གངས་སེང་།
འོ་ན་མཁས་པའི་ཞལ་ནས་ནོར་འཁྲུལ་གྱི་ཚིག་འབྱུང་བ་ཡོད་དམ་ཞེ་ན། དེ་ཡོད་དེ་དཔེར་ན་ཚ་བ་མདའ་སྨྱུག་གིས་༼སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན།༽ཟེར་བ་དེ་ལྟ་བུ་ཡིན། དེ་ནི་ནོར་འཁྲུལ་གྱི་ཚིག་ཇི་ལྟར་ཡིན་ཞེ་ན། གཞུང་ལུགས་རྣམས་སུ་བཤད་པའི་སྡོམ་པ་ནི། ལུས་གྱི་སྡོམ་པ་དང་། ངག་གི་སྡོམ་པ། ཡིད་ཀྱི་སྡོམ་པ་དང་གསུམ་བཤད་ཡོད། ལུས་སྡོམ་ནི། སྲོག་གཅོད་དང་། མ་བྱིན་པ་ལེན་པ། འདོད་པ་ལོག་གཡེམ་སྡོམ་དགོས་པ་བཅས་ཡིན། དང་པོ་སེམས་ཅན་ཀུན་གྱི་སྲོག་གཅོད་པ་ལ་འཛེམ་བག་དགོས་པ་དང་། ལྷག་པར་མི་གསོད་མི་ཆོག་དེ་རེད། གལ་སྲིད་སྡོམ་ལྡན་ཞིག་གིས་མི་བསད་པ་ཡིན་ན་སྲོག་གཅོད་ཀྱི་སྡོམ་པ་ཞིག་པ་ཡིན། མི་མ་ཡིན་པ་དུད་འགྲོ་ལྟ་བུ་ཞིག་བསད་ན་སྡིག་པ་ཡོད་པར་བཤད་ཀྱང་སྡོམ་པ་ཉམས་འགྲོ་བར་གསུངས་མེད། གཉིས་པ་རང་ལ་མི་དབང་བའི་ནོར་རྫས་སོགས་གཞན་ནས་ལེན་པ་སྡོམ་དགོས། གསུམ་པ་རང་ལ་མི་དབང་བའི་གཞན་གྱི་ཆུང་མ་དང་དགའ་རོགས་ལ་ཆགས་སྤྱོད་བྱེད་པ་འཛེམ་དགོས།
དེ་ཚོ་ནི་རྒྱལ་ཕྱི་ནང་གི་སྲིད་ཁྲིམས་དང་ཤིན་ཏུ་མཐུན་པ་ཡིན་པ་མ་ཟད། དེ་དག་དོན་དུ་ལེན་མཁན་མི་དེ་ནི་འཇིག་རྟེན་པའི་ནང་ནས་སྤྱོད་བཟང་ཅན་གཞན་གྱིས་བཀུར་བར་འོས་པ་ཡིན། ཁྱོད་ཀྱིས་ལུས་སྡོམ་དགྲ་བོར་བཤད་པས་དེའི་ལྡོག་ཕྱོགས་དང་དུ་ལེན་དགོས་པར་འདོད་དགོས་པས། དེ་ནི་རང་དབང་ཡིན་པར་རློམ་ཡང་འཇིན་རྟེན་འདིའི་ནང་དུ་ངན་སྤྱོད་མ་རབས་ཅན་ཞིག་འགྱུར་བ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་མ་ཡིན་ནམ། ངག་སྡོམ་ནི། རྫུན་སྨྲ་བ་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ་སྡོམ་པ་བཅས་ཡིན། དང་པོ་ཉོན་མོངས་པའི་ཀུན་སློང་བཟུང་ནས་བརྗོད་བྱ་མེད་པའི་ཚིག་སྣ་ཚོགས་སྨྲ་བ་སྡོམ་དགོས་པ་དེ་ཡིན།
གཉིས་པ་ཆེ་ས་ནས་བཤད་ན་རྒྱལ་ཁབ་དང་རྒྱལ་ཁབ་བར་དབྱེན་དཀྲུགས་བྱེད་པ་དང་། ལུང་པ་དང་ལུང་པའི་བར་དབྱེན་དཀྲུགས་བྱེད་པ། ཚོགས་པ་དང་ཚོགས་པའི་བར་དབྱེན་དཀྲུགས་བྱེད་པ། ཆུང་ས་ནས་ཁྱིམ་མཚེས་དང་ཁྱིམ་མཚེས་བར་དབྱེན་དཀྲུགས་བྱེད་པ། གྲོགས་པོ་དང་གྲོགས་མོའི་བར་དབྱེན་དཀྲུགས་བྱེད་པ། དགའ་བོ་དང་དགའ་མོའི་བར་དབྱེན་དཀྲུགས་བྱེད་པ། ཁྱིམ་ནང་ཚང་བར་དབྱེན་དཀྲུགས་བྱེད་པ་ཀུན་སྡོམ་དགོས། གསུམ་པ་ཐ་སྙད་ཚིག་ལ་མཚོན་ཆ་མེད་ཀྱང་མི་སེམས་ཚར་ཐག་གཅོད་ཟེར་བའི་དཔེ་ལྟར་གཞན་ལ་ཞེ་སུན་དྲག་པོ་སྐྱེ་བའི་ཚིག་སྨྲ་བ་སྡོམ་དགོས། བཞི་པ་བསྟོད་རར་འོས་པའི་ཚོགས་ལ་སྐུར་པ་འདེབས་པ་དང་། སྨད་ར་གཏོང་ས་ལ་སྒྲོ་བཏགས་ཀྱི་ཚིག་བསྟོད་སྨྲ་བ་སྡོམ་དགོས། དེ་དག་ནི་སྡོམ་པ་བླངས་མིན་ལ་མ་ལྟོས་པའི་ཡ་རབས་ཀྱི་སྤྱོད་བཟང་འཆང་འདོད་ཡོད་མཁན་ཀུན་ཀྱིས་དང་དུ་ལེན་དགོས། ཁྱོད་ཀྱི་འདོད་པ་ལ་ངག་སྡོམ་དགྲ་བོར་འདོད་ནས་དེའི་ལྡོག་ཕྱོགས་བཟང་སྤྱོད་རློམ་པ་ནི་ལོག་རྟོག་ཅིའི་ཕྱིར་མིན།
ཡིད་སྡོམ་ནི། བརྣབ་སེམས་དང་། གནོད་སེམས། ལོག་ལྟ་སྡོམ་པ་བཅས་ཡིན། དང་པོ་གང་ཟག་གཞན་གྱི་བདེ་བ་འཕྲོག་འདོད་དང་། གཞན་གྱི་རྒྱུ་ནོར་ལ་ཧམ་སེམས། འདོད་རྔམ། འཕྲོག་སེམས། བཙན་དབང་གིས་ཟ་སེམས་བཅས་སྡོམ་དགོས་པ་ཡིན། གཉིས་པ་གཞན་ལ་སྙིང་བརྩེ་བ་མེད་པར་གནོད་པ་དང་སྡུག་བསྔལ་སྦྱིན་འདོད་ཀྱི་བསམ་པ་སྡོམ་པ་ཡིན། དེ་དག་ནི། གོང་ལྟར་འཇིག་རྟེན་པའི་ནང་སྡོམ་ལྡན་གཅིག་པུས་དང་དུ་བླང་བྱ་མ་ཡིན་པར་འགྲོ་བ་མི་ཀུན་གྱིས་དོ་སྣང་དང་དགའ་ཞེན་བྱེད་དགོས་པ་ནི། མཐུན་སྒྲིལ་དང་ཞི་བདེའི་རྩ་བ་ཡིན་པའི་རྒྱུ་མཚན་གྱིས་ཡིན། ཁྱོད་ཀྱིས་དེ་ལ་དགྲ་བོར་བཟུང་བ་ནི་སེམས་པ་གདོན་འདྲེས་རློམ་པ་མ་ཡིན་ནམ། གསུམ་པ་ལོག་ལྟ་ནི། གྲུབ་མཐའ་སྨྲ་བའི་བཤད་སྟངས་ཞིག་ཡིན་ལ། དེ་ཡང་རྟག་ལྟ་དང་། ཆད་ལྟ་སོགས་མང་དུ་བཤད་ཀྱང་དོན་དུ་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་འདོད་པ་སྡོམ་པ་ཡིན་པས་དེ་ལ་དགྲ་བོར་བཟུང་བ་ལ་བརྟེན་ནས་སུ་ལའང་ཐོབ་ཐང་དང་གུ་ཡངས་རང་དབང་འབྱུང་བ་དང་། དེ་དང་ལེན་བྱས་པ་ལ་བརྟེན་ནས་ཐོབ་ཐང་དང་རང་དབང་མེད་འགྲོ་རྒྱུ་ཞིག་ཤེས་ལྡན་སུས་ཀྱང་བཤད་དཀའ་བར་སེམས་སོ།
2013/5/18 དགོང་མོར་བྲིས།
ཚ་བ་མདའ་སྨྱུག་གིས།
ཆོས་འདུལ་་བལས།
ལ་ལར་ཚུལ་ཁྲིམས་བདེ་ཡིན།
ལ་ལར་ཚུལ་ཁྲིམས་སྡུག་བསྔལ་ཡིན། ཞེས་པ་འདི་མཐོང་མ་མྱོང་ཙང་བྱས་པ་རེད། སྙིང་རྗེ། མདའ་སྨྱུག་ཁོ།
ཚ་བ་མདའ་སྨྱུག་ཚ་བ་ཕར་བ་དོན་མི་ཟའོ།
༼སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན༽ཟེར་མཁན་དང་འདོད་མཁན་ཚ་བ་མདའ་སྨྱུག་གཅིག་པུ་ཡིན་རྒྱུ་མ་རེད།
གནའ་ནས་ད་ལྟའི་བར་མང་བོ་བྱུང་ཡོད་པ་ང་ཚོས་ཚོད་དཔག་བྱེད་ཐུབ། ཚ་བ་མདའ་སྨྱུག་གིས་བྲིས་པའི་རྩོམ་ཡིག་ཅིག་ན་དེ་འདྲ་ཡོད་རེད་ཟེར་བ་གོ་སོང་། ཡིན་ན་ཡང་ཀློག་རྒྱུ་བྱུང་མ་སོང་། མ་ཀློག་ཀྱང་མི་གོ་བ་དེ་འདྲ་མ་རེད། བལ་བོའི་སེའུ་མ་ཟས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།། གསུངས་པ་ལྟར་མི་དེ་ཚོས་ཅི་ཞིག་བཤད་རྒྱུ་ཡིན་པ་ཡང་ང་ཚོས་ཚོད་དཔག་བྱེད་ཐུབ། དཔལ་ལྡན་ཆོས་གྲགས་ཀྱིས། ལོག་པའི་ལམ་ལ་མཐའ་མེད་ཕྱིར།། གསུང་ལ་ལྟར་ཚ་བ་མདའ་སྨྱུག་དང་དེའི་ཕྱོགས་གཏོགས་མང་བོ་ལ་ལོག་རྟོག་འདི་འདྲ་ཅི་ཕྱིར་སྐྱེས་མི་ཆོག་གམ།
རྒྱལ་ཁབ་དང་ཡུལ་ལུང་ཆོས་ལུགས་གང་ལ་ཡང་ཁྲིམས་ཡོད། དེ་ཚང་མ་ཞི་བདེ་དང་བདེ་འཇགས་ཀྱི་ཆེད་དུ་བཟོས་པ་རེད། དེ་དག་གི་ནང་ལ་ནོར་འཆུགས་ཀྱང་ཡོད་སྲིད་པ་རེད། ཁྱོད་པར་དུ་སེམས་ཅན་སྣ་ཚོགས་པས་དབང་གིས་ཁམས་དང་མོས་པ་ལ་མཐུན་མིན་ཡང་ཡོད་ངེས་རེད། ངས་བལྟས་ན་ཚ་བ་མདའ་སྨྱུག་གིས་རང་དབང་ཟེར་བ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་པ་ལ་གོ་བ་ལོན་མི་འདུག དེས་རྐྱེན་གྱིས་སྐད་ཆ་འདི་བཤད་པ་རེད་སྙམ། གཅིག་བྱས་ན་ཁོས་སྡོམ་པ་ལེན་དུས་གཞན་གྱིས་བཙན་དབང་བྱས་ཡོད་ཀྱང་སྲིད། སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་ཡང་དམག་ལ་འཇིགས་པ་དང་ཟས་ཀྱི་ཆེད་དུ་གྲྭ་བ་བཟོས་པ་དེ་འདྲ་ཡང་ཡོད་ཚོད་འདུག སྡོམ་པ་དེ་ཅི་ཡིན་ད་དུང་དཔྱད་དགོས་པ་རེད།
ཁ་ཇེ་གསལ་དུ་བཏང་ནས་བཤད་ན་ཚ་བ་མདའ་སྨྱུག་སོགས་ལ་༼སྡོམ་པ་ནི་རང་དབང་གི་དགྲ་བོ་༽ཏན་ཏན་ཡིན་གྱི་རེད། ཡིན་ན་ཡང་སངས་རྒྱས་ཀྱིས་སྡོམ་པ་ནི་ཚ་བ་མདའ་སྨྱུག་ལྟ་བུ་ལ་གནང་ཡོད་རྒྱུ་མ་རེད། ཁོ་བསྟན་པ་འདི་དང་སངས་རྒྱས་འདིའི་གདུལ་བྱ་རེད་ཅེས་སུས་ཀྱང་ཁོ་ཚོན་བཅད་ནས་བཤད་ཁག་པོ་རེད། སངས་རྒྱས་ཀྱིས་སྡོམ་པ་གནང་བ་དེ་དག་སྡོམ་པ་སྲུང་ཐུབ་མཁན་དང་སྲུང་བ་ལ་མོས་པ་བརྟན་པོ་ཡོད་མཁན་ལ་གནང་བ་ཡིན་པ་འདུལ་བའི་གཞུང་ལ་དཔྱད་ན་གསལ་བོ་རེད། ཚ་བ་མདའ་སྨྱུག་ལྟ་བུའི་རྒྱུད་ན་ཐར་བའི་ས་བོན་ཡོད་མེད་ཐེ་ཚོམ་རེད་ལ། རབ་བྱུང་སྒྲུབ་ཀྱང་སྡོམ་པ་སྐྱེས་མིན་ཁག་པོ་རེད། ཡུལ་དུས་དང་ལམ་ལུགས་སྣ་ཚོགས་ཀྱིས་དབང་གིས་རེ་ཞིག་ཁོང་གི་སྟོན་པའི་མནབ་བཟའ་མཆོད་ཡོད་ཀྱང་སྲིད། གཅིག་བྱས་ན་ཚ་བ་མདའ་སྨྱུག་ནི་འདུལ་བ་ནས་གསུངས་པའི་རྐུན་པོ་ཚུལ་གྱིས་གནས་ཅེས་པའི་གྲས་ཡིན་ཡང་སྲིད། ཐ་ན་རྒྱལ་བའི་གསུང་རབ་ལ་ཐོས་བསམ་སོགས་བྱས་ཡོད་ཀྱང་སྡོམ་མིན་དང་གོ་ཕྱིན་ཅི་ལོག་དེ་འདྲ་ཡང་སྐྱེས་ཡོད་སྲིད། མདོར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་གི་གདུལ་བྱ་ལ་ཆོས་གསུངས་་ལས་མ་དད་པ་ལ་ཨུ་ཚུགས་བརྒྱབ་ནས་གསུངས་མེད། ཞལ་བཞུགས་པའི་སྐབས་ཀྱི་གདུལ་བྱ་ནི་སྤྱི་འགྲོས་ལྟར་ཡུལ་དབུས་ཙམ་ཡིན། རྒྱ་གར་རྒྱལ་ཡོངས་ནང་བ་ལ་བསྒྱུར་མེད། ཕྱིས་སུ་སློབ་མ་དང་རྗེས་འཇུག་ཚོས་རྒྱལ་ཁབ་དང་མི་རིགས་སྣ་མང་ཁྲོད་དར་སྤེལ་དུ་བཏང་ཡོད། དེ་ཡང་འདོད་མོས་ལྟར་བྱེད་པ་ལས་བཙན་དབང་གིས་བསྒྱུར་བཞག་པ་དེ་འདྲ་ཡོད་མ་རེད། དགེ་ཆོས་ཀྱིས། ནང་བའི་དགེ་སློང་རྐང་རྗེན་འབུ་བསད་མི་ཐུབ་པ་དེ་ཚོས་ཀྱང་རྒྱ་མཚོ་རྒལ་ནས་ནང་ཆོས་སྤེལ་ཡོད་ཟེར། དེ་སང་གོང་ས་མཆོག་གིས་བཀའ་དྲིན་ལས་འཛམ་གླིང་གི་ཤར་ནུབ་ཀུན་ལ་ནང་ཆོས་དར་བཞིན་པའི་སྒང་ཡིན། མོས་པ་དང་ཞིབ་འཇུག་བྱེད་མཁན། སྡོམ་པ་ལེན་མཁན་ཡང་མི་ཉུང་བ་ཞིག་ཡོད། ༼འདི་ཚོ་ལ་ཡང་སྡོམ་པ་རང་དབང་གི་དགྲ་བོ་མིན༽ནང་བསྟན་དར་བ་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་བར་ནང་ཆོས་ལ་དད་ནས་སྡོམ་པ་ལེན་མཁན་དང་སྲུང་མཁན་ཅི་བྱུང་སུས་གྲང་གཤེར་ནུས། སྡོམ་པས་དེ་དག་གི་རང་དབང་འཕྲོག་ཡོད་མ་རེད། དེ་དག་གིས་སྡོམ་པ་བླངས་ཆོག་པའི་རང་དབང་ལ་ལོངས་སྤྱོད་བྱས་ཡོད་རེད། དད་མོས་དང་དགའ་མོས་བྱེད་མཁན་ཡང་དུང་ཕྱུར་མང་བོ་བྱུང་ཡོད་རེད་སྙམ། དེ་ཚོ་ཚང་མ་ལྐུག་པ་ཡིན་རྒྱུ་མ་རེད། དེ་ན་ནོར་བ་དེ་གང་ནས་བྱུང་བ་རེད་ཟེར་ན་ཚབ་མདའ་སྨྱུག་རང་ཉིད་ཀྱིས་མི་འདོད་པ་རྒྱུ་མཚན་དུ་བྱས་ཏེ་སྤྱི་ལ་བཤད་པ་དེ་རེད། སྤྱི་ལ་ཕན་ན་ཡང་སྒེར་བ་རེ་ཟུང་ལ་གནོད་སྲིད་པ་རེད། ཆོས་རང་ངོས་ནས་གནོད་པའི་ཐ་སྙད་གང་ཡང་མེད་ན་ཡང་ཉམས་ལེན་བྱེད་མཁན་གྱིས་ངོས་ནས་དེ་འདྲ་ཡོང་ཆོག་གི་རེད། རྒྱུ་མཚན་ནི་མིའི་སེམསཁམས་སྣ་ཚོགས་ཡོད་པའི་དབང་གིས་རེད། སྤྱིར་ཁ་ཟས་གང་ཡིན་ཡང་གཟུགས་པོ་ལ་ཕན་ན་ཡང་། ཟ་མ་ཤེས་པས་གནོད་པ་ཡོང་བ་བཞིན་ཚ་བ་མདའ་སྨྱུག་ལྟ་བུའི་སྣོད་མིན་དེ་དག་ལ་ནང་ཆོས་ཀྱིས་གནོད་ངེས་རེད། ཉི་འོད་ཀྱིས་འུག་པའི་མིག་ལ་གཟན་པ་བཞིན་རེད། ངས་ཟེར་ཡ་ལ་སྡོམ་པ་ནི་མི་མང་བོ་ཞིག་ལ་ཕན་ཡོད་ནི་རེད། རེ་ཟུང་ལ་གནོད་ཀྱང་སྲིད། དེ་རྒྱུ་མཚན་དུ་བྱས་ནས་ཚང་མ་ལ་གནོད་པར་ཁས་བླངས་ན་དེ་ལས་བླུན་པོ་ཞིག་གང་ན་ཡོད། ཆུ་ཚོད་ཉུང་བ་དང་གློག་ཀླད་ཀྱི་མདུན་ནས་གང་ཤར་དུ་བྲིས་པས་ཡིག་ནོར་སོགས་འབྱུང་ངེས་པས་དགོངས་འགལ་མེད་པར་ཞུ།
སྡོམ་པ་དགྲ་བོ་ག་ལ་ཡིན་ཏེ་འཚོ་ཐབས་ཡིན་པས་སོ།། སྡོམ་པ་ཟེར་བ་བུ་སུབ་སོགས་པོ་རབ་བྱུང་སྡོམ་པ་ཙམ་ལ་གོ་རྒྱུ་ག་ལ་ཡིན་ཏེ། སྒེར་ཁྲིམས། སྤྱི་ཁྲིམས། ཡུལ་ཁྲིམས། ཆོས་ཁྲིམས། ལམ་ཁྲིམས། ཚོང་ཁྲིམས། རྒྱོ་ཁྲིམས། དངུལ་ཁྲིམས། རྒྱལ་ཁབ་གྱི་ཁྲིམས། འཛམ་གླིང་གི་ཁྲིམས། འཇིག་རྟེན་གྱི་ཁྲིམས། དེ་དག་ཐམས་ཅད་དོ།།
གོང་གི་རྩོམ་འཆལ་འདི་འབྲི་མཁན་སྙིང་རྗེ་ཀི རྒྱུ་མཚན་ནི་རྟོགས་སད་པ་མདའ་སྨྱུག་གྲོང་སོང་བའི་སྐད་ཆ་གོ་མ་ཐག་དགག་རྒྱག་གི་སྲོལ་འདྲ་བོ་ཞིག་བྲིས་ཡོང་བས་སོ། བོད་པའི་སྤྱི་ཚོགས་ལ་ཁྱོད་ལྟ་བུ་འདི་འདྲ་མང་པོ་བྱུང་མྱོང་བ་རེད། དགེ་འདུན་ཆོས་འཕེལ་ཚེ་ལས་འདས་རྗེས་དོར་ཞི་གདོང་དྲུག་སྙེམས་བློས་(ཚང་ཚང་ལོག་སྨྲ་བསྲེགས་པའི་མེ་ལྕེ་)ཟེར་བ་ཞིག་བྲིས་པ་རེད། དཔེ་དེ་བཞིན་རྩོམ་པོ་དངོས་སུ་ཡོད་དུས་དགག་རྒྱག་གི་སྐད་ཆ་ཏིལ་འབྲུ་ཙམ་ཡང་མཐོང་རྒྱུ་མེད་ལ། འཇིག་རྟེན་དང་ཁ་བྲལ་རྗེས་གཞི་ནས་མདོ་རྩ་མེད་པའི་རྩོམ་འཆལ་བྲིས་ན་ངོ་མ་སུན་སྣང་སྐྱེ་ཀི གལ་སྲིད་དགག་གཞག་གི་ལས་ལ་འཇུག་པར་རྩོམ་འདོད་ན་རྩོམ་པོ་དངོས་སུ་ཡོད་དུས་རང་ཉིད་ཀྱི་བསམ་བློ་ཚད་ཤིང་ལ་ཐིག་འཐེན་རོགས་་
ཚ་བ་མདའ་སྨྱུག་གི་དགོངས་ཚུལ་ཡག་པོ་མཐོང་སོང་།
གང་སེང་ལ་དཔེ་ཡག་པོ་བྲིས་བཞག་ཐུགས་རྗེ་ཆེ།
གལ་སྲིད་སྡོམ་ལྡན་ཞིག་གིས་མི་བསད་པ་ཡིན་ན་སྲོག་གཅོད་ཀྱི་སྡོམ་པ་ཞིག་པ་ཡིན། མི་མ་ཡིན་པ་དུད་འགྲོ་ལྟ་བུ་ཞིག་བསད་ན་སྡིག་པ་ཡོད་པར་བཤད་ཀྱང་སྡོམ་པ་ཉམས་འགྲོ་བར་གསུངས་མེད། ཞེས་པ་འདི་རྒྱུ་འབྲས་མེད་པ་རང་རེད། གདན་ས་ཁག་ལ་ལོ་ཚོད་མ་སླེབས་པ་གྲ་ཆུང་མང་པོ་འདི་ཚོ་ལ་སྡོམ་པ་ནི་རང་དབང་གི་དགྲ་བོ་རང་རེད། རྒྱ་མའི་བོད་ཐོག་བཞག་པའི་སྡོམ་པ་འདི་ཚོ་བོ་མིའི་རང་དབང་གི་དགྲ་བོ་རང་རེད།
ཚ་བ་མདའ་སྨྱུག་ནས་༼སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན།༽ཟེར་བ་དང་༼མང་གཙོའི་ཁྲིམས་ནི་སྨྲ་བརྗོད་རང་དབང་གི་དགྲ་བོར་སྣང་ཚུལ་༽དེ་ལྟ་ཚུལ་མཐུན་པ་ཨེ་ཡིན།
སྤྱིར་ན་ཐམས་ཅད་རྒྱུ་དང་རང་གི་ཆ་ཤས་ལ་ལྟོས་པའི་གཞན་དབང་ཡིན་ན་ཆོས་ཀུན་ན་རང་དབང་གིས་གྲུབ་པ་མེད་པས་རང་དབང་མེད་སྙམ་རུང་། འདིར་དངོས་ཡོད་དང་མ་འཚམས་པའི་རྒྱུ་ཞིག་གི་འོག་ནས་རང་དབང་གི་བདེ་བ་ཡོང་ཐབས་མེད་པ། མདོ་དོ་པན་ཉོན་མོངས་འོག་གནས་ཕྱིན་བདེ་བ་དངོས་གནས་ཡོང་ཐབས་མེད་པ་དང་། རྒྱ་དམར་གུང་བྲན་འོག་བོད་ལ་རང་དབང་བདེ་བ་མི་ཡོང་བ་བཞིན་རེད་སྙམ། ང་ཚོར་བདེ་བ་དགོས་ན་རྒྱུ་དགེ་བ་དང་མི་དགེ་བའི་སྡུག་བསྔལ་འདྲེན་པ་དང་། རྒྱུ་དགེ་བའི་འོག་ལ་བདེ་བ་དང་རང་དབང་ཡོད་པས་སྡོམ་པ་སྲུང་དགོས་ལ། དེ་ཐབས་ཤེས་ཡག་ཤོས་རེད་མ་གཏོགས་རང་དབང་དགོས་པ་དེ་བདེ་བའི་དོན་དུ་མིན་པར་གང་འདོད་ཅི་འདོད་གང་བྱེད་ཅི་བྱེད་གི་སྟེང་ནས་འགྲོ་ན་འཕྲལ་སེལ་ཁེ་ཕན་འདྲ་ཡོང་སྲིད་རུང་ཕུགས་སུ་གནོད་ཀྱི་ཡོད། དེ་བཞིན་འགོ་དཔོན་བཟང་པོའི་འོག་དུས་བདེ་ཞོད་འཇགས་ཡོད་པ་དང་། འགོ་དཔོན་ངན་པའི་འོག་མནར་གཅོད་སྡུག་བསྔལ་ཡོད་པས་ངན་པའི་འོག་མི་བསྡད་པར་རྒོལ་དགོས་དོན་དེ་རེད། དཔོན་དང་ཁྲིམས་ངན་འོག་ནས་རང་དབང་ཐོབ་སྟེ། དཔོན་ཁྲིམས་བཟང་པོས་གཞན་དབང་འོག་སྐྱིད་པོ་ཡོད་རུང་། དཔོན་ཁྲིམས་བཟང་པོར་རྩིས་བཀུར་ལག་ལེན་ནན་ཏན་བྱས་པ་དེ་རང་དབང་འཕྲོག་པའི་ལྟ་ཚུལ་ནོར་མཁན་ཚོར། སྡོམ་ཁྲིམས་དེ་རང་དབང་གི་དགྲ་བོོ་ཡིན་པའི་ལྟ་ཚུལ་བྱུང་བ་རེད། བླང་དོར་དང་དགེ་སྡིག་གི་བཀའ་མོལ་དེ་ཡང་རྟེན་འབྱུང་གི་རྣམ་གཞག་གི་སྒང་ནས་སླེབས་པ་ལས། སངས་རྒྱས་རང་གིས་གསར་བཟོ་མ་རེད། གནས་ལུགས་གང་ཡིན་པ་དེ་རང་གཟིགས་ནས་གསུངས་པས། སྡིག་སྤོང་དགེ་སྒྲུབ་བྱ་དགོས་གསུངས་པ་དེ་སེམས་ཁམས་དང་མཐུན་ཞིང་དེའི་དངོས་ཡོད་རང་ཡིན་པས་ཐམས་ཅད་རྒྱུ་བཟང་ངན་གཉིས་ལས་བྱུང་ཞིང་གང་ཡང་རྒྱུ་ལ་མ་ལྟོས་པར་བཞག་ཚུལ་མེད་པས། གང་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི་། ། ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པའི་ཆོས་ཚུལ་དེ་དངོས་གནས་དད་པ་ཞུས་ན་ཞུ་རིན་ཆོག་པ་རརང་རེད་མི་འདུག་གམ། ང་ཚོ་དགེ་བའི་གཞན་དབང་དུ་འགྲོ་བ་ཞིག་དང་མི་དགེ་བའི་གཞན་དབང་དུ་མ་འགྲོ་བ་ཞིག་དགོས། དགེ་བ་གཞན་དབང་དུ་འགྲོ་དུས་དགེ་བས་རང་དབང་འཕྲོགས་སོང་སྙམ་ན་ནོར་འཁྲུལ་རེད། འགོ་དཔོན་བཟང་པོའི་གཞན་དབང་དུ་འགྲོ་དུས་རང་དབང་ཁྱེར་སོང་བསམ་ན་གོ་ལོག་རེད། བསམ་ཚུལ་ཙམ་དུ་ཕུལ།།།།
སྡོམ་པ་ནི་རང་དབང་གི་དགྲ་བོ་ངོ་མ་རེད། རྒྱུད་ལ་སྡོམ་པ་ཡོད་པ་ཇི་སྲིད་དུ་སེམས་ལ་རང་དབང་མེད། སེམས་ལ་རང་དབང་ཡོད་པ་དེ་སྲིད་དུ་རྒྱུད་ལ་སྡོམ་པ་མེད། ཚུལ་མཐུན་སྡོམ་ལྡན་དག་གི་རྒྱུད་ལ་སྲུང་སེམས་མེད་པར་རང་དབང་ངམ་རང་འདོད་ལྟར་གནང་བ་ཡིན་ན་རང་རྒྱུད་ཀྱི་སྡོམ་པ་ཉམས་འགྲོ་བ་རེད། རང་དབང་གི་དགྲ་བོ་ཡིན་ན་མི་མཐུན་ཕྱོགས་སམ་མི་དགེ་བ་ཡིན་མི་དགོས། འོན་ཀྱང་དེང་སྐབས་བཙུན་གཟུགས་ཚོའི་སྡོམ་པ་ནི་རང་དབང་དང་མཐུན་ཕྱོགས་རེད། ཁོང་དག་གིས་རང་འདོད་ལྟར་མཛད་ཆོག་པ་ལས་སྡོམ་པར་སྲུང་བརྩིས་མི་དགོས།
སྡོམ་པ་ལ་གྲངས་སྣ་ཚོགས། སོ་ཐར་བྱང་སེམས་གསང་སྔགས་དང་། ཡང་ལུས་ངག་ཡིད་གསུམ་བཅས་ཡོད།
བྱང་ཆུབ་སེམས་དཔའ་སྙིང་རྗེའི་གཞན་དབང་དུ་སོང་ནས་དམྱལ་བར་འཁྲུངས་པ་གསུངས་ཡོད། འོན་ཀྱང་སྡོམ་པའི་གཞན་དབང་དུ་གྱུར་ནས་དེ་ལྟར་མ་གསུངས། སངས་རྒྱས་བཅོམ་ལྡན་འདས་ཚུལ་ཁྲིམས་མཐར་ཕྱིན་པ་དང་། དགེ་སྦྱོང་གཽཏམ་ལ་སྡོམ་པ་ཡོད་ཀྱང་ཉོན་མོངས་ཀྱི་གཞན་དབང་དུ་མ་སོང་བས་ཉོན་མོངས་ལས་ཐར་པའི་གྲོལ་བ་ཐོབ་པ་ན་རང་དབང་མེད་པར་གྱུར་པ་ཨེ་ཡིན་ནམ། དེ་དང་དུས་མཚུངས་རྟེན་འབྱུང་རང་དབང་དུ་འདོམས་པས་སྟོན་པ་བླ་ན་མེད་པར་གསུངས་པ་མ་ཡིན་ནམ། རྗེ་བཙུན་མི་ལ་མཆོག་གི་རྒྱུད་ལ་བྱང་སྡོམ་སྔགས་སྡོམ་མེད་པ་ཨེ་ཡིན། སེམས་ལ་རང་དབང་ཐོབ་ཟིན་པའི་སྐྱེས་བུ་མཆོག་ཏུ་གྱུར་པ་ཡིན་པས་སོ།།
རང་དབང་གི་དགྲ་བོ་ཡིན་ན་མི་མཐུན་ཕྱོགས་དང་དགེ་བ་ཡིན་པའི་ངེས་པ་ཡོད་མེད་དེ་རང་དབང་གི་ཚད་གཞི་སྒང་ནས་འཇོག་མིན་ལའང་རག་ལུས་པ་མ་ཟད་གནད་འགག་གཅིག་ཀྱང་ཡིན། དཔལ་ལྡན་ཟླ་བས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་
འདི་ཞེས་དངོས་ལ་ཆགས་གྱུར་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །ཞེས་རང་དབང་མེད་པའི་གོ་དོན་དེ་ཉོན་མོངས་པའི་
གཞན་དབང་དུ་སོང་བས་རང་དབང་མེད་པར་གོ་བ་བླངས་ན་ཉེས་པ་ཨེ་ཡོད་སྙམ།
དེང་སང་བཙུན་གཟུགས་ཙམ་ཡིན་ན་སྡོམ་པ་ཡོད་མེད་ལས་མེད་པར་ཐག་ཉེ་རུང་། དེང་བཙུན་ཡིན་ན་སྡོམ་པ་མེད་པའི་ཁྱབ་པ་ཨེ་ཡོད་སྙམ། སྡོམ་ལྡན་ཉམ་ཆུང་དག་སྲིད་པས་སོ།།
ཁྲིམས་མ་སྲུང་མཁན་བཙུན་པ་ནི་བཙུན་གྲས་ལས་བུད་ལ། ཁྲིམས་དང་མ་མཐུན་པའི་རང་འདོད་དང་རང་དབང་ག་པར་ཡོད་དེ། དེ་འདྲའི་རང་འདོད་དེ་འཇིག་རྟེན་ཁྱིམ་པས་ཀྱང་མང་གཙོའི་ཁྲིམས་འཁུར་དགོས་ལ། ལྷག་པར་དམར་པོའི་ཁྲིམས་ཀྱང་འགོ་དཔོན་ཚོ་འཁུར་མི་དགོས་ན་ཡང་དམངས་ལ་རང་འདོད་བྱེད་ས་མེད་ན། དགེ་ཚུལ་སློང་དག་གནང་བཀག་ཐན་ཐུན་ལས་ངེས་པར་རང་སྲུང་རང་འཁུར་ངེས་པར་དགོས་གལ་ཡིན། འོན་ཀྱང་བཙུན་འཆལ་ནི་བཙུན་གཙང་མིན་པས་མིག་ཕྱེ་དགོས་པ་ཡང་མཆིས་སོོ།
ནང་པའི་སྡོམ་པ་ནི་དངོས་པོའི་གནས་ཚུལ་ཇི་ལྟ་བའི་ཆོས་ཉིད། བདེན་པ་གཉིས་ཀྱི་གཤིས་སམ་བབ་དེ་དེ་བཞིན་མ་བཅོས་པའི་རང་བབ་འམ་རང་དབང་ལ་ཟེར་བ་ཡིན་ཙང་དེ་ནི་ནི་རང་དབང་གི་དགྲ་བོ་མ་ཡིན་པས་སྐྱོན་ཅི་ཡང་མི་འདུག ཚ་བ་མདའ་སྨྱུག་ནས་སྡོམ་པ་ཟེར་བ་དེ་རང་དབང་གི་དགྲ་བོ་ཡིན་ཟེར་བ་དེ། དེང་དུས་ལུགས་དང་ལམ་སྲོལ་ལྟ་བུ་བསྟན་པའི་གཟུགས་རྙན། ལུང་པ་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་ལུགས་རེ། དེ་ལ་དབང་སྒྱུར་ཆོས་མིན་སྲིད་མིན་ཟུང་དུ་འབྲེལ་ནས། འདུལ་བའི་གཟུགས་རྙན། མཁས་དབང་ཚ་བ་མདའ་སྨྱུག་ནས་ང་ཚོའི་སྡོམ་པའི་གནས་ལྟང་ག་འདྲ་ཞིག་ཡོད་པ་ལྟར་དེ་ལ་ངོ་སྤྲོད་གནང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།
དད་མེད་ཆོས་མེད་ཀླ་ཀློ་ཚ་བ་མདའ་སྨྱུག་ལ་མཁས་དབང་མ་ཟེར། སངས་རྒྱས་བསྟན་པའི་དགྲ་བོ་ལ་མཁས་དབང་ཡིན་ཟེར་ན། མའོ་ཅེ་ཏུན་ལ་་མཁས་པའི་ནང་གི་ཡང་རྩེ་འགྱུར་ཉེན་ཡོད།
མ་འོངས་ལུང་བསྟན། བརྒྱད་སྟོང་པ་ལེའུ་བཅུ་པ་ལས། ་་་་་་་་་ ཤྰ་རིའི་བུ་ཡང་ཕ་རོལ་ཏུ་པ་དྲུག་དང་ལྡན་པའི་མདོ་འདི་དག་ནི་དེ་བཞིན་གཤེགས་པ་འདས་ནས་ཀྱང་དམ་པའི་ཆོ་ས་འཇིག་པའི་དུས་ཀྱི་ཚེ་ཆོས་འདུལ་བ་སྙིང་པོ་གསར་བ་ཐོབ་པ་ན་ལྷོ་ཕྱོགས་སུ་འབྱུང་བར་འགྱུར་རོ། །ལྷོ་ཕྱོགས་ནས་ཀྱང་བར་ཏ་ནིར་འབྱུང་བར་འགྱུར་རོ། །བར་ཏ་ནི་ནས་ཀྱང་བྱང་༽བོད་༽ཕྱོགས་སུ་འབྱུང་སྟེ། །ཤྰ་རིའི་བུ་དེའི་དུས་ན་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་དང་ཀུན་ཆུབ་པར་བྱེད་དང་རབ་ཏུ་འདོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པར་འགྱུར་ཞིང་ཐ་ན་གླེགས་བམ་དུ་ཆུད་པར་བྱས་ནས་འཆང་བར་འགྱུར་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་དེ་བཞིན་པས་དགོངས་སོ། དེ་དག་ནི་་་་་་་་་་་་
ཀརྡོ་གཉེར་པ་ལགས། ཚ་བ་མདའ་སྨྱུག་མཁས་དབང་མ་ཟེར། ཁྱེད་ལ་མཁས་དབང་ཟེར་དགོས་རེད་དང་། ཧཧཧཧཧ། ཆོས་ལུགས་ནི་རྨོང་དད་ཙམ་ལས་དངོས་ཡོད་དང་རྒྱབ་ཀྱི་ཕྱོགས་པའི་ལྟ་ཚུལ་འཛིན་མཁན་གྱི་ཚན་རིགས་པའི་མཁས་དབང་ནི་འབུམ་ཕྲག་མང་པོ་ཡོད་ནི་རེད། དེ་དག་ཡང་ཁྱེད་དང་རྨོང་དད་ཅན་གྱི་ངོར་མཁས་དབང་ཡིན་གྱི་མ་རེད། ཁ་ཙམ་གྱིས་ཚུལ་ཆོས་དང་རྨོང་དད་ཀྱིས་རང་མཐོང་ཅན་གྱི་བྱ་སྤྱོད་དེ་དག་མཁས་དབང་ཚ་བ་མདའ་སྨྱུག་གིས་འཚང་གཏོར་སོང་བ་རེད། དུས་རབ་ཉེར་གཅིག་པའི་མིར་རྨོང་ཞེན་གྱིས་འོ་ཚད་དེ་འགྲོ་ས་མེད་པ་ཧ་གོ་དགོས། མཁས་དབང་མདའ་སྨྱུག་གི་རྗེས་འཇུག་མཁས་དབང་སྟོང་ཚོ་མང་པོ་ཡོང་རྒྱུ་ནི་དུས་ཀྱིས་ངེས་པ་རེད།
༡༥༽ བསྟན་འཛིན་ཆོས་འཕེལ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༡ གི་ཆུ་ཚོད་ ༢ སྐར་མ་ ༣༡
ཀརྡོ་གཉེར་པ་ལགས། ཚ་བ་མདའ་སྨྱུག་མཁས་དབང་མ་ཟེར། ཁྱེད་ལ་མཁས་དབང་ཟེར་དགོས་རེད་དང་། ཧཧཧཧཧ།
་་་ཟེར་བའི་ལན་དུ།
ཁྱོད་ཀྱི་རང་མིང་། བསྟན་འཛིན་ཟེར་ན་ག་རེ་རེད། ག་རེ་བསྟན་ཐུབ་བམ། ག་རེ་འཛིན་ཐུབ་བམ། ཆོས་གང་ལ་དད། ག་རེ་འཕེལ་དུ་བཅུག མདའ་སྨྱུག་གི་ཆོས་མེད་དད་མེད་ཀླ་ཀློའི་ལྟ་བ་དེ་རེད་པེ། ལགས། ཡང་བསྐྱར་ཅིག་གསུང་དང་། ལགས།
ཆོས་མེ་དདད་མེད་ཀླ་ཀློ། །
ཚ་བ་གདའ་སྨྱུག་ཕམ་སོང་། །
ཧ་ཧ་ཧི་ཧི་ཧོ་ཧོ། །
ཧཧཧཧཧཧ། བཏགས་མིང་། མིང་ཙམ་ལ་བདེན་ཞེན་གྱིས་རེ་ཐོབ་མཁན་དག་ལ་མཁས་དབང་མདའ་སྨྱུག་གིས་རྒོལ་བས་ལན་མེད་སོང་བ་རེད། ཆོས་ཆོས་ནང་ཆོས། བཤད་ཆོས་ཙམ་ལ་ང་ཡང་མི་དད་ལ། དད་པ་ཙམ་གྱིས་དོན་ལྡན་ཡིན་པ་ཡང་ངས་སེམས།
ཀར་རྡོ་གཉེར་པ། གཅིག་རྗེད་འདུག། (བསྟན་འཛིན་ཆོས་འཕེལ།) མ་བསྟན་ཐུག། འཁོན་འཛིན་ཆེ། ཁ་ཆོས་མང་། བཀོ་ཟས་འཕེལ།
ཚ་བ་འདའ་སྨྱུག་ནི་བཀུར་བར་འོས་པའི་མི་ཞིག་རེད། དེ་ནི་ཁོང་གི་ཤེས་རབ་དང་་ཡིག་རྩལ་དེ་མིན་པར་བོད་མི་དམངས་ལ་སེམས་ཁུར་ཆེན་པོ་བྱེད་སྟངས་དེ་རེད། ཁོང་གིས་ཆོས་ཀྱིས་མི་རིགས་འདི་ཕུང་ཡོད་པར་དགོངས་ཚུལ་བྱུང་ཡོད་པར་གསལ་གསལ་ཞིག་རེད།
བསྟན་འཛིན་ཆོས་འཕེལ་ཞེས་པའི་མིང་སྤྱད་པ་ནི་དོལ་ལུགས་པར་གཞན་གྱིས་དོགས་མི་འབྱུང་པའི་ཆེད་དུ་རེད།
འདི་དང་འདི་འདྲ་མོ་མང་པོ་ཞིག་གིས་དྲྭ་ཐོག་ཏུ་རེ་བ་ཆེན་པོ་ཞིག་འཆིང་གི་ཡོད་ཀྱང་གཞི་རྩའི་བསམ་བློར་ཞིབ་དཔྱད་ཅིག་རང་ཉིད་ཀྱིས་མ་བྱས་ཚེ་མི་རིང་བར་བློ་ངོར་མི་ཤོང་བའི་དོན་རྐྱེན་དེ་འདྲ་འབྱུང་ཡང་ཨ། གནའ་སྔ་མོར་ཁ་དང་ཁ་སྤུ་དབྱེ་འབྱེད་ཟེར་བ་འདི་བློ་ངོར་མ་ཤོང་སྟབས་འཇིགས་སྐུལ་ཞེས་པ་དེར་སྐྱབས་བཅོལ་བ་རེད། མ་མཐར་ཡང་དྲྭ་རྒྱ་འདི་མིའི་རིགས་ཀྱི་དགོས་དབང་གིས་བཙུགས་པར་དྲན་པ་གསོས་ཤིག ལས་ངན་གྱི་མཐར་ཐུག་པ་དམྱལ་བ་རྡོ་རྗེ་གདན་རེད་ཅེས་འགའ་ཞིག་ཟེར་ཡང་བདག་གི་ནི་དེ་ལྟར་ཁས་ལེན་ཐུབ་པ་མི་འདུག་གོ
མི་ས་ཡ་དྲུག་ཅུ་གསོད་མཁན་ཞེས་དྲ་རྒྱའི་ནང་འཁོད་པའི་རླབས་ཆེན་གྱི་གཙོ་འཛིན་མའོ་ལགས། བཀུར་བར་འོས་པ་རེད་དམ། ཡིན་དང་ཡིན་གུང་བྲན་ལྷག་པར་བཀུར་བས་སོ། །རླབས་ཆེན་ཁོང་གིས།(ཆོས་ནི་དུག་རེད་ལ། དེའི་སྤྱི་ཚོགས་ཡར་རྒྱས་དང་མི་རིགས་འཕེལ་རྒྱས་གནོད་པའི་སྣང་ཚུལ་རིང་ལུགས་འོག་བློ་མཐུན་གཙོ་འཛིན་ཏིང་གི་གཡོ་ཇུས་ངན་རྒུའི་འོག་དཔལ་འབྱོར་ལམ་ལུགས་མཇུག་འབྲས་ཉམ་ངར་འདྲེན་པའི་སྒོ་འཕར་ཕྱེ་ནས་འདོད་ཡོན་བདུད་རྒྱལ་བར་བྱས་པ་ཡང་རྩིས་མཐོང་ཆེན་པོ་ཐོབ་ཡོད།
གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས། ཆོས་ཞེས་ནང་ཆོས་གཅིག་ཉིད་མི་གོ་བར་གང་ཟག་སྒེར་གྱི་ལྟ་སྤྱོད་ལས་ཐོན་པའི་ཁྱད་ཆོས་ལའང་གོ་མི་ཆོག་པ་མེད། དེས་ན་ཚ་བ་མདའ་ཡིས་རྩོམ་ལས་རྩོམ་པ་པོའི་གནས་བབ་དཔོག་ཐུབ་པ་ཞིག་རེད།
དུས་མཚུངས་ཆོས་ལ་འགག་བཞག་སྤོང་གསུམ་ངེས་དགོས་ལ། དེ་ནི་ཁ་ཅིག་འགག་པ་ཞེས་པའི་སྐབས་སུ་ཚུད་དམ་སྙམ། གང་ལྟར་གོ་ལ་འདིར་ཆོས་ལ་མི་དགའ་མཁན་ལས་དགའ་མཁན་མང་བ་ཡོད། ད་དུང་བོད་པའི་མི་འབོར་ནང་ཆོས་ལ་དད་མོས་ཞུ་མཁན་དེ་བས་མང་བ་ཡོད། བོད་པ་ཚོ་ཆོས་དད་ཆེ་དྲག་པས་ཕུང་བ་མ་རེད། དུས་ཚོད་དང་མཉམ་དུ་འགྲོ་མ་ཐུབ་པས་ཕུང་པ་ཡིན། དེང་དུས་ཤེས་ཡོན་སྐྱོ་དྲག་ནས་ཀྱང་ཡིན། བོད་པ་ཆོས་ཀྱིས་ཕུང་བཅུག་མེད། ཆོས་ཡག་པོ་མ་ཤེས་ནས་བྱབ་བསྐྱལ་བ་རེད། རྨོངས་དད་ལྷ་གསོལ་འདྲེ་གསོལ་སོགས་བོད་པའི་ནང་ཆོས་དེ་མ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ། མཁན་སློབ་ཆོས་གསུམ། སངས་རྒྱས་ཤཱཀྱ་ཐུབ་པའི་རིང་ལུགས། དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་དགོངས་རིགས་པ་དང་མ་འགལ་བའི་དཔལ་ན་ལཎཌའི་བཞེད་གཞུང་དྲི་མ་མེད་པས་གཏན་ལ་ཕབ་པ་ཞིག་རེད། ཡང་མཉམ་མེད་ཤཱ་ཀྱ་སེང་གེས་བསྐལ་པ་དུ་མར་རབ་དགོངས་མཛད་པ་ལས། མཁས་པས་ཁ་བཤད་ཙམ་དང་། རྨོངས་དབང་ལས་གསར་གཏོད་བྱས་པ་ཞིག་མ་རེད། དེ་ལ་ཀླུ་སྒྲུབ་ཡབ་སྲས་དང་། དེ་ནས་གངས་ཅན་མཁས་གྲུབ་རྣམ་པས་རིགས་པས་དཔྱད་པའི་མཐར་རྙེད་པའི་རྙེད་དོན་རེད་མ་གཏོགས་ཧོལ་རྒྱུགས་རྨོངས་ཆོས་ཞིག་རྩ་བ་རང་ནས་མ་ཡིན།
བོད་པས་ཆོས་ལ་དད་མོས་ཞུ་ཆེས་ནས་དེང་དུས་ཤེས་ཡོན་ལ་དོ་སྣང་མ་བྱུང་བ་རེད་ཟེར་ན། དེ་ལ་སྣ་ཚོགས་པའི་ལྟ་ཚུལ་ཡོད།
ལྷག་པར་ང་ཚོར་ངོམས་རྒྱུ་ཆོས་དང་རིག་གཞུང་དེས་ང་ཚོ་ཕུང་ལ་སྦྱར་ཞེས་པ་གུང་བྲན་གྱི་བོད་ཐོག་འཛིན་པའུ་ལྟ་ཚུལ་དང་ཧ་
ལས་པའི་ཉེ་བ་མ་ཡིན་ནམ། ཁ་ཆེན་པོ་ཆགས་རུང་། དྲང་པོ་ཞུ་ན། གོ་ལའི་འགོ་དཔོན་ཕལ་མོ་ཆེ་འདོད་ཡོན་བདུད་ཀྱིས་བསླུས་
ནས་གུན་བྲན་ལ་རྒྱལ་ཁ་ཐོབ་ཀྱི་ཡོད།
སྒེར་ཚོར་སྒང་ནས་མིན་པར་དངོས་གནས་རིགས་པ་དཔང་རྟགས་ཀྱི་ལམ་ནས་བསམ་ཚུལ་བརྗེ་ལེན་དང་། དཔྱད་རྩོམ་སྤེལ་རེས། གུ་ཡངས་བགྲོ་མོལ་ཁ་བརྡ་བྱ་རེས་ལ་འབད་ན། ཁ་བརྡའི་དམིགས་ཡུལ་ཡང་ཡིན་སྙམ་མོ། །
ནང་ཆོས་སྤུས་དག་པོ་དེ་བོད་པས་བདག་གཅེས་བྱ་རིན་ཡོད་པ་ཞིག་གཅེས་འཛིན་རྒྱུན་འཛིན་ཐུབ་ཡོད། ད་ཉི་ཤར་སྦར་མོས་ཁེབས་ཐབས་མེད། ད་དུང་སྤྲིན་ནག་གིས་འཐུམ་ཉེན་ཆེན་པོ་ཡོད་པས་རང་ནོར་གཅེས་ནོར་ཡིན་པ་ངོ་ཤེས་གལ་ཆེ།
རིགས་ལྡན་རྒྱལ་པོ་བྱོན་པ་ལེགས། གང་ཟག་ཅིག་བཀུར་འོས་པར་བགྲང་མིན་ནི། བདག་གིས་ནི་འདི་འདྲ་ཞིག་ཏུ་མཐོང་སོང་། ནང་ཆོས་ནི་ཡག་པོ་རེད་ཅེས་པ་ཉམས་སུ་བླངས་ན་ཡག་པོ་རེད་ཅེས་པ་ལྟ་བུ་ཞིག་རེད། དེ་མིན་ཉམས་སུ་མ་བླངས་ན་སྤྱིར་བཏང་གི་ཤེས་བྱ་ཅམ་ལས་ཡག་པོ་མ་རེད་ཅེས་པ་གོ་ཐུབ་པ་ཞིག་རེད། ཆོས་མེད་རང་ལུགས་ཡག་པོ་རེད་ཅེས་པ་ཡང་ཚེ་འདིའི་བཟོ་ཚོང་གི་སྲིད་འབྱོར་རྒྱས་པ་དང་ལོ་ཕྱུགས་ལེགས་པོ་འོང་བའི་འཚོ་ཐབས་དོན་གཉེར་ལ་འབད་པ་ལྷོད་མེད་ཅིག་འོང་ཆེད་དུ། གྲོགས་མེད་ཁེར་རྐྱང་གི་མི་སྒེར་གྱི་འཚོ་བར་ཅི་མི་སྙམ་པར་སྐུར་འདེབས་དང་ཆོས་ལུགས་པ་ཡོངས་ལ་དམོད་པ་བཏང་བ་ནི་ལས་སླ་བའི་བྱ་བ་ཞིག་ག་ལ་ཡིན། འོན་ཀྱང་འདི་ཙམ་ཀྱི་ཀུན་སློང་གིས་མདའ་སྨྱུག་པ་བྱུང་པ་ཡིན་ན་ནི་བཀུར་མི་འོས་པ་ཞིག་མ་རེད། མདོར་བྱས་ན་ཚེའི་ཕ་རོལ་གྱི་ཐབས་ཆོས་འགོག་ཅིང་ཚུར་རོལ་ཀྱི་ཐབས་ཆོས་འབད་པ་ཆེན་པོས་སྒྲུབ་པའི་ཆོས་བཤད་པ་ཞིག་རེད། མདའ་སྨྱུག་པ་ནི་ཉམས་ལེན་ཅན་དེ་མིན་གྱང་མིའི་རིགས་ཀྱི་ཆེད་དུ་ཧུར་ཐག་གནང་མཁན་ཞིག་རེད། དོལ་ལུགས་པ་དང་མི་འདྲ་བར་ཏང་གི་དབང་བསྒྱུར་གྱིས་ཉེས་པས་བོད་མི་དམངས་ལ་སྨྲ་བརྗོད་རང་དབང་ཙམ་ཡང་མེད་པས་ན་གཉིས་སྟོང་བརྒྱད་ཀྱི་ཡིད་མ་ཚིམ་པའི་ལས་འགུལ་བྱུང་ཚུལ་ཡང་ཁོང་གིས་བྲིས་སོང་། ཁོང་ནི་བཀུར་བར་འོས་པའི་མི་ཉམས་དེ་ཡོད་པ་ལས་ཁྱི་ཉམས་དེ་ཁྱོན་ནས་མི་འདུག རང་ཉིད་ཀྱི་ཁྱིམ་ནས་འདྲེ་ཕྱི་ཕུད་གཏོང་བ་དང་འདྲེ་བརྙན་གཅོག་པ་ནི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་མིན་པར་སྨྲར་ཕོད་ན། རང་ཉིད་དང་བསམ་ཚུལ་མི་མཐུན་པའི་མི་བསད་པ་དང་། མི་དམངས་ཤོག་སྒོར་ཟ་དགོས་པའི་རྒྱུ་མཚན་དང་། དགེ་ལུགས་གཙང་མར་གྱུར་ཚུར་ཡང་བཤད་དགོས་ཀྱི་རེད་པ། ཁྱི་ཚིགས་ཅན་འདི་ཚོར་ཅིག་ལྟོས་དང་། ངས་ནི་མདའ་སྨྱུག་པ་དངོས་གནས་བཀུར་འོས་པའི་སྐྱེས་བུ་ཞིག་ཏུ་མཐོང་སོང་།
སྡོམ་པ་ཟེར་བ་འདི་རྟག་མི་རྟག་གཉིས་ཀྱི་ནང་ནས་མི་རྟག་པ་དང་། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་གྱི་ནང་ནས་གྲུབ་མཐའ་གོང་མ་ཐལ་འགྱུར་བའི་ལུགས་བྱས་ན་གཟུགས་དང་གྲུབ་མཐའ་འོག་མ་ཚོའི་ལུགས་བྱས་ན་ཤེས་པ་ཡིན་པར་འདྲ། མ་རེད་དམ། མཁས་དབང་ཚོ།
གལ་སྲིད་སྡོམ་པ་གཟུགས་ཡིན་པའི་དབང་དུ་བཏང་ན་དགེ་སློང་ཚོ་ལ་ཀློག་དཔར་བརྒྱབ་ན་སྡོམ་པ་ཤོར་ཡོད་མེད་ཤེས་ཀྱི་རེད་འདོད། དེ་འདྲ་ཡིན་དུས་དགོན་སྡེ་ཁག་གི་གྲྭ་རྫུན་བླ་རྫུན་སུ་ཡིན་མིན་བརྟག་དཔྱོད་ཐུབ་པའི་ཀློག་དཔར་རྒྱག་ས་ཤིག་འཛུགས་ན་ཡག་པོ་་འདུག་འདོད།
ཤེས་པ་ཡིན་པའི་དབང་དུ་བཏང་ན་སྲུང་སེམས་ཡིན་དགོས་པར་འདོད། སྲུང་སེམས་ཡོད་མེད་ཀྱི་ཐོག་ནས་དགེ་ཚུལ་སློང་གི་སྡོམ་པ་རྒྱུད་ལ་ལྡན་མིན་ཐག་བཅད་པ་ཡིན་ན་དེང་སང་གི་གྲྭ་པ་རྒྱབ་ཆ་༨༠་ལ་སྡོམ་པ་མེད་པའི་དམ་ཉམས་གྲྭ་ལོག་ང་དང་གཅིག་པ་གཅིག་རྐྱང་རེད་འདོད།
ལུས་ཀྱིས་ཐོག་ནས་ཆགས་པ་སྤྱོད་ཀྱི་མེད་ནའང་སེམས་ཀྱིས་ཐོག་ནས་རྒྱོབ་རྒྱབ་འདོད་སྐྱེས་པ་ནི་བཤད་མ་དགོས་པ་ཞིག་རེད་འདོད།
མདོ་ལས།
གཟུགས་ཀྱི་ནང་ནས་མཛེས་པ་མཐར་ཐུག་པ།
ཕོ་ཡི་མིག་ལ་མོ་ཡི་གཟུགས་ཡིན་ཞིང་།
སྒྲ་ཡི་ནང་ནས་སྙན་པ་མཐར་ཐུག་པ།
མོ་ཡི་རྣ་ལ་ཕོ་ཡི་སྒྲ་ཡིན་ཞིང་།་་་་ཞེས་གསུངས་འདུག ཆགས་བྲལ་གྱི་གང་ཟག་ཞིག་ཡིན་ན་མ་གཏོགས་མཛེས་མའི་ཤ་གཟུགས་ལ་སེམས་མི་ཤོར་མཁན་ཁག་པོ་རེད་འདོད། སེམས་པ་ཅི་ཙམ་ཤོར་ཡང་བཙན་གྱིས་བཀག་ནས་བསྡད་ཡོད་མཁན་རྣམས་ནི་རང་ཉིད་བཙོན་དུ་བཅུག་མཁན་རེད་དོ། དེའི་ཕྱིར། སྡོམ་པ་ཟེར་བ་འདི་རང་དབང་གི་དགྲ་རེད་ཅེས་གསུངས་པ་མིན་སྙམ་མོ།
ཨོ་རེད་་་དེང་སང་ནང་ཆོས་ཚན་རིག་དང་མཐུན་ཐབས་བྱས་ཀྱི་ཡོད་རེད་ལ་མཐུན་པའི་ཆ་མང་པོ་ཡོད་པར་འདོད། ཡིན་ནའང་སྡོམ་པ་གཟུགས་ཡིན་ལབ་ན་ཚན་རིག་པའི་མདུན་དུ་པུས་མོ་འཛུགས་དགོས་ཐུག་ཡོང་ཨ་་་་་ཞེས་བརྡ་ཞིག་སྤྲོད་ཀྱི་ཡིན་ནོ།།
ཧཧཧཧཧཧཧཧཧ།
ཀརྡོ་ཕྱག་གཉེར་པ་ཁྱོད་སྡོད་མ་ཚུགས་ན་ཀློག་དཔར་རྒྱག་འཁྲིད་འགྲོ་གི་ཡིན་ད་་་ཧཧཧ
ཅོ་ཉི་ཁྱེད་དོལ་རྒྱལ་དམ་སྲིའི་ཨ་ཕྲུག་ཅིག་རེད་སྙམ་མོད། དམ་ཉམས་གྲྭ་ལོག་ཡིན་དུས་ཆོས་དཔེ་ཀློག་མྱོང་ཡོད་རྒྱུ་རེད། དོལ་རྒྱལ་དང་འདུལ་བ་གཉིས་ཀྱི་གང་གལ་ཆེ་མིན་ཅིག་ལབ་དང་།
ཅོ་རི་ལགས། ༼སྡོམ་པ་མེད་པའི་དམ་ཉམས་གྲྭ་ལོག་ང་དང་གཅིག་པ་གཅིག་རྐྱང་རེད་འདོད།༽ ཁྱེད་ཀྱིས་གྲྭ་ལོག་ཐབས་སྡུག་ཅིག་ཏུ་རྩིས་འདུག་པར་ངོས་ལེན་མེད། སྡོམ་པ་༼རབ་བྱུང་གི་སྡོམ་པ༽ཕུལ་བའམ། ཤོར་བ་གཉིས་ལས་སྔ་མ་ལ་ཉེས་པ་ཅང་མེད་ལ། ཕྱི་མ་ལ་ཉེས་པ་ཡོད། ཡིན་ནའང་དེ་ལ་སྡོམ་ཉམས་ལས་དམ་ཉམས་ཟེར་བར་ངོས་ལེན་མེད། གསང་གི་སྡོམ་པ་དང་ཉམས་ན་དམ་ཉམས་ཟེར།
སྲུང་སེམས་དགོས་པ་དང་ངེས་འབྱུང་གི་བློ་སྐྱེ་དགོས་པ་གཉིས་ལས་སྔ་མ་སླ་ལ་ཕྱི་མ་ཧ་ཅང་ཁག
ཁྱེད་གལ་ཏེ་ཚེ་སྟོད་ལ་གྲྭ་པ་དང་ད་ལྟ་སྐྱ་བོ་ཡིན་ན་དགའ་བ་སྒོམས་ཤིག བསླབ་པ་ཞུས་ནས་ཕུལ་ན་དེར་ཟད་ཤོར་བ་ཡིན་ན་སོ་ཐར་ལུགས་ཀྱི་ཆོ་གས་སྡོམ་རོ་ཕུལ་ལ་ཐེག་ཆེན་ལུགས་ཀྱིས་སྟོབས་བཞིས་བཤགས་དགོས། གསང་སྔགས་ལུགས་ཀྱིས་རྡོར་སེམས་བསྒོམ་བཟླས་བྱོས། དེ་བཞིན་སྟོང་པ་ཉིད་ཀྱི་དོན་ལ་བློ་མཉམ་པར་ཞོགས། དེས་བདེ་ཞིང་སྐྱིད་པར་འགྱུར་རོ།།
་་་ ཁྱེད་གལ་ཏེ་ཚེ་སྟོད་ལ་གྲྭ་པ་དང་ད་ལྟ་སྐྱ་བོ་ཡིན་ན་དགའ་བ་སྒོམས་ཤིག བསླབ་པ་ཞུས་ནས་ཕུལ་ན་དེར་ཟད་ཤོར་བ་ཡིན་ན་སོ་ཐར་ལུགས་ཀྱི་ཆོ་གས་སྡོམ་རོ་ཕུལ་ལ་ཐེག་ཆེན་ལུགས་ཀྱིས་སྟོབས་བཞིས་བཤགས་དགོས། གསང་སྔགས་ལུགས་ཀྱིས་རྡོར་སེམས་བསྒོམ་བཟླས་བྱོས། དེ་བཞིན་སྟོང་པ་ཉིད་ཀྱི་དོན་ལ་བློ་མཉམ་པར་ཞོགས། དེས་བདེ་ཞིང་སྐྱིད་པར་འགྱུར་རོ།། ་་་འདི་ནི་ལེགས་བཤད་དུ་མཐོང་ངོ་། །དྲ་གཽགས་ཚོ།
ཅོ་རི་ལགས།
ཧཧཧཧཧཧཧ།
ཐལ་འགྱུར་བའ་ལུགས་ལ། སྡོམ་པ་གཟུགས་ཡིན་སྟངས་འདི། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །གསུངས་དང་འབྲེལ་བ་ཡོད་རེད། མངོན་པའི་ལུགས་ཀྱི་འཇོག་དེ། འདི་དང་མི་འདྲ།
བློ་དང་ལས་འབྲས་ཀྱི་རྣམ་གཞག་དེ་ཚན་རིག་པ་དང་མ་བསྟུན། རྡུལ་ཕྲན་དང་དངོས་རྫས་ནུས་ཤུགས་ཀྱི་རྣམ་གཞག་དེ་ཚོ་ཚན་རིག་པ་ལས་སྦྱོངས་དགོས།
སྡོན་པ་སྟོངས་པའི་རྒྱུ་ལ་གཉིས། །
བསླབ་པ་ཕུལ་དང་ཤི་འཕོས་གཉིས། །
དོན་དང་སྦྱར་ནས་སྡོམ་གཟུགས་སམ་ལྡན་མིན་འདུ་བྱེད་གང་འཇོག་བདེ་རྩོད་ཅིང་བརྟགས།
སྡོན་པ། སྡོམ་པ། ལ། བཅོས།
ཁྱེད་ཚོས་རང་དབང་ཞེས་ཇི་ཙམ་བཤད་ཀྱང་འཇིག་རྟེན་ཁམས་རང་དབང་ཆ་ཚང་ཡོད་མཁན་གྱི་མི་གཅིག་ཀྱང་མེད། རང་དབང་ཆ་ཚང་ཡོད་ན་སེམས་ལ་དྲན་ཚད་ལས་ཆོག་པ་དང་། བཤད་ཆོག་པ། གང་འགྲོ་འདོད་ན་དེར་འགྲོ་ཆོག་པ་ཞིག་དགོས་ཀྱང་དེ་འདྲ་ཡོད་མཁན་སུ་འདུག ང་ཚོ་ཚང་མ་ཕྱི་ནས་རྒྱལ་ཁྲིམས་ཀྱིས་བསྡམས་ཡོད་ལ། ནང་ནས་ལུང་ཁྲིམས་བྱེ་བྲག་པ་རེས་བསྡམས་ཏེ་ང་ཚོའི་རང་དབང་འཕྲོག་སོང་བ་རེད། རང་དབང་། རང་དབང་། ཁྱེད་ནི་ཇི་འདྲའི་ཐག་རིང་བ་ལ་་་་་་་
༣༣༽ ཀརྡོ་གཉེར་ཕྱག་པ་ནས།
སྡོན་པ་སྟོངས་པའི་རྒྱུ་ལ་གཉིས། །
བསླབ་པ་ཕུལ་དང་ཤི་འཕོས་གཉིས། །༽་་་་་་ཟེར་་་་
བསླབ་ཕུལ་བ་དང། ཚེ་འཕོས་པ་དང། རྩ་བ་ཆད་པ་དང། མཚན་མ་འདས་པ་དང། མཚན་མ་གཉིས་གཅིག་ཆར་དུ་བྱུང་བ་བཅས་ལ་སྡོམ་པ་གཏོང་འགྲོ་གི་ཡོད།
སྡོམ་པ་རང་དབང་གི་དགྲ་བོ་ཡིན་མིན་དེ་སྡོམ་པ་ལེན་སྟངས་ལ་ཐུག་ཡོད་ས་རེད། སྡོམ་པ་དེ་རང་མོས་ཀྱིས་བླངས་པ་ཡིན་ན་དེ་རང་དབང་གི་དགྲ་བོ་རེད་ཟེར་ས་མི་འདུག སྡོམ་པ་དེ་རང་མོས་མིན་པར་སྤྱི་ཚོགས་ཀྱི་གནོན་ཤུགས་དང་སྲོལ་རྒྱུན་གྱི་གནོན་ཤུགས་ལ་བརྟེན་ནས་ལེན་དགོས་ཐུག་པ་ཡིན་ན་རང་དབང་གི་དགྲ་བོ་ཡི་ས་རེད།
དྲན་དཀར་དཔལ་ཡོན་ལགས་་་་་་་ཁྱོད་ཀྱིས་་་་་ཅོ་ཉི་ཁྱེད་དོལ་རྒྱལ་དམ་སྲིའི་ཨ་ཕྲུག་ཅིག་རེད་སྙམ་མོ་་ཞེས་ལབ་འདུག ག་རེ་བཤད་ཀྱི་ཡོད་དམ། ག་རེ་ཁུངས་སྐྱེལ་ཡོད་དམ།་་་་དོན་མེད་དོགས་པ་ཟ་མ་བསྡད་ཨང་།
སྤྱིའི་ཆ་ནས་ང་ཅོ་རིའི་་ཀླད་པའི་དཀྱིལ་འཁོར་ནང་དུ་དངོས་མེད་ལྷ་འདྲེས་ལ་རྨོངས་དད་ཀྱི་དྲི་མ་ཙམ་ཡང་མེད། རྒྱལ་ཆེན་ཤུགས་ལྡན་ཡིན་ནའང་འདྲ། གནས་ཆུང་ཡིན་ནའང་འདྲ། ཨ་ཁུ་དགྲ་ལྷ་ཡིན་ནའང་འདྲ། འདི་དང་འདི་འདྲ་བའི་བོད་ཀྱི་ལྷ་འདྲེས་ཚོ་ལ་རེ་བ་ཟེར་བ་སྤུ་ཙམ་ཡང་མེད། དད་པ་ཟེར་བ་ནི་དེ་ལས་སྤུ་ཙམ་མེད།་་་་སྙིང་རྗེ་ཁྱོད།་་་་རྨོངས་དད་ཅན་ཁྱོད། ང་ཅོ་རི་ཡང་ཁྱོད་རང་ནང་བཞིན་ཡིན་ཨེ་བསམ་ཁུ།
བསླལ་ཕུལ་ཟེར་བ་འདི་མཇེ་ལང་དུས་ཕུལ་ཆོག་ཆོག་ཞིག་ཅང་ཡིན་ས་མེད། སངས་རྒྱས་བསྟན་པའི་སྤྱི་དོན་དང་རང་གི་སྲོག་ལ་ཐུག་ན་མ་གཏོགས་སྡོམ་པ་ཕུལ་མི་ཆོག་པར་འདོད།།་་་་ཡིན་ནའང་་་་མེ་དཀར་ལགས་ཀྱིས་གསུངས་པ་ལྟར་ངས་ཀྱང་སྡོམ་རོ་ལྷག་མ་ཕུལ་མདོག་མདོག་བྱས་མྱངས་ཡོད་་་་ཧཧཧཧ་་
ཚ་བ་མདའ་སྨྱུག་གིས་འདི་འདྲ་གསུངས་འདུག
ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོས། ང་ཚོ་ལ་ལྟ་ལོག །དམ་ཉམས། བསྟན་བཤིག་སོགས་ཀྱི་མིང་ངན་འདོགས་ཤིང་དམྱལ་བ་ཟངས་དམར་མའི་མཐིལ་དུ་འབྱར་ འགྲོ་ཚུལ་སོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་མོད། ང་ཚོས་མིང་ངན་འདི་དག་དགའ་བཞིན་དང་དུ་ལེན་འདོད་ཅིང༌། དམྱལ་བ་ཟངས་དམར་མའི་མཐིལ་དུ་སྤྲོ་བཞིན་འགྲོ་བར་ཕོད། སྐད་ཆ་འདི་དག་གིས་ནུས་པ་མ་ཐོན་པ་ཤེས་རྗེས། ཁོ་ཚོས་དེང་སང་དམར་སྲུང་མི་སྣ་དང༌། སྲིད་གཞུང་གི་རྒྱུག་ཁྱི། དངུལ་ལོའི་བྲན་གཡོག །ཨ་མའི་ནུ་མ་འཆའ་མཁན་སོགས་དཔྱིད་ཉི་རིང་མོ་ལ་དྲན་མི་དགོས་སྟོན་གནམ་ཁྲ་མོ་ལ་ རྨིས་ཀྱང་མ་མྱོང་བའི་ནག་ཉེས་དང་གླེང་ཕྱོགས་སྙིང་ལ་གྲི་ཡོག་པ་ལྟ་བུ་རེ་བཟོ་ འོང་གི་འདུག །ནག་ཉེས་དང་གླེང་ཕྱོགས་ཇི་ཙམ་མང་བ་དེ་ཙམ་གྱིས་ང་ཚོའི་འགྲོ་སྟངས་འདི་འགྲིག་ བསྡད་ཡོད་པའི་དཔང་རྟགས་བསྟན་པ་ཡིན། རྒྱུ་མཚན་ནི་ང་ཚོས་མི་མ་བསད། རྟ་མ་བཅག །བླ་མ་བཙོངས་ན་ཡང་དྲན་ཚུལ་ཁ་ནས་ཐལ་བ་ཙམ་གྱིས་ང་ཚོས་ནག་ཉེས་འདི་ཙམ་ཞིག་ཁུར་ དགོས་བྱུང་བ་རེད། འདིས་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ནི་མ་རུང་པ་ཞིག་དང༌། ང་ཚོས་མ་རུང་བའི་གནས་བབ་འདི་ལ་རྒོལ་འཛིང་བྱེད་པ་ནི་དོན་སྙིང་རི་བས་ཀྱང་ཆེ་ ངེས་པའི་དངོས་ར་འཕྲོད་པ་ཡིན། ཆོས་ལུགས་ཀྱི་ལྟ་བ་ཏོག་ཙམ་མཐུན་མིན་བྱུང་འཕྲལ་ཁོ་ཚོས་མི་རིགས་ཀྱི་བརྩེ་ སེམས་སྐྱག་པ་བསྐྱུར་བསྐྱུར་བྱས་ནས་ང་ཚོ་ཕྱིར་འབུད་གཏོང་ཐབས་བྱེད་ཀྱིན་འདུག །འདིས་ཀྱང་དོན་དུ་སུ་ཞིག་གིས་མི་རིགས་དང་རྒྱལ་ཁབ་འཚོང་རྩིས་ཡོད་པ་ཤེས་ཐུབ།
དང་པོ་ཞུས་མདོག་མདོག དེང་སང་གི་སྡོམ་པ་ཞུས་སྟངས།
བར་དུ་ཐོབ་མདོག་མདོག དེང་སང་གི་སྡོམ་པ་ཐོབ་སྟངས།
ཐ་མ་ཕུལ་མདོག་མདོག དེང་སང་གི་སྡོམ་པ་ཕུལ་སྟངས།
མཇེ་ལང་ནས་སྡོད་མ་ཚུགས་དུས་རབ་བྱུང་སྡོམ་པ་ཕུལ་རྒྱོ་སྙིང་ནད་སངས་དགོས་པ་དེ་འདྲ་རྒྱབ་ཡོད་ན་ཨང་ཀི་དང་པོ་རེད། དེ་མི་་སྡོམ་པ་ཕུལ་དགོས་རྒྱུ་ཅི་ཡོད། ཅོ་རིས་ཅ་ཅོ་མ་སྒྲོགས་དང་།
ངས་ཀྱང་གཙོ་བོ་རང་དོན་ཆེད་དུ་བསླབ་པ་ཕུལ་བཞག་པ་ཡིན། ཨོཾབཛྲ་ས་ཏྭ་ཧ྄ཱུཾ། ་་་་་་་་་་་
ཨོ་ཉི། ཁྱོས་ཕུལ་བཞག་པ་ཨེ། ནག་ནག་མོ་ལ་ཕུལ་བཞག་པ་་ཡིན་རྒྱུ་རེད་་་་་་་་ཧཧཧཧཧཧཧ
ང་གྲྭ་ལོག་ཞིག་གི་མི་ཚེའི་རྐང་ལམ་ནང་དུ་བསགས་པའི་ཉམས་མྱོང་དང་། གྲྭ་ལོག་གཞན་དག་རྣམས་ལ་སྤྱི་ཚོགས་ཀྱིས་གནོད་ཤུགས་དང་དམའ་འབོད་བྱས་པར་མཐོང་མྱངས་ཡོད། གྲྭ་ལོག་དང་ལྟ་ལོག དམ་ཉམས་དང་བསྟན་བཤིག་སོགས་མིང་ངན་སྣ་ཚོགས་འདོགས་ནས་མི་གྲལ་ནས་ཁྱི་གྲལ་དུ་ཕུད་ཐབས་བྱས་མྱངས་བ་རེད།
ཡིན་ཀྱང་་་གསེར་ས་འོག་ཡོད་ན་འོད་གནམ་མཁའ་ཞེས་པའི་དཔེ་ལྟར། རྒྱུ་འབྲས་དྲང་བདེན་ལ་བརྩི་སྲུང་བྱས་ནས་མི་ཚེ་བསྐྱལ་ཡོང་དུས་གྲྭ་ལོག་རིན་ཐང་ཇི་ཆེ་ཕྱིན་ཡོད། དེང་སང་བཙན་བྱོལ་བའི་ཕ་མ་རྒད་མགོ་ཚོས་རང་གི་བུ་མོ་ལ་གྲྭ་ལོག་ཞིག་མག་པ་ཨེ་རག་བལྟ་མཁན་ཡོང་གི་འདུག
གྲྭ་ལོག་ཞིག་ཡིན་ན་བོད་མི་རིགས་ཀྱི་སྐད་ཡིག་ལ་མཁས་པ་དང་། བོད་ཀྱི་རིག་གནས་མཁས་པ། བོད་ཞེན་ཆེ་བ། རྨོངས་དད་མེད་པ། མི་ཚེ་ཚོད་ལྡན་སྐྱེལ་ཐུབ་པའི་བློ་སྤོབས་ལྡན་པ་སོགས་ཁྱད་ཆོས་སྣ་མང་ཞིག་ཡོད། རྒྱུ་མཚན་འདི་དག་བརྟེན་ནས་གྲྭ་ལོག་རིན་ཐང་ཆེ་རུ་ཕྱིན་ཡོད། དེང་སང་་གྲྭ་ལོག་མི་ལབ་པར་གྲྭ་ཟུར་ཟེར་བའི་ཚིག་གསར་ཞིག་ཀྱང་སྤྱི་ཚོགས་ནང་དུ་བསླེབས་ཡོད། ཧཧཧཧ
ཨ་རིར་ཡོད་པའི་བུ་མོ་ཚོས་གྲྭ་ལོག་ལ་ཁྱད་ཆོས་བཞི་བཞག་འདུག་ཟེར། བརྩེ་བ་ཆེ་བ། བུད་མེད་གཞན་ལ་མི་སྤྱོད་པ། དངུལ་སྒྲུབ་པར་མཁས་པ། འོག་ལས་ལ་ངར་བ་བཅས་སོ། གྲྭ་ལོག་མི་རག་གི་སྡུག་རེད་ཟེར། ཧཧཧཇ
ཨོ་ཉིས་སྡོམ་པ་ཕུལ་ཡིན་གྱི་མ་རེད་ཤོར་བ་ཡིན་གྱི་རེད། ཨོ་མ་རེད་ཁོང་ཚོས་དེ་ལ་ཐེག་པ་གོང་འཕར་ཟེར་བར་གོ་ཐོས་བྱུང། སྐྱིད་པོ་རེད་ངོ་མ་དང་པོ་གྲྭ་བ་བྱས་དེ་རྗེས་མིང་སྐམ་པོ་གཅིག་ཨེ་རེག་ལྟས་དེ་ཐོབ་པ་དང། ཐེག་པ་གོང་འཕར་ཟེར་བ་མིང་རྫིག་པོ་གཅིག་གི་འོག་ནས་་་་ཇི་སྲིད་འཚོ་བའི་བར་དུ་ཁས་བླང་གཡར་དམ་བཅས་པའི་སོར་སྡོམ་དེ་དག་སྐྱག་པ་ནང་བཞིན་དོར་རྐྱང་བྱས། དེ་ནས་གསང་སྔགས་ཕྱག་རྒྱ་མ་ཞེས་མིང་རྫིག་པོ་གཅིག་བཏགས་ནས་ཐིག་ལེ་བདེ་སྟོང་སྒོམ་རབས་དང་ཐིག་ལེ་ཡར་འདྲེན་ཡིན་རབས་སོགས་རྫིག་ཐག་ཆོད་ཅིག་གི་མིང་བྱང་འོག ཕ་སྤྲུལ་སྐུ། མ་མཁའ་འགྲོ། བུ་སྤྲུལ་སྐུ་འཁོར་ནག་གི་རྒྱུ་ནོར་དེ་ལ་ཆགས་ནས་སླར་ཚ་བོ་སྤྲུལ་སྐུ་ཚ་མོ་མཁའ་འགྲོ་་་་་་ཧཧཧཧཧཧ
བན་དེ་བ་ཟེར་བ་བན་ལོག་བོན་ལ་སོང་བ་ཞིག་ཡིན་ས་རེད། ཆུང་དུས་བོན་རྒན་ཞིག་གིས་བསླུས་སོང་བ་ཡིན་རྒྱུ་རེད། ཤ་ཚ་ད་དུང་བགས་ཆགས་ཀྱི་དབང་གིས་མིང་ལ་་་་་་་་
མ་རེད་ནག་མོས་བསླུས་སོང་བ་རེད། བོན་རྒན་གྱིས་བསླུས་ན་ད་མི་འགྲིག་པ་མི་འདུག དང་པོ་ལྷ་མོ་འཛུམ་དཀར་མ། བར་དུ་སྲིན་མོ་གདོང་དམར་མ། ཐ་མ་སྲོག་གཅོད་དབུགས་ལེན་མ་དེ་ཡིས་བསླུས་པ་རེད། དཔེར་ན་ཁྱེད་ནང་བཞིན། ཧཧཧཧ
བན་དེ་བ་ཟེར་བ་འདི་ཕ་ཝཾ་སྒོམ་ཆེན་ནང་བཞིན་བྱ་རིག་དུས་གཤོག་པ་བསྟན། གཅན་གཟན་མཐོང་དུས་སྤར་མོ་སྟོན་མཁན་ཞིག་ཡིན་ཐག་ཆོད་རེད། ཧཧཧཧ
གོང་ལ་བཀུར། ང་ལ་ཡ་རབ་གྱི་གཤིས་ཀ་ཡོད།
ལྷ་ལ་མཆོད། ང་ལ་དགྲ་བོའི་སྔུན་ནས་དཔུང་གྲོགས་བྱེད་པའི་རེ་བ་ཡོད།
བླ་མར་དད། ངས་མི་ཤེས་པའི་དུས་གསུམ་ལ་ང་ཤིན་ཏུ་སྐྲག་གི་ཡོད།
ཆོས་ལ་གུས། ལོ་ངོ་སྟོང་ཕྲག་གི་སྦྱང་བརྩོན་དང་དཔྱད་པ་དག་དེ་ན་ཡོད།
དགེ་མདུན་ལ་ཕྱག་འཚལ། ང་ལ་དགོས་པའི་ལུས་རྩལ་དང་འཕྲོད་བསྟེན་དག་རགས་ཀི་ཡོད།
ལྷ་མེད་ཆོས་མེད་ལ་མི་དགའ། འདི་ཚོས་ཡོད་ཚད་ལ་སྐྱག་པ་ཟ་ཟེར་གི་རེད།
ཆོས་ལུགས་པ་ཚང་མ་ལ་དགའ། འདི་ཚོས་ཆོས་ཀྱི་རྩ་བ་གང་ལ་ཐུག་ཡོད་པ་ཤེས་ཡོད།
བྱིས་བ་ཁ་བདེ་ལ་དགའ། འདིའི་རིགས་སྤྱང་གྲུང་འཛོམས་པ་ཞིག་ཡོང་རྒྱུ་ཡིན་པ་ཐག་གིས་ཆོད་ཡོད།
སྨྲ་ཉུང་ལ་མི་དགའ། རྒྱལ་རབས་དང་ལོ་རྒྱུས་ཚང་མ་ཁོང་ཚོ་མཉམ་དུ་ཤི་འགྲོ་འི་རེད།
ཀ་ངོ་ཤེས་བ་ལ་མི་དགའ། ཁོང་ཚོས་ཀ་དོན་རྟགས་མེད་པ་གསལ་བོ་རེད།
དགེ་བཤེས་ཆེན་མོ་ལ་མི་དགའ། འདི་ཚོས་སངས་ཨེ་རྒྱས་འི་མི་ལྟ་བར་བླུན་པོ་དག་གི་རྫི་བྱས་ནས་འདུག་གི་རེད།
རེད་་་་་་སྐྱ་བོའི་གསེབ་ཏུ་གོས་དཀར་གྱོན།
སེར་མོའི་གྲལ་དུ་གོས་ཆེན་གྱོན།
གཉིས་ཀའི་གསེབ་ཏུ་སྤྲུལ་སྐུར་བརྫུས།
སྐྱ་མིན་སེར་མིན་ཕུང་གསུམ་རེད།
བན་དེའི་བྲལ་དུ་གོས་སེར་གྱོན།།
བོན་པོའི་གསེབ་དུ་གོས་སྔོན་ཅན།།
བན་དེ་མིན་ཞེས་སྨྲས་ན་ཡང་།།
བན་ཆོས་ལས་གཞན་དོན་མ་དམིགས།།
བོན་པོའི་བྱེད་སྒོ་གཅིག་ཀྱང་མེད།།
ད་དུང་བོན་ཞེས་སྐད་གསང་མཐོ།།
བན་མིན་བོན་མིན་ཕུང་གསུམ་པ།།
དེང་སང་བོན་མིང་འདི་དག་གོ།།
སྡོམ་པ་ཞུ་བའི་མཐའ་མར་མཁན་པོས་སྤྲོ་ལགས་སམ་ཞེས་དྲིས་པ་ལ། གལ་ཏེ་གྲྭ་པར་སྤྲོ་བ་ཡོད་ཚེ་སྤྲོ་ལགས་སོ་ཞེས་ལན་འདེབས་བྱེད་དགོས་ཀྱི་ཡོད། དེའི་རྒྱབ་ལྗོངས་ནི་སྡོམ་པ་སྲུང་བ་ལ་སྤྲོ་བ་ཡོད་དང་མེད་ལ་ཐུག་ཡོད་པ་ལས། བཙན་བཀའ་བཏང་བའི་དོན་མེད། དེས་ན་སྡོམ་པ་ནི་རང་དབང་དགྲ་བོ་ཇི་ལྟར་བྱས་ཏེ་ཆགས་སམ། དེ་བཞིན་དུ་འབྲོག་པ་ཞིག་ལ་ཀོ་ཕི་སྤྲད་པ་དང་། མགོ་སེར་བ་ཞིག་ལ་ཀོ་ཕི་སྤྲད་པ་གཉིས་ལ་ཁྱད་པར་ཡོད། སྤྲད་ཡུལ་གང་ཟག་ལ་ལྟོས་ཏེ་རང་དབང་གི་དགྲ་བོ་ཆགས་པ་ལས། ཀོ་ཕིའི་ངོ་བོའི་ཐོག་ནས་དགྲ་བོ་རང་དབང་གི་དགྲ་བོ་ག་ལ་ཡིན།
བྱེད་སྒོ་ཐམས་ཅད་ཡོང་སྒོ་གྲགས་པ་འཐོབ་ཕྱིར་ཡིན།
ཤཀྱའི་དུས་སུ་མཛད་སྒོ་འདི་འདྲ་ཚོགས་རབས་མེད།
ཆོས་ཀྱི་མཛད་སྒོ་གྲྭ་བཙུན་དགའ་བོ་འཁྲབ་ས་རེད།
བླ་བརྫུས་སྤྲུལ་བརྫུས་རྣམས་ཀྱི་ཆེ་ཆེ་འགྱིང་ཆེད་རེད།
སྨོན་ལམ་བརྒྱ་ཕྲག་ཚོགས་ཀྱང་སེམས་པ་གྱོང་གྱོང་རེད།
མཛད་སྒོ་སྟོང་ཕྲག་ཚོགས་ཀྱང་ཁྲི་རྩོད་ཇེ་ཆེ་རེད།
ཉིན་མོར་སྨོན་ལམ་ཚོགས་ནས་མཚན་ལ་ཁྱི་བརྡུང་རེད།
སྐྱ་མིན་སེར་མིན་ར་ལུག་ཁྱུ་ཚོགས་ཡིད་རེ་མུག
༡༡༥༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༢ གི་ཆུ་ཚོད་ ༩ སྐར་མ་ ༠༩
པདྨ་འབྱུང་གནས་གཅིག་གི་ནུས་མཐུ་དང་།།
ཞི་བ་འཚོ་ཡི་ཕུལ་བྱུང་རྣམ་དཔྱོད་ལ།།
བོན་རྒན་ཡོད་ཚད་སྤུངས་ཀྱང་མ་ཐུབ་པས།།
མི་ལོ་སྟོང་ཕྲག་ལྷག་ལ་ལྡང་མ་ནུས།།
ཧཧཧཧཧ
ཚུལ་གསུམ་རིགས་པའི་འགྲོ་སྟངས་ཤེས་ཉིན་ནས།
རྨོངས་དད་མུན་ནག་ཤེས་རབ་འོད་ཀྱིས་བསལ།
མཛེས་མའི་ཤ་གཟུགས་ཡིད་དུ་འོང་ཉིན་ནས།
གྲྭ་ཆས་སྡོམ་པ་གད་རྙིགས་ནང་དུ་གཡུགས།།
མཛེས་མར་ལོངས་སུ་སྤྱོད་པའི་བདེ་བ་འདི།
ས་སྟེང་སྐྱེས་པ་ཕོ་ཡི་ཐོབ་ཐང་རེད།
དབྱར་གྱི་རྔ་བོ་ཆེན་མོའི་ཀི་སྒྲ་འདི།
དུག་གཟན་རྨ་བྱ་མཛེས་མའི་བདེ་སྐྱིད་རེད།།
འདོད་པའི་མོ་ལ་འདོད་ཆགས་སྤྱོད་པ་ལ།
དགེ་བ་མ་གཏོགས་སྡིག་པ་མེད་ནའང།
བན་དེ་ཁྱིམ་སྤངས་བ་ཡིས་སྨོད་ཀྱང་ཆོག
སྔགས་རྒན་ཨོ་ཉི་བ་ཡིས་བསྟོད་ཀྱང་རུང་།།་་་ཧཧཧཧ
པད་འབྱུང་ནུས་མཐུ་ཅན་དེ་བོད་ནས་མཐར་བསྐྲོད་བཏང།
ཞི་འཚོ་མཁྱེན་པ་ཅན་དེ་རྒྱལ་མོའི་རོང་དུ་བསྐྲད།
ཁྲི་སྲོང་ཆུ་ཤིང་རུལ་བ་རྟ་ཡིས་ལྔ་ལམ་བརྫངས།
བསྡུས་རྟགས་བློ་གསུམ་རིགས་པའི་འཕྲུལ་བོ་ཆེ།།
ཕྱག་ཞབས་སྟངས་སྟབས་གར་གྱི་ཐལ་སྒྲ་ཡིས།།
མ་རྟོགས་ལོག་རྟོག་ཐེ་ཚོམ་མགོ་བོ་ལ།།
དྲག་ཏུ་བསྣུན་པས་རྨོངས་པ་འགུམ་དང་ལྷན།།
སྡེ་སྣོད་གསུམ་གྱི་ཚིག་དོན་སྤྱི་དོན་དང་།།
མཐའ་དཔྱོད་མ་ལུས་ཡིད་ངོར་བཙན་གྱིས་བརྫངས།།
དེ་ལྟ་ན་ཡང་མྱོང་གོམ་རྣལ་མ་དེ།།
ད་དུང་མཉམ་པར་ཞོགས་ལ་ལྷོད་ཀྱིས་ལྟོས།།
ཅོག་རི་བ་གཅིག་ཅེ་ན་ང་གཉིས་ཕ་ཡུལ་གཅིག་པ་ཡིན་ས་རེད། ཧཧཧཧཧཧ
དཔལ་ལྡན་ཐལ་འགྱུར་བས། སྡོམ་པ་གཟུགས་སུ་གསུངས་པ་དེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སམ། ཆོས་ཀྱི་སྐྱེད་མཆེད་ཀྱི་གཟུགས་སུ་འཇོག་དགོས་སྙམ། དེ་ཀློག་དཔར་འོག་གསལ་ཨེ་ཐུབ། ཐུབ་ན་ཡག་པོ་རེད། མིག་ཤེས་ཀྱི་གཟུང་བྱར་གྱུར་པའི་དབྱིབས་དང་ཁ་དོག་གི་གཟུགས་དེ་རང་འཇོག་དཀའ་མོད་གཟུགས་ཤེས་གང་ཡང་མིན་པའི་ལྡན་མིན་འདུ་བྱེད་རང་ཡང་མིན་པའི་གཟུགས་སུ་བསྡུས་པ་ཞིག་ལ་འཇོག་ན་ཆོག་སྙམ། སྡོམ་པ་ལུས་ངག་ཡིད་གསུམ་ལས་ཡིད་ནི་གཙོ་བས་སྲུང་སེམས་ངེས་པར་སྔོན་དུ་འགྲོ་ན་ལས་དེ་མིན། སྲུང་སེམས་མེད་ཁ་གསག་སོགས་ལོག་འཚོ་དག་ལུས་ངག་ཐོག་མཛེས་མཛེས་པོ་སྙན་སྙན་མོ་ཡིན་རུང་ཕྱི་ཚུལ་ཙམ་དུ་གྱུར་ངེས།
ཡང་གལ་ཆེ་བ་ཞིག་ལ། སེམས་རྒྱ་ཡན་དུ་ཤོར་ཡང་ལུས་ངག་བཙུན་པོར་གནས་ཐབས་དེ་སོ་ཐར་སྡོམ་པའི་སྐབས་གལ་ཆེ་བ་ཡིན་སྙམ། སེམས་གཡེང་བ་ལས་སྲུང་རྒྱུ་ནི། དེ་བས་ཁག་པོ་ཡིན། དཔེར་ན་སྲོག་གཅོད་ཀྱི་གནོད་སེམས་བཅང་རུང་། དངོས་སུ་སྲོག་གཅོད་ཀྱི་ལས་ལམ་མ་རྫོགས་པར་ལུས་སྲུང་ནས་བསྡད་ཐུབ་པ་ཡིན། གཞན་གྱི་རང་ལ་གནོད་ཚབས་ཆེན་པོ་བྱས་པ་དེས་མ་བཟོད་པར་གསོད་སེམས་དྲག་པོ་རྒྱུན་མར་ཡོད་རུང་། དེའི་ཀུན་ནས་བསླང་བའི་ལུས་ཀྱི་བྱ་བ་དངོས་སུ་མ་ཐོན་ན་སྲོག་གཅོད་ཀྱི་ལས་མ་བསགས་ཀྱང་། གཞན་ལ་གནོད་པའི་བསམ་པ་ཡོད་པས་འཚེ་བ་ཡིན་རུང་སྡོམ་པ་ཤོར་བ་མིན་པ་ལྟ་བུར་སྙམ། དེ་བཞིན་བུད་མེད་ལ་ཆགས་པས་གཟིར་རུང་མི་ཚངས་སྤྱོད་ཀྱི་ཕམ་པས་ངེས་པར་གོས་མི་དགོས་པ་ཡང་ཡོད།
སེམས་པ་ཤོར་ཡང་བཙན་བཀག་བྱས་པ་དེས་ཁར་ཐུག་སེམས་ངལ་ཆེ་ཡང་། ཆོས་ལ་བརྟེན་ནས་ག་ལེར་སེམས་ལ་སྦྱོང་བརྡར་བྱས་ནས་སེམས་འདུལ་ཐབས་ཡོད་འདུལ་ཁྲིམས་དེ་གསུངས་པར་ངེས། གལ་ཏེ་སེམས་ནས་བསམ་པ་དང་དངོས་མི་གསོད་པར་ཕྱིན་ན་འཇིག་རྟེན་མི་ཁྲིམས་ནས་བཙོན་འཇུག་ཉེས་མང་ཕོག་པས་མ་ཟད། ཆོས་དང་འགལ་དང་ཡང་འགལ་ནས་རང་དབང་ཕར་བཞག་དཀའ་ངལ་ཉེས་ཆད་འོག་མིང་ལ་ལག་དམར་སོགས་ཟེར་ནས་རྙོག་དྲའི་གཟེབ་ཏུ་ཚུད་ན་རང་དབང་གི་དགྲ་བོ་དངོས་གནས་ངོ་ཆ་འཕྲོད་ཡོང་བསམ། དེས་ན། སྡོམ་ཁྲིམས་ལེགས་པོར་མ་སྲུང་བ་དེ་ནི་དཀའ་ངལ་གྱི་འབྱུང་རྩར་གོ་ཐུབ་ལ། འཕྲལ་སེལ་གྱི་རང་དབང་ལ་རྔམ་ནས་ཕུགས་རྒྱང་གི་རང་དབང་དོར་བ་ནི། དུག་ཅན་གྱི་བྱེ་རིལ་དངར་མོ་ཟོས་པ་དང་མཚུངས་པར་སྙམ།
རིགས་ལྡན་རྒྱལ་པོ་ལགས། སྤྱིའི་ཆ་ནས་གྲྭ་ལོག་ང་ལྟ་བུ་ཞིག་གིས་སྡོམ་པའི་སྐོར་བཤད་ཐོབ་ཐང་ཅང་ལྷག་ཡོད་པ་མ་རེད། དགེ་སློང་གཙང་མ་དག་པ་ཚོའི་སྐུ་མདུན་དུ་ངོ་ཚ་རོགས་རེད། ཡིན་ཀྱང་ཆུ་ཡི་ཉ་མོ་ལག་ལེན་ཆུ་ལ་ཟབ་ཅེས་པ་ལྟར་སྡོམ་ཚུར་ལེན་མྱངས་ལ་ཕར་གཡུགས་མྱངས་བའི་ཉམས་མྱོང་ཡོད་པས་སྐད་ཆ་ཏོག་ཙམ་ཐལ་ཤོར་སོང་།
རེད་་་་རྣམ་པར་རིག་བྱེད་ཀྱི་གཟུགས་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གཉིས་བཤད་དགོས་ཐུག་འོང་གི་འདུག་ག འགྲོ་བ་མིའི་ལུས་ལ་ཚན་རིག་པའི་འཕྲུལ་ཆ་བེད་སྤྱོད་ནའང་མཐོང་མི་ཐུབ་པའི་གཟུགས་ཤིག་ཡོད་གསུངས་ན་་་་དེང་གི་འཛམ་གླིང་ཐོག་གི་ཚན་རིག་རྒད་པོ་ཚོས་སྣ་དགོད་བྱེད་ཀྱི་རེད་འདོད།།
ཆོས་ལུགས་གྲུབ་མཐའ་གྱི་གནད་དོན་འདི་ཚོ་མང་ཆེ་བ་ཞིག་ཤིན་ཏུ་ལྐོག་གྱུར་ལ་མགོ་བཏགས་ནས་བསྡད་དགོས་པ་འདི་ཡང་ཡག་རྟགས་ཤིག་ཅང་མ་རེད་འདོད་དོ།།
དམ་ཉམས་གྲྭ་ལོག་ཡིན་རབས་དང་། འདྲེ་ལ་རྨོངས་དད་མེད་རབས། བཤད་པའི་ཐོབ་ཐང་མེད་རབས། དྲན་པ་རང་བཞིན་དུ་མི་གནས་པའི་རྟགས་འདི་ཚོ་མི་དམངས་ཤོག་སྒོར་གྱི་ར་གཟི་སོང་པ་འདྲ།
དམ་ཉམས་གྲྭ་ལོག་ཡིན་རབས་དང་། འདྲེ་ལ་རྨོངས་དད་མེད་རབས། བཤད་པའི་ཐོབ་ཐང་མེད་རབས། དྲན་པ་རང་བཞིན་དུ་མི་གནས་པའི་རྟགས་འདི་ཚོ་མི་དམངས་ཤོག་སྒོར་གྱི་ར་གཟི་སོང་པ་འདྲ། ཡག་རྟགས་མ་རེད།
༥༧༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༢ གི་ཆུ་ཚོད་ ༩ སྐར་མ་ ༢༥
པད་འབྱུང་ནུས་མཐུ་ཅན་དེ་བོད་ནས་མཐར་བསྐྲོད་བཏང།
ཞི་འཚོ་མཁྱེན་པ་ཅན་དེ་རྒྱལ་མོའི་རོང་དུ་བསྐྲད།
ཁྲི་སྲོང་ཆུ་ཤིང་རུལ་བ་རྟ་ཡིས་ལྔ་ལམ་བརྫངས།
ཞེས་པའི་ལན་དུ།
པད་འབྱུང་ནུས་མཐུ་ཅན་དེ་བཀའ་དྲིན་ཆེ། །
ཞི་འཚོ་མཁྱེན་པ་ཅན་དེ་བྱིན་རླབས་ཆེ། །
ཁྲི་སྲོང་འཇམ་དབྱངས་དངོས་དེ་གཟི་བརྗིད་ཆེ། །
མཁས་དབང་ཀ་མ་ལ་ཤི་མཁྱེན་རྒྱ་ཆེ། །
ཆེ་བའི་ཆ་མཆོག་བཞི་ལ་གུས་ཕྱག་འཚལ། །
སྐུ་ངོ་ཅོ་རི་ལགས། ངོས་ཀྱི་བསམ་པར། ཁ་རྒྱགས་པ་ཆགས་མདོག་རེད་དེ། གང་ལྟར་དགེ་ཆོས་གསུངས་པ་བཞིན། རིག་གསར་གྱིས་གོམ་གང་སྤོ་སར་ནང་ཆོས་གོམ་དོ་སྤོ་གསུངས་པར་རྩིས་འཇོག་ཁྱོན་མེད་པ་རང་ཨེ་ཡིན་ནམ། རྒྱུ་མཚན་གཅིག་ཞུ་ན། ཤེས་བྱ་ལ་རྟག་མི་རྟག་དང་མི་རྟག་པ་ལ། བེམས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་མཚན་རིག་པས་བེམས་རྫས་ལས་གཞན་གཉིས་གསལ་ཁ་ད་དུང་གཏོད་རྒྱུར་ལུས་ཡོད་སྙམ། མཚན་རིག་བགྲེས་སོང་ཨ་ར་ཅན་དག་ཚད་མའི་སྐྱེས་བུར་འཇོག་ཨེ་ཐུབ་བམ། ཁོང་ཚོ་ནི་ད་ལྡ་རྩོལ་བཅས་ཀྱི་དཔྱད་པའི་སྒང་ནས་འགྲོ་བཞིན་པ་ལས་མཐར་ཐུག་དེར་སླེབས་ཨེ་ཡོད། ཡོད་ན་གོང་མས་དཔྱད་དོན་དང་གྲུབ་དོན་དེ་ལ་འགྱུར་བ་མི་སྲིད་པའི་དམ་བཅའ་ཚད་མ་གང་ཡོད་དམ་སྙམ། མཚན་རིག་དང་དེང་མཚན་ནི་མུ་མཐུད་མདུན་བསྐྱོད་གསར་རྙེད་ཡར་རྒྱས་འགྲོ་མུས་སུ་གོ་འཕང་མཐར་ཐུག་དེར་འབྱོར་མེད་སྙམ། མུ་བྲིས་ཡོང་ཞུ།
མཁན་སློབ་ཆོས་གསུམ་ཉི་ཟླ་སྐར་གསུམ་རྨད།།
བོད་ཡུལ་མུན་པ་སེལ་བའི་ཟླ་མེད་དྲིན།།
སྟོང་གསུམ་རིན་ཆེན་བཀང་ཡང་བསྒྲུན་དུ་མེད།།
དྲིན་ཅན་རྣམ་གསུམ་དྲིན་ལན་འཁོར་བར་སྨོན།།
དྲན་དཀར་བན་ནག་འདི་ཨ་ཁུ་ཁྲོ་ཐུང་འདྲ་བ་མགོ་གཉིས་ཅན་ཞིག་རེད། གླིང་གི་སྟོད་ལ་ཕྱིན་ནས་གཅིག་དཀྲུགས་གླིང་གི་སྨད་ལ་ཕྱིན་ནས་གཅིག་དཀྲུགས། གང་ལྟར་དབྱེན་དཀྲུག་དང་སྒྲོ་འདོགས་འུར་ཟིང་རྒྱགས་རྒྱུ་ནི་ཁོ་པའི་ཁྱད་ཆོས་ཡོད་ན་མེད་ན་གཅིག་རེད་ལ་ཁ་ནས་མི་དམངས་ཤོག་སྒོར་ལས་ཐོན་རྒྱུ་མེད་པ་འདིས་མི་དམངས་ཤོག་སྒོར་མང་པོ་ཟ་རྒྱུ་བྱུང་བ་ཡིན་པ་འདྲ། ཡང་གཅིག་མིན་ན་མི་དམངས་ཤོག་སྒོར་ལ་འདོད་རྔམས་སྐྱེས་པ་མིན་དྲོ།
རིགས་ལྡན་རྒྱལ་པོ་ཆེན་པོ་ལགས། ང་ཟས་ཁང་ལག་གཡོག་ཞིག་ལ་སྐུ་ངོ་འབོད་ནས་མཐོང་ཆུང་མ་གཏོང་རོགས། དཔའ་བོས་སྡར་སྐད་རྒྱབ་པ་འདི་དཔའ་སྐད་ནང་གི་ཆེ་བ་རེད།
གཡོག་ལ་དཔོན་མིང་འབོད་པ་འདི་དམའ་འབོད་ནང་གི་ཆེ་བ་རེད་ཅེས་པ་ལྟར་སྐུ་ངོ་ཞེས་འབོད་ནས་མི་འདོད་པའི་རྣམ་འགྱུར་སྟོན་འོང་དུས་བཤད་འདོད་མེད་པ་ཆགས་འགྲོ་གི་འདུག
བློ་མཐུན་གསེར་ལགས། རྒྱ་ནག་གི་སྲིད་བློན་རྒྱ་གར་བསླེབས་དུས་རྒྱ་གར་བས་བོད་མི་རྣམས་དམ་དྲག་བྱས་སྟངས་ལ་གཅིག་གཟིགས་དང་། ངོ་མ་ག་རེ་ཡིན་ཟེར་དགོས་རེད། ཁོང་ཁྲོ་ལང་ཡ་འདྲ་ཞིག་འདུག་་་ཧན་དིང་ཙེ་ན་བྷ་ཡེ་བྷ་ཡེ་ཟེར་བའི་སྲིད་ཇུས་ངན་པ་འདི་མཇུག་རྫོགས་ས་མ་རེད། ག་རེ་བྱེད་ན་དགའ་འམ།
འོ། ཅོ་རི། དེ་ད་རྒྱ་གར་ཚང་ལ་ཡང་ཁག་ཡོད་པ་མ་རེད། མགྲོན་པོ་མི་གཙོ་ནི་ཞིག་ཡོད་རྒྱུ་མ་རེད། ལྷག་པར་དུ། བོད་རྒྱ་གཉིས་དགྲ་ཡིན་པ་ཤེས་བཞིན་དུ་གང་གཟབ་མ་བྱས་ན། མགོ་ལོག་རྩེས་མི་ཡོང་བའི་ངེས་བ་མེད། ཡིན་ན་ཡང་། ད་རེ་རྒྱ་གར་ཚང་གིས་བོད་སྡུག་མ་གླེང་ན། རྒྱ་གར་འདི་ཡང་ལྟོ་བཅོལ་ས་ཞིག་ལས་དོན་བཅོལ་ས་ཞིག་མི་ཉན་པའི་བོད་ཀྱི་གྲོགས་པོ་སྡུག་ཐུག་ཞིག་ཡིན་པའི་ར་འཕྲོད་ངེས་རེད། དེ་ནས་ང་ཚོས་གང་ལ་གོམ་པ་གཉིས་པ་དེ་སྤོ་དགོས་བ་ཡང་ཤེས་ཚོད་རེད།
ཙབ་ཙབ་ཙབ་། ཙབ་ཙབ། ཁྱི་ཕྲུག་ཆོད་མེད་ཚོ་ཤོག། ངས་ཁྱོད་ཚོ་མི་ཤ་རྙིང་པ་སྟེར་ཆོག གསེར་ཅོ་གཉིས་ཤོག
http://blog.amdotibet.cn/ogyenling/archives/89543.aspx
འདི་ཡང་བོན་པོའི་ལོག་བཤད་ལ་བརྟགས་ཏེ་བྲིས་པ་ཡིན
༧༡༽ ཨོ་རྒྱན་ཉི་མ་ལགས།
ད་བོན་བསྟོད་ཅིག་རྩོམ་རོགས་གནོངས་དང་། ཐུགས་རྗེས་གཟིགས། ཁྱེད་ཀྱི་བོན་གསར་པ་དེ། ངས་བསྒུག་ནས་སྡོད་དོ། །
ཅོ་རི་ལགས། སྐུ་ངོ་ཞེས་བསྟོད་ཚུལ་གྱིས་སྨད་པ་ཞུས་པ་མིན་ཕན་ཚུན་ཉེ་པོ་ཡིན་ཚུལ་བྱས་པ་ཡིན། འོན་ཏང་གནད་འགག་མེད།
སྐབས་དོན་ལ་ཕེབས་ན། མཚན་རིག་པ་ཚོར། ད་ལྟའི་ཆར་ཤིན་ལྐོག་ལྟ་ཅི་ཅུང་ཟད་ལྐོག་གྱུར་ལས་བདག་མེད་དང་མི་རྟག་པ་ལས་མི་རྟག་པ་དང་། དེ་ལས་བེམས་གཟུགས་སྟེང་ནས་དབྱིབས་ཚོན་འགྱུར་འགྲོས་ལ་ཞིབ་ཚགས་གྲུབ་དོན་ཡོད་པ་ལས། ནང་ཤེས་པ་ཞེས་ཕལ་ཆེར་ཚོར་བ་ཙམ་ལས་གྲུབ་དོན་ངེས་པའི་ཡོ་བྱད་ཕྲ་མཐོང་ཆེ་ཤེལ་འོག་གསལ་པོར་མ་ཤར་བར་མང་པོ་དག་ལུས་ཡོད།
བྱས་ན་མི་རྟག་པའི་ཁྱབ་ཅེས་པའི་རྗེས་ཁྱབ་ཀྱི་རྣམ་གཞག་ཇི་སྲིད་འཇོག་མ་ཐུབ་པར། ཕྱི་རོལ་ཡོ་བྱད་བརྒཡུད་བཀོལ་གྱིས་ཤེས་བྱའི་ཕ་མཐར་སླེབས་རྒྱུ་མི་སྲིད་དེ། ནམ་མཁའི་མཐས་ཐུག་གཟུགས་ཅན་ཚད་མེད་ཅིག་ཇི་ལྟར་འཇོག་གམ། ཇི་སྲིད་ནམ་མཁའ་གར་ཁྱབ་ཀྱི་དངོས་པོ་དབྱིབས་ཚོན་བྲལ་བ་ཞིག་འཇོག་མ་ཐུབ་ན། དཔྱད་མཐའི་གྲུབ་དོན་ཡང་དག་པར་གཏན་ལ་ཕབ་མ་ཐུབ་པར་ཤུལ་དུ་གང་ཡང་ལུས་པའི་རྣམ་གཞག་དེར་ངེས་བརྟན་མེད་དེ། ལྷན་གྱིས་ཕྱོགས་ལྷུང་མཐར་འཛིན་འོག་དཔྱད་པ་མ་རྫོགས་པར་དོན་དམ་ངང་གནས་མི་ཐུབ་སྙམ་མོ།།
མི་རྟག་པའི་སྐོར་ཡང་རྫས་འགྱུར་ཕྲ་མོ་ཙམ་ལས་རྟག་འཛིན་ལ་གནོད་པའི་མི་རྟག་པ་ཕྲ་མོ་དེ་ཤེས་ཀྱི་ཨེ་ཡོད་དམ། འཕྲུལ་ཆས་དང་དབང་ཤེས་ལ་སྣང་བ་དེ་ཙམ་ནས་ཚིམས་ཏེ་གནས་ལུགས་འཇོག་པར་སྙམ་མོ། ངེས་ཤེས་སྐྱེ་ཚུལ་དེ་དབང་ཤེས་ལ་སྣང་ཙམ་ནས་དབང་ཤེས་ཀྱིས་རྟོགས་ཚུལ་རྫོགས་པས་སྣང་བའི་སྒང་ནས་མ་གཏོགས་ཡུལ་མུར་ཐུག་གི་བར་ཞིབ་ཚགས་མ་ཕྱིན་པར་དབང་ཤེས་ལས་ཡིད་ཤེས་ཀྱི་སྐོར་འཇོག་མ་ཤེས་པར་ལུས་པ་དེས་གནད་འགག་མིན་མམ་སྙམ།
ལུང་ཙམ་གྱིས་ཤིན་ལྐོག་དཔོག་མི་ཐུབ་པས་ཚད་མ་རྣམ་འགྲེལ་གྱི་དགོས་དམིགས་གཙོ་བ་ནི། ལུང་ཙམ་སྒྲུབ་བྱེད་མ་རེད་གཙོ་བོ་རིགས་ཉིད་ཀྱིས་དབྱེ་དགོས་དོན་ནན་གྱིས་བསྟན་པར་མཛད་ཡོད། ཕལ་ཆེར་འདིར་ནན་གྱིས་ཐག་ཆོད་པ་ལ་ཚད་མ་རྣམ་འགྲེལ་དང་རྟེན་འབྱུང་རིགས་པའི་རྒྱལ་པོའི་འགལ་ཟླར་ལངས་པའི་ལུང་ཙམ་གྱིས་དགོས་པོའི་གནས་ལུགས་གཏན་ལ་འབེབས་པ་དང་། ཤིན་ལྐོག་རྨོངས་དད་དག་ནི་དབུ་ཚད་རིགས་པའི་ཁ་གཏད་དུ་སླེབས་ཡོད་སྙམ།
ཤཱཀ་ཐུབ་བཀའ་དངདེ་ཡི་དགོངས་འགྲེལ་ལ།།
ལྟོས་བཞིན་བོན་པོའི་མིང་གི་ཅོད་པན་འཛིན།།
རྒྱལ་རབས་ལོ་རྒྱུས་ཕལ་ཆེར་རྫུན་བཟོ་མཁན།།
དེང་གི་བསྒྱུར་བོན་དག་ལ་ཕྱག་འཚལ་ལོ།།
༧༤༽ ཨོ་རྒྱན་ཉི་མ་ལགས་ཀྱིས།
བོན་རིགས་ཅིག་ལ་ཕྱག་འཚལ་ཐུབ་པ་ནི། རྗེས་སུ་ཡི་རང་ཆེན་པོ་ཡོད་ལགས།
བློ་མཐུན་ཅོ་རི་ལགས། གཞི་རྩའི་རྒྱ་གར་གྱིས་གུང་ཁྲན་ཏང་མི་འགྲོན་པོར་བསུ་དུས་བོད་མིའི་ངོ་རྒོལ་ལས་འགུལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་ནི་འཆར་ཅན་འདྲ་ཞིག་རེད་ལ། རྒྱ་གར་གྱི་དམངས་གཙོ་ར་ལང་ཆ་ལང་གི་ལམ་ལུགས་འདིའི་ནང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་བ་བཙོན་དུ་འཇུག་པ་དང་རྒྱུགས་རྡུང་གཏོང་བའི་ལམ་ལུགས་ངན་པ་གཅིག་ཡོད་པ་རེད།
བྱས་ཙང་རྡོ་ཡར་བཏེགས་ནས་རང་གི་རྐང་པར་ཞུ་བའི་ལམ་ལུགས་འདི་སོ་སོའི་རྐང་པ་ན་རོགས་མ་གཏོག་ཅང་མེད་པ་རེད།
མ་གཞི་ངས་སྔོན་ཞུས་ལྟར་ཕག་མིག་གིས་ལྟ་བའི་ལམ་ལུགས་འོག་གནས་སྐབས་ཀྱི་ཁེ་ཕན་གཞི་རྩར་བཟུངས་བ་མ་གཏོག་ཕུགས་རྒྱང་གི་ཁེ་ཕན་མཐོང་གི་མེད་པ་དེ་རེད། དེས་ན་རྒྱ་གར་མི་དམངས་རང་བཞིན་དང་ལྷག་པར་དུ་ཧི་མ་ལའི་རི་བརྒྱུད་ཀྱི་མི་རིགས་དེ་ཚོས་སེམས་གཏིང་གི་རྒྱ་ནག་ལ་ལྟ་སྟངས་ཀྱི་རྣམ་འགྱུར་དེ་ཏང་འགྲོན་སུ་སླེབས་ན་ཡང་བཏོན་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད། དེ་ནི་རྒྱ་གར་མི་རིགས་གཅིག་ཡིན་པའི་ཆ་ནས་ཐོབ་ཐང་ཆ་ཚང་ཡོད་པ་རེད། འདི་ཚོ་དང་ང་ཚོ་ལག་གདང་སྦྲེལ་དགོས་པར་འདོད།
སྡོམ་པ་མེད་ན་ཕྱུགས་ལས་དམན། །
སྒྲིག་ལམ་མེད་ན་ཆུ་སྨྱོན་རེད། །
བསམ་བློ་མེད་ན་གླེན་པ་ཡིན། །
ལོག་ལྟ་མང་ན་ཕུངས་ལ་སྦྱར། །
སྡོམ་པ་མེད་པའི་ཚ་བ་མདའ་སྨྱོན་ཁོ་གང་དྲན་ཅི་དྲན་བྱེད་ཉིང་འདོད་ནས་སྡོམ་པ་ལ་རང་དབང་གི་དགྲ་བོ་རུ་མཐོང་བ་རེད། ནང་པ་ཞིག་ཡིན་ན་ནི་ཆོས་སྤོངས་ཀྱི་ལས་ངན་རེད། འཇིག་རྟེན་གྱི་ཆ་ནས་བཤད་ན་ཁྲིམས་འགལ་རེད། ཁྲིམས་དང་སྡོམ་པ་མེད་པའི་སྤྱི་ཚོགས་ཤིག་སྐྲུན་ཐབས་མ་བྱེད་རོགས། དེང་སང་འཛམ་གླིང་ནང་ལ་རྙོག་ལོང་མཁན་ཚང་མ་སྡོམ་པ་དང་ཁྲིམས་ལ་མི་དགའ་མཁན་ཁོ་ན་ཡིན་པ་གསལ་པོ་རེད། སྡོམ་པ་རང་དབང་གི་དགྲ་བོ་རེད་ཟེར་བ་དང་ཆོས་དུག་རེད་ཟེར་བ་གཉིས་གཅིག་པ་རེད།