ཨོ་རྒྱན་ཉི་མ།
གོང་ས་མཆོག་མན་ཆོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་ཀྱི་ཆོས་ལུགས་དང་། ཆབ་སྲིད་ཀྱི་ཆེ་དགུ་རྣམས་ཀྱིས་དགོངས་པ་ཆེན་པོ་བཞེས་ཏེ། བོད་ཀྱི་གྲྭ་བཙུན་སྒེར་གྱི་ཆེད་དུ་ཆབ་སྲིད་དང་། དཔལ་འབྱོར་སྒྲུབ་པ་དང་། དྲ་རྒྱར་ཞུགས་པ་དང་། དེའི་སྐོར་གཏན་ནས་གླེང་མི་ཆོག་པ་གནང་དགོས་ས་རེད། དེ་ལྟར་བྱུང་ན་ད་གཟོད་བོད་ནང་བསྟན་ཡུན་དུ་གནས་ངེས་སོ། །གྲྭ་བཙུན་དང་ཆབ་སྲིད། དཔལ་འབྱོར། དྲ་རྒྱ་གསུམ་འཕྲད་ན་ལྟས་ངན་རེད། འདིས་བོད་ཀྱི་ཆོས་རིག་གི་རིན་ཐང་རྩ་མེད་གཏོང་གི་འདུག་གོ །
འཛམ་གླིང་ཤར་ནུབ་ཀུན་ཏུ་བོད་པ་ལ་རིན་ཐང་བླ་མེད་ཀྱི་ཚད་དུ་བསླེབས་པ་དེ་མཉམ་མེད་ཤཱཀྱའི་བསྟན་པ་འདི་ཁོ་ནའི་དྲིན་རེད། བོད་པའི་སྐྱ་སེར་སུ་ཡིན་ན་ཡང་ཆབ་སྲིད་གཉིས་ཀྱིས་མི་རིགས་གཞན་ལ་འགྲན་པའི་གོ་སྐབས་གཏན་དུ་བྲལ་སོང་བ་རེད། གནམ་དང་སའི་ཁྱད་པར་རེད། བོད་ལ་ཡོད་རྒྱུ་དེ་ཆོས་དང་། དེས་བཞག་པའི་བྱམས་བརྩེ་དང་། དྲང་བདེན། ཡ་རབ་སྤྱོད་བཟང་རེད། འདི་དང་བྲལ་སོང་ན། དེའི་ཕན་བོད་པ་ལ་རིན་ཐང་ཞིག་གཞར་ཡང་མ་དམིགས་སོ།།
དེང་སང་གྲྭ་བཙུན་ཚོས་རང་གི་མདུན་ལམ་རང་གིས་རྫོད་པ་དང་། རང་གིས་རང་ཉིད་མེད་པ་བཟོ་བཞིན་པར་མི་ཤེས་པར་ཁ་བདེ་བདེ་དང་། ལྕེ་རྣོ་རྣོས་ཆབ་སྲིད་དང་། དཔལ་འབྱོར་གྱི་གླེང་སློང་བྱེད་ཀྱིན་འདུག་མོད། འདིས་བོད་མི་རིགས་ལ་ཕན་ཐོགས་སྐར་གང་མེད་པར་མ་ཟད། གནོད་པ་དེ་ལས་ཆེ་བ་མི་འདུག་གོ ། གལ་དེ་ཆབ་དཔལ་གཉིས་ལ་དེ་འདྲའི་དུང་བ་ཡོད་ན། ཆོས་བརྒྱུད་ཀྱི་གདན་ས་དང་། དགོན་སྡེ་ཁག་ནས་དགོངས་པ་ཞུ་རོགས་གནོངས།
མི་རིགས་སུ་འདྲ་བོ་ཞིག་ཡིན་ནའང་། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་སྒོར་ཞུགས་པ་དང་། ཆོས་སྒྲུབ་པ་ལ་དགག་བྱ་གཏན་ནས་མེད་ཀྱང་། བསྟན་པ་སུས་བཤིགས་ན་དེ་བསྟན་འགྲོ་གཉིས་ཀའི་དགྲ་བོ་ཡིན་ཏེ། ཆོས་ཀྱི་ངོ་བོ་གཞན་ཕན་ཁོ་ན་དང་། དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གསུངས་པས་སོ།།
ཧུན་ཧུན་་་་་ཐོག་མར་རང་ཉིད་ལ་ཞུ་དག་ཐོངས། དེ་ནས་གཞན་ལ་མཛུབ་མོ་ཚུགས། ཨེ་གོ་ཐལ།
སྐད་ཆ་འདི་རིགས་གླེང་མཁན་ནི་སོ་སོ་རྒྱགས་ཐག་ཆོད་ཆགས་རྗེས་ཀྱི་སྐད་ཆ་རེད། ལྷག་བསམ་རྣམ་དག་ཡིན་ན་ཐོག་མར་སོ་སོ་ཡོད་པ་དེ་མར་བཏོན་ནས་འགྱེད་རྒྱག་རོགས། དེ་ནས་གོང་གི་སྐད་ཆ་དེ་དག་ལབ་ཤོག