྱུར་བ་མ་བཏང་བར་ཆོས་ཀྱི་འཕྲིན་ཕར་སྐྱེལ་བ་དང་འཕྲིན་སྐྱེལ་གླ་རེ་བླངས་སྟེ་མི་ཚེ་འཁྱོལ་འགྲོ་གིན་རེད།
ད་དུང་གཟབ་ནན་མ་བྱས་ན་བསླབ་སྐྱོན་ཤོར་བའི་ཉེན་ཡང་རི་ཁྲོད་ཀྱི་ཆོས་པ་ལས་ཆེ་ཞིང་རྒྱལ་སྤྱིའི་ཐོག་སྐད་གྲགས་མི་འགྲོ་བ་ཡང་སྲིད།
གང་ལྟར་ཁོང་ཚོ་ནི་ཁྱེད་ཀ་ལས་ཉེན་ཁ་ཆེ་བའི་དགེ་སློང་ཤ་སྟག་ཡིན་པས། ཁྱེད་ཀྱིས་ཀྱང་ཁོང་ཚོ་སྙིང་རྗེ་རེ་བསྒོམ་བགྱིད་མ་བརྗེད་པ་གནང་རོགས། ཨེ་རེད། སྟོན་པའི་བསྟན་པ་དང་འབྲེལ་བ་ཆེན་པོ་མེད་ཀི ཡ། ཆུང་ཆུང་ཆུང་ཞིག་ཡོད་ཀ ལམ་འགྲོ་ཡོང་བར་ཤོག་གསུངས་འདུག དེ་ཡང་གོ་རྒྱུ་བཏང་བའི་ཚིག་རྩ་ཆེན་ཞིག་རེད་ཡ། འགྲོ་བ་བདེ་བར་ཤོག ཁ་དེའི་གོ་རྒྱུ་བཏང་འདུག་ག
ངས་འདིར་སྒུག་ནས་ཡུན་རིང་སོང་།
དྲ་ཤོག་ཟེར་བ་འདི་ཅི་ཡི་ན་ཤེས་མ་སོང་། བཀའ་སལོབ་ཡོང་བར་ཞུ།
བཀྲ་ཤིས་བདེ་ལེགས།
སེམས་འགུལ་བརྙན་ལེན་འགྲན་རྡུར་ཞེས་པའི་ཚིག་འདི་གོ་ལེན་སྟབས་མ་བདེ་བ་ཞིག་འདུག
དེང་སང་བོད་ནས་བཏོན་པའི་ཀྱི་ཚགས་ཤོག་དང་དུས་དེབ་ཁག་ཅིག་བོད་རང་གི་རྩོམ་འགྲོས་དང་ཐུན་མིན་བརྡ་དག་གི་རང་ཚུགས་ཤོར་འདུག ཕལ་ཆེར་ནི་རྒྱ་ནག་སྐད་འགྲོས་ངན་ཤུག་ཐོབ་པ་འདྲ།
དཔེར་མཚོན་ཞིག་ཞུས་ན་བོད་ལྗོངས་གསར་འགྱུར་གྱི་ཚིག་འགྲོས་དང་སྐད་གདངས་འདོན་སྟངས་ཐམས་ཅད་རྒྱ་སྐད་ལས་དཔེ་བཤུས་བྱས་པ་ཞིག་ཡིན་ལ་། ཨ་རིའི་བོད་སྐད་ཀྱི་གསར་འགྱུར་ནི་བོད་རང་གི་བརྡ་སྐད་དང་སེམས་ཁམས་དང་མཐུས་པའི་སྐད་ཆ་བཤད་སྟངས་ངོ་མ་དེ་ཡིན། དེ་ཡིན་པ་གང་གིས་བཤད་ཐུབ་ཅེ་ན། ཨ་རིའི་བོད་སྐད་གསར་འགྱུར་ཉན་སྐབས་ཁྱོད་ཀྱིས་དོ་སྣང་གིས་རྣ་བ་དེ་ཙམ་མ་གཏད་ཀྱང་རང་བཞིན་གྱིས་ཉན་ཐུབ་པ་མ་ཟད་གོ་དོན་ཡང་རང་ཤུགས་ཀྱིས་འཇགས་པ་ཤིག་ཡིན། དེ་ལས་ལྡོག་སྟེ་བོད་ལྗོགས་གསར་འགྱུར་ཉན་སྐབས་གཟབ་ནན་གྱིས་ཉན་ཀྱང་གོ་དོན་རྟོགས་རྒྱུ་གང་ཡང་མེད་ལ་ཁྱོད་ཀྱི་རྣ་བར་གཟན་ཞིང་མི་རིགས་གཞན་གྱི་སྐད་ཅིག་ཉན་གྱི་ཡོད་པའི་ཚོར་སྣང་སྐྱེ། དེ་ནི་བོད་རང་གི་སེམས་ཁམས་དང་མཐུས་པའི་བརྡ་ཆད་ཅིག་མ་ཡིན་པའི་རྐྱེན་གྱིས་ཡིན།
གསོད་འཕྲོག་འཁྲིག་སྤྱོད་ཅན་གྱི་སྒྱུ་རྩལ་ལ། ཆོས་དགེ་སྡོམ་པ་ཅན་འདི་ཚོས་ག་འདྲ་ཞིག་བྱས་ནས་སྐར་གྲངས་འགོད་བཞིན་ཡོད་པ་རེད། ཚོད་ཐུག་མ་སོང་བས། བླ་དགེ་གང་རུང་ནས་བློ་གསལ་རེ་སྦྱུན་རོགས་གནང་།
ང་འདིར་འཛུལ་ཤེས་ཀྱི་མི་འདུག་ དྲྭ་ཤོག་ནང་གང་བྲིས་དགོས་པ࿒རེད།
Email address དང་password ག་པར་བྲི་དགོས་རེད། ལམ་སྟོན་གནང་རོགས།
མཆན་ནམ་བྲི་ན་འགེངས་ཤོག་འདི་བཀང་བསྡད་དགོས་རེད་པས་ལགས།
ངས་གཞི་ནས་མཆན་དག་མཐོང་སོང་།
ལས་འགུལ་འདིའི་དམིགས་ཡུལ་དང་བརྒྱུད་རིམ་དང་འབྲེལ་བའི་ཚོར་སྣང་།
རང་ཉིད་ཀྱིས་ལས་འགུལ་འདི་ལ་འཛིན་པའི་ལྟ་སྟངས་སོགས་དང་འབྲེལ་བའི་ཟིན་བྲིས་རྒྱས་པ་ཞིག་གྲོགས་པོ་ཚོར་སྤྱན་བསྟར་ཞུ་རྒྱུའི་རྩོལ་བ་བྱེད་ངེས་ཡིན།
ཨོ་རྒྱན་ཉི་མ་སོགས་ཀྱིས་བསམ་ཚུལ་གསུངས་པར་གུས་འདུད་ཡོད།
ཁྱེད་ཀྱིས་ལས་འགུལ་འདི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་གཏན་ནས་མེད་པ་ཁ་ཚོན་ཆོད་གསུང་།
ངས་བྱ་དགའི་མཛད་སྒོའི་གཏམ་བཤད་སྐབས་དཔལ་སྤྲུལ་བསྒོམ་རིམ་གྱི་ལུང་དྲངས་ནས་ཐེག་ཆེན་གྱི་དམིགས་ཡུལ་སངས་རྒྱས་ཐོབ་པར་རྒྱུ་མིན་པར་དེ་ལས་ལྡོག་སྟེ། གཞན་དོན་བྱ་རྒྱུ་ཁོ་ན་ཡིན་པ་དང་། སངས་རྒྱས་ཐོབ་པ་ནི་ཐེག་ཆེན་པ་རྣལ་མ་ཞིག་གི་ལྟ་སྟངས་དངོས་བྱས་ན་ཞར་བྱུང་ཙམ་རེད་ཅེས་ལབ་པ་ཡིན། སྐབས་དེར་ཨོ་རྒྱན་ཉི་མ་ཡོད་ན་བྷུ་ཤི་ལ་ཁ་ཆས་བྱས་པ་ལྟར་སྤྲོ་ལངས་ཐག་ཆོད་ནས་ཞབས་ལྷམ་འཕེན་ས་རེད་ཧཧཧཧཧ
ད་དུང་བླ་སློབ་ཀྱི་འབྲེལ་བས་མ་བསྡུས་པའི་གཞོན་སྐྱེས་ཁག་ཅིག་གི་རང་གི་མི་ཚེའི་ནང་གི་འབད་བརྩོན་ལ་ངོས་ལེན་བྱེད་མཁན་བྱུང་བའི་དགའ་ཚོར་གྱི་གཏམ་བཤད་རེ་རེས་ངའི་སེམས་ཀྱི་གཏིང་གི་ལས་འགུལ་འདི་འདི་དང་འདིའི་ཁ་ཕྱོགས་ལ་གཟུངས་པའི་ཡིད་ཆེས་དེ་གསལ་དུ་སོང་།
ད་དུང་གཞོན་སྐྱེས་ཤིག་གིས་ངས་གློག་བརྙན་སློབ་གླིང་ཞིག་ལ་མུ་མཐུད་སློབ་རྒྱུགས་སྤྲོད་བཞིན་ཡོད་པས་བྱ་དགའི་དངུལ་འདི་ང་ལ་མཚོན་ན་ཧ་ཅང་གལ་ཆེན་རེད། ཐུགས་རྗེ་ཆེ་ཟེར་བ་དེས་ངའི་སེམས་ལ་ཧ་ཅང་སྐྱིད་པའི་ཚོར་བ་ཞིག་སླེབས་པ་ནི་མདོར་དྲིལ་ན་འདིས་མི་ཁག་ཅིག་ལ་ཕན་ཐོགས་སོང་བསམ་པ་དེ་རེད། དངོས་གནས་ཡིན།
ལགས་སོ།
དེང་སང་སྐྱབས་གནས་མང་པོ་ཞིག་ངོས་འཛིན་བཞིན་པ་ལས། ཆོས་ལུགས་པ་དང་། ཚན་རིག་པ། སྒྱུ་རྩལ་པ། ཆབ་སྲིད་པ། དཔལ་འབྱོར་བ་བཅས་རེད། འདིའི་ནང་ནས་གང་གི་ཁོངས་སུ་གཏོགས་མིན་ཁྱེད་ཀྱིས་ལན་ཞིག་གནང་རོགས།
ཐོག་མར་ཨོ་ཉི་ཁྱོད་རང་འདི་ཆ་བོའི་ནང་གི་གང་གི་ཁོངས་སུ་གཏོགས་འདུག་ཤོད་དང་་་
ཨོ་ཉི་ནི་གང་གི་ཁོང་ལ་ཡང་མི་འདུ་བའི་གད་སྙིགས་ཤིག་རེད།
འཚམས་འདྲི་ཡོད། རྫ་ཚེ་རིང་བཀྲ་ཤིས་འདི་ནི་མི་གཤིས་བཟང་པོ་ཤེས་འབྱོན་གཉིས་ཀ་ཡོད་པའི་དེང་དུས་འདི་འདྲ་བཞུགས་ཡོད་པ་ང་ཚོ་བོད་མིའི་བསོད་ནམས་རེད། ནམ་རྒྱུན་ཚང་མ་ལ་ཐུན་སྒྲིལ་དང་སྤྱི་ཕན་ཞིག་མ་གཏོགས་སྒྲུབ་རྒྱུ་མེད་པའི་མི་ཞིག་རེད་འདུག་དྲན་སོང་། བྱ་བ་ལེགས་གྲུབ་དང་རྒྱུན་མི་ཆད་པར་སྨོན་བཞིན་ཡོད།
གསར་འགྱུར་འདི་གང་འདྲ་ཞིག་བྲིས་འདུག་འདི་རྒྱུད་སྤྲོད་བྱེད་པོ་ཞིབ་འཇུག་ཚོགས་པ་ཟེར་ཞིག་གི་མིང་ཐོག་ནས་བྲིས་འདུག་དེའི་རྒྱུ་མཚན་ནི་རང་གི་རང་བསྟོད་ན་མི་བདེ་བར་སོང་ཚོགས་པ་ཟེར་བ་སོགས་མིང་རྫུན་མ་ཞིག་བྲིས་ཏེ་རྫ་ཚེའི་གཡོ་སྒྱུ་ཞིག་རེད། དེ་སྔོན་ཁ་རྡ་སོགས་དྲ་བ་རྣམས་སུ་ཐ་ཝེན་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་འདིའི་བྲི་བ་པོ་དང་འདྲ་བ་རྫ་ཚེ་རང་ཉིད་རེད་
རྫ་ཚེ་རིང་བཀྲིས་ཟེར་བའི་མི་དེའི་བྱ་སྤྱོད་ནི་བོད་ཡིག་ཅུང་ཟད་བྲི་ཤེས་པ་དང་ཁ་བདེ་པོ་ཙམ་ཡོད་པ་རེད། ཁོས་རྒྱུན་དུ་ཁོ་རྒྱུད་མེད་པའི་སྤྱི་ཚོགས་ནང་དུ་མཁན་པོ་ཟེར་བའི་མིང་དེ་བེད་སྤྱོད་བྱེད་བཞིན་པ་རེད་དྲང་པོ་བཤད་ན་ཁོ་ལ་མཁན་པོ་ཟེར་མིང་དེ་འོས་བབ་ཡོད་པ་རེད་དམ་། མི་ཞིག་ལ་བསྟོད་དམས་གང་བྱས་ཀྱང་མི་དེའི་བྱ་སྤྱོད་ཤེས་པ་བྱེད་རྒྱུ་གལ་ཆེ། ཁོ་ནི་རྒྱུན་དུ་རང་ཉིད་སྒྲགས་འདོད་དང་དེའི་ཆེད་གང་ཡང་བྱེད་སྲིད་པའི་མི་སྨྱོ་ཚུབ་ཚུབ་ཞིག་ཡོད་རེད་ ད་ལྟ་གོང་དུ་རྩམ་པའི་སེམས་བརྒུལ་བརྙན་ལེན་ཟེར་བ་སོགས་ཁོ་ཡི་བྱ་བ་དེ་ནི་རང་ཉིད་སྒྲགས་ཐབས་་ཀྱི་ཆ་ཤས་ཞིག་རེད་འོན་ཀྱང་འདོད་པ་ལྟར་གང་ཡང་བྱུང་མེད། ལས་དོན་འདི་ཆོས་ཕྱོགས་དང་འབྲེལ་བའི་བྱ་ཞིག་ནི་རྩ་བ་ནས་རེད་མི་འདུག། གལ་ཆེ་ཤོས་དེ་དཔལ་འབྱོར་ལ་དམིགས་པ་ཞིག་རེད་མ་ཟད་རྫ་ཚེའི་སྤྱོད་ངན་བྱ་སྤྱོད་དགའ་ཞིག་དང་གྲ་པ་ཡིན་མིན་སོགས་ལ་ལབ་གླེང་མང་ནས་མང་དུ་རེད་འདུག་པས་ཚང་མས་མི་འདིའི་བྱ་སྤྱོད་ལ་རྒྱུད་ལོན་ཞིག་གྱིས་དང་ཨུ་རྒྱན་ཉི་མ་གཉིས་པ་ཞིག་རེད་
ཨོ་ལས་ངན་བོད་ཀྱི་བུ། ང་ཚོ་ལ་མི་འབྱོན་རབ་རེ་བྱུང་དུས་མགོ་རྡུང་བ་བོད་བསོད་ནམས་ཟད་པའི་རྟགས་རེད། སྲིད་འཛིན་བློ་བཟང་སེངྒེ་ལ་ངན་སྨད་བྱེད་པ་ནང་བཞིན་རེད། སྲིད་སྐྱོང་ལ་མཛད་སྒོའི་སྐབས་སུ་༧གོང་ས་མཆོག་གི་ཞལ་དྲོན་མོས་རིང་ནས་སྙིང་དུ་བརྣག་པའི་དོན་འབྲས་དོན་ཐོན་པ་འདི་ཡིན་གསུངས་པ་དང་། རྫ་ཚེ་རིང་བཀྲ་ཤིས་འདི་ཡང་༧གོང་ས་མཆོག་གི་ཕྱག་གཡོན་པ་ལྟ་བུ་རེད་བཞག ཐེ་ཝན་དུ་སྐུ་མདུན་སྐུ་ཚབ་དངོས་སུ་བཏང་པ་རེད་གདའ། ཁོང་ཐེ་ཝན་ཕེབས་ནས་བཟུང་ཐེ་ཝན་བོད་བརྒྱུད་ནང་བསྟན་དབུ་གྱེན་ལ་སློང་མཁན་རེད་སོང་། བྱང་ཆུབ་སེམས་དངོས་སུ་ཕྱག་ཏུ་ལེན་མཁན་གྱི་དམིགས་དཔེ་དངོས་དེ་རེད་བཞག
་་་་ རྫ་ཚེ་རིང་བཀྲ་ཤིས་འདི་ཡང་༧གོང་ས་མཆོག་གི་ཕྱག་གཡོན་པ་ལྟ་བུ་རེད་བཞག ་་་་ཟེར།
ང་གད་སྙིགས་རེད་ཟེར།
དངོས་གནས་ཨ་ཕྱིས་ཡག་པོ་བཤད་འདུག་
རྫ་ཚེ་ཁོང་ནི་ཨུ་རྒྱན་ཉི་མའི་ཕྱག་གཡས་པའམ་སྐུ་དངོས་ལྟ་བུ་ཞིག་ཡོད་རེད་
རྫ་ཚེ་ཟེར་བ་རྒྱུད་ཡོད་པ་ཞིག་གི་ལྟས་ན་ཁོང་ནི་གཡོ་སྒྱུ་ཁྲམ་ཕྲམ་གསུམ་ནམ་ལང་པ་འདྲ་པོ་ཞིག་ཡོད་རེད་མིང་སྐམ་པོ་ཞིག་གི་ཆེད་དུ་གང་ཡང་བྱེད་ཕོད་པ་ཞིག་ཡོད་རེད་
ངས་དཔེ་ཞིག་བཞག ༧ འཛམ་གླིང་གི་ཕྱུག་པོའི་ཡང་རྩེ་པིར་ ཀའེ་ཚི་
ཡིས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ། ཁོའི་རྒྱུ་ནོར་ནི་ཨ་སྒོར་དུང་ཕྱུར 400 ལས་བརྒལ་བའོ།
འཛམ་གླིང་གི་ཕྱུག་པོའི་ཡང་རྩེ་་པིར་ ཀའེ་ཚི་ནི་སློབ་གཉེར་བྱེད་པར་དགའ་བའི་མིག་དཔེ་ཞིག་ཡིན།
པིར་ཀའེ་ཚིའི་ཨ་ཕྱི་ཡིས་ཁོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་སྟེ། ཨ་ཕྱི་ཡིས་པིར་ཀའེ་ཚི་དང་རྒྱུན་དུ་མཆོང་སྒྲིག་མིག་མངས་དང་། ཏག་སེ། རྡེལ་བུ་སོགས་རིག་སྟོབས་རྩེད་རིགས་རྩེ་བ་དང་། ཁོ་མོས་པིར་་ཀའེ་ཚི་ལ། བསམ་བློ་ཡག་པོ་ཐོངས། བསམ་བློ་ཡག་པོ་ཐོངས། ཞེས་བཤད་རྒྱུར་ཧ་ཅང་དགའ། རྩེད་རིགས་འདི་དག་གིས་ པིར་་ཀའེ་ཚི་ཡི་བསམ་གཞིགས་ཀྱི་ནུས་པ་སྐྱེད་པ་རེད།
ཨ་ཕྱི་ཡིས་ད་རུང་དུས་རྒྱུན་དུ་པིར་ ཀའེ་ཚི་ལ་དཔེ་ཆ་ཀློག་པ་དང་སྒྲུང་བཤད་པས། དེས་པིར་ ཀའེ་ཚི་ལ་ཕན་ཐོགས་ཆེན་པོ་བྱུང་། ཨ་ཕྱིས་སློབ་སྟོན་དང་མཛུབ་ཁྲིད་བྱས་པར་བརྟེན། པིར་ ཀའེ་ཚི་ཡི་དཔེ་ཀློག་གི་སྤྲོ་སྣང་ཇེ་ཆེ་ནས་ཇེ་ཆེར་སོང་། པིར་ ཀའེ་ཚི་ཁོ་ཚང་གི་ཐག་ཉེ་ན་ཡོད་པའི་ཁྱིམ་ཚང་གཅིག་གི་དཔེ་མཛོད་ཁང་ནས་སྤེལ་བའི་དབྱར་དུས་གྱི་དཔེ་ཀློག་འགྲན་བསྡུར་ལ་ཞུགས་རྒྱུར་ཤིན་ཏུ་དགའ་ཞིང་ཁོ་ནམ་ཡིན་ཡང་བུ་རྣམས་ལས་ཨང་དང་པོ་རེད། ཁོ་ལོ 9 ཙམ་ཡིན་དུས། {ཤེས་བྱ་ཀུན་ཁྱབ་མཛོད།}བཀླགས་ཚར་སོང་། ཁོས {མ་ཐའེ་གསུང་དབྱངས།}ཁྲོད་ཀྱི་རིང་ཞིང་གོ་དཀའ་བའི{རི་འགོས་བསླབ་བྱ།}
ཡོངས་རྫོགས་བློར་བཟུང་བས་བྱ་དགའ་ཐོབ།
ཨ་ཕྱི་ཡིས་སྔ་མོ་ནས་པིར་ ཀའེ་ཚི་ཡི་བློ་རིག་དང་ཡིད་འཛིན་གཞན་ལས་ཁྱད་དུ་འཕགས་པ་ཡིན་པ་ཤེས་པས། མོས་གོ་སྐབས་སྣ་ཚོགས་སྤྱད་དེ་ཁོའི་དེའི་ཕྱོགས་ཀྱི་ནུས་མཐུ་སྐུལ་ཞིང་། ཨ་ཕྱི་དང་ཚ་བོ་གཉིས་ལྷན་དུ་སྐྱེད་ཚལ་ནས་འཆམ་འཆམ་བྱེད་དུས། ཁོ་གཉིས་ཀྱིས་རྒྱུན་དུ་མིག་མངས་དེད་པ་དང་བརྩམས་ཆོས་ལེགས་པར་བལྟས་པ་བཅས་ཀྱི་མྱོང་ཚོར་གླེང་སྟེ། ཁོའི་བསམ་གཞིགས་དང་འཆད་པའི་ཐུས་པ་གསོ་སྐྱོང་བྱས། དེ་ལྟར་སྦྱོང་བརྡར་བྱས་པས། པིར་ ཀའེ་ཚི་ཉི་མ་རེ་རེ་བཞིན་ཡར་སྐྱེད་བྱུང་།
པིར་ ཀའེ་ཚི་ཡིས་ཧ་ཧྥོ་སློབ་ཆེན་དུ་སློབ་གཉེར་བྱེད་དུས། མི་གཞན་པ་ཕོ་མོའི་བརྩེ་དུང་གི་རྒྱ་རུ་ཚུད་འདུག་པའི་སྐབས། ཁོ་རྩིས་འཁོར་མཉེན་ཆས་དང་རྒྱུ་ནོར་བཙལ་ཚུལ་སྐོར་གྱི་དཔེ་དེབ་ཀྱི་ཞིང་ཁམས་ལ་འགྲིམ་པ་ཡིན། པིར་ ཀའེ་ཚི་སློབ་གཉེར་བྱེད་པར་ཤིན་ཏུ་དགའ་བའི་ཕྱིར། ཁོ་ལ་ཕུན་གསུམ་ཚོགས་པའི་ཤེས་ཡོན་ཐོབ་ཅིང་། དེས་ཁོས་མཉེན་ཆས་ཐད་ནས་བྱས་རྗེས་བླ་ན་མེད་པ་བཞག་པར་མ་ཟད། ཁེ་ལས་དོ་དམ་ཐད་ནས་ཀྱང་དེང་རབས་ཁེ་ལས་ལ་འཚམ་པའི་ཐབས་ཤེས་ཆ་ཚང་ཞིག་གསར་གཏོད་བྱས་པ་སྟེ། དེ་ནི་དུས་དབང་ལམ་ལུགས་ཞེས་པ་དེ་ཡིན་ཏེ། བཟོ་བ་གཙོ་བོ་ལ་ཀུང་སིའི་མ་རྐང་གི་དུས་དབང་ཐོབ་ཏུ་བཅུག་པ་རེད། དེའི་རྐྱེན་གྱིས་ཝེ་རོན་་གྱིས་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་ཕྱུག་པོ་བརྒྱ་ལྷག་བསྐྱངས་པ་ཡིན་ཟེར་བ་མ་ཡིན་ནམ། དེང་རབས་ཀྱི་ཁེ་ལས་ཆེ་གྲས་མང་པོ་ཞིག་གིས་ཝེ་རོན་ གྱི་དོ་དམ་བྱེད་ཚུལ་ལྟར་བྱེད་ཅང་། པིར་ ཀའེ་ཚི་ཡི་དོ་དམ་བྱེད་ཚུལ་ཐད་ཀྱི་བྱས་རྗེས་ནི་ཁོས་མཉེན་ཆས་ཐད་ལ་བཞག་པའི་བྱས་རྗེས་ལས་ཀྱང་ལྷག་ཏུ་གལ་ཆེའོ།
པིར་ ཀའེ་ཚི་དཀར་པོ་དགེ་སྒྲུབ་ལ་ཤིན་ཏུ་དགའ་ཞིང་། ཁོའི་རྒྱུ་ནོར་ནི་ཨ་སྒོར་དུང་ཕྱུར 400 ལས་བརྒལ་ཞིང་། ད་ལྟའི་བར་དུ་ཁོས་ཨ་སྒོར་དུང་ཕྱུར་ 250 ལས་མང་བ་སྤྱིན་པར་བཏང་བ་རེད། ཁོའི་ཁ་ཆེམས་ཡི་གེ་རུ་རྒྱུ་ནོར་གྱི 98% ཁོའི་བཟའ་མི་གཉིས་གའི་མིང་གིས་བཏགས་པའི་་{པིར་དང་མེ་ལིན་ཏ་ཐེབས་རྩ་ཚོགས་པར་}གཞག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། སྒོར་མོ་འདི་་ཨེ་ཙི་ནད་དང་རིམས་ནད་ཀྱི་རིམས་རྩི་ཞིབ་འཇུག་བྱེད་པར་སྤྱད་པ་དང་། འཛམ་གླིང་གི་དབུལ་བོའི་རྒྱལ་ཁབ་ལ་རོགས་སྐྱོར་བྱ་རྒྱུ་རེད། ལོ་འདི་འགའི་རིང་ཁོང་བཟའ་མི་གཉིས་ཀྱིས་དཀར་པོ་དགེ་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་སྒྲུབ་སྟེ། དཔེར་ན། ཉིའུ་ཡུའི་ལ་ཨ་སྒོར་ཁྲི 5120 སྦྱིན་ནས། གྲངས་ཉུང་མི་རིགས་དང་ཡོང་སྒོ་ཉུང་བའི་གྲལ་རིམ་གྱི་སློབ་གྲྭ་འབུབས་སྤྱད་བྱས། ཨ་སྒོར་དུང་ཕྱུར་1.68 བཏང་ནས་ཧྥེ་གླིང་རྒྱལ་ཁབ་ལ་རིམས་འགོག་བྱེད་རོགས་བྱས། པོ་ཚི་ཝ་ན་རྒྱལ་ཁབ་ལ་ཨ་སྒོར་ཁྲི5000 བཏང་ནས་དེ་གའི་ཨེ་ཙི་ནད་འགོག་རོགས་ལ་སོགས་པ་བྱས་པའོ།
དེ་ལྟར་དཀར་པོ་དགེ་སྒྲུབ་ཀྱི་བྱ་བ་རྒྱ་ཆེན་པོ་བྱས་ནའང་་ཀའེ་ཚི་ཡིས་འུད་བརྗོད་མི་བྱེད་ཅིང་། ཀའེ་ཚི་བཟའ་མི་གཉིས་ཀྱིས་ཁོ་གཉིས་འདས་རྗེས་ཨ་སྒོར་ས་ཡ་འགའ་རང་གི་བུ་ཕྲུག་ལ་གཞག་རྒྱུ་མ་གཏོགས། གཞན་པ་རྣམས་དགེ་བའི་ལས་སུ་སྦྱིན་པ་གཏོང་རྒྱུ་ཡིན་ཞེས་ཡང་དང་ཡང་དུ་བཤད་པའོ།
དག་མཆན་ཐོབ་པ་རེད་པས་ལགས།
Dorje dadul ཁྱོད་ལ་དག་མཆན་ཐོབ་འདུག ད་མཆན་གང་བྲིས་བྲིས་རེད།
ལྟས་ངན་རིན་ཆེན་དར་རྒྱས་ཁྱོད་མི་གཞན་ལ་ཡང་མཆན་གང་བྲིས་བྲིས་རེད་ཟེར་བསླབ་བྱ་ངན་པ་རྒྱབ་རང་གི་ཡང་རྒན་འཁུར་མེད་པའི་མཆན་གང་བྱུང་མང་བྱུང་བྲིས་
ལྟས་ངན་ཁྱོད་ཆགས་ལྡང་ཕྱོགས་ལྷུང་གི་སྐད་ཆ་དེ་ཉུང་ཙམ་དང་རྒན་འཁུར་ཡོད་པའི་སྐད་ཆ་དེ་མང་ཙམ་བཤད་རྒྱུ་རེ་བ་ཡིན་