སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ།
སྤྱིར་བཏང་ “བ་ཡིག”ལ་ཝར་འབོད་པའི་གནས་སྐབས་ཡོད་དེ། ངག་སྒྲོན་རྩ་བ་ལས། བདེ་འོ་ལ་སོགས་རྫོགས་ཚིག་ལ། །འོ་ཉིད་སྤྱི་བོ་ལ་སོགས་པའི། །མིང་ལ་བ་ཕྱེད་ཝ་ཉིད་དོ། །ཞེས་གསུངས་པ་ལྟར། སྤྱི་བོ་དང་དགའ་བོ་ལ་སོགས་པའི་མིང་གི་ཆ་ལ་བ་ཕྱེད་མའི་ཝ་ཉིད་ཐོབ་པ་ནི་ཁོ་བོ་ཅག་གིས་ཀྱང་འདོད་ལ། མ་ཟད་ཝ་ཡིག་ལ་“མེད་ཀྱང་རུང་བའི་ཡི་གེ་གཅིག”ཅེས་བརྗོད་པས་ཀྱང་གོ་ནུས་སོ། །འོན་ཀྱང་ཨ་མདོ་བས་ནི་“བ”ལ་རྣམ་པ་ཐམས་ཅད་དུ་ “ཝར”འབོད་དགོས་པར་འདོད་པ་ནི་ཤིན་ཏུ་ནོར་ཞིང་གནོད་བྱེད་ཀྱང་ཆེན་པོ་གཉིས་ཡོད་དེ།
གནོད་བྱེད་དང་པོ་ནི། དེ་ནི་ཡི་གེའི་སྐྱེ་གནས་དང་ཡོངས་སུ་འགལ་བ་ཡིན་ཏེ། པ་སྡེ་ཡོངས་རྫོགས་སྐྱེ་གནས་“མཆུ”དང་། “བྱེད་པ”མཆུ་སྦྱར་ཞིང་བཙུམ་པ་ལས་འབྱུང་བར་བཤད་ཅིང་འདོད་དགོས་པས། མཆུ་སྦྱར་ཞིང་བཙུམ་ནས་“ཝ”སྒྲ་ཐོན་ཐུབ་ན་ཕོ་ཁྱོ་ག་ཡིན། པ་ནས་མའི་བར་གྱི་ཡི་གེ་ཐམས་ཅད་སྒྲ་དམ་ལྷོད་ཀྱི་ཁྱད་པར་ཙམ་ལས་ཐམས་ཅད་སྐྱེ་གནས་དང་བྱེད་པ་མཚུངས་པས། གལ་ཏེ་བ་ཡིག་ལ་ཝར་འབོད་ན། པ་ཡིག་སོགས་གཞན་ལའང་ཝར་འབོད་དགོས་པར་འགྱུར་ཏེ། རྒྱུ་ཚོགས་ཚང་བའི་ཕྱིར་རོ། །དེས་ན་དོན་དངོས་ལ་ “ཝ”ནི་བ་ཡིག་དང་མི་འདྲ་བར་མཆུ་ཅུང་ཟད་རུབ་ཙམ་བྱས་ཏེ་མགྲིན་པའི་ཁོང་ནས་སྐྱེས་པའི་ཕྱིར་རོ། །ཨ་མདོ་བས་བསྒྲིགས་པའི་གསེར་ཏོག་སུམ་རྟགས་ཀྱི་ཡི་གེའི་སྐྱེ་གནས་སོགས་ཀྱི་དཔེ་རིས་དང་། དེའི་རྗེས་འབྲང་གི་དག་ཡིག་གསར་བསྒྲིགས་སོགས་སུའང་ཡི་གེ་སྐྱེ་གནས་བཤད་པ་ན་གོང་དང་འདྲ་བར་བཤད་ཅིང་། འཐད་ལྡན་དུ་བྱེད་དགོས་པས་སོ། །
གནོད་བྱེད་གཉིས་པ་ནི། གཞན་ཡང་སློབ་དཔོན་ཐོན་མིས་རྒྱ་གར་གྱི་ཡི་གེའི་པ་སྡེ་ प फ ब भ म (པ་ཕ་བ་བྷ་མ།) རྣམས་ལས་མཐུག་པོའི་ཡི་གེ་བྷ་ཡིག་ “भ”དོར་ནས་གཞན་རྣམས་སོར་བཞག་བྱས་པ་ཡོངས་གྲགས་ཡིན་ཞིང་། དེ་ལྟར་དུ་ཁས་ཀྱང་བླངས་དགོས་ལ། དེ་ལྟར་ན་རྒྱ་གར་གྱི་ཡི་གེ་“ब”ཡིག་གི་དོད་ནི་བོད་ཡིག་གི་“བ”ཡིན་ལ། གལ་ཏེ་དེ་ལ་“བ”“ba”ཞེས་མི་འབོད་པར་“ཝ””va”ཞེས་འབོད་པ་ཡིན་ན། ནོར་བ་ཤིན་ཏུ་གསལ་ལ། མ་ཟད་རྒྱ་གར་གྱི་བ་ཡིག་སོར་བཞག་ཏུ་ཁས་བླངས་པ་དང་ཡང་ཡོངས་སུ་འགལ་ལོ། །དེ་ལྟར་ན་ངེད་ཅག་བོད་པར་རྒྱ་གར་གྱི་ཡི་གེ་ “ब”་ཡིག་གི་དོད་མེད་པར་ཁས་བླང་དགོས་པར་ཡང་འགྱུར་རོ། །
མ་ཟད་དབྱིན་སྐད་ཀྱི་
boy ལ་“ཝོཡེ”དང་།
ball ལ་“ ཝོལ”དང་།
baby ལ་“ཝེབྷི”
bollywood ལ་“ཝོ་ལི་འུཊི”སོགས་ཤིན་ཏུ་མཚར་བ་དག་སྨྲ་དགོས་པར་འགྱུར་རོ། །
ཨ་མདོ་བའི་མཁས་པ་མང་པོ་ཞིག་གིས་བ་ལ་ཝར་འབོད་པ་ནི་བརྗོད་པ་ཡང་དག་པ་ཡིན་ཚུལ་ཨུ་ཚུགས་མཐར་སྐྱེལ་གནང་ཞིང་། དེའི་རྒྱུ་མཚན་ལ། རྟགས་འཇུག་རྩ་བར། ཝ་ནི་བ་དང་སྦྱར་བར་བྱ། །ཞེས་པའི་ཚིག་འདི་ལ་ཁུངས་བཅོལ་བར་མཛད་མོད། རྩ་ཚིག་དེས་ནི་བ་ལ་ཝར་འབོད་དགོས་པའི་རྒྱུ་མཚན་ཅི་ཡང་བསྟན་མེད་དོ། །དེས་ནི། ཝ་ཡིག་འདི་ཕོ་མོ་མ་ནིང་སོགས་གང་གི་ཁོངས་སུ་གཏོགས་ཤེ་ན། དེ་ནི་གོང་དུ་བཤད་པའི་བ་ཡིག་དང་མཚུངས་པར་མོ་ཡིག་གི་ཁོངས་སུ་བསྡུ་བར་བྱའོ་ཞེས་པའི་དོན་ཙམ་བསྟན་པ་ཡིན་ཏེ། སི་ཏུ་འགྲེལ་ཆེན་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་སོགས་ནས། དེའང་སྡེ་པ་བཞི་པོ་རྣམས་ཀྱི་དང་པོ་ཀ་ཅ་ཏ་པ་རྣམས་ཕོ་དང་། གཉིས་པ་ཁ་ཆ་ཐ་ཕ་རྣམས་མ་ནིང་དང་། གསུམ་པ་ག་ཇ་ད་བ་རྣམས་མོ་དང་། བཞི་པ་ང་ཉ་ན་མ་རྣམས་ཤིན་ཏུ་མོར་དབྱེ་བར་བྱའོ། །དེར་མ་ཕྱེ་བའི་ལྷག་མ་ཙ་སྡེ་ཕྱེ་ན་ཡི་གེ་བཅུ་བཞིར་གནས་པ་ལ། ཙ་ལ་སོགས་པ་སྟེ་ཙ་ཚ་ཛ་གསུམ་ནི་རིམ་བཞིན་སྔར་བསྟན་པའི་ཅ་ལ་སོགས་པ་གསུམ་དང་སྦྱར་བར་བྱ་སྟེ། ཙ་ཕོ་ཚ་མ་ནིང་ཛ་མོར་ཤེས་པར་བྱའོ། །དེ་བཞིན་དུ་ཝ་ནི་བ་དང་སྦྱར་བས་མོ་དང་། ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ཀྱང་མོའི་ཡི་གེར་སྦྱར་བར་བྱའོ། །ཞེས་གསུངས་སོ། །
མདོར་བསྡུས་ན། ཨ་མདོ་བས་བ་ཡིག་ཡོད་ཚད་ལ་ཝར་འབོད་པའི་ཁུངས་གང་ཡིན་དང་། འབོད་དགོས་པའི་རིགས་པའི་སྒྲུབ་བྱེད་རྣོ་ཞིང་ངར་བ་ཞིག་ཅིས་ཀྱང་གནང་སྐྱོང་ཡོང་བར་ཞུ་ཞེས་རེ་སྐུལ་ཞུའོ།། །།
སྒོམ་སྡེ་ལྦ་ལེགས་ཀྱི་གསུང་ལྦ་ལ་མངོན་པར་ལྦསྟོད་ཏོ་། ལྷ་རམ་པ་མཆོག་ལ་་ལྦ་མོའི་འོ་མ་ཕོར་ལྦ་གང་གི་མཆོད་པ་ཡོད་།
འདི་འདྲའི་རིགས་ཀྱི་རྩོད་རྙོགས་རིགས་མདོ་དབུས་ཁམས་གསུམ་གྱི་མཁས་པ་དང་། ཁུངས་སོ་སོ་རང་གི་སྒྲ་གདངས་གཙང་མ་ཡོད་མཁན་ཁག་ཅིག་འཛོམ་ཏེ་ཀ་ཁ་ག་ང་ནས་འགོ་བཙུག་ནས་སྒྲ་གདངས་ཀྱི་ཁྱད་པར་ལྟ་རྒྱུ་མང་པོ་ཡོད། ཡི་གེའི་ལམ་ནས་ཁ་གསལ་ཡོང་ཁག་པོ་རེད།
སྩ་ཡིག་གི་གསང་བ་ཞེས་པར་ཧོར་གཙང་འཇིགས་མེད་ཀྱིས་ཨ་རིའི་ཉི་ཡོག་ལྟ་བུ་ཞིག་བྲིས་འདུག་དྲན། ང་ལྟར་ན་ནིའུ་ཡོག་བྲིས་ན་ new york འདིའི་སྒྲ་གདངས་ཐག་ཉེ་ཤོས་སུ་མཐོང། འདི་དཔེ་མཚོན་ཡིན་ཏེ་ཨ་མདོ་བས་ཉི་ཡོག་འདི་་་་new york དང་སྒྲ་གདངས་ཉེ་བ་ཡོང་གི་ཡོད་ཚོད་རེད།
ད་དུང་དཔེ་མཚོན་མང་ཐག་ཆོད་ཡོད་རེད།
ཉི་མ་མ་འཁྱོལ་བའི་ལས་ཀ་ཞིག་དང་མཚུངས་འདུག འོ་ན་རྡོ་རྗེ་ལ་ལེགས་སྦྱར་སྐད་དུ་ཅི་ཟེར། རྗེ་ཙོང་ཁ་པ་ཆེན་པོས་ ཁྱོད་ལྟར་གསལ་བྱེད་བཀླགས་པའི་རྒྱུ་མཚན་གང་ན་ཡོད། འདི་འདྲའི་ཧམ་བཤད་ཆེན་པོ། དཔེ་རེད།
ཨ་མདོའི་སྐད་དུ་ ཝ་དང་བ་གཉིས་ཀྱི་གདངས་མི་འདྲ་བ་རེད། དེ་ཡང་གསལ་བཤད་ཙམ་ཡིན། དབྱིན་སྐད་ལ་ལུང་པ་དག་ན་དབྱངས་ཀྱི་སྒྲ་མི་མཐུན་པ་ག་ཚོད་འདུག དེ་དག་ཀྱང་ཕན་ཚུན་ལ་གནོད་བྱེད་དུ་འགྲོའམ། ཁྱད་མཚར།
ངས་གོང་དུ་ཞུས་མ་ཐག་ཡིན། ང་ཚོས་དངོས་སུ་སྒྲ་གདངས་ཉན་ནས་མ་གཏོགས་ཡི་གེའི་ལམ་ནས་དཀའ་གནད་གྲོལ་དཀའ། ཨ་མདོ་བས་ཨུུ་བཙུག་མཐའ་ལ་སྐྱེལ་ནས་ཁྱད་པར་ཡོད་པར་བཤད་པའི་རིགས་ལ་ངས་རིག་པ་འགྲིམ་ཉན་ནའང་ཁྱད་པར་ཏིལ་ཙམ་ཕྱེ་རྒྱུ་མེད་པ་དེ་འདྲ་མང་པོ་བྱུང་མྱོང་།
ཁོའི་མིང་མི་ཤེས་ཡང་།
ཁོས་སྤྱི་ཚོགས་ནང་དཀྲིག་དང་ཕྱོགས་ལྷུང་ཞེན་སྐུལ་གཡོ་རྒྱུ་རང་རློམ་གྱིས་སྤེལ་པའི་
རྩོམ་ཉོག་མང་དག་ཅིག་གློག་མྱོང་པས་བལྟ་ཚུལ་མདོར་བསྡུས་ན།
མཁས་བ་མ་ཡིན་ཏེ། རང་གི་གང་ལ་སྦྱང་པའི་གཞུང་བཀའ་བོད་ལྔའི་བརྗོད་བྱ་དོན་གྱི་སྙིང་བོ་
སྤོང་པ་བསམ་གཏན་གྱི་མཉམ་ལེན་གྱིས་དྲི་ཙམ་ཡང་མི་ལྡན་པར་ང་རྒྱལ་དང་ཕྲག་དོག་གིས་རྒྱུད་གང་བའི་ཕྱིར། ཚད་ལྡན་གྱིས་མི་བུ་ཞིག་མ་ཡིན་ཏེ། ཆོས་དང་རིག་གཞུང་སྲོལ་རྒྱུན་དང་གོམས་གཅེས་དགོན་པ་དང་ཕ་གཞིས་སོགས་གཞན་གྱིས་བཙན་འཕྲོག་དང་བཙན་གནོན་བྱས་དེ་ཤིན་ཏུ་ཉག་ཕྲང་དུ་གྱལ་བའི་རང་མི་རིག་འདི་ལ་ཕན་པའི་བྱ་བ་སྣ་གཅིག་ཀྱང་མི་སྒྲུབ་པར་ཆོས་ལུགས་ཕྱོགས་འཐེན་
ཆོལ་གའི་ཕྱོགས་ཞེན་རང་རྒྱལ་གཞན་ཕམ་གྱིས་ལས་ལ་དུས་ཀུན་བརྩོན་པའི་ཕྱིར། དེའི་ཕྱིར།
ད་ཐང་ཡང་ང་རྒྱལ་གྱི་དར་ཆ་སྤྲེང་ནས་སྨྱོན་པའི་ཀི་ཅོ་སྒྲོག་འདུག་ཀྱང་དོན་དང་ལྡན་པའི་ཚིག་གཅིག་ཀྱང་
མེད་ཏེ། ཀུན་སློང་ལ་སྐྱོན་ཞུགས་པའི་ཕྱིར་རོ།
༼བླུན་པོ་ཁ་བཙུམ་ན་སངས་རྒྱས་ཀྱིས་བསྟན་པ་ལ་ཕན་ནོ༽ཞེས་བའི་བསླབ་བྱ་མཉམ་སུ་ལེན་རོག་ཞུའོ།
ཨ་ཡ་མཚན། ནམ་རྒྱུན་བ་ལ་ཝ་འབོད་དགོས་རེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད། དེ་རིང་ངས་དེ་ལ་གནོད་བྱེད་གཏོང་དུས་ཚང་མ་ཕྱིར་ཤིག་རྒྱག་པ་དེ་ཅི་རེད།
སྤྱིར་བཏང་ཀློག་སྟངས་འདི་ཨ་མདོ་བ་གཅིག་པུའི་ཀློག་ཚུལ་མ་རེད། མདོ་སྟོད་ཀྱི་ལུང་པ་འགའ་ཞིག་ལའང་ཤུགས་ཆེན་པོ་ཡོད་རེད། ང་ལ་སེ་རར་དགེ་ཕྲུག་འགའ་ཤས་ཡོད། ཁོང་ཅག་གིས་འབོད་སྟངས་དེ་རང་བྱེད་ཀྱི་རེད།
འོ་ན་བ་ལ་ཝ་འབོད་ཀྱི་མེད་ན། བོད་ལ་ཝོད། བ་ཕྱུགས་ལ་ཝ་ཕྱུགས་སོགས་ཀློག་པར་མི་བྱེད་དམ།
དྲང་པོ་ཞུས་ན་ཁྱེད་ཅག་གིས་བ་སྒྲ་དེ་ལེགས་པོ་འདོན་ཐུབ་ཀྱི་མི་འདུག གལ་ཏེ་འདོན་ཐུབ་ན།
ཐོག་མར་སྐྱེ་གནས་“མཆུ”དང་། “བྱེད་པ”མཆུ་སྦྱར་ཞིང་བཙུམ་ནས་ཡོངས་གྲགས་ལྟར་”པ”ཞེས་ཀློག་པར་བྱོས་ལ། དེ་ནས་མཆུ་དང་བྱེད་པ་དེ་ག་རང་འཇགས་བཞག་ནས། “བ”ཞེས་ཀློག་དང་དེ་ནས་ཤེས་པར་འགྱུར་རོ། །
གོང་དུ་བཤད་པ་ལྟར། “པ”དང་”བ”ལ་ཕོ་མོའི་ཁྱད་པར་གྱིས་སྒྲ་གདངས་དམ་ལྷོད་ཀྱི་ཁྱད་པར་ཙམ་ལས། སྒྲ་དབྱུང་ཚུལ་ལ་ཁྱད་པར་གཞན་ཅི་ཡང་མེད་དོ། །
ངས་ རྩོམ་འདི་དུས་བབ་ན་ཡོད་པ་མ་ཤེས་པར་མཆན་དེ་ཚོ་བྲིས་པ་ཡིན། དུས་བབ་ལ་ལན་གསལ་ཐག་ཆོད་འདུག དེ་བས་ཚིག་མང་དུ་མི་སྤྲོ། ཨ་མདོ་བས་ བ་ཡིག་འདི་ དབུས་པའི་སྐད་ཀྱི་ཝ་ཡིག་དང་སྒྲ་ཉེ་སེ་བ་ཞིག་ཀློག་པ་དངོས་གནས་རེད། འོན་ཀྱང་ ཨ་མདོ་བའི་སྐད་དུ་ ཝ་དང་བ་གཉིས་སྒྲ་ཁྱོན་ནས་མི་འདྲ་བ་དེ་སྒོམ་སྡེས་ཤེས་མི་འདུག དེ་ལས་ངོ་མ་བཤད་ན། ཀ་དང་ག ཅ་དང་ཇ། ཏ་དང་ད། པ་དང་བ། ཙ་དང་ཛ་བཅས་ལ་དབུས་སྐད་དུ་སྒྲ་གདངས་དྲག་ཞན་གསལ་ཐག་ཆོད་རེ་ཡོད་པ་དེ་ཚོ་དངོས་གནས་ཡག་ག་ལ་བསམས་བྱུང་། དེ་མིན་གོང་གི་སྐད་ཆ་དེ་ཚོ་ནི། དཔྱིད་ཉི་རིང་མོ་ཕུད་ཐབས་ཙམ་དུ་ཟད་དོ༎
རབ་གསལ་ལགས།
ད་གཞི་ནས་ཁྱེད་ཀྱིས་༼ཨ་མདོ་བས་བ་ཡིག་འདི་དབུས་པའི་སྐད་ཀྱི་ཝ་ཡིག་དང་སྒྲ་ཉེ་སེ་བ་ཞིག་ཀློག་པ་དངོས་གནས་རེད༽ཅེས་གསུངས་འདུག ང་ལ་དགོས་ཡ་རེད་ཡིན། ཁྱེད་ཅག་གིས་དེ་ལ་ཝ་ཡིག་དང་ཉེ་སེ་བ་ཞིག་ཅེས་སྨྲས་ཀྱང་། ང་ཚོ་རྣ་ཤེས་ལ་ཝ་སྒྲ་རང་གོ་གི་འདུག་གོ།
ང་ལ་དགོས་ཡ་དེ་ཡིན། ནོར་བཅོས།
བློ་གཟུ་བོར་གནས་པའི་སྒོ་ནས་ཁྱེད་ཅག་གིས་བ་སྒྲ་དབྱུང་ཚུལ་འདི་ལ་མནོ་བསམ་ལེགས་པོ་ཐོང་དང་། ཁྱེད་ཅིག་གིས་”བོད”ཅེས་བརྗོད་ཚེ། མཆུ་སྦྱར་ཞིང་བཙུམས་ནས་བརྗོད་ཀྱི་འདུག་གམ། རྟོག་དཔྱོད་ཞིབ་མོ་མཛོད་དང་། ཁྱེད་ཅག་གིས་བོད་ཅེས་བརྗོད་ཚེ། མཆུ་སྦྱར་ཞིང་བཙུམས་ནས་བརྗོད་ཀྱི་མ་རེད། དེ་མ་ཟད་ལྕེ་བེད་སྤྱོད་བྱེད་ཀྱི་རེད། དེ་ནོར་བ་རེད། བ་སྒྲ་འདོན་དུས་ལྕེ་ལ་བེད་སྤྱོད་ཧ་ལམ་ཡོད་མ་རེད། བ་ཡིག་གི་སྐྱེ་གནས་དང་། བྱེད་པ་ལ་ལྕེ་རྩ་བ་ནས་ཡོད་མ་རེད།
འདིའདྲའི་སྐོར་ལ་བགྲོ་གླེང་བྱས་ནས་ཡག་པོ་རེད། དེ་ཆོལ་ཁའི་ཕྱོགས་ཞེན་ཅང་མ་རེད།
༡ ཨ་མདོའི་སྐད་ལ་བ་དང་ཝ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། དེ་བས་ཨམ་སྐད་ལ་མཚོན་ན། བ་ཕྱེད་ཝ་རུ་ཀློག་ཟེར་ན་གད་མོ་ཤོར་ནས་རིལ་འགྲོ་བ་མ་གཏོགས་ཡོད་པ་མ་རེད།
༢ བ་ཀློག་སྟངས་དག་མི་དག་གི་སྐོར་དེ། ཀློག་སྟངས་མི་དག་པ་ཙམ་ཡིན་ན། དེ་གཅིག་གྱུར་བྱེད་ཆོག་པ་ཞིག་རེད། ཡིན་ནའང་། དེ་ནི་ཀློག་སྟངས་ཙམ་མིན་པར་ཡུལ་ལུང་ཧྲིལ་བོའི་སྐད་ནང་རང་ཆས་སུ་ཡོད་པ་ཞིག་རེད། བ་མོ། བོད། བལ། བེའུ། བོར། བོང་ལི། བུང་བ། བང་རྒྱུག བུ་བུ་མོ། བག་མ། བེམ་པོ། བུམ་པ། བར་བ། བ་རིགས་སུ་གཏོགས་པ་ཐམས་ཅད་མགོ་འདོགས་འཕུལ་རྟེན་སོགས་མེད་སྐབས་ wa ཡི་སྒྲ་་རང་ཆས་ཡོད་པ་རེད། ལུང་པ་ཞིག་གི་སྐད་ལ་དག་མི་དག་ཅིག་བཤད་རྒྱུ་ཨེ་ཡོད་སྙམ།
དེ་ནས་རབ་གསལ་གྱིས་གོང་དུ། རྡོ་རྗེ་ལ་ལེགས་སྦྱར་སྐད་དུ་ཅི་ཟེར་ཟེར་བའི་དྲི་བ་དེ་གནད་འགག་ཅན་ཞིག་རེད་ལ། ཝ་ར་ན་སིའི་མིང་ལ་བྰ་ར་ཎྰ་སི་ཟེར་ནས་སྔོན་མའི་འགྱུར་དེ་འདྲར་མཐོང་རྒྱུ་ཡོད་པ་དེ་ཚོ་གནད་འགག་ཆེན་པོ་ཞིག་རེད་སྙམ།
སྐད་དང་པོར་བྱུང་བ་རེད། ཡི་གེ་དང་བརྡ་སྤྲོད། ཀློག་སྟངས་སོགས་རྗེས་སུ་བྱུང་བ་དེ་ཤེས་དགོས་པ་་གལ་ཆེན་པོ་རེད་ལ། རྒྱལ་ཁབ་ཀྱི་རྒྱལ་སས་མཚོན། དཔལ་འབྱོར། དམག་དོན། རིག་གཞུང་གིས་མཚོན་མི་རིགས་གཞན་དང་འབྲེལ་འདྲིས་དང་། འདྲེས་སྡོད་བྱེད་པའི་ས་ཆ། ཆོས་རིག་དར་རྒྱས་ཆེན་པོ་ཕྱིན་པའི་ས་ཆར་མཚོན་ན་སྐད་ལའང་འགྱུར་བ་ཆེན་པོ་ཞིག་འགྲོ་གི་ཡོད་པ་དེ་ཡོངས་ཁྱབ་ཀྱི་གནས་ཚུལ་ཞིག་རེད། ག་ཚོད་ཀྱིས་མཐའ་ཁུལ་དང་། ཁུག་ཀྱོག་ཡིན་ན་དེའི་ཚོད་ཀྱིས་སྐད་རྙིང་བ་ཡིན་པ་རེད། ག་ཚོད་ཀྱིས་སྐད་རྙིང་པ་ཡིན་ན་དེའི་ཚོད་ཀྱིས་ཞིབ་འཇུག་གི་རིན་ཐང་ལྡན་པ་རེད།
ད་དུང་སྲ་ལ་ཀྲ་
རྙིང་པ་ལ་རྙང་པ
ཏིང་ལ་ཏང་་་་་་་་་་་་་་་་མང་ངོ་།།
དབྱིན་སྐད་དུ་བ་ཡིག་སྐྱེ་གནས་དེ་ལ་labial ཟེར། ཚིག་འདིའི་འགྲེལ་བཤད་ལ་གཟིགས་དང་། དེ་ནས་སྐྱེ་གནས་གང་ཡིན་གསལ་པོར་རྟོགས་པར་འགྱུར་རོ། །
“ཝ་དང་བ་”ཡི་སྒྲ་གདངས་དེ་རྙོག་འདྲ་ཆེན་པོ་མ་རེད། ང་ཚོ་དབུས་པ་ཚོས། མིང་ཚིག་དང་པོའི་”བ”་མ་གཏོགས་གཞན་”བ་”ཚང་མར་ཝ་འབོད་ཀྱི་ཡོད། བ་ཕྱུགས་དང་བོད་ལྟ་བུ་ལ་”བ”སྒྲ་ལས། དེ་མིན་ཚང་མ་ཝ་བོད་པ་ཡིན། དཔེར་ན། ཤྭ་བ། ཀྭ་བ། འཕྱུར་བ། རྒྱལ་བ། དམྱལ་བ། བཟའ་བ། མཐུང་བ། རྒྱོ་བ་ལྟ་བུ་རེད།
ཨ་མདོ་བ་ཚོས་”བ”་ལ་ཝ་འབོད་པ་འདི་ཕལ་ཚེར། མཆུ་བཅུས་སྟངས་ཤིག་གི་ཁྱད་པར་ཤོར་བ་མིན་ནམ། དེ་མིན་ཡི་གེ་མ་འཐོན་གོང་ནས་ཝ་སྒྲ་དེ་དར་བ་ཡིན་མིན་ཤེས་ཀྱི་མིན་འདུག
བོད་ཀྱི་སྐད་དེ་ཐོན་མིས་བོད་ཡིག་གསར་བཟོ་མ་བྱས་གོང་ནས་དར་འཚར་ཡོད། དེ་ལྟར་ཡིན་ན། ཝ་སྔོན་ལ་དར་བ་དང་”བ་”སྒྲ་དེ་རྗེས་ལ་སྐད་གསར་བཅད་སྐབས་དར་བ་མིན་འགྲོ།
སྒོམ་སྡེ་ལགས་ཀྱིས་དོ་སྣང་ཡག་པོ་གནང་ཚེ། ལྷ་སའི་ཁུལ་ལ་སྐད་མི་འདྲ་བ་མང་པོ་ཡོད། དཔེར་ན། གྲིབ་དང་ལྷ་སའི་སྒྲ་གདངས་མི་གཅིག་ལ། ཕན་པོ་དང་ལྷ་སའི་སྐད་ཡང་མི་འདྲ། དེ་བཞིན་ཆུ་ཤུལ་དང་སྟོད་ལུང་། རྒྱ་མ་དང་ཞོལ། རགས་དང་ལྟག་རྩེ། ལྷ་ཀླུ་དང་འཇང་ལྷ་བུ་ལུང་པ་མི་འདྲ་བར་སྐད་མི་འདྲ་བ་རེ་འདུག མང་པོ་ཞིག་ཐོན་མིས་བཏོན་པའི་སྒྲ་གདངས་འདོན་སྟངས་དང་འདྲ་གི་མིན་འདུག ཡུལ་སྐད་དེ་ཚོའི་ནང་”བའི་སྒྲ་དོད་ལ་”ཝ”མཇུག་པ་ཡང་འདུག
སྒོམ་སྡེ་ལགས་ཀྱི་སྐད་ཡིག་ལ་འདི་ལྟར་ཞིབ་འཇུག་གནང་བ་དེ་དངོས་གནས་ཡི་རངས་ཡོད། ད་དུང་མུ་མཐུད་གསུངས་རོགས།
རབ་གསལ་ལགས།
ཁྱེད་ཀྱིས་༼འོ་ན་རྡོ་རྗེ་ལ་ལེགས་སྦྱར་སྐད་དུ་ཅི་ཟེར༽ཞེས་པའི་ལན་ནི་ཁོ་བོས་སྔ་ས་ནས་༼བ་དང་ཝའི་དབྱེ་བསལ་ཅིའི་ཕྱིར་མ་མཛད༽ཅེས་པའི་རྩོམ་ཡིག་གསལ་ཐག་ཆོད་བཤད་ཡོད་པ་གཤམ་དུ་གཟིགས།
༼བ་དང་ཝའི་དབྱེ་བསལ་ཅིའི་ཕྱིར་མ་མཛད༽
སྒོམ་སྡེ་ལྷ་རམས་པ།
བོད་ཀྱི་ལོ་ཙཱ་བ་ཆེན་པོ་དག་གིས་ལེགས་སྦྱར་གྱི་“व”དང་“ब”གཉིས་དཀའ་ཚེགས་མི་དགོས་པར་དབྱེ་བསལ་བྱེད་ཆོག་ཆོག་ཡོད་ནའང་། དེ་ལྟར་མ་མཛད་པར་“ཝ་དང་”གཉིས་ཉ་ཉུང་མཉམ་བསྲེ་བྱས་ཏེ་ང་ཚོ་ལེགས་སྦྱར་མི་ཤེས་མཁན་ཚོར་འཐོམ་ཞྭ་ནག་པོ་ཆེན་པོ་དེ་ཅིའི་ཕྱིར་གཡོགས། ལེགས་སྦྱར་གྱི་“व”ལ“ཝ”དང་། “ब”ལ་“བ”ཞེས་ཅིའི་ཕྱིར་མ་བྲིས། ཅི་སྟེ་དེ་ལྟར་བྲིས་ཡོད་ན་ད་ལྟའི་མགོ་རྙོག་དེ་དག་འོང་དོན་མེད། དཔེར་ན། དབྱིག་གཉེན་ལ་“ཝ་སུ་བནྡྷུ”ཞེས་འབྲི་རིགས་པ་ལས་“བ་སུ་བནྡྷུ”ཞེས་ཅིའི་ཕྱིར་བྲིས། “དེ་ཝ”ལྷ་ལ་“དེ་བ”ཞེས་ཅིའི་ཕྱིར་བྲིས། དབྱིག་གཉེན་ལ་“བ་སུ་བནྡྷུ”ཞེས་བྲིས་པའི་ཉེས་པས་ཀློག་པའི་ཚེ། “འབའ་སུ་བནྡྷུ”ཞེས་ཀློག་ཉེས་པ་དེ་བྱུང་བ་རེད། གལ་ཏེ་“ཝ་སུ་བནྡྷུ”ཞེས་བྲིས་ཡོད་ན་འབྲི་ཀློག་ཉེས་པའི་སྐྱོན་དེ་དག་རྩ་བ་ནས་འོང་དོན་མེད་དོ། །ད་ལྟའི་ཆར་ཀློག་པ་པོ་རྣམས་སཾ་བོད་སྐད་གཉིས་ཤན་སྦྱར་གྱི་ཝའི་སྡེ་ཚན་ནམ་ཝའི་མ་ཚིག་གི་སྐོར་ཐམས་ཅད་“व”དང་“ब”གང་ཡིན་མ་ངེས་ཤིང་། དབྱེ་བསལ་མ་ཐུབ་པའི་ཐེ་ཚོམ་གྱི་འཕྱང་ཐག་རིང་པོ་དེར་མི་རབས་ནས་མི་རབས་ཀྱི་བར་འཕྱང་བཞིན་དུ་གནས་ཤིང་། ད་དུང་ཡང་དུས་ཡུན་རིང་པོའི་བར་དེ་ལྟར་དུ་གནས་པར་ངེས་སོ། །དེས་ན་དེ་འདྲ་མི་འོང་བའི་ཐབས་སུ་བྱུང་ན་སྐད་གཉིས་སྨྲ་བའི་དབང་པོ་རྣམས་ནས་ཕྱིན་ཆད་སཾ་བོད་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་གསར་དུ་རྩོམ་པའམ། སྔར་བརྩམས་ཟིན་པ་རྣམས་ལ་ལེགས་བཅོས་གནང་སྟེ་དུས་རབས་དང་མཐུན་པའི་བལྟ་བདེ་གོ་བདེ་ཞིག་བཟོ་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་བ་འདུག་གོ།
ཨ་མདོའི་སྐད་ནང་། བོད་ཀྱི་ས་ཁུལ་གཞན་དང་རྒྱལ་སྤྱིའི་སྒྲ་རྟགས་ནང་མེད་པའི་ཡི་གེ་གཉིས་ཡོད་པ་རེད།
དེ་གཉིས་ནི། ཤ་དང་ཝ་གཉིས་རེད། ཡི་གེ་འདི་གཉིས། ངས་རྒྱལ་ཁབ་མང་པོ་ཞིག་གི་མི་ལ་ཚོད་ལྟ་བྱས་པ་ཡིན་ཡང་སུ་གང་ཞིག་གི་ངག་ཏུའང་ཁྲོལ་གྱི་མི་འདུག ཨ་རབ་སྐད་ནང་། ཝ་དང་ཉེ་མཚུངས་ཤིག་ཀློག་གི་འདུག་ཀྱང་ཡོངས་སུ་གཅིག་པ་ཞིག་རེད་མི་འདུག
མདའ་ཚན་པ་འདི་དངོས་གནས་མི་གཤིས་དང་རིགས་པ་དྲང་། ཐུགས་རྗེ་ཆེ།
གསལ་བཤད་ཅིག་ཞུ་འདོད་བྱུང་། ང་ནི་མཁྱེན་གསལ་ལྟར་ཨ་མདོ་བ་ལ་སེམས་ཀྱི་གཏིང་ནས་དགའ་མོས་བྱེད་མཁན་གྱི་མི་ཞིག་ཡིན། གང་ལགས་ཤེ་ན། བོད་ཕྱི་ནང་གཉིས་སུ་ཁོང་ཅག་བཀྲིན་ལ་བརྟེན་ནས་སྲོག་དབུག་ཆད་ལ་ཉེ་བའི་རིག་གནས་འདི་ཁོང་ཅག་གིས་མེ་རོ་གསོས་སོང་། ཨ་མདོ་བ་འདི་ཚོ་ཐུགས་རྗེ་ཆེ། བཀའ་དྲིན་སྙམ་དུ་ཡང་ཡང་བསམ་གྱིན་ཡོད། མ་ཟད་ངོས་ཀྱི་རིག་གནས་དགེ་རྒན་ཡང་མདོ་སྨད་པ་མཁས་དབང་དགེ་འདུན་སྦྱིན་པ་ལགས་ཡིན། ཁོང་སྙན་གྲགས་དང་མཛད་བྱས་ཡོད་མཁན་གྱི་མཁས་པ་ཞིག་རེད། ཁོང་ནི་རིག་གནས་ཙམ་མ་ཡིན་པར་ཕྱག་དཔེ་ཡང་ཧ་ཅང་ཡག་པོ་རེད།
འོན་ཀྱང་བརྒལ་བརྟག་བྱེད་དུས་ངོ་ཤེས་གཏོང་རེས་དང་འཛོམ་གཟོན་བྱས་ཚེ། བློ་སྐྱེད་ཀྱི་སྒོ་ཁེགས་འགྲོ་གི་རེད། དེ་ཡག་པོ་མ་རེད། དེ་ང་ལས་རྒྱུས་ཡོད་ཆེ་བ་དྲ་ཐོག་ཏུ་འདི་རུ་མེད་ཅེས་བརྗོད་ཀྱང་མི་འགྲིག་པ་མེད།
འཛེམ་གཟོན་ལ། འཛེམ་ཟོན་ཞེས་བཅོས་རོགས།
ལེགས་སྦྱར་དུ་ཝ་དང་བ་གཉིས་ལ་དབྱེ་བ་མ་ཕྱེས་དང་མ་ཕྱེས་ཀྱི་སྐོར་ཁྱེད་ཀྱིས་གསུངས་པ་དེ་ལ་ངས་ཞུ་རྒྱུ་མི་རྙེད། ངས་ལེགས་སྦྱར་མི་ཤེས། ངས་བཤད་ན་འདོད་པ་ནི། བ་ཡིག་གི་སྒྲ་འདི་ལ་ད་ལྟ་སློབ་གྲྭ་ཁག་ན་སྒྲོག་བཞིན་པའི་སྒྲ་འདི་རང་ཨེ་ཡིན་པའི་དྭོགས་པ་སྐྱེས་པ་ཡིན། དེའི་རྒྱུ་མཚན་དུ་ལེགས་སྦྱར་གྱི་རྡོ་རྗེ་འབྲི་ཚུལ་དེ་དྲངས་པ་ཡིན། དེ་ལ་ འབར་འཛའ་ ལྟ་བུའི་སྒྲ་ཞིག་དེང་སང་ཡོད་པ་རེད། སྔོན་ནས་དེ་ལྟར་ཨེ་ཡིན་དྲན། སྔགས་ཀྱི་བཀླག་ཐབས་རྙིང་བ་དག་ན་ལྟ་རྒྱུ་ཞིག་ཡོད་རེད་དྲན། ས་སྐྱའི་སྐབས་སུ་ ལྷ་ས་ནའང་། འགྲོ་ལ་འགྱོ་ཞེས་བཀླགས་པ་ཁུངས་གསལ་པོ་འདུག མདོ་དོན། ང་ཚོས་མིག་དང་རྣ་བ་འདི་ཚད་མ་བྱས་ནས་ཐམས་ཅད་ལ་ཅིག་ཅིག་རེད་དང་ཅིག་ཅིག་མ་རེད་ཅེས་བཤད་རྒྱུ་ཨེ་ཡོད་བསམས་པ་ཡིན།
སྒོམ་སྡེ་ལགས། ངས་བལྟས་ན་ཉི་མ་མ་འཁྱོལ་བའི་ལས་ཀ་ཞིག་རེད། ཀ་ཁའི་སྒྲ་གདངས་རྩོད་པ་ལས་བོད་སྐད་གཙང་མ་ཞིག་བཀྱོན་ཐུབ་ལ་འབད་ན་མ་རེད་དམ། སྐུ་ཉིད་ཀྱི་སྐད་ཆ་བཤད་སྐབས་དེའི་ནང་ན་བོད་ཚིག་མ་ཡིན་པའི་ཚིག་མང་པོ་ཤིག་ཡོད་པ་དེ་དག་བོད་ཚིག་བེད་སྤྱོད་བྱེད་ཐུབ་ལ་བརྩོན་ན་ལེགས་སྙམ།
སྒོམ་སྡེ་ལགས།
ཁྱེད་ཀྱི་དྲི་བ། ་་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དག་གིས་ལེགས་སྦྱར་གྱི་“व”དང་“ब”གཉིས་དཀའ་ཚེགས་མི་དགོས་པར་དབྱེ་བསལ་བྱེད་ཆོག་ཆོག་ཡོད་ནའང་། དེ་ལྟར་མ་མཛད་པར་“ཝ་དང་”གཉིས་ཉ་ཉུང་མཉམ་བསྲེ་བྱས་ཏེ་ང་ཚོ་ལེགས་སྦྱར་མི་ཤེས་མཁན་ཚོར་འཐོམ་ཞྭ་ནག་པོ་ཆེན་པོ་དེ་ཅིའི་ཕྱིར་གཡོགས།་་ ཞེས་པའི་དྲི་བ་འདིས། ངའི་་ཕ་ཁུངས་མ་ཁུངས་wa ཡིན། ཐོག་མའི་དུས་སུ། ང་ཡང་ཡི་གེ་གཞན་པ་ཚོ་བཞིན་ཡི་གེ་གཅིག་དང་སྒྲ་གཅིག་ཡིན། ཟེར་གི་ཡོད་པ་འདྲ་ཞིག་ངས་གོ་གི་འདུག ཁྱེད་རང་གིས་དེ་ལྟར་མི་གོའམ།
དེ་ལྟར་ཡིན་པའི་ཁུངས་སྐྱེལ། ཨ་མདོའི་སྐད། གནའ་སྔ་མོའི་འགྱུར་དུ་གསལ་བའི་བྰ་ར་ན་སི། བ་སུ་བནྡྷུ་སོགས་སོ།
དེ་མིན་ཡི་གེ་གཅིག་ཕྱེད་ཀ་ཕྱེད་ཀ་བྱས་ནས་ཀློག་དགོས་པ་ཞིག་མཐོང་མ་མྱོང་། རྒྱ་ནག་གི་ཡི་གེའི་ནང་དེ་འདྲ་འགའ་རེ་ཡོད་པ་རེད། རིགས་པས་དཔྱད་པ་བཏང་ནའང་། ཐོག་མའི་ཆར་སྒྲ་གཅིག་ངེས་པར་ཡིན་དགོས་པ་འདུག ལེགས་སྦྱར་གྱི་སྐད་དང་ཀློག་སྟངས་ཀྱིས་ཤུགས་རྐྱེན་ཐེབས་པ་ཡིན་ནམ། རིམ་པས་སྐད་ལ་འགྱུར་བ་ཞིག་བྱུང་སྟེ། མཐར་བ་ཡིག་གིས་བྱ་མེད་དུས་བོང་གུས་ནམ་ཚོད་བཟུང་ནས་ཉིས་གོ་གཅིག་ཆོད་བྱས་པ་ཡིན་ན་ཡང་ཐང་སྙམ་མོ།
༡ ཁྱེད་རང་གི་གནོད་བྱེད་དང་པོ་དེར་མཚོན་ན། ཨ་མདོའི་ཀློག་སྟངས་ལ་གནོད་པ་མི་འདུག བ་ཡི་སྐྱེ་གནས་མཆུ་ཡིན་ཡང་། ཝ་ཡི་སྐྱེ་གནས་དེ་ལྟར་མིན་པར་མགྲིན་པ་རེད།
༢ གནོད་བྱེད་གཉིས་པ་དེ་ཡང་དེ་ལྟར་ཡིན་པའི་མ་ཁྱབ། གསལ་བྱེད་རྒྱ་གར་ནས་བླངས་པ་ཡིན་ནའང་། རྒྱ་གར་གྱི་སྐད་ལྟར་ཇི་བཞིན་ཀློག་དགོས་ཀྱི་ཡོད་མེད་ཀྱང་བཤད་དཀའ། དཔེར་ན། དབྱིན་ཡིག་གི་fa ལ་མཚོན་ན། བོད་སྐད་ནང་སྒྲ་དེ་མེད་པར། ཚང་མས་ ཕ་ ཟེར་བ་ལྟར་རེད།
བ་དང་ཝ་ཡི་ཁྱད་ཆེ་སྒྲ་གདངས་ཙམ།།
འབྱེད་པར་རྨོངས་པའི་སྒོམ་སྡེ་ལྷ་རམས་པ།།
རིག་པའི་གནས་ལ་དཔྱད་པའི་ངལ་བ་ལས།།
བ་གླང་རྫི་བྱས་དམའ་སར་བསྡད་ན་མཛེས།།
སྔགས་ཀྱི་བཀླག་ཐབས་གཉིས་ཀྱི་འབྲེལ་ཐག་འདི་ན་ཡོད་དོ།
སྣར་ཐང་ལོ་ཙཱ་བའི་སྔགས་ཀྱི་བཀླག་ཐབས་བསྡུས་པ།
http://www.tibetebook.com/scgxr_rig_p/sum_rctg/scgng_kxlg_thps.htm
ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱི་སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན་
http://www.asianclassics.org/chone_lama/DATA/uni/GA21uni.txt
མདའ་ཚན་པ་ལགས།
ཐུགས་རྗེ་ཆེ། རང་གི་མགོ་ལ་གཞུ་རྒྱུའི་ཐོ་བ་དེ་རང་གིས་བཟོས་འདུག
དབྱིན་སྐད་ཀྱི་”F”ལ་ཕ་རུ་འབོད་པ་དེ་སྒྲ་དག་པར་ཁས་ལེན་གྱི་ཡིན་ནམ།
དེ་སྒྲ་ནོར་བ་རེད། དེ་བཞིན་དུ་ཨ་མདོ་བས་བ་ལ་ཝ་ལྟ་བུར་འབོད་པ་དེ་ཡང་དེ་མཚུངས་རེད།
སྔོན་བྱོན་ཁྲོད་བོད་ཀྱི་སྐད་ཡིག་ལ་བྱས་རྗེས་ལྡན་པའི་སྔོན་བྱོན་མཁས་པ་བསམ་གྱིས་མི་ཁྱབ་ཡོད་མོད། དེ་སང་གསར་བུ་་ཚོས་དེ་ལས་ལྡོག་ཏེ་བོད་སྤྱི་སྐད་ལ་རང་གི་ཡུལ་སྐད་གདངས་དང་བཅས་པ་གསེས་སླད་གང་ཐུབ་བྱེད་བཞིན་པ་ཤིན་ཏུ་མང་། རང་གི་ལུང་པའི་སྒྲ་གདངས་ལས་དེང་སང་རྒྱལ་བའི་བཀའ་བསྟན་ཚུན་པ་ཡིག་ཕལ་ཆེ་བ་བ་ཡིག་ཏུ་བསྒྱུར་ཟིན་ལ། ཀླད་མེད་འགའ་རེ་མིང་ཚིག་གི་ནང་དུ་ཡང་པཎ་ཆེན་ལ་བཎ་ཆེན། བཀའ་འགྱུར་ཀ་པ་ལ་ཀ་བ་དང་། ཁ་པ་ལ་ཁ་བ་བཟོས་འདུག བ་ཡིག་གི་སྒྲ་གདངས་དེ་ཡང་ཝ་འདོན་ཆེ་དྲག་ནས་དབྱིན་ཇི་ནང་བོད་ཟེར་བྲི་དུས་woi བྲིས་ཀྱི་འདུག་པས། གདོང་ནས་ཤ་སྐོག་ནས་རྐུབ་ལ་ལྷན་པ་རྒྱབ་པ་རང་རེད།
སྒོམ་སྡེ་ལྷ་རམ་པ་ཚང་་་་ དེང་སང་ལས་ཀ་ཤོར་ནས་ནང་ལ་ཉིམ་ཕུད་ཐབས་ཀྱིས་བསྡད་ཡོད་ས་རེད། ཧ ཧ ཧ ཀུ་རེ་ཡིན། གླེང་གཞི་ཧྲ་གི
གང་ལྟར། བ་་་ལ་་ba རུ་འདོན་པ་ནི་རྣམ་པ་ཐམས་ཅད་ཟེར་དཀའ་མོད་། གང་ལྟར་་བོད་ཀྱི་བསྟན་བཅོས་རྣམས་སུ་གསལ་བ་དང་འགལ་འདུག་པས། བ་་ལ་་་va རུ་ཀློག་པ་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པའོ། །
ལག་ལེན་མེད་པའི་གཞུང་ལུགས་སྐམ་པོ་ཞིག་གིས་འུར་སྒྲོག་མི་དགོས་པར། ལག་ལེན་དངོས་ཀྱི་ཐོག་ནས་བཤད་ན། བོད་ཆོལ་ཁ་གསུམ་གྱི་་(རྒྱ་ནག་གིས་་་ཞིང་ལྗོངས་ལྔ་ཟེར་བ་དེར་) བོད་ཡིག་སློབ་དེབ་དང་། སློབ་གྲྭའི་དུས་ཡུན་སོགས་རྣམ་པ་ཐམས་ཅད་དུ་གཅིག་པ་ཡིན་ཡང་། བོད་ཡིག་དག་མོ་ཞིག་འབྲི་ཐུབ་མཁན་དང་། ཡང་ན་བོད་རང་གི་སྐད་ཡིག་རིག་གནས་ཐོག་རྩེར་སོན་པའི་མཁས་པ་མང་ཤོས་ཨ་མདོ་ནས་ཡིན་པ་དེས་ཀྱང་མང་པོ་ཞིག་གསལ་བཤད་བྱེད་ཐུབ་པ་རེད།
དེའི་གནད་འགག་ཐུག་ས་ནི། ཨ་མདོ་བས་་་ གསལ་བཤད་སུམ་ཅུའི་སྒྲ་གདངས་ཏག་ཏག་འདོན་གྱིན་པ་དང་། བོད་སྐད་ཡིག་གི་རང་བཞིན་དངོས་ཉིད་་ངོས་ཟིན་ཐོབ་པས་རེད་དོ། །
ཨོ་ད་དུང་ཁ་སྣོན་ཞིག་བྱེད་ན། ཨ་མདོའི་སྐད་གདངས་ལྟར་ན། ཝ་་་དང་་བ་་་་ནི་ སྐྱེ་གནས་དང་། བྱེད་པ། རྩོལ་བ་སོགས་རྣམ་པ་ཐམས་ཅད་དུ་གཅིག་མཚུངས་མིན། ཁྱེད་ཀྱིས་འདི་འདིར་ཧམ་པ་རི་འདྲ་ཞིག་བཤད་ནས་བདེན་པ་གཡག་འདྲ་ཞིག་ཐོབ་རེ་བྱས་འདུག་ཀྱང་། དེ་ནི་གྲུབ་ཐབས་མེད་པ་ཞིག་རེད། གལ་སྲིད་ཁྱེད་རང་གི་ངོས་ནས་ཧམ་པ་བཤད་མེད་ཟེར་ན། ཁྱེད་རང་གིས་བོད་སྐད་གོ་གི་མེད་པའི་རྟགས་བསྟན་པ་རེད།
གོང་དུ་ཁྱེད་རང་གིས་བྱིས་རྟགས་རློན་པ་འདམ་རྙོག་འདྲ་བ་གཞན་ཞིག་བསྟན་འདུག་པ་ནི།
boy ལ་“ཝོཡེ”དང་།
ball ལ་“ ཝོལ”དང་།
baby ལ་“ཝེབྷི”
bollywood ལ་“ཝོ་ལི་འུཊི”སོགས་ཤིན་ཏུ་མཚར་བ་དག་སྨྲ་དགོས་པར་འགྱུར་རོ། །
ཟེར་བ་འདི་རེད། དེས་ན་དབུས་གཙང་པས་་་ བ་ལ་བྷ་འབོད་པའི་རྒྱུ་མཚན་གྱིས་་་་་ ལྷ་ས་བྷ། རི་མོ་བྷ། སོགས་་་་ ཤ་ཟའི་སྐད་འདྲ་ཞིག་འདོན་མི་དགོས་པ་ཅི་ཡིན་ནམ། དེ་ཙམ་དུ་མ་ཟད། གལ་སྲིད་ཁྱེད་རང་གིས་་་་་་ བ་(va) ཡི་སྒྲ་གདངས་འདི་བཞིན་་Ba་་ རུ་འདོན་པ་ཡིན་ན། སྔོན་འདུག་གི་སྒྲའི་རྣམ་གཞག་ཐམས་ཅད་རྒད་པོའི་ཀླད་ལྟག་ཇི་བཞིན་ཤུད་འགྲོ་བ་རེད།
ཨོ་་་་ ཁྱེད་རང་གིས་གོང་གི་རྩོམ་ཡིག་ནང་དུ་་་་ ཧིན་རྡི་རེ་ཟུང་དང་་། ད་དུང་དབྱིན་ཡིག་རེ་ཟུང་བསྣན་འདུག དེ་ཚོ་མཐོང་དུ་་་ ཁྱེད་རང་གི་བོད་ཡིག་གིས་་་སྐད་ཡིག་གཞན་ཞིག་གི་མཁར་རྒྱུག་མ་བཟུང་ནས་རང་ཚུགས་ཐུབ་ཀྱིན་མེད་པའི་རྟགས་ཀྱང་བསྟན་འདུག་ཅེས་ཞོར་ལ་ཀུ་རེའི་ཚུལ་དུ་ཞུ་འདོད་བྱུང་།
གནས་སྐབས་བདེ་མོ་བྱོས།
སྒོ་སྡེ་ལྷ་རམས་པ་ཚང་གི་རྩོམ་ཡིག་འདི་་་་ བགྲོ་གླེང་ཡོང་ཆེད་དུ་ཡིན་་་་ཟེར་འདུག་མོད། དུས་བབ་ཐོག་ཏུ་རྩོམ་ཡིག་འདིར་མཆན་བུ་འདེབས་མེད་པ་ཞིག་ཏུ་བཏང་ནས་བཞག་འདུག
ད་བགྲོ་གླེང་གནང་སྟངས་འདི་འདྲ་གང་འདྲ་ཡིན་ན།
བ་དང་ཝ་ནོར་བའི་དཀའ་ངལ་མེད་ནའང་། སྡེ་དང་འདྲེ་གཉིས་ལ་སྒྲ་གདངས་འདྲ་བའི་ཆ་ཕྲན་བུ་ཡོད་པ་རེད། སྒོམ་འདྲེས་བ་ཤའི་ཚབ་ཝ་ཤ་ཟ་སྲིད་པས་སེམས་ཆུང་བྱོས། གཞན་ཡང་སྒོམ་འདྲེས་སྤོབས་པ་ཆེན་པོས་སྤྱོད་བཞིན་པའི་ལེགས་སྦྱར་གྱི་སྐད་ཡིག་ནི་སྲོག་ཆད་ཚར་བའི་འཛམ་གླིང་གི་སྐད་ཡིག་ཤི་བོའི་ཐོ་གཞུང་ནང་བཀོད་ཡོད་རེད། ལེགས་སྦྱར་གྱི་སྐད་ཡིག་ལྟ་བུ་དུར་ཁྲོད་ཞུགས་ཟིན་པའི་སྐད་ཡིག་ཅིག་ལ་གཞི་བཞག་ནས་བོད་སྐད་ལ་ཞུ་དག་གཏོང་མཁན་མཁས་པ་བ་མོ་དང་ཝ་མོའི་དབྱེ་བ་མི་ཤེས་མཁན་ཚོའི་བྱ་སྤྱོད་ཆོ་མེད་ཅིག་རེད། འདིར་རྒྱལ་སྤྱིའི་དྲ་རྒྱའི་ནང་གི་སྐད་ཡིག་ཤི་བོ་ཚོའི་མིང་ཐོའམ་བར་དོའི་ངོ་སྤྲོད་ཡོད་པ་འདིར་དྲངས་ཡོད། བར་དོའི་ངོ་སྤྲོད་འདི་ཀློག་པ་ཙམ་གྱིས་སྒོམ་འདྲེ་སྐད་ཡིག་གི་དུར་ཁྲོད་དུ་འཁོར་ནས་མི་འདུག་པར་གྲོལ་བར་འགྱུར་བའི་རེ་བ་ཡོད།
A dead language is a language which is no longer learned as a native language. Some well known examples of dead languages include Coptic, Ancient Greek, Latin, and (Sanskirt), although there are numerous other dead languages from regions around the world, including huge numbers of Native American languages which died out with European colonialism. Some dead languages are topics of study because of their cultural, linguistic, or social importance, and some dead languages actually have numbers of speakers which exceed those of modern or living languages, languages which are learned as native tongues.
ཁྱེད་ཀྱིས་བ་ཝ་གཉིས་སྐྱེས་གནས་སོགས་བཤད་དགོས་ཟེར་ཡང་། ཁྱེད་ལ་རྒྱུ་མཚན་བཤད་མཁན་ཞིག་ཡོད་ན་སྨྱོན་ཡིན་རྒྱུ་རེད།
ཆེད་དུ་རྙོག་དྲ་བཟོས་ནས་མི་མང་པོའི་ཆུ་ཚོད་རྩེད་སྤྱད་མ་བྱེད། ཆུ་ཚོད་ནི་མི་ཚེ་སྲོག་རེད། མིའི་ཚེ་སྲོག་གིས་རྩེད་སྤྱད་མ་བྱེད།
Hi guys,
The point is that Gomdhe La makes the argument by comparing Amdo phonics of the two letters to u_zang’s. He was not comparing within Amdo phonics.
ka, ka, ka, nga ཀ་ཁ་ག་ང་།
ja, ja, ja, nya ཅ་ཆ་ཇ་ཉ།
ta, ta, ta, na ཏ་ཐ་ད་ན།
pa,pa,pa, ma པ་ཕ་བ་མ།
sa, sa, sa, wa ཙ་ཚ་ཛ་ཝ།
sha, sa, ah, ya, ཞ་ཟ་འ་ཡ།
ra, la, sha, sa ར་ལ་ཤ་ས།
ha, ah……………..ཧ་ཨ།
ཏ་་་རྟ་་སྟ་་་= ta, ta, ta
མགོ་་་་ སྒོ་་་་་ རྒོ་་་་ དགོ་་་་་ འགོ་་་་་ go, go, go, go …………
སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་འཕེལ་གྱི་ལུགས་སུ་བྱས་པའི་ཡང་དག་པའི་བོད་ཀྱི་སྒྲ་གདངས་འདི་རེད། ཧ ཧ ཧ ཧ ཧ འདི་ཚང་མ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཡིན།
རབ་གསལ་ལགས།
གྲགས་པ་བཤད་སྒྲུབ་ཀྱི་སྔགས་བཀླག་ཐབས་ལས། རྒྱ་ཡིག་ལ་ཝ་ཆེན་སྒོས་སུ་མི་སྣང་ཡང༌། སརྦ་དང༌། བཱ་གི་ལྟ་བུ་ལ་ཕྱེད་ཝར་འབོད་པ་ནི་དོན་གྱིས་ཐོབ་པའི་དབང་དུ་བྱས་པའོ། །ཞེས་རྒྱ་ཡིག་ལ་ཝ་ཆེན་སྒོས་སུ་མི་སྣང་ཡང་། ཞེས་པའི་དོན་ག་རེ་རེད།
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག
ད་ནི་ཕན་ཚུན་གདོང་ལ་མཛུབ་མོ་འཛུགས་པའི་ལས་རེ་ཞིག་སྤོངས་ལ། སྟོད་ལ་དྭགས་ནས་སྨད་རྒྱལ་མོ་ཚ་བ་རོང་བར་ལས་སླ་བོར་བརྡ་སྤྲོད་ཐུབ་པའི་སྤྱི་སྐད་ཅིག་ཡོང་བར་ག་འདྲ་བྱས་ན་ལེགས། ལུང་པ་གང་ཞིག་གི་སྒྲ་གདངས་རྨང་གཞི་བྱས་ན་ལེགས། ལུང་པ་གང་གི་སྐད་གདངས་དེ་སྤྱོད་མཁན་མི་འབོར་མང་བ་འདུག ཨ་མདོའི་སྐད་རེད་དམ། ཁམས་པའི་སྐད་རེད། ཡང་ན་ལྷ་སའི་སྐད་རེད་དམ་སྟོད་པའི་སྐད་རེད།
ལོ་རྒྱུས་ཐོག་སྐད་གདངས་གཅིག་གྱུར་བྱེད་མྱོང་མཁན་མི་རིགས་དེ་ཚོས་ག་འདྲ་སེ་གནང་འདུག
ནུབ་ཕྱོགས་པའི་གཞུང་ལུགས་ནང་མི་རིགས་ཤིག་གི་སྐད་གདངས་གཅིག་གྱུར་བཟོ་སྟངས་ཐད་ཚན་རིག་དང་མཐུན་པའི་གཏན་འབེབས་དང་རྙེད་དོན་ག་རེ་ག་རེ་མཆིས་་སོགས་གླེང་སློང་བྱེད་ཐུབ་ན་་ཤིན་ཏུ་ཕན་ཐོགས་ཆེ་སྙམ།
འདི་ཐད་འདྲ་མིན་མང་པོ་བཤད་ན་ལྷ་རམས་པར་གོ་བརྡ་འཕྲོད་དཀའ། ངའི་གཡས་གཡོན་དུའང་འདི་ལྟར་བཤད་མཁན་མང་པོ་ཡོད། ཁོང་ཅག་ལ་ཇི་ལྟར་བཤད་ཀྱང་གོ་བརྡ་མི་འཕྲོད། ཁོང་ཅག་གི་ངག་ནས་ཨ་མདོ་བའི་༼ཝ༽ཀློག་སྟངས་འདི་ནམ་ཡང་ཡོང་གི་མི་འདུག་རུང་དེ་ག་རང་རེད་ཅེས་ཨུ་ཚུགས་མཐའ་སྐྱེལ་བྱེད་ཅིང་། སྐབས་རེར་བསམ་ན་ཁོང་ཚོ་ལའང་ཁག་མི་འདུག་སྟེ་ཨ་མདོ་བའི་༼ཝ༽ཡིག་ཀློག་སྟངས་ཀྱི་བྲོ་བ་འདི་མྱོང་ཐུབ་པའི་ལྕེ་ཞིག་ཁོང་ཅག་ལ་མེད་པས་སོ། ཨ་མདོ་བའི་༼ཝ༽ཀློག་སྟངས་འདི་དང་མཚུངས་ཞིག་ཧྤ་རིན་སིའི་སྐད་དང་སོག་པོའི་སྐད་ཀྱི་ནང་དུ་ཡོང་གིན་འདུག དེའི་ཐོག་ནས་གོ་བརྡ་ཞིག་སྤྲོད་རྒྱུ་མེད་འགྲོ།
བ་ཡིག་འདི་ནི་བསམ་བློ་ཞིབ་མོ་བཏང་ན་ཞིབ་འཇུག་བྱ་རིན་ཡོད་པ་ཞིག་དང་། བསམ་བློ་རག་མོ་བཏང་ན་རྟ་རོག་རོག་གི་སྤུ་ནང་བཞིན་གཏིང་ཐག་ཆོད་དཀའ་བ་ཞིག་འདུག ཁྱེད་ཅག་གིས་རྩོད་དགོས་རྒྱུ་བ་ཡིག་གི་སྦྱོར་བ་དང་། བ་ཡིག་གི་བྱེད་ལས། བ་ཡིག་གི་ཕྱི་མོ། བ་ཡིག་གི་སྒྲ་འབྱིན་ཚུལ། བ་ཡིག་གི་སྐྱེས་ཁམས་སོགས་རེ་རེ་བཞིན་ཕུད་ཐག་ཆོད་པའི་དཔྱད་པ་ཞིག་བྱེད་ཐུབ་ན་བཟང་གི་མོད། དེ་འདྲ་མིན་པར་ཁྱོད་ཨ་མདོ་དང་། ང་ལྷ་ས། ཁོ་ཁམས་པ་ཞེས་ཆོ་མེད་པའི་ལུང་ཚན་གྱི་ཕྱོགས་སུ་ལྷུང་ན་ནི་ཚེ་གང་བོར་འབད་པའི་སྦྱངས་པ་ཕྲ་མོ་དེ་ཡང་དྲི་ངན་ཐུལ་བའི་མེ་ཏོག་བཞིན་མཆོད་པའི་ལྷ་རྫས་སུ་མི་རུང་དེ་ཐོག་མར་ངོས་ཟིན་དགོས།
ང་ནི་ཨ་མདོ་བ་དང་། ལྷ་ས་བ། ཁམས་པ་གང་ལའང་མཐའ་གཅིག་ཏུ་ལྷུང་འདོད་མེད་པའི་དབང་གིས་ཁ་བརྡ་ཚང་ལ་ཐོག་དང་པོར་ཡོང་དུས་ནས་ཁས་བླངས་པའི་དམ་བཅའ་ནི་ད་རེས་གི་གནད་དོན་འདི་འདྲ་བར་ཁམས་ལྷ་མདོ་གསུམ་གང་ལའང་ཁྱད་གསོད་ཀྱི་མེ་སྒྱོགས་མི་འཕེན་རྒྱུ་དེ་ཨང་དང་པོར་བཟུང་ཡོད།
ལར་ནས་བ་ཡིག་འདི་ནི་ལྷ་ས་བ་དང་ཨ་མདོ་ཀློག་སྟངས་ལ་ཁྱད་པར་ཡོད་པ་དངོས་བདེན་རེད། བ་ཡིག་གི་ཀློག་སྟངས་ནོར་ཉེན་ཆེ་བའི་ཡི་གེ་དག་ནི། ལྷ་ས་བས་ཉན་ན་ཨ་མདོའི་བ་དང་ཝ་གཉིས་འདྲ་བོར་མཐོང་།
ཨ་མདོ་བས་ཉན་ན་ལྷ་སའི་བ་དང་པ་གཉིས་འདྲ་བོར་མཐོང་། དེ་ཡང་འདྲ་བོ་མཐོང་བ་ཙམ་ལས་ཞིབ་ཚགས་པོར་ཉན་ན་འདྲ་བོ་མེད། འདྲ་བོ་མེད་པ་ཙམ་མ་ཟད་སྐབས་མང་པོ་ཅིག་ལ་ལྷ་ས་དང་ཨ་མདོ་གཉིས་ཀས་འདྲ་འདྲ་ཀློག་གིན་ཡོད། མི་འདྲ་ས་དེ་ནི་མིང་གཞི་རྐྱང་བའི་སྐབས་དང་། ཀི་ཀུ་སོགས་དབྱངས་དང་བཅས་པའི་སྐབས་ལ་ཡིན། མིང་མཐའི་སྐབས་སུ་ནི་མདོ་ལྷ་གཉིས་ཀས་གཅིག་མཚུངས་སུ་ཀློག་གི་ཡོད།
དཔེར་ན། བ་ལང་། བ་ཕྱུགས། བ་སོ། བུད་མེད། བེད་སྤྱོད། བོད་པ་སོགས་མདོ་ལྷ་གཉིས་ཀློག་སྟངས་མི་འདྲ། ཡང་། དགའ་བ། བདེ་བ། གླ་བ། ཤ་བ། བཟའ་བ། བཏུང་བ། འགྲོ་བ། འབྲེལ་བ་ལ་སོགས་པའི་རིགས་ནི་མདོ་ལྷ་གཉིས་ཀྱི་ཀློག་སྟངས་མཚུངས།
ལྷ་ས་བས་འཁྲུལ་ས་གཙོ་བོ་དེ་བ་ཡིག་དང་ཝ་ཡིག་ཡིན་ན་ཡང་། དངོས་ནས་ཉན་ན་ཨ་མདོ་བའི་བོད་ཀྱི་ཀློག་སྟངས་ནི་ཝོད་མིན་པར་འོད་དང་མཚུངས་པ་ཞིག་ཐོན་པ་ཡིན། དེ་བཞིན་དུ་ཨ་མདོ་བས་འཁྲུལ་ས་གཙོ་བོ་དེ་ཡང་ལྷ་ས་བས་བོད་ཀྱི་ཀློག་སྟངས་དེ་པོད་མིན་པར་རྦོད་ལྟ་བུ་ཞིག་གི་སྒྲ་ཐོན་བཞིན་ཡོད།
སྒོམ་སྡེ་ལགས།
སྤྱིར་བོད་འདིར་དབྱངས་གསར་སོགས་ཀྱི་སྐྱེ་གནས་སྟོན་པའི་གཞུང་ལུགས་ཆ་ཚང་གཅིག་ཀྱང་དེ་སྔ་བྱུང་མེད།
སུམ་བཅུ་པ་ལས། དང་པོ་ང་རོ་རྣམས་སྦྱངས། ཞེས་པ་ལས་སྦྱངས་ལུགས་སྦྱོང་སྟངས་སྟོན་མེད་པས་དེའི་སྐོར་ད་བར་དུ་དེའི་སྐོར་གཅིག་གྱུར་གྱི་སྟོན་པའི་ལམ་ཞིག་བྱུང་མེད།
ས་སྐྱ་བསོད་ནམས་རྩེ་མོ། སྣར་ཐང་བ། ཤར་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་སྔགས་བཀླག་ཐབས་རེ་མཛད་ཡོད་པ་ལ་གཞི་བཅོལ་ནས་ཡི་གེ་རྣམས་ཀྱི་སྐྱེ་གནས་སྟོན་པའི་རེའུ་མིག་རེ་མཛད་ཡོད་མོད་འོན་ཀྱང་མཐུས་ཚང་དང་གཅིག་གྱུར་བྱུང་མེད་ཅེས་བཤད་ཆོག
བོད་གངས་ཅན་གྱི་ཁྲོད་དུ་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག་སི་ཏུ་པཎ་ཆེན་གྱིས་ཀྱང་སྐབས་འདིར་ཡང་དག་པ་ཞིག་བརྗོད་ཐབས་བྲལ་ཏེ་སྨྲེ་ངག་བཏོན་ཡོད།
ཚུལ་དེར་སོམས་དང་སྒོམ་སྡེ་ལགས་དཀའ་བའི་རྒྱུ་ལས་ཐག་ཆོག་བྱེད་ཐུབ་རྒྱུ་མ་རེད།
མཐར་གསལ་བཤད་ཞུ་རྒྱུ་ཞིག་ལ། ཨ་མདོ་བས། བ་དང་ཝ། པ་སོགས་རྐྱང་བ་ཀློག་སྐབས་ཁྱད་པར་ཆེན་པོ་ཡོད། ངས་བསམ་ན་སྒོམ་སྡེ་རང་ཨམ་སྐད་ཀྱི་གདངས་ལ་རྒྱུས་མེད་པས་སྟོན་གྱི་འདུག་སྙམ།
དབྱངས་གསལ
ཨ་ཁ་འདི་ཅི་ཞིག་རེད།
ཨ་མདོ་བ་ཝ་དགའ་ཚང་ཉན་རྒྱུ་ཅང་མི་འདུག་ཨ་མདོའི་སྐད་ལ་སྲ་ཧྲ་སོགས་མང་པོ་ཞིག་སྒྲ་གཅིག་ལྟ་བུ་ཧ་ཅང་མང་པོ་འདུག་པའི་འདི་ཞུས་དག་རེ་ཐུབ་ན་བོད་ཀྱི་སྐད་ཡིག་ལ་ཕན་ས་རེད་དེན་གང་བྱུང་བཤད་སྡད་ན་དངོས་དུས་ཚོད་ཆུད་ཟོས་རང་རེད།།
སྒོམ་སྡེ་ལགས།
ཁ་སང་ཉིད་ཀྱིས་ སྔགས་ཀྱི་བཀླག་ཐབས་ ནས་ལུང་དྲངས་ཏེ་དྲི་བ་ཞིག་གནང་བ་དེ་ལ་ངས་ ལན་ཞུ་མ་ཐུབ་པར་ལུས་འདུག དེ་རིང་བསམས་སྐབས་ ང་དེ་ལ་ལན་འབུལ་རྒྱུ་གང་ཡང་མི་འདུག རྒྱ་གར་ལ་ཝ་ཡིག་སྒོས་མི་སྣང་ཞེས་པ་དང་ དེ་བཞིན་ཝ་ཡིག་ཕྱེད་ཙམ་དུ་ཀློག་དགོས་པ་དེ་དག་ངས་ཀྱང་མི་ཤེས། ལྷའི་སྒྲ་དོད་ན། དབྱིན་ཡིག་གི་ V སྒྲ་འདུག སྒྲ་འདི་ དབུས་པའི་ བ་ཡིག་ན་ཡོད་མེད་ཀྱང་བརྟག་འཚལ། གང་ལྟར་ ཐེངས་འདིར་ཁྱེད་ཀྱིས་ཨ་མདོའི་ཝ་ཡིག་གི་སྒྲ་གདངས་ལ་མ་བརྟག་མ་དཔྱད་པར་འོལ་ཚོད་དུ་སྨྲས་པ་དེ་ ད་མཁྱེན་ཡོད་ཤག
ཁ་སང་ཞུས་པ་བཞིན། གསལ་བྱེད་ཀྱི་ཕོ་མོའི་སྒྲ་གདངས་དབུས་པ་ལ་ཧ་ཅང་གསལ་པོ་ཞིག་འདུག ད་ཆ་ངས་ཀྱང་ལག་ལེན་གྱི་ཐོག་ནས་ངོ་འཕྲོད་ཅིང་། དབུས་པ་དང་འདྲ་སེ་བ་ཞིག་ཀློག་ཐུབ། ཨ་མདོའི་སྐད་དུ་ སྡེ་བ་རེའི་མོ་ཡིག་དེ་ ཧ་ལམ་ ག་ལ་འགའ་ལྟ་བུའི་སྒྲ་ཞིག་མ་སྤྲད་ཚེ། ཕོ་མོའི་རྣམ་དབྱེ་འཁྲུགས་ནས། ཀ་ཡེད་དང་ག་ཟླུམ། ཅ་རིལ་དང་ཇ་གཟེད།སོགས་གཟུགས་དབྱིབས་ལས་མཆེད་པའི་མིང་རེ་བཏགས་ནས་དབྱེ་བ་འབྱེད་སྲོལ་ཞིག་འདུག
དེ་ནས་ དབྱངས་ཀྱི་སྐོར་དེ་རེད། འདི་ཡང་དབུས་པའི་ཀློག་དེ་ཧ་ཅང་ལེགས། པེ་ཅིང་ཞེས་བྲིས་ན་ ཨ་མདོའི་སྐད་དུ་ པེ་ཅང་ ཞེས་པའི་སྒྲ་འདི་ལས་མི་ཐོན་སྟབས་ ཡིག་ཆ་མང་པོར་ པེ་ཅིན་ཞེས་བྲིས་པ་དེ་རེད། དབུས་པའི་དབྱངས་ལ་སྐྱོན་གཏན་མེད་པ་ཞིག་མ་རེད། དཔེར་ན། ལྷ་ས་བ་ཚོས་ འཕུར་ ཞེས་པའི་ཡི་གེ་འདི་ འཕིར་ ཞེས་ཀློག ཁྱད་མཚར། མི་དགོས་ཞེས་པ་འདི་ཡང་ mo-goe ཞེས་པ་འདྲ་ཞིག་ཀློག
དེ་ནས་ སྐད་ཆ་དང་དག་ཆ་གཉིས་བསྡུར་ནས་བལྟས་ཚེ། ལྷ་སའི་སྐད་འདི་དག་ཆ་ལས་རིང་དུ་རིང་དུ་འགྲོ་བའི་རྣམ་པ་ཞིག་འདུག གནད་འདི་ལ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་ལྷ་སའི་སྐད་ལ་བཀའ་བཀྱོན་ཚ་ཐག་ཆོད་ཅིག་བཏང་འདུག
ངས་ ཁྱོད་ཀྱི་རྩོད་པ་འདི་དང་ཐལ་བ་འདི་ དཔྱིད་ཉི་རིང་མོ་འཁྱོལ་ཐབས་ཤིག་རེད་ཅེས་ཟེར་བཞིན་ ངས་ཀྱང་ དུས་ཚོད་མང་པོ་བསྐྱལ་སོང་། ཧ་ཧ།
ཨོ་ ངས་གཅིག་བཤད་རྒྱུ་བརྗེད་འདུག དེ་ནི་ དབུས་པས་ སྐད་ལ་ སྙན་ཆ་འབྱིན་པའི་རྩོལ་བ་ཤུགས་ཆེ་དྲགས་པའམ་ ཡང་ན། དབྱངས་ཀྱི་སྒྲ་འབྱིན་ཚུལ་དེ་དག་ གསལ་བྱེད་ཀྱི་སྟེང་ལའང་སླེབས་པར་བྱས་པ་ལྟ་བུ་ཞིག་གིས་ གསལ་བྱེད་ཀྱི་ཡི་གེ་ལའང་གདངས་་མཐོ་དམན་འབྱེད་པའི་རྣམ་པ་ཞིག་སླེབས་བཞིན་གདའ། རྒྱ་སྐད་ལ་ དཔེར་ན་ མཱ་ ཟེར་བ་དེ་ཡར་བཀྱགས་དུས་ རྟ་དང་ མར་ཕབ་དུས་ ཨ་མ་ལ་གོ་བ་རེད་ཟེར་བ་ཇི་བཞིན་ བོད་སྐད་ལ་ཡང་ ཡོད་རེད་ཅེས་དེང་སང་དེབ་དེ་འདྲ་ན་ཡང་འདུག བོད་སྐད་འདི་ Tonal Language རེད་བྲིས་འདུག དེ་ཚོ་ལ་དཔྱད་ཞིབ་གནང་རྒྱུ་འདུག་བསམས། བོད་སྐད་ལ་ ཁོ་རེ་ ཞེས་པའི་ཚིག་འདི་ རྗོད་སྟངས་ཀྱི་དབང་གིས་ འབོད་པ་དང་གཤེ་བ་སོགས་རྗོད་པ་པོའི་རྣམ་འགྱུར་སྟོན་པ་ཞིག་ཡོད་མོད། ཁོ་རེ་ ཞེས་པ་འདི་ གདངས་མཐོ་ན་ དོན་འདི་དང་གདངས་དམའ་ན་དོན་འདི་ཡིན་ཞེས་ལམ་ལུགས་ཤིག་ཨེ་ཡོད་དྲན། དོན་འདིའི་རྩོད་པ་ཞིག་གི་སྐབས་ མི་ཞིག་གིས་ང་ལ་ “དེ་འདྲ་ལོས་ཡོད། དཔེར་ན། ཁ་པར་དང་ག་པར་ ཞེས་པ་ལྟ་བུ་རེད།”ཅེས་ཟེར། དེ་ཙམ་ཞུའོ༎
དགེ་འདུན་རབ་གསལ། ཁྱོད་ཀྱི་ཡི་གེ་བར་ཐག་བཅད་ནས་འབྲི་བཞིན་པ་འདི་དེང་སྐབས་ཨ་རི་ན་བོད་ཡིག་གཏོར་བཅོམ་བྱེད་པའི་ལས་འགུལ་གསར་བ་ཞིག་སྤེལ་བཞིན་པ་དེ་ནང་ཁྱོད་ཀྱང་འཛུལ་ཟིན་ནི་མིན་ན། དེ་འདྲ་ཡིན་ན་དེ་ལྟར་མ་བྱེད་སྐུ་མཁྱེན། འུ་ཚོས་ཡི་གེ་འདི་སྔོན་གླེང་དར་མའི་གཅིག་བཅོམ། དེ་ནས་དགྱ་རོ་ཚང་གི་གཉིས་བཅོམ། ད་ནུབ་ཕྱོགས་ནས་ཀྱང་བཅོམ་ན་ལྷག་ཁག་པོ་རེད་གོ
རེད། རེད། བགྲོ་གླེང་ཡག་པོ་གནང་གི་འདུག རང་རང་གི་སྐད་ནང་ངེས་པར་བཅོ་རིགས་པ་དེ་ཚོ་བཤད་དགོས་ཀྱི་འདུག
༡ ཨ་མདོའི་གུག་གུ་ལ་བཤད་རྒྱུ་མེད། ད་རུང་རྩོད་གཞི་ཅན་རེད།
༢ ཞབས་ཀྱུ་དེ་ཨ་མདོའི་ས་ཆ་འགའ་རེར་ཅི་བཞིན་ཡོང་བ་ལས་གཞན་གུག་གུ་དང་གཅིག་པ་འདྲ་ཟིག་ཀློག་གི་རེད། དེ་ངེས་པར་བསྒྱུར་དགོས་ཀྱི་འདུག
༣ དེ་ནས་གསལ་བྱེད་ཀྱི་སྡེ་བ་དང་པོ་ནས་སྡེ་བ་བཞི་བར་གྱི་ཡི་གེ་དང་པོ་དང་གསུམ་པ་གཉིས་གཅིག་མཚུངས་སུ་ཀློག་པ་དེ་འགྲིག་གི་མི་འདུག རྟགས་ཀྱི་འཇུག་པའི་ང་རོ་འདྲེན་ཚུལ་དང་ཡང་མི་མཐུན་པ་རེད།
༤ ལྷ་ས་བས་སྔོན་འཇུག་ལྔའི་སྒྲ་ཀློག་སྟངས་དེ། ཅུང་ཟད་ཁྱད་པར་ཡོད་ན་ལས་ཕལ་ཆེར་གཅིག་པ་འདྲ་བོ་ཞིག་ཏུ་མཐོང་། དེ་འགྲིག་གི་མི་འདུག ཨ་མདོར་མཚོན་ན་སྐད་རང་གི་ནང་། མགོ འགོ དགོ བགོ ལ་ཁྱད་པར་ཡོད་པ་རེད། ཡིན་ནའང་འགའ་རེའི་ངག་ཏུ། འ་འགོ་མ་མགོ་གཉིས་ལ་ཁྱད་པར་མི་འདུག
༥ ལྷ་སའི་སྐད་ནང་རྗེས་འཇུག་དེ་ཡང་ཡག་པོ་ཐོན་རྒྱུ་མི་འདུག ཡ་ཕེབས མ་ཕེབས། པ་ལ། ཟེར་བ་ལྟ་བུ་དེ་ཚོར་ཡར་རྒྱས་གཏོང་དགོས་ཀྱི་འདུག
༦ར་བཏགས་ཀྱི་སྒྲ་དེ་ཡང་མི་འདུག བྲང་ཁོག་ལ་བང་ཁོག་ཟེར།
༧ ར་བཏགས་དང་ཡ་བཏགས་ཀྱི་སྒྲ་དེ། ཕྲལ་ནས་ཀློག་པ་དེ་དག་པར་བརྩི་གི་འདུག་སྟེ། ད་ལྟའི་ཆར། སྐྲ་ལ་ས་ཀ་ར་ཟེར་མཁན་དང་སྒྲ་ལ་སྒ་ར་ཟེར་མཁན་ཞིག་ཕལ་ཆེར་ཨེ་ཡོད་སྙམ། སྔོན་མའི་ཀློག་སྟངས་རེད་ཟེར་ནས་ད་རུང་ཨུ་ཚུགས་རྒྱག་པ་དེ་ད་ལྟའི་དངོས་ཡོད་དང་འགལ། སྔོན་མ་དངོས་གནས། བྲུ་ཤ་དང་དྲུ་གུའི་མིང་ལ་བལྟས་ནའང་ཕྲལ་ནས་ཀློག་མཁན་ཡོད་པ་དེ་གསལ་པོ་རེད། བུ་རུ་ཤའམ་བུར་ཤ དུར་གུའམ་དུ་རུ་གུ་ཟེར་ནས་ཀློག་ནས་ལུང་པ་དེ་ཚོའི་མིང་ངོ་མ་དང་ཏག་ཏག་འབྱོར་གི་འདུག ད་ལྟའང་སྐད་ཆའི་ནང་ཡ་རའི་འདོགས་ཕྲལ་ནས་ཀློག་མཁན་ཡོད་པ་འདྲ་སྟེ་བོད་བྱིངས་ལ་ངེས་པར་བསྟུན་དགོས་ཀྱི་འདུག
༧ ལྷ་ས་བར་རྗེས་འཇུག་ད་དང་ས་གཉིས་ལའང་ཁྱད་པར་མེད་མཁན་མང་པོ་འདུག་ད
༨ མགོ་ཅན་གསུམ་ལ་ཁྱད་པར་མེད་པ་ཆོལ་ཁ་གསུམ་གང་སར་འདུག ས་མགོ་སོ་ཡི་བར་དང་། ར་མགོ་ལྕེ་རྩེ་འདར། ལ་མགོ་ལྕེ་གློད་རྒྱ་ཡང་བསྐྱེད་ཅེས་པ་ལྟར་ཀློགས་ཤིག
ལྕེ་ལ་མཉེན་ཆ་ཞེ་དྲག་མི་ཡོང་ན། བུ་མོ་མཛེས་མ་ཞིག་ལ་ལྕེ་ལེ་ཡང་ཡང་ནུ་བཅུག་ན་ལས་སླ་རུ་འགྲོ་བ་ཉམས་མྱོང་ཡིན། སྐུ་ཤོག་ཚོ་ཡིན་ན་སུར་པན་མང་ཟིག་ཟ།
Who Says what in Dharamsal
http://www.outlookindia.com/article.aspx?265589
སྒོམ་སྡེ་ལྷ་རམ་པ་མྱང་རྒྱུ་རང་རེད།
ྑ་བརྡ་ལས་སོགས་དྲྭ་རྒྱ་རྣམས་སུ་ཨ་མདོ་བ་ལས་མེད་མང་པོས་གང་ཡོད་པས་ཁྱེད་རང་ལ་དགག་ལན་ཆར་བ་བབས་པ་ནང་བཞིན་ཡོང་རྒྱུ་ཉག་ཅིག་རེད།
འོན་ཀྱང་ངོས་རང་ལ་ཨ་མདོའི་སྐད་ལ་དེ་ཙམ་གྱིས་རྒྱུས་མངའ་མེད་མོད།
rfaསོགས་ཀྱི་རླུང་འཕྲིན་ཁང་ནས་ཉན་དུས།
ཨ་མདོའི་སྐད་ཐོག་ནས་གསར་འགྱུར་བཤད་པའི་དུས་ཚོད་སླེབས་པ་དང་ང་ཡི་རླུང་འཕྲིན་འཕྲུལ་ཆས་སྒོ་རྒྱབ་ཀྱང་བྱེད་ཀྱི་ཡོད།
ངས་སྐད་རིགས་དེ་དག་གོ་ཐུབ་མི་པའི་རྒྱུ་མཚན་ཙམ་ལས།
ཨ་མདོ་བར་མི་དགའ་བའི་རྒྱུ་མཚན་གང་ཡང་མིན།
ཡིན་ནའང་སྐད་ཀྱི་སྒྲ་གདང་གི་རྙོག་ཁྲ་ནི་མདོ་དབུས་ཁམས་གསུམ་ཀ་ལ་ཡོད་པས།
སྒོམ་སྡེ་ལྷ་རམ་པ་ལགས་ཁྱེད་རང་སྒོམ་བྱེད་པའི་དུས་ཚོད་ཚང་མ་དགག་བཞག་བྱེད་པའི་སྒང་ལ་ཤོར་ངེས་རེད།
ཁམས་པའི་སྐད་ཀྱི་སྒྲ་གདངས་ལའང་དེ་ཙམ་གྱིས་དག་རྒྱུ་ཅང་མེད་ཀོ།
ཟི་ལྡི་རས་དཔུང་བསྒྲིགས། ནམ་མཁའ་འུར་སྒྲས་བརྒྱངས། ཞེས་པའི་དཔེ་ལྟར་ལས། ཁོ་བོས་གོང་དུ་བ་ཡིག་སྐྱེ་གནས་དང་། བྱེད་པ་དང་སྦྲགས་ཏེ་གནོད་བྱེད་བཏང་བ་དེ་ལ་ནི་༼མདའ་ཚན་པ་མ་གཏོགས༽མང་ཆེ་བས་ལན་འདེབས་བྱེད་པའི་རྩོལ་བ་གནང་མི་འདུག་གོ།
གང་ལྟར་ང་ཚོའི་རྣ་མཆོག་ལ་ནི་བ་ལ་ཝ་ཞེས་བརྗོད་པ་རང་གོ་གི་འདུག འོན་ཏེ་དེ་འདྲ་རང་མིན་པའི་བཏང་ནའང་། བ་ལ་དབྱིན་སྐད་ཀྱི་vསྒྲ་འདྲ་བ་ཞིག་ལས། bསྒྲ་ནི་མི་ཐོན་ཁོ་ཐག་རེད། ཉམ་ཞིབ་ཡག་པོ་བྱས་ན། ཁྱེད་ཅག་གིས་“བོད”ལ་“ཝོད”ཅེས་པའམ་“འོད”ཅེས་པ་ལྟ་བུས་རྗེས་འཇུག་གི་ད་སྒྲ་གསལ་བར་ཐོན་པ་ཞིག་ཀློག་གི་རེད། དེ་འདྲ་མ་རེད་དམ།
བ་སྒྲ་ནི་ཨམ་སྐད་ལྟར་ན། དབྱིན་སྐད་ནང་ཉེ་ཤོས་ wa རེད
མཁས་དབང་རྣམས་ལ་དྲི་བ་ཐུང་ངུ་ཞིག་ཞུ་བ། ཐོན༽ཟེར་བ་འདིར་ཡང་གསང་བ་ཞིག་འདུག་པས་གསལ་བཤད་བཀའ་དྲིན་མ་ཆུང་། སྐབས་རེར་དུས་སུ་བབས་པ་ལྟ་བུ། སྐབས་རེར་འབྱུང་ཁུངས་། སྐབས་རེར་བདེ་འཇགས་སོགས་གོ་བ་ཐ་དད་པར་འདུག་པ་འདིར་ཚབ་ཚིག་གཅིག་རྙེད་དམ། དཔེར་ན། བསྟན་རིམ་ལས། འཆི་བ་མི་རྟག་པའི་ཐོན་ཆོས་འདི་བསྒོམ། ཞེས་དང་། མགོ་ཐོན་གཞུག་འཁྱོངས། ལམ་ཐོན་དུས་འཛོམས། གཞན་དུ། ཐོན་ཕྱག ཐོན་ཚད། ཐོན་ཡུལ། ཐོན་སྒོ། ཐོན་བབས། ཐོན་སྐྱེད། ཕྱིས་ཐོན། སྔོན་ཐོན་སོགས་ལ་དཔྱད་པ་ཅིག་གནང་འཚལ
རབ་ཏུ་གུས་པར་འོས་པའི་ཁ་བརྡ་ཚང་ལ་ཞུ་རྒྱུ་ལ།
ངོས་དེ་སྔོན་གྲགས་རྒྱལ་གྱི་མངོན་རྟོག་དེ་ཐང་ཁ་ཤེས་ལ་གཏང་ཀྱང་གཏམ་བརྗོད་རང་དབང་གནང་གི་མི་འདུག་བློ་ཕམ་ཆེ།
ད་ལྟ་སྒོམ་སྡེ་མཆོག་གི་སྙན་རྩོམ་ངོ་མ་བྱང་སེམས་ཉམས་ལེན་བྱེད་པ་ལ་ཕན་པའི་གདམས་ངག་ཁ་ཤེས་ཞིག་གཏང་ཡོད་པའི་སྐྱེ་བུ་དམ་པ་མཁས་པའི་དབང་པོ་ཁོང་གི་ཀུན་སློང་དེ་གང་འདྲ་ཞིག་ཡོད་མེད་ཁྱེད་དྲ་གྲོགས་ཡོངས་ཀྱིས་གཟིགས་རོགས་ཞུ་ཞུ།
ལྷག་བསམ་རྒྱ་མཚོ་ལགས།
གཤམ་གྱི་ཐོན་པའི་སྒྲ་ནི་འགྲོ་བའི་དོན།
ཐོན་ཆོས། (འགྲོ་བ) (ཕྱི་མར་འགྲོ་བའི་གྲབས་བྱེད་པའི་ཆོས་ཡིན་པས་ན། ཐོན་ཆོས་ཟེར་བ་ཡིན་ཚོད)
ཐོན་ཕྱག (འགྲོ་བ)
ཐོན་དུས། (འགྲོ་བ)
ཕྱིས་ཐོན། (འགྲོ་བ)
སྔོན་ཐོན། (འགྲོ་བ)
གཤམ་གྱི་ཐོན་པ་ནི་ཡོང་བའམ། བྱུང་བ། མངོན་དུ་གྱུར་པ་བཅས་ཀྱི་དོན།
ཐོན་སྒོ། (ཡོང་བའམ་བྱུང་བ)
ཐོན་འབབ། (ཡོང་བའམ་བྱུང་བ)
ཐོན་སྐྱེད། (ཡོང་བའམ་བྱུང་བ)
གཤམ་གྱི་དེ་འཁྱོལ་བའི་དོན། (མཐར་འཁྱོལ་བའམ་ཁུངས་འཁྱོལ་ཞེས་པའི་འཁྱོལ)
མགོ་ཐོན། (འཁྱོལ་བ)
དཔེར་ན་རང་མགོ འདོན་པ། བཏོན་པ། གདོན་པ། ཐོན་༼སྐུལ་ཚིག༽ ཡང་། རང་མགོ་བཏོན་ནས་ཐོན་པ།
རང་གི་བསམ་ཚོད་ཙམ་ཞིག་ཞུས་པའོ། །
ཨ་མདོ་བས་ཁོང་ཅག་གི་སྐད་དེ་ཁུངས་དག་ཡིན་ཚུལ་བཤད་པ་ལ་རྒྱུ་མཚན་མེད་པ་མ་རེད། ང་ཚོ་བོད་ཀྱི་ལོ་རྒྱུས་དག་ཏུ་ཨ་མདོ་བ་རྣམས་བོད་ཀྱི་མཐའ་མཚམས་བསྲུང་བའི་ཕྱིར་བཏང་བའི་དམག་མི་རྣམས་དེར་གཞི་ཆགས་པ་ལས་མི་རིགས་མཆེད་ཚུལ་གསུང་བ་ལ་གཞིགས་ན། ཁོང་ཚོའི་སྐད་དེ་ཁུངས་དག་པ་ཡོད་ཅེས་བཤད་པ་དེ་ལ་རྒྱུ་མཚན་ཆེན་པོ་ཡོད། དཔེར་ན་Denmarkཌེན་མག་རང་དུ་ཡོད་པའི་ཁོང་ཅག་གི་མི་རིགས་དང་། Canadaཁེ་ན་ཌ་སོགས་ཡུལ་ལུང་གཞན་དུ་གནས་སྤོ་བྱས་པའི་ཁོང་ཅག་གི་མི་རིགས་གཉིས་ཀྱི་དབར་སྐད་ལ་ཞིབ་འཇུག་བྱས་ཚེ། ཡུལ་ལུང་གཞན་དུ་སྤོས་པ་དག་གི་སྐད་དེ་བསྲེ་ལྷད་མེད་པར་གནས་ཐུབ་འདུག་ཅེས་བརྗོད་ཀྱི་འདུག དེ་ལ་གཞིགས་ན་ཨ་མདོ་བས་ཁོང་ཅག་གི་སྐད་དེ་ཁུངས་དག་ཡིན་ཞེས་བཤད་པ་ལ་རྒྱུ་མཚན་འདུག དེ་བཞིན་དུ་ཁམས་པ། སྟོད་པ། ལ་དྭགས་པ་ལའང་རྒྱུ་མཚན་མཚུངས་པར་སྙམ་མོ། །
ཐོན། ཞེས་པ་དེ། འགྲོ་བ་ལས་འགྲོ་ཚར་བའམ་ཕྱིན་པའི་དོན་ལ་ཉེ་བ་མི་འདུག་གེ གོང་གི་དཔེར་བརྗོད། སྔོན་ཐོན། དང་། བྱུང་བ། ཞེས་པ་དོན་དེས་མི་སྟོན་ནམ།
སྒོམ་སྡེ་ལྷ་རམས་པ་ལགས།
སྤྱིེར་ས་ཁུལ་སོ་སོའི་སྐད་གདངས་ལ་ཁྱད་པར་ཡོད་པ་མ་ཟད། ས་ཁུལ་དེ་དག་གི་སོ་སོའི་སྒྲ་གདངས་འདོན་སྟངས་ནི་ས་ཁུལ་གཞན་པ་དེའི་ལྕེ་སྣེ་ནས་མི་ཐོན་པ་མ་ཟད་རྣ་བས་གཟབ་ནན་གྱིས་ཉན་ཡང་སྒྲ་གདངས་ཀྱི་དབྱེ་བ་མི་ཆོད་པ་མང་པོ་འདུག།
དཔེར་ན། དབུས་གཙང་གི་མི་ཞིག་གིས་བཀླགས་པའི་ཀ་དང་ག ཅ་དང་ཇ ཏ་དང་ད པ་དང་བ་སོགས་ཀྱི་སྒྲ་གདངས་དབུས་པའི་མི་ཡིས་བཀླགས་ཏེ་དབུས་པའི་མི་ཡིས་ཉན་ན་ཁྱད་པར་ཆེན་པོ་འདུག་ཟེར། ཨ་མདོའི་མི་ཡིས་ཉན་ན་སྒྲ་གདངས་དེ་དག་གཅིག་པ་གཅིག་རྐྱང་བཀླགས་པའི་ཚོར་སྣང་ལས་ཁྱད་པར་གང་ཡང་དགར་ཐུབ་ཀྱི་མི་འདུག དེ་བཞིན་དུ་ཨ་མདོའི་མི་ཞིག་གིས་བཀླགས་པའི་བ་དང་ཝ་ཡི་སྒྲ་གདངས་ཨ་མདོའི་མི་ཡིས་བཀླགས་ཏེ་ཨ་མདོའི་མི་ཡིས་ཉན་ན་ཁྱད་པར་ཧ་ཅང་ཆེན་པོ་འདུག དབུས་པའི་མི་ཡིས་ཉན་ན་སྒྲ་གདངས་གཅིག་པ་གཅིག་རྐྱང་གོ་བ་རེད།
སྐྱེ་གནས་དང་བྱེད་རྩོལ་སོགས་རྒྱུ་མཚན་དྲངས་ནས་བཤད་ན། དབུས་པའི་མཁས་དང་ཁས་གཉིས་ཀྱི་སྒྲ་གདངས་འདོན་དུས་སྐྱེ་གནས་དང་བྱེད་རྩོལ་སོགས་མི་དགོས་པར་སྒྲ་གདངས་གཅིག་རྐྱང་འདོན་པ་ཅི་ཞིག་གི་ལན། ཨ་མདོ་བས་བཀླགས་ན་ཧ་ཅང་ཁྱད་པར་ཆེ།
འདིའི་རིགས་བཤད་ན་བཤད་ཚོད་ཡོད་པ་མ་རེད།
སྒོམ་སྡེ་ལྷ་རམས་པ་ལ་ཞུ་རྒྱུ།
སྤྱིར་ཁྱེད་ནི་ཡོན་ཏན་ཅན་ཞིག་ཡིན་པ་རྟེན་རྟེན་འདྲ་བོ་འདུག།
ཡིན་ན་ཡང་ཁྱེད་ཀྱིས་རྟག་པར་གཞན་ལ་དམའ་འབེབས་དང་འཇིགས་སྐུལ་མང་པོ་གནང་གི་འདུག་པས་ག་རེ་ཅེས་་ནས་གནང་བ་ཡིན་ལགས།
ལན་གསལ་བོ་ཞིག་ཡོད་པར་ཞུ།
ང་ཡི་མཆོག་ཉིད་ཀྱིས་ཚུལ་ཁྲིམས་མཐར་ཕྱིན་ཟེར་བ་དེ་ལ་ག་འདྲ་ཚིག་འཇིགས་སུ་རུང་བ་མང་པོ་གསུང་འདུག་ག་རེ་ཅེས་ནས་རེད།
ཚིག་དེ་ཚོ་ནང་བ་སངས་རྒྱས་པའི་ལམ་དང་འགལ་བ་ཤ་རྟག་རེད་འདུག་ཞུ་བ་ཡིན།
དྲ་གྲོགས་ཚོ་ངོ་མ་དུས་རབ་འདི་ནི་ཧ་ཅིང་གི་ཉེན་ཁ་ཆེན་པོ་ཞིག་རེད་ཡ། གང་ཡིན་ཞུ་ན་ང་ཚོ་བོད་ཀྱིས་རིགས་གཞུང་དེ་ལ་གནོད་པ་བྱེད་མཁན་གཙོ་བོ་དེ་ནི་རྒྱ་དམར་ལས་ཁ་བཤད་མཁས་པར་སྒོམ་པའི་བོད་པ་འདི་ཚོ་མཐོང་སྐབས་དངོས་གནས་ཡག་པོ་ཞིག་མ་རེད་ཡ། ང་ཚོ་བོད་པ་ཚང་ལ་ཡུལ་ལུང་སོ་སོར་སྐད་ཀྱིས་ཁྱད་ཆོས་བླ་ན་མེད་པ་ཡོད་པ་འདི་ལ་སྲུང་སྐྱབས་བྱེད་པ་དེ་དོར་ནས་སྐྱོན་བརྗོ༹ད་བྱེད་པ་འདི་ཧ་ཅིང་གི་ཆེས་མ་འོས་པ་ཞིག་མ་རེད་དམ། སྒོམ་སྡེ་ཟེར་བ་འདི་འདྲ་བཅུ་ཡོད་པ་ཡིན་ན་ངོ་མ་བོད་ཀྱིས་སྤྱི་ཚོགས་ལ་སྔོན་ལས་ལྷག་པའི་དཀའ་ངལ་ཆེན་པོ་ཞིག་སྤྲད་ངེས་ཅན་རེད་ཞག
བླ་མ་དཀོན་མཆོག་མཁྱེན་ད་གང་དྲག་
ད་ངོ་མ་བྱས་ན་སྤྱིར་ང་ཚོ་བོད་པ་ཚང་གི་མཁས་པ་འདི་ཚོ་ཁག་གཉིས་བྱས་པ་ཡིན་ན་ལེན་པོ་འདུག
དང་པོ་དེ་ལ་སྔོན་གྱིས་ས་དགེ་བཀའ་རྙིང་གི་ཁྱད་དུ་འཕགས་པའི་མཁས་དབང་བཀའ་དྲིན་ཅན་དེ་ཚོ་ངོ་མ་བོད་གངས་ཅན་གྱི་ལྗོངས་མ་ཟད་གོ་ལ་ཧྲིལ་བོ་འདིའི་ཐོག་ལ་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་རྩ་་ངོ་མ་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད་པས་ང་ཚོས་ནམ་དུ་ཡང་བརྗེད་མི་ཉན་པ་མ་ཟད་འདིའི་སྐོར་ལ་ཡང་ནས་ཡང་དུ་དྲ་གྲོགས་ཀུན་གྱིས་ཁ་བརྡ་བྱེད་ཐུབ་པ་ཡིན་ན་ཡག་པོ་མཐོང་གི་འདུག་ཞུ་བ་ཡིན།
གཉིས་པ་དེ་ད་ལྟའི་མཁས་པར་སེམས་པའི་ང་རྒྱལ་དང་ཕྱོགས་རེས་ཀྱིས་འགོང་པོ་ཁོག་ལ་བཞུགས་མཁན་གྱི་སྒོམ་སྡེ་ལ་སོགས་བོད་ཕྱི་ནང་གཉིས་ལ་མང་པོ་ཞིག་འདུག་པ་དེ་ཚོ་ནི་དངོས་གནས་བོད་པ་གཅིག་པོ་མ་ཟད་ད་ལྟ་དུས་རབས་གསར་བའི་སྐབས་སུ་འཛམ་གླིང་ཡོངས་ཀྱིས་ནང་ཆོས་དོན་གཉེར་བ་ཡོངས་ལ་གནོད་པར་བྱེད་པས་དགྲ་ཆེ་ཤོས་ཞིག་ཡིན་པ་སྨོས་མ་དགོས།
ང་ཚོ་བསྟོན་པ་ཐུབ་པའི་དབང་པོས་རྗེས་འཇུག་པ་ཞིག་ཡིན་པ་ཡིན་ན་ཆགས་སྡེང་དང་ང་རྒྱལ་ཡོངས་སུ་སྤང་ནས་གཞན་ཕན་སྒྲུབ་པ་ལ་རྩོན་དགོས་པ་རེད་མ་གཏོག་ང་མཁས་བསམ་པའི་ང་རྒྱལ་རི་བོ་ཙམ་ཞིག་ཁོག་ལ་བཅུག་ནས་མཐོ་དམན་ཡོངས་ལ་མི་ཕན་པའི་ཚིག་རྩུབ་མ་རུང་བ་འཕེན་པ་དེ་ཚོ་གང་ཡང་མི་ཤེས་པའི་ཀླུག་པ་ལས་ཀྱང་སྐྱོ་བ་ཡིན་པ་ཀུན་གྱིས་བློ་གཟུ་བོར་གནས་ནས་གཟིགས་རོགས་མཛོད།
དཔེར་ན་སྒོམ་སྡེ་ལྷ་རམས་པས་ཨོ་རྒྱན་གུ་རུ་རིན་པོ་ཆེ་རྫུན་མ་རེད་ཟེར་བ་དེ་ཚོ་སྔ་འགྱུར་རྙིང་མ་བ་ཡོངས་ཀྱིས་སྙིང་ལ་མེ་མདའ་ཟུག་པ་མ་རེད་དམ་ངོ་མ་མཁས་པ་ཁོང་འདྲ་པོ་ཞིག་གི་དེ་འདྲ་ལབ་ཐུབ་པ་དེ་ཐབས་སྐྱོ་བོ་དང་རང་ཉིད་དགེ་སློང་ལེགས་སྐར་གྱི་སྐྱེ་བ་ཡིན་པ་སྟོན་པ་མ་རེད་དམ།
དེ་རིང་གུས་པས་ཚིག་འདི་ཚོ་ཁྱེད་གུས་པར་འོས་པའི་ཁ་བརྡ་ཚང་གི་རང་སོར་འཇོག་རོགས་ཞུ་བ་ཡིན། སྤྱིར་ང་བོད་ཀྱིས་བུ་ཆུང་ལ་མཚོན་པ་ཡིན་ན་གང་ཡང་མི་ཤེས་པའི་རྨོངས་པ་ཞིག་ཡིན། ཐ་ན་ཡི་གེ་དག་ཆ་ཡང་ཡག་པོ་མེད་པས་བོད་པ་ཞིག་ཡིན་པས་དྲ་གྲོགས་ཡོངས་ལ་དགོངས་དག་ཞུ་བ་ཡིན།
ཡིན་ན་འང་ཁ་བརྡའི་དྲ་རྒྱ་འདི་ལ་ངོས་ཀྱིས་ཡུན་རིང་པོ་ལ་ལྟས་པ་ཡིན་པས་དེ་རིང་བོད་ཀྱི་བུ་ཆུང་གི་མིང་ཐོག་ནས་ཚིག་ཁ་ཤས་ཞིག་ཤོར་སོང་བའི་འདི་ནི་བོད་པའི་ཆོས་དང་རིགས་གཞུང་དང་མཐུན་ལམ་ལ་བསམ་བློ་གཏང་ནས་བྲིས་པ་ཡིན་ཞུ་བ་ཡིན།
བོད་མི་རིགས་ཀྱི་ཆོས་སྲིད་རིག་གནས་དཔལ་འབྱོར་བཅས་གོང་འཕེལ་ཡོང་ཕྱིར་བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།
ལྷ་སའི་ཕྱོགས་ནས་གི་ལ་གིས་ཞེས་འབོད།
བྱེད་འབྲེལ་ཐ་དད་འབྱེད་པའི་སྒྲ་གདངས་མེད།
ནང་ཆེན་པ་ཡིས་འབྲུ་ལ་འབུ་ཞེས་འབོད།
ར་བཏགས་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མགོ་ལོག་གསེར་རྟས་ཤིང་ལ་ཤང་ཞེས་འབོད།
གི་གུ་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མངའ་རིས་ཕྱོགས་ནས་མེད་ལ་མེ་ཞེས་འབོད།
རྗེས་འཇུག་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མཚོ་སྔོན་ཕྱོགས་ནས་མཆོད་ལ་མཆོལ་ཞེས་འབོད།
རྗེས་འཇུག་ད་ཡི་སྒྲ་གདངས་ཕལ་ཆེར་མེད།
ལྷོ་ཁའི་ཕྱོགས་ནས་སྤྲེལ་ལ་སྤེལ་ཞེས་འབོད།
ར་བཏགས་ཡོད་པའི་སྒྲ་གདངས་ཤིན་ཏུ་དཀོན།
རྫ་ཆུ་ཁ་དང་མི་ཉག་འབྲོག་པ་ཚོས།
གསལ་བྱེད་༼ག༽ལ་༼ཀ་ཆུང༽་ཞེས་སུ་བཏགས།
གསལ་བྱེད་༼ཆ་༽ལ་༼ཅ་རིལ་༽ཞེས་སུ་བཏགས
གསལ་བྱེད་༼ད་༽་ལ་ཏ་གཟེད་ཅེས་སུ་བཏགས།
དེ་ལྟར་ཡུལ་ལུང་སོ་སོའི་འདོན་ཚུལ་དང་།
སྐད་གདངས་སོགས་ལ་བརྟགས་ཅིང་དཔྱད་པ་ན།
གཞུང་དང་མཐུན་ཞིང་ཀུན་གྱིས་གོ་བདེ་བའི།
སྡེ་དགེའི་བོད་སྐད་ཕུན་སུམ་ཚོགས་པར་མཐོང་།
སུམ་བརྟགས་གཞུང་བཞིན་སྒྲ་གདངས་ཐོན་པ་དང་།
བོད་ཀྱི་བཙན་པོའི་ཡིག་སྐད་མ་ཉམས་པ།
སྨྲ་བའི་སྡེ་དགེའི་སྐད་ཀྱི་སྒྲ་གདངས་འདི།
གངས་ཅན་སྤྱི་སྐད་འོས་པའི་སྐད་གདངས་ཡིན།
དབུས་གཙང་ཨ་མདོ་ཁམས་དང་འབྲུག་པ་ཚོས།
སྡེ་དགེའི་སྐད་འདི་མྱུར་དུ་གོ་ཐུབ་པས།
བོད་ཁམས་བསྟོད་སྨད་བར་གསུམ་ཐམས་ཅད་ལས།
སྡེ་དགེའི་སྐད་འདི་སྤྱི་སྐད་འདེམས་པར་འོས།
དེ་ལྟར་ཡིན་མིན་ཡུལ་ལུང་སོ་སོ་ཡི།
མི་རྣམས་མཉམ་དུ་འཛོམས་ནས་དཔྱད་ན་ཤེས།
སོ་སོའི་ཡུལ་སྐད་རྒྱུན་འཛིན་བྱེད་བཞིན་དུ།
བོད་པའི་སྤྱི་སྐད་དར་བའི་བཀྲ་ཤིས་ཤོག །
བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།
བ་ལ་ཝ་ཞེས་མི་འབོད་ཅེས་ཨུ་ཚུགས་ཇི་ཙམ་བྱེད་པ་དེ་ཙམ་གྱིས་རྙོག་པ་ཇེ་ལང་ལ་འགྲོ་གི་རེད། བ་ལ་ཝ་ཞེས་མི་འབོད་ན། འོ་ན་བ་ཕྱེད་ལ་ཝ་ཞེས་ཨེ་འབོད། འབོད་ན་བ་ཕྱེད་དེ་ཀ་མད་སུམ་ཅུའི་ནང་གང་ཡིན་ངོས་ཟུང་ཞིག
བ་ཕྱེད་ལ་ཝར་མི་འབོད་ཟེར་ན། ངག་སྒྲོན་རྩ་བ་ལས། བ་ཕྱེད་ཝར་འབོད་རྣམས་ལ་བ། །ཞེས་གསུངས་ཤིང་། གསེར་ཏོག་སུམ་འགྲེལ་༣༧ལས། པི་ཝང་ཕ་ཝང་སོགས་ཀྱི་ཝ་ནི་ཙ་སྡེའི་བཞི་པ་བ་ཕྱེད་རུ་འབོད་པའི་ཝ་སྟེ། ཞེས་གསུངས་སོ། །
མཚམས་རེར་སྒོམ་སྡེ་ཁྱོད་དངོས་གནས་རྟོག་གེ་མགོ་མཁྲེགས་ཟེར་བ་དེ་རེད། ཁྱེད་ཀྱིས་རང་གི་ཁ་ནས་འདོན་པའི་སྒྲ་ཞིག་ མིའི་ཁ་ནས་ཀྱང་ཐོན་གི་འདུག་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་གི་འདུག མདོར་དེད་ན། ཁྱེད་ཀྱིས་ང་ནོར་འདུག་ཅེས་བཤད་མ་འདོད་པ་ལས་གཞན་རྒྱུ་མཚན་སྤུ་རྩེ་ཙམ་ཡང་མི་འདུག ཁྱེད་ཀྱི་ཞལ་ནས་ཐོན་པའི་ “ཝ་”དང་མདའ་ཚན་པའི་ཁ་ནས་ཐོན་པའི་”ཝ་”གཉིས་སྒྲ་གཅིག་པ་མ་རེད། ཁྱེད་ཀྱི་ཞལ་ནས་ཐོན་པའི་ “བ་ཕྱེད་ཝ་”དང་དགེ་རབ་ཀྱི་ཁ་ནས་ཐོན་པའི་”བ་ཕྱེད་ཝ་”གཉིས་སྒྲ་གཅིག་པ་མ་རེད།
སྒོམ་སྡེའི་སྟོན་པ་དང་དགེ་རྒན་སུ་ཡིན་ན་དེ་ངེས་པར་དུ་ལྷམ་མགོའི་མཐིལ་ལ་སྦྱར་དགོས་པ་ཞིག་རེད། དོན་དངོས་ཁས་མི་ལེན་པ་དང་རང་སྐྱོན་གཞན་ལ་བཙན་འགེལ་བྱེད་སྟངས་འདི་འདྲ་སྟོནངན་སུས་བསླབ་ཡིན་ན། གལ་ཥཀྱ་ཐུབ་པ་ཡིན་ན་པ་མགོ་དེས་ལྟ་བ་ཇི་འདྲ་ངན་ཞིག་སྤེལ་ཡོད་ཚོད་འདུག མི་དེའི་མོག་སྦྱར་བའི་ལྷམ་མགོ་ཞིག་རག་ན་ངས་ལམ་སང་གོན་ན་འདོད། གང་ཡིན་ཟེར་ན་འདི་དང་འདིའི་རྗེས་འཇུག་ཚོས་རྫུན་སྨྲ་སྟངས་བསླབ་པའི་ཕྱིར་རོ།
དགེ་རབ་ལགས།
ཁྱེད་ཅག་རིགས་ལམ་ལ་སྦྱངས་པ་བྱས་མྱོང་མེད་པ་དེས་ཡིན་ནམ་གང་ཤེས། དྲི་བ་ལ་ལན་ཐད་ཀར་བསྐྱོན་པའི་གོམ་གཤིས་རྩ་བ་ནས་མི་འདུག ངས་བ་ཕྱེད་ལ་ཝར་ཨེ་འབོད་ཅེས་འདྲི་གི་ཡོད། ཡོད་ན་ཡོད། མེད་ན་མེད་ཅེས་ལན་བསྐྱོན་རོགས།
ངའི་དྲི་བར་ལན་ཐོབ་དང་། དེ་ནས་མགོ་མཁྲེགས་སུ་ཡིན་རིམ་གྱིས་ཤེས་པར་འགྱུར་རོ། །
འོ་ན་ཁྱེད་རང་ཚོས་མུ་མཐུད་སྟོན་ངན་གྱི་རྗེས་མཇུག་པ་འདི་འདྲར་གནས་ལུགས་བཤད་ཁུལ་གྱིས་རྩ་ཆེའི་མི་ཚེ་ཆུད་ཟོས་ཐོངས་ལོ། ངས་ལུགས་བཤད་མི་ཤེས་པ་མིན་ཡང་དཀར་པོ་ལ་ཆེད་དུ་ནག་པོ་རེད་ལབ་ན་དེ་ལ་གནས་ལུགས་བཤད་རྒྱུའི་འདུན་སྐྱེས་སྲིད་དམ། ངས་མཆན་ཚང་མ་གསུབ་པ་ཐུགས།
རྒན་ཐུབ་བསྟན་བསམ་འགྲུབ་ལགས།
ཚིག་འགའ་ཞུ་ཆོག་པ་གནང་།
དང་པོ།
ཨ་མདོ་བས་བ་ལ་ལྦར་འབོད་གི་མ་རེད། ཨ་མདོ་བའི་སྐད་ལ་བ་དང་ལྦ་ཡི་གདངས་གཅིག་པ་མ་རེད།
འདི་ལ་རྩོད་རྒྱག་རྒྱུ་དང་རིག་པ་གཏོང་རྒྱུ་དམིགས་བསལ་ཡོད་མ་རེད། མིན་པ་དེ་མིན་པ་རེད། ཡིན་པ་དེ་ཡིན་པ་རེད།
གཉིས།
ཨ་མདོ་བས་བ་ལ་ལྦར་འབོད་ཀྱི་ཡོད་མེད་དེ་བྲིས་ནས་ཐག་ཆོད་གི་མ་རེད། སྒྲ་བླངས་ནས་ཐག་གཅོད་དགོས་རེད།
ཨ་མདོ་བ་ཁ་ཤས་ཤིག་ལ་བ་དང་ལྦ་ྐློགས་བཅུག་དང་དེ་ནས་ཐག་ཆོད་གི་རེད། དེ་ནས་ཁྱེད་ཀྱི་དོགས་པ་དེ་སེལ་འགྲོ་གི་རེད།
གསུམ།
སྐུ་ཉིད་ལ་ད་དུང་དཀའ་ངལ་ཡོད་ན། ང་ཚོས་ཨ་མདོ་བ་འགའི་བ་དང་ལྦ་ྐློག་སྟངས་ཀྱི་གདངས་དེ་སྒྲ་འཛིན་འཁོར་ཐག་ཞིག་ལ་བླངས་ནས་དྲ་ཐོག་ལ་འཇོག་རྒྱུ་དེ་རེད།
འོན་ཀྱང་། འདི་ལས་ཀ་མེད་པའི་ལས་ཀ་ལྷག་མ་རང་རེད་དྲན།
བཞི།
རྩོམ་འདི་སྡོད་མ་ཚུགས་ནས་བྲིས་བ་ཞིག་རེད་འདུག དེ་ཙམ་ཡིན།
སྒོམ་སྡེ་ལགས། རབ་གསལ་འདི་རིགས་ལམ་སྦྱང་བ་བྱས་མྱོང་བར་མ་ཟད་། གདན་ས་ཆེན་པོ་ན་ཡོད་དུས་ཡིད་སྨོན་ཤོར་དགོས་ས་ཞིག་ཡིན། འདིའི་ཆོས་ར་ནང་རིགས་འཕྲུལ་ཙམ་སྦྱང་བ་མ་རེད། འདི་ལ་དེའི་སྐབས་སུ་བློ་ཐོག་ན་དྲང་ངེས་དང་འགྲེལ་བ་དོན་གསལ་སོགས་ཤར་ཤར་སྐྱོར་རྒྱུ་ཡོད་པ་རེད། ཕལ་ཆེར་མཛོད་འདུལ་ལ་སྦྱང་ཡོད་ཀྱི་མ་རེད་བསམ། དེའི་འོག་གི་འཛིན་གྲྭ་དག་ལ་ངོ་ནས་ཡོད་སྨོན་ཤོར་དགོས་ས་ཞིག་རེད་ཀོ
ཁ་ཅིག་གིས་རྩོམ་འདི་ཉི་མ་མ་འཁྱོལ་བར་བྲིས་པ་རེད་ཟེར་བ་དང་། ཡང་ཨ་མདོ་བར་བརྙས་བཅོས་དང་སྐད་ཡིག་ལ་གཏོར་བཤིག་བཏང་སོང་ཟེར་ནས་མང་བོ་ཞིག་རྒན་སྒོམ་སྡེའི་སྟེང་ལ་ངར་ངར་བྱེད་ཀི་འདུག དེ་འདྲ་ཞིག་ཅང་ཨེ་ཡིན་ནམ། ངས་བལྟས་ན་རྒན་ཁོང་གིས་ཨ་མདོ་བར་ཁབ་གཙགས་ཤིག་བྱས་པ་འདི་དྲྭ་བ་འདིར་བོད་ཡིག་གི་ལམ་ནས་ཁ་བརྡ་བྱེད་མཁན་གང་མང་འགུག་འདོད་པ་ཡིན་རྒྱུ་རེད་པ། དེ་མིན་ཨ་མདོ་བ་ཁ་ཐོག་ཚད་གི་བ་དང་ཝའི་སྒྲ་གདངས་ཨ་མདོ་བའི་ཁ་ལ་ལོགས་ཀ་འདོན་ཟེར་དུས་ཁོང་གིས་ཀྱང་ཉམས་རེ་བཞག་ལོས་ཡོད། མ་གཞི་ཨ་མདོ་བའི་ཝ་ཀློག་སྟངས་འདི་མི་གང་ཡིན་གྱི་ངག་ལ་ཡོང་གི་ཡོད་ས་མ་རེད། ཁ་ཉིན་ངའི་ངོ་ཤེས་ཨ་རི་བ་དེས་བོད་པ་མང་ཤོས་ཀྱི་དབྱིན་ཡིག་Vའདི་སྒྲ་ཇི་བཞིན་ཀློག་ཐུབ་ཀི་མི་འདུག ཡིན་ནའང་ཨ་མདོ་བ་ཚོ་དམིགས་བསལ་རེད་ཟེར་ཐལ།
ཐུབ་བསྟན་བསམ་འགྲུབ་ལགས་སུ་བར་མཚམས་འདིར་ཚིག་འགའ་ཞུ་འདོད་བྱུང། ཨ་མདོའི་བ་དང་ཝ་གཉིས་ཀྱིས་སྒྲ་གདངས་གཅིག་མཚུངས་ཡིན་པས་ཨུ་ཚུགས་མཐར་སྐྱེལ་བཞིན་འདུག ཁྱེད་ཉིད་ལ་ཐུགས་ཁག་མི་འདུག གང་ཡིན་ཟེར་ན། ང་རང་སྔོན་མ་སློབ་གྲྭར་ཡོད་པའི་སྐབས་སུ་སློབ་གྲོགས་ཁ་ཤས་ཡོད། སློབ་གྲོགས་ཕལ་ཆེར་ཨ་མདོ་དང་ལྷ་ས་བ་རེད། དུས་སྐབས་སུ་སྐུ་ཉིད་ཀྱིས་གསུངས་བ་བཞིན་བ་དང་ཝ། ཡང་ན་ཤ་དང་ཞ། ཀ་དང་ག ཅ་དང་ཇ། པ་དང་བ་ལྟ་བུའི་ཐད་རྩོད་པ་མང་པོ་རྒྱབ་མྱོང་ཡོད། ལྷ་ས་བའི་ཨ་མདོའི་སྒྲ་གདངས་ལེན་སྟངས་འགྲིག་གི་མི་འདུག་ཟེར་བ་དང། ཨ་མདོ་བའི་ལྷ་སའི་སྐད་ལ་སྒྲ་གདངས་དྲག་ཞན་གྱིས་དབྱེ་བ་མི་འདུག་ཟེར་བ་ལྟ་བུ། ཐེངས་མང་རྩོད་པ་རྒྱབ་མྱོང་ཡོད། གང་ལྟར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་མཐའ་གཅིག་ཏུ་བ་དང་ཝ་གཉིས་ཀྱིས་སྒྲ་གདངས་གཅིག་མཚུངས་རེ་ལབ་ན་འབད་དེ་ནོར་བ་རེད་སྙམ། ཨ་མདོའི་བ་དང་ཝའི་སྒྲ་གདངས་ལེན་ཕྱོགས་ཐད་གནམ་དང་ས་ཡིས་ཁྱད་པར་ཡོད་པ་རེད། གལ་སྲིད་ཁྱོད་ཀྱིས་འདོད་པ་ལྟར་ཨ་མདོ་བ་ཞིག་གིས་རྒྱལ་བ་ལབ་ན། ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་སྙན་ལམ་དུ་རྒྱལ་ཝ་ལྟ་བུ་གསན་བཞིན་ཡོད་པ་འདྲ། ཨ་མདོ་བ་ཞིག་གིས་རྒྱལ་ཝའི་སྒྲ་གདངས་ལྟར་ཨ་མདོ་བ་ཞིག་ལ་ལབ་ན་གོ་བ་ལེན་ཐུབ་པ་མ་རེད། གོང་དུ་ཞུས་བ་བཞིན་ལྷ་ས་བའི་བ་དང་པ་གཉིས་ཀྱིས་སྒྲ་གདངས་ལེན་ ཕྱོགས་ཐད་ཁྱད་པར་མི་འདུག་བསམ་མྱོང། བློ་གཟི་བོར་གནས་བའི་ཞིབ་ཏུ་ཉན་ན་ཁྱད་པར་འདུག
དེའི་རྐྱེན་གྱིས་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་རྣ་བ་གཞན་མ་གཡེང་བར་བློ་སེམས་གཅིག་ཏུ་བསྒྲིལ་ནས་གསན་ན་སྒྲ་གདངས་ཁྱད་པར་གྱིས་དབྱེ་བ་འབྱེད་ཐུབ་པའི་རེ་བ་ཡོད།
མཆན་འཇོག་མཁན་ཐ་མ་གཉིས་པོའི་མཆན་བུ་རྣམས་གཟུར་གནས་ཀྱི་གཏམ་དུ་སྣང་བས་ཐུགས་རྗེ་ཆེ་ཞུའོ། །
རྒན་སྒོམ་སྡེ་ལགས།
ཨ་མདོའི་ས་ཆ་ཁ་ཤས་ལ་་་་་བ་དང་ཝ་ཡི་སྒྲ་གདངས་ཕར་ཆེར་གཅིག་འདྲ་བོ་ཡོང་གིན་འདུག ཡིན་ནའང་སྐྱེ་གནས་ལ་སྦྱངས་མྱོང་མཁན་ཞིག་གིས་ཉན་ན་ཏོག་ཙམ་མི་འདྲ་བར་ཤེས་ཐུབ་ཀིན་རེད། ད་དུང་ཡིག་གཟུགས་མི་འདྲ་བའི་ཆ་ནས་ཀྱང་སྒྲ་གདངས་འདྲ་ཤས་ཆེ་བ་ལས་གཅིག་རང་ཡོང་གིན་མ་རེད།
ལྷ་ས་བའི་སྐད་གདངས་ལ་་་་་པ་དང་་་བ་་་འདི་གཉིས་ལ་དབུས་སྐད་གཅིག་ཙམ་མི་ཤེས་པའི་ཨ་མདོ་བའི་རྣ་བར་གདངས་འདྲ་བོ་ཡོང་གིན་འདུག་་་་་་དེ་ཨེ་རེད་ལགས།
སྒོམ་སྡེ་ལགས་ཁྱེད་ཥཀྱ་ཐུབ་པའི་རྗེས་མཇུག་ནང་པའི་གྲྭ་བ་ཞིག་ཡིན་སྟབས་ལས་རྒྱུ་འབྲས་དང་དགེ་སྡུག་སོགས་ཁ་ནས་བཤད་ཀི་རེད་མ་གཏོགས་ཁས་ལེན་གི་མ་རེད་དེ། འདི་ལྟར་ནུབ་ཕྱོགས་ཚེ་མ་འཁྱོལ་བའི་རྩོམ་རྙོག་མང་པོ་ཆེད་དུ་བྲིས་ནས་ཀློག་མཁན་དང་མཆན་འབྲི་མཁན་ཚོའི་མི་ཚེ་རྩེད་བྱེད་ཀྱིན་པ། ཁྱེད་ཀྱི་ཆོས་ལུགས་འགྲོ་སྟངས་ཤིག་ཡིན་སྲིད་ཀྱང་། འཇིག་རྟེན་གྱི་མིའི་བཟང་སྤྱོད་དང་ཡོངས་སུ་འགལ་ཡོད་པ་གསལ་བཤད་ཙམ་ཡིན།
ངས་བསམ་པར་རྩོམ་ཡིག་འདིའི་ཁ་བྱང་ལ་༼ཨ་མདོ་བས་”བ་”ཡིག་ཀློག་སྟངས་དབུས་གཙང་གི་”ཝ”ཡིག་ཀློག་ཚུལ་དང་གཅིག་མཚངས་བྱེད་པར་གནོད་བྱེད་ཆེན་པོ་གཉིས༽ ཞེས་བྲིས་ན་ལེགས་པར་སྙམ། དེ་མིན་ཁ བྱང་འདིའི་ཐོག་ནས་ཀྱང་མང་པོ་ཞིག་གི་མགོ་རྨོངས་པར་གྱུར་འདུག སྤྱིར་ནས་ཡུལ་སྐད་ལ་ཡིག་སྐད་ཀྱིས་ཞུ་དག་གཏོང་བ་ནི་བྱ་ཐུབ་པའི་ལས་ཤིག་མིན་པར་ཡང་མདོ་དབུས་ཁམས་གསུམ་གྱི་སྐད་ལ་བརྟགས་པས་ཤེས། བགྲོ་གླེང་བྱེད་པའི་གོ་རིམ་འདིའི་ཁྲོད་དུ་ཕན་ཚུན་ལ་དམོད་མོ་བྱེད་པ་དང་ཚིག་རྩུབ་སྨྲ་བའང་མང་པོ་འདུག་པས་འཛེམས་ན་ལེགས། དེ་བརྗོད་དོན་སྟོར་བའི་རྒྱུ་རྐྱེན་དུ་འགྱུར་ངེས་རེད།
སྒོམ་སྡེ་ལྷ་རམས་པ་ལགས་ནས་ཨ་མདོའི་བའི་བ་དང་ཝ་ཡི་གདངས་གཅིག་ཏུ་ཀློག་གིན་འདུག་ཟེར་བ་ནི་བདེན་པར་མི་འདུག འོན་ཀྱང་། ལྷ་ས་བ་དང་ཁམས་ཁུལ་གྱི་ཡུལ་ལུང་ཁག་ཅིག་གི་མིས་ཨ་མདོའི་བའི་ཝ་ཡིག་གི་བཀླགས་གདངས་དེ་དབུས་ཁམས་ཀྱི་བ་ཡིག་གི་སྒྲ་འདྲ་བོ་ཞིག་གོ་གི་ཡོད་པ་བདེན་པར་འདུག ཨ་མདོ་བས་དབུས་ཁམས་ཀྱི་མིའི་སྙན་ལམ་དུ་བ་དང་ཝ་ཞེས་ཐེངས་འགར་བཀླགས་ཀྱང་གདངས་གཅིག་ཏུ་གོ་གི་འདུག་ཅེས་གསུངས་པ་མང་ཙམ་གདའ།
སྒོམ་བདེ་ཡི་ཁ་སྤོབས་ཀྱི་སྐད་ཆ་ཐོས་བས་ཧང་སང་དུ་བཅུག་ལ་དེས་ཁོང་ཉིད་འཇིག་རྟེན་གྱི་སྐད་ཡིག་འཕེལ་རིམ་ལ་རྒྱུས་མངའ་མེད་པ་གསལ་སྟོན་བྱས་འདུག རྒྱུ་མཚན་ནི་བོད་ཀྱི་སྐད་ཡིག་ལེགས་སྦྱར་ནས་འོང་བའི་དབང་བཏང་ཡང་དུས་ཀུན་དེ་དང་སྟུན་དགོས་བའི་ངེས་པ་མེད་དེ། སྐད་ཡིག་ནི་མིས་དགོས་མཁོ་དང་དུས་ཀྱི་འགྱུར་བ་དང་སྟུན་ནས་ལེགས་བཅོས་སྟངས་དགོས་བ་ལས་རྟག་བརྟན་ཐེར་ཟུག་གི་སྐད་ཡིག་ཅིག་མེད་ལ། ཡོད་ཚད་གཞུང་ལུགས་ཤིག་དང་དུས་ཀུན་སྟུན་ནས་འགྲོ་བའི་ཐེར་ཟུག་གི་སྐད་ཡིག་ཅིག་མེད་ལ་མ་འོངས་བའང་ཡོང་མི་སྲིད་དེ། དེ་ལྟར་ཡིན་ན་སྐད་ལ་འཕེལ་རྒྱས་མེད་ལ། སྐད་ཡིག་དང་སྤྱི་ཚོགས་ནི་འགྱུར་བའི་ཆོས་ཅན་དུ་འཁུམས། ཨ་མདོ་བས་བ་ལ་ཅི་ལྟར་འབོད་ཀྱང་བ་ཡི་རྐྱེན་གྱིས་ནང་ཁུལ་གོ་བརྡ་མི་ཕྲོད་པའི་དུས་ཤིག་བྱུང་མྱོང་མེད་ལ། གལ་སྲིད་མ་འོངས་བར་བྱུང་ཆེ་དེ་ཨ་མདོ་མི་མང་གིས་ལེགས་བཅོས་སྟངས་ངེས་ཡིན་པ་ཕྲན་གྱིས་གདེངས་ཚོད་ཡོད། ཡོ་རབ་ཀྱི་སྐད་ཡིག་ཕལ་ཆེར་ལ་ཌིན་ནས་ཡོང་ཡང་་རྒྱབ་ཁབ་དང་ལུང་མཚན་སོ་སོའི་ཀློག་སྟངས་མི་འདྲ་བ་དཔེར་ན། དབྱིན་སྐད་དུ་་C གསེའུ་ཡི་སྒྲ་ཡི་ཀློག་ཀྱང་ཆེ་ཁའི་སྐད་དུ C ཚ་ཡི་སྒྲ་ཀློག་པ་སོགས་ཤིན་ཏུ་མང་ཡང་དགོས་པ་མེད་པས་ངལ་བས་མི་འབྲི། དབྱིན་སྐད་ལ་ཨ་རི་དང་ཨན་ལན་གྱི་ཀློག་མི་མཐུན་པའི་ཁྱད་པར་མང་དུ་ཡོད་ཀྱང་བདེན་རྫུན་བརྩོད་ཤག་འགྱེད་ཀྱིན་མེད་ཅིང་། གལ་སྲིད་དེ་ལྟར་རྒྱབ་ན་མཐུན་སྒྲིལ་དང་ཞི་མཐུན་ཟེར་བ་ཧ་ཅང་་དཀའ་སྟེ། མི་སུ་ཡང་རང་གི་ཕ་མེས་ནས་རྒྱུད་པའི་སྐད་ཆ་ལ་སུས་དགག་ཀྱང་དགའ་མོས་བྱེད་མཁན་དཀོན་ལ། ལྷག་པར་ཕྱི་མིས་རང་སྐད་ལ་དགག་པ་རྒྱག་པ་ནི་དེ་བས་མི་མོས། རྒྱུ་མཚན་ཕྱི་མི་ནི་ནམ་ཡང་ཕྱི་མི་ཡིན་ཞིང་དེས་བཟའ་ནང་དུ་ཐེ་གཏོགས་བྱེད་དབང་མེད། དེ་བརྟེན་དབུས་གཙང་གི་སྐད་ལ་ཁོ་བོའི་ཕྱི་མི་ཡིན་པས་ངས་ཡག་བཙོག་གི་སྐད་བཤད་ན་མི་འདོད་ལ་བྱེད་དབང་ཡང་མེད། གང་ལྟར་སྒོམ་སྡེ་ལགས། ཁྱེད་ཀྱིས་སྐད་ཆ་དེ་ལྟར་བཤད་ན་ཨ་མདོ་བ་སུ་ཡང་དགའ་བོ་བྱེད་རྒྱུ་མ་རེད་ལ། དེས་བོད་མིའི་གཅིག་སྒྲིལ་ལ་གནོད་པ་ལས་ཕན་པ་དཀའ་བས་མ་འོངས་བར་དེའི་རིགས་མཛེམ་ན་སྙིང་ཐག་པ་ནས་ཐུགས་རྗེ་ལགས་འབུལ་བྱེད་ཀྱི་ཡོད། ང་ཚོར་རྒྱ་མིས་ཐོན་ཆུང་དང་བརྙས་བཅོས་མ་བཟོད་པས་རྒྱ་བོད་ཀྱི་འགལ་ཟླ་བྱུང་ཞིང་ཡུལ་གྱར་དུ་ཆབས་པ་ལས། བརྙས་བཅོས་བཟོད་ན་འགལ་ཟླ་མེད་ལ་ཡུལ་གྱར་དུ་ཡོང་དགོས་བའང་མེད་པ་སེམས། གལ་སྲིད་ཁྱེད་ཀྱིས་དེ་ལྟར་ཨ་མདོའི་སྐད་ལ་མཐོང་ཆུང་བྱེད་པ་ནི་བཙན་བྱོལ་སྤྱི་ཚོགས་ནང་ཨ་མདོ་ཉུང་དྲག་ཅིང་ཡོད་པ་རྣམས་ནུས་བ་མེད་པ་ལྟ་སྟངས་ཀྱི་འོག་ནས་ཡིན་པ་ལས་བོད་ལ་ཤ་ཞེན་ཡོད་པས་བྲིས་བ་མིན་ཤས་ཆེ། གལ་སྲིད་བོད་ལ་ཤ་ཚ་ཡོད་ན་མིང་ངོས་སྦ་སྐུང་བྱེད་དོན་མེད་ལ་ཐ་སྙད་ཀྱང་དེ་ལྟར་གུས་མེད་ཀྱི་སྒོ་ནས་སྤེལ་དོན་མ་མཆིས་ཤིང་ ཤ་ཚ་བྱེད་སྟངས་དེ་འདྲ་མ་རེད་ཟེར་ནས་ཞུ་འདོད་གིས་བྲིས་བ་ལགས་སོ།
ལྷ་ས་བས་རྒྱ་མིས་སྐད་ཡག་པོ་མཁྱེན་གྱིན་ཡོད་པ་རེད་། ཨམ་སྐད་དེ་གོ་འདོད་ཡོད་མེད་ཀྱི་་་་་ད་མང་པོ་བཤད་ན་ཡང་ཅིག་བྱས་ན་བཀའ་གྱོན་རེག་ཡོང་།
བཀུར་འོས་གྲོགས་ཨ་ནུ་ཐང་བསོད་ནམས་ལགས།
ཁམས་བཟང་། འདི་སྐད་བདག་ཐོས་མ་བྱུང་བའི་དུས་རིམ་ཞིག་ནས་དེ་རིང་ཁ་བརྡའི་ནང་ནས་མཇལ་བ་དགའ་བོ་བྱུང་སོང་། kyisar1981@gmail.com
གུས་པའི་མཆན་གོང་མ་དེའི་ནང་ཨ་མདོ་བའི་བ་ཡིག་གི་བཀླགས་གདངས་དེ་ཞེས་པ་ཨ་མདོའི་བའི་ཝ་ཡིག་གི་བཀླགས་གདངས་དེ་བཅོས་རོགས་ཞུ། གཤམ་ནས་ཀྱང་བ་ཝའི་གོ་ས་གོ་བརྗེས་ཀྱིས་བཀླགས་འཚལ།
སྔར་ཡུལ་ལུང་ཞིག་ཏུ་ཆོས་པ་རྒན་པོ་ཞིག་ཡོད་ཅིང་ཁོང་ལ་དགེ་ཕྲུག་ཅིག་ཀྱང་ཡོད་པ་རེད། དགེ་ཕྲུག་དེས་ཡུལ་ལུང་གི་སྲོལ་ཁྱུན་དང་བསྟུན་བོད་ཡིག་གི་གསལ་བྱེད་སུམ་ཅུ་ནས་འགོ་བརྩམས་ཏེ་སྦྱོར་ཀློག་དང་ཚིག་སྡུད་རྣམས་སྦྱངས་ཚར་ནས་བློར་འཛིན་བྱ་རྒྱུའི་རིམ་པར་སླེབས་ཡོད་པ་རེད།
དེ་ནས་རིམ་ཆོས་སྤྱོད་ཀྱི་རིམ་པ་རྣམས་བློར་འཛིན་འགོ་ཚུགས་ནས་ཡན་ལག་བདུན་པ་བློར་འཛིན་བྱེད་པའི་སྐབས་སུ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡིས། །ཞེས་པར་དགེ་ཕྲུག་དེས་”ཕྱག་འཚལ་འབའ་དང་མཆོད་ཅིང་བཤགས་པ་དང་། །”ཞེས་འདོན་དུས་དགེ་རྒན་གྱིས་”ཕྱག་འཚལ་ཝ་དང་”ཞེས་འདོན་དགོས་གསུངས་པ་རེད།
ཉི་མ་འགའི་རྗེས་སུ་མཎྜལ་བློར་འཛིན་བྱེད་དུས། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། ཅེས་ཡོད་པར་ནུབ་བ་ལང་སྤྱོད་དེ་ལ་ཡང་ཁོང་གིས་”ནུབ་ཝ་ལང་སྤྱོད་”ཅེས་འདོན་པ་རེད། དེ་དུས་དགེ་རྒན་གྱིས་”ཝ་ལང་མ་རེད། འབའ་ལང་རེད་”ཅེས་བཀའ་བཀྱོན་བཏང་བས་ དགེ་ཕྲུག་གིས། ཁ་སང་ཁ་ཉིན་ བ་ལ་ཝ་ཞེས་འདོན་དགོས་ཚུལ་གསུངས་པ་མ་རེད་པས་ཞེས་ལན་ལྡོན་པ་རེད།
དགེ་རྒན་གྱིས་ཁ་སང་ཁ་ཉིན་བ་ལ་ཝ་ཞེས་འདོན་དགོས་པ་རེད་དེ་ཡིན་ན་ད་རིང་གི་འདི་ལ་འབའ་ཞེས་འདོན་དགོས་པ་རེད་ཅེས་བཤད་དུས་དགེ་ཕྲུག་གིས་ཡུད་ཙམ་ཅིག་གི་རིང་ཁུ་སིམ་པོར་བསྡད་རྗེས། སང་ཉིན་གང་འདྲས་འདོན་དགོས་རེད་ཅེས་དྲིས་པས་དགེ་རྒན་གང་ཡང་གསུངས་རྒྱུ་མ་རག་པར་ལུས་པ་རེད།
ལུང་པ་དེ་ནི་ཨ་མདོ་མ་རེད་དོ།
pa,pa,pa, ma པ་ཕ་བ་མ།
pa,pha,ba ma. ངས་ནོར་མེད་ན་བོད་ཡིག་གསལ་བྱེད་སྒྲ་བསྒྱུར་སྐབས་འདི་འདྲ་བོ་ཞིག་འབྲི་གི་འདུག་བསམ་བྱུང་།
པ་ཕ་བ་མ།
PA PHA BA MA
བོད་ལ་དབྱིན་ཡིག་ཐོག་ BOE དང་ WOE གཉིས་གང་འབྲི་དགོས། དུས་བབ་ཐོག་ boed བྲིས་པ་ཡོད་སྙམ།
སྤྱིར་སྒོམ་སྡེ་པས་གསུངས་པ་བདེན་རེད་ལ་དེར་ད་བར་བོད་ཀྱི་དུས་བབ་སོགས་དྲ་ཐོག་མང་པོ་གཅིག་ནང་གནོད་བྱེད་བཏང་མ་ཐུབ་པ་ལུས་འདུག། རྩ་བས་འདིར་༼ཨ་མདོ་བས་༽ཅེས་ཆོལ་ཁ་གཅིག་གི་མིང་སྨོན་པ་འདིར་ཡག་པོ་མི་འདུག་ལ་སྐད་མདངས་འདི་འདྲ་གསུང་མཁན་ཁམས་ཕྱོགས་ན་ཡོད། ད་རུང་ཨ་མདོ་བའི་ཕྱོགས་ནས་འདི་འདྲ་མ་གསུང་མཁན་མང་པོ་ཡོད་པ་རེད།
ངས་དེ་རིང་བོད་ལྗོངས་བརྙན་འཕྲིན་གྱི་ལེའུ་ཚན་དུ་འདི་འདྲ་ཞིག་མཐོང་སོང་། རྒྱ་ནག་གི་ཐོས་རྫས་哇哈哈ཁྱབ་བསྒྲགས་བྱས་འདུག་པར་བོད་ཡིག་གིས “ཝ་ཧ་ཧ་” ཞེས་བྲིས་འདུག འོན་ཀྱང་ཨ་མདོ་བས་འདི་ལྟར་མི་འབྲི་སྟེ་རྒྱུ་མཚན་ནི་ ཝ་ ལ་རྒྱ་ཡིག་གི་ 哇 ཡི་གདངས་སུ་མི་འབོད་པས་རེད། དེའི་ཚབ་ཏུ་ཨ་མདོ་བར “བ” ལས་ལྷག་ཅིག་འབྲི་རྒྱུ་མེད་མོད་དེ་ཡང་ 哇་འདིའི་གདངས་དང་རྦད་དེ་གཅིག་མཚུངས་མ་རེད། འདིའི་ཐོག་ནས་བལྟས་ནའང་ཨ་མདོ་བས་”བ”དང”ཝ”གཉིས་གཅིག་མཚུངས་སུ་ཀློག་གི་མེད་པ་ཤེས་ཐུབ། སྒོམ་སྡེའི་ཞེ་འདོད་འདི་ཡིན་པ་འདྲ། འོན་ཀྱང་ཚིག་གི་ངོ་གདོང་ལ་བལྟས་ན་འདི་འདྲ་རང་རེད་འདུག་ལ་ཀློག་པ་པོ་མང་པོ་ཞིག་གིས་ཀྱང་དེ་ལྟར་གོ་བ་བླངས་འདུག ཁོང་གིས་བརྗོད་འདོད་པ་ནི་ ཨ་མདོ་བས་”བ”ཡིག་ཀློག་སྟངས་དང་དབུས་གཙང་པས་”ཝ”ཡིག་ཀློག་སྟངས་གཅིག་པ་ཡིན་པ་དང་ཨ་མདོ་བའི་ཀློག་སྟངས་དེ་ནོར་བ་རེད་ཟེར་བ་དེ་རེད།
ནོར་བཅོས། སྒོམ་སྡེའི་ཞེ་འདོད་འདི་ཡིན་པ་འདྲ་ཞེས་པ། སྒོམ་སྡེའི་ཞེ་འདོད་འདི་མིན་པ་འདྲ། ཞེས་བཅོས་རོགས།
དོན་ཆེན་ཡལ་བར་འདོར་བཞིན། །
དོན་ཆུང་གཙུག་ཏུ་འཛིན་པའི།།
ས་མཐའི་བོད་རིགས་སྤུན་ཟླ།།
མི་ཚེ་སྟོང་ཟད་མ་གནང་།།
བགྲོ་གླེང་འདིས་ཕན་ཐོགས་གང་འཚམས་ཤིག་བྱུང་འདུག
༡ ཨ་མདོས་བ་ཕྱེད་ཙམ་མིན་པར་བ་གང་ཚང་ལྷ་སས་ཝ་ཀློག་སྟངས་ལྟར་ཀློག་པ་དེ་ཚང་མས་ཤེས་པར་གྱུར།
༢ ཨ་མདོའི་སྐད་ནང་བ་དང་ཝ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་དེ་ལའང་མང་པོ་ཞིག་གིས་འགྲེལ་བཤད་རྒྱབ་ནས་ད་ཆ་ཚང་མས་ཧ་གོ་ཐུབ་ཡོད་པ་རེད་སྙམ།
༣ ངས་ཨ་མདོའི་སྐད་ནང་གི་ཝ་སྒྲའི་སྒྲ་ཐོན་ཐུབ་མཁན་ཞིག་ཨ་མདོ་མ་གཏོགས་བོད་དང་རྒྱལ་ཁབ་གཞན་པའི་ནང་ཕལ་ཆེར་མེད་པ་འདྲ་ཞིག་མཐོང་གི་ཡོད་ཀྱང་། ཁམས་ནང་ཆེན་ནས་ཨ་མདོའི་སྒྲ་གདངས་ལྟར་ཐོན་གྱི་རེད་ཟེར་ནས་ངའི་གྲོགས་པོ་ཞིག་གིས་གསུངས་བྱུང་བས་རང་གི་ལོག་རྟོག་དེའང་ཟློག་པར་གྱུར།
༤ དྲ་གྲོགས་འགའ་རེས་བ་དང་ཝའི་ཀློག་ཚུལ་ནས་འཕྲོས་ཏེ་ཡར་ནང་སྡེ་བ་དང་མར་ནང་སྡེ་བའི་ཞེན་ཁོག་བརྩད་དེ་སྙན་རྩོམ་འགའ་རེའང་འབྲི་ཐུབ་ཡོད་པ་འདྲ།
༥ ཨ་མདོ་ནས་ཡིག་སྒྱུར་སྐབས་སུ། wa སྒྲ་ལ་བ་ཟེར་ནས་བྲིས་ན་འགྲིག་གི་མ་རེད། དེ་ལ་ལྷ་སས་ba ཟེར་གྱི་ཡོད་པ་རེད། ཝ་བྲིས་ན་ཡག་པོ་རེད་ཟེར་ནས་སྔོན་མ་ ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་ནང་ཞིག་ལ། ངེད་ཚོའི་འཛིན་གྲྭས་འབྱུང་ཁམས་རིག་པའི་ཐ་སྙད་གནད་འགག་ཅན་མང་པོ་ཞིག་བོད་ཡིག་ལ་སྒྱུར་སྐབས་ཤིག་སུ་ཞིག་ནས་དེ་ལྟར་སློབ་སྟོན་གནང་མཁན་བྱུང་བས་དེ་དེ་བཞིན་དུ་བདེན་པར་མཐོང་། དེ་ལྟར་སྒྱུར་གིའང་ཡོད་པ་འདྲ།
༦ ལྷ་སས་བ་ཡི་མིང་མཐའ་ཨ་མདོ་ལྟར་ཀློག་པ་མ་ཟད་སྔོན་འཇུག་ད་ཡིག་ཞུགས་སྐབས་ཀྱང་ཨ་མདོ་ལྟར་ཀློག
དེ་མིན་འགོས་ཆོས་གྲུབ་དང་དེ་ཝ་ཙན་དྲ་གཉིས་ཀྱི་འགྱུར་ནང་། ཝ་ཚབ་ལ་བ་བྲིས་པ་ལྟར་ན། སྔོན་མར་དབུས་གཙང་ཁོངས་ཀྱང་། བ་ལ་ཝ་ལྟར་ཀློག་པའམ་དེ་དང་སྒྲ་ཉེ་མཚུངས་ཀློག་མཁན་ཡོད་པའི་དྭོགས་གཞི་དང་དོ་སྣང་གསར་པ་ཞིག་ཀུན་ལ་སྤྲད་ཡོད་ངེས།
༧ སྐད་དང་ཀློག་སྟངས་བཤད་ན་ཆོལ་ཁ་ཞིག་ལ་འབྲེལ་བ་ཡོད་པས་ཆོལ་ཁའི་མིང་དེ་ངེས་པར་སྨྲོས་དགོས་པ་ཞིག་ཡིན། དེ་མིན་རེ་ཟུང་ནས་མི་རེ་ཟུང་དང་ལྟ་བ་མི་མཐུན་པ་བྱུང་ན། མི་དེ་ཚོའི་མིང་བཏོན་ནས་རྩོད་གླེང་བྱེད་རྒྱུའི་ཚབ་ལ་ཆོལ་ཁ་ཞིག་གི་མིང་འཁྱེར་ཡོང་ནས་མང་པོ་ཞིག་བཤད་པ་དང་ངན་སྨྲས་ཚུན་ཆད་བྱེད་པ་དེ་ཚོ་རང་ཉིད་ཀྱི་ཕྱོགས་ཞེན་དང་གུ་དོག་གི་རང་མཚང་རྗེན་པར་སྟོན་པ་ཙམ་ཡིན་པའི་བསླབ་བྱ་ཞིག་ཀྱང་ལེན་རྒྱུ་འདུག
དེ་ཡང་ཐོག་མར་ཨ་མདོ་བས་‘བ’་ལ་‘ཝར’་ནམ་ཡང་མི་འདོན་ཞེས་ཞུ་བ་ཡིན།
གནོད་བྱེད་དང་པོའི་ཐད་དུ། ཝ་སྒྲ་དེ་པ་སྡེའི་ནང་དུ་མཐའ་གཅིག་ཏུ་མི་འགྲོ་བའི་ངེས་པ་གང་ཡང་མེད་ཅིང་། གལ་སྲིད་དེ་ལྟར་སོང་ན་སྡེ་བ་དེའི་ནང་གི་ཀ་མད་བཞི་བོ་གནས་སོགས་གཅིག་མཚུངས་སུ་ཡོད་དགོས་པའི་ངེས་པ་དེ་བས་ཀྱང་མེད། གལ་སྲིད་དེ་ལྟར་ཡོད་ན་ཝ་སྒྲ་དེ་ཙ་སྡེའི་ནང་དུ་ཡང་མི་འགྲོ། རྒྱུ་མཚན་ནི་ཝ་སྒྲ་དང་ཙ་སོགས་ཀྱི་སྒྲ་དང་ཡང་གནས་སོགས་གཅིག་པ་མེད་པ་ཁྱེད་ཀྱིས་ལོས་མཁྱེན། ཅི་སྟེ་མཚུངས་གསུང་ནས་ལྕེ་རྐན་ལ་སྦྱར་ནས་ཝ་སྒྲ་འདོན་ཐུབ་ན་ཁྱེད་ཀྱང་ཕོ་ཁྱོ་ག་ཡིན།
གནོད་བྱེད་གཉིས་པའི་ཐད་དུ། ལར་ནས་ཨ་མདོ་བས་བ་ལ་(དབུས་པས་འདོན་པའི་)་ཝ་སྒྲ་རུ་འདོན་པ་འདི་མཐའ་གཅིག་ཏུ་འགྲིག་ཡོད་པའི་རྒྱབ་སྐྱོར་བྱས་པ་མིན་ཡང་འདི་ལ་ཁྱེད་ཀྱིས་གནོད་བྱེད་འདི་མི་འཇུག་ཅེས་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་ཞིབ་པར་གཞིགས་ཚེ་རྒྱ་གར་གྱི་པ་ཕ་བ་བྷ་མ་ལྔའི་མཐུག་པོ་བྷ་ཡིག་བླངས་བའི་སྒྲ་ལྷག་མ་བཞི་དང་རང་རེའི་པ་ཕ་བ་མ་བཞི་གཉིས་ཤན་སྦྱར་དུ་ལེགས་པར་མི་འཕྲོད། དེ་ཡང་ཁྱེད་ཀྱིས་ཀྱང་མཁྱེན་གསལ་བཞིན་རང་རེའི་(དབུས་པས་འདོན་པའི་)་བ་སྒྲ་དང་རྒྱ་གར་གྱི་པ་ཕ བ་ཡི་བ་སྒྲ་གཉིས་སྒྲ་མི་མཚུངས། མདོར་ན་རང་རེའི་བ་སྒྲ་འདི་རྒྱ་གར་གྱི་བ་སྒྲ་ཡི་ཐད་དུ་ཧྲིལ་གྱིས་མི་འགྲོ་ལ། བ་སྒྲ་འདི་ནི་རང་རེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྲ་ཞིག་ཡིན་པར་ཡང་བདག་འདོད། དེའི་ཕྱིར་རྒྱ་གར་གྱི་བ་ཡིག་སོར་བཞག་ཏུ་ཁས་ལེན་རྒྱུ་ཡང་ཤིན་ཏུ་དཀའ་།
དེའི་ཕྱིར་boy ལ་ཝོཡེ་དང་། ball ལ་ཝོལ། baby ལ་ཝེ་བྷི་སོགས་སུ་འདོན་དགོས་པའི་ཐུགས་ཁྲལ་མཛད་མི་དགོས་སྟེ་བ་སྒྲ་ནི་ཝ་ཡིག་གི་ཐད་དུ་ནམ་ཡང་མི་འགྲོ་བའི་ཕྱིར་རོ། དེ་ཡང་ཨ་མདོ་བས་ཝ་ཡིག་ལ་འདོན་པའི་སྒྲ་དེ་དང་བ་ཡིག་ལ་འདོན་པའི་སྒྲ་གཉིས་ཡེ་ནས་མི་འདྲ། དེའི་ཕྱིར་ཨ་མདོ་བས་བ་ལ་ཝ་སྒྲ་ནམ་ཡང་མི་འདོན་པས་དེ་ནི་དབུས་པས་ཝ་འདོན་པའི་སྒྲ་དེ་ནམ་ཡང་མིན་ནོ། ཨ་མདོ་བས་ཝ་ལ་འདོན་པའི་སྒྲ་དེ་དབུས་པས་འདོན་པ་ཧ་ཅང་ཧ་ཅང་དཀའ་། འདིར་ཆོས་ཉིད་ཅིག་ཡོད་པ་ནི་ཇི་སྲིད་ཁྱོད་ཀྱི་ངག་ནས་སྒྲ་གང་ཞིག་གཉིས་ཀྱི་སྤུ་རིས་ཀྱི་ཁྱད་པར་འདོན་མི་ཐུབ་པ་དེ་སྲིད་ཁྱོད་རྣ་བས་ཀྱང་དེ་གཉིས་ཀྱི་སྤུ་རིས་དེ་སོ་སོར་ཐོས་ཧ་ཅང་དཀའ་། དེའི་ཕྱིར་ཁྱེད་ཀྱིས་ཨ་མདོ་བས་ཝ་ལ་འདོན་པའི་སྒྲ་དེ་ཁྱེད་ཀྱིས་ལེགས་པར་ཐོས་ཀྱང་ཡོད་པའི་ཐེ་ཚོམས་མཆིས།
དེ་ལས་འདིར་ཁྱེད་ལ་ཞུ་འོས་པ་ཞིག་ཡོད་པ་ནི་ཨ་མདོ་བས་པ་ལ་(དབུས་པས་འདོན་པའི་)་བ་རུ་འདོན་གྱི་ཡོད་ཅིང་འདི་ངོ་མ་ནོར་ཡོད་པར་སྙམ།
མཇུག་མཐར་ཁྱེད་ཀྱི་རྩོམ་ཡིག་འདིའི་མཇུག་ཏུ་རིག་པ་འདོན་ས་བཞག་མེད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་ཀུ་རེ་དང་བཅས་ཏེ་ཕུལ།
ཐུབ་བསྟན་བསམ་གྲུབ་ལགས་ཀྱི་ཧ་ཅང་ཚད་མཐོ་བའི་གཞུང་ལུགས་ཁུངས་གཏུགས་སྟེ་ཨ་མདོ་བས་ཡུལ་སྐད་ཀྱི་བོད་ཀྱི་སྐད་ཚད་ལྡན་གཏོར་བཤིག་གཏོང་བའི་གནད་དོན་འདིར་ཐེར་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ འདིའི་སྐོར་དེ་སྔ་ནས་བསམ་ཚུལ་ཡོད་མཁན་ཞིག་ཡིན་ལ་བོད་ཀྱི་སྐད་ཡིག་གི་ཚོགས་ཆེན་ཁ་ཤས་ནང་ཡང་གླེང་སློང་བྱུང་མྱོང་ཡོད་ ལྷག་པར་དུ་གྲོས་ཚོགས་ནང་ཡང་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་སྐབས་ཐུ་མིས་བརྡ་སྤྲོད་དང་མཐུན་པར་བེད་སྤྱོད་གཏོང་དགོས་ཅེས་གྲོས་ཆོད་ཅིག་བཞག་སོང་ དགུ་བཅུ་གོ་གྲངས་ནས་བཟུང་ཨ་མདོ་བ་གསར་འབྱོར་མང་པོ་ཞིག་རྡ་སར་སླེབས་འགོ་ཚུགས་རྗེས་ཚགས་པར་སོགས་བཏོན་གནང་ནས་ནམ་རྒྱུན་ཁ་ནས་བ་ལ་ཝ་འབོད་པ་ཙམ་མ་ཡིནཔར་ཡིག་ཐོག་ཏུ་ཡང་ཡུལ་སྐད་སྲེས་ལྷད་བྱས་པ་མང་པོ་མཐོང་བྱུང་ལ་ཁ་བརྡ་ཞེས་པ་འདི་ཡང་ཁ་བརྡ་རང་རེད་འདུག་མ་གཏོགས་འདི་མི་རབས་གསར་པ་ཚོས་མཐོང་ན་མ་འོངས་པར་དཀའ་ངལ་འཕྲད་ངེས་རེད་ཤག་ ཐུབ་བསྟན་བསམ་གྲུབ་ལགས་ཁྱེད་རང་གི་མཚན་གནས་སྒོམ་སྡེ་ལྷ་རམས་པ་ཞེས་པ་ཐོག་ཚུལ་ཕལ་ཆེར་ཨ་མདོ་བ་འདི་ཚོར་རྒྱུས་མེད་པ་འདྲ་ ཁོང་རྣམ་པས་རྒྱ་ནག་གི་སློབ་གྲ་དག་ཏུ་སྦྱངས་པའི་སྐད་ཡིག་འཕེལ་རིམ་སྐོར་གྱི་གནས་ཚུལ་ཁག་གཅིག་དྲངས་སྟེ་དོན་དུ་ཡུལ་སྐད་ཕལ་པ་ཞིག་གི་བོད་ཡིག་གི་གཞུང་ལུགས་ལ་གཏོར་བཤིག་གཏོང་གི་ཡོད་པ་དེ་ཁྱོན་ནས་ངོས་ལེན་གནང་གི་མི་འདུག་ ཐུབ་བསཏན་ལགས་ཁྱེད་རང་གི་ཁོ་ཚོས་བོད་ཡིག་གསོས་སོང་ཟེར་བ་ཕལ་ཆེར་གཏོགས་ཙམ་སྔ་དྲག་པ་མིན་འགྲོ་ཡང་ན་ཨམ་སྐད་ཀྱི་དྲ་ཤོག་འདིའི་ཐོག་སྐུ་ཉིད་སྐྲག་པ་ཡིན་འགྲོ་ གྲོང་གསེབ་པས་ཀླད་པ་ཞིག་ནང་དམར་པོས་སྲིད་གཞུང་གི་དུས་རབས་སྔོན་མའི་ནུབ་ཕྱོགས་ཀྱི་ལྟ་གྲུབ་རགས་པ་ཞིག་བླུག་པ་དང་དེའི་ཐོག་བཙན་བྱོལ་བོད་མིའི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་རླུང་ངན་དེ་བླུག་ཚེ་ཁྱེད་ལྟ་བུའི་ཆེ་མཐོའི་གཞུང་ལུགས་ལ་བལྟ་བའི་བཟོད་སྒོམ་ཡོང་གི་རེད་པས་ ངས་བལྟས་ན་ཁོ་ཚོས་ད་དུང་ང་ཚོ་བོད་པ་དང་ཁོ་པ་ཚོ་འོད་པ་ཡིན་ཅེས་མ་འོངས་བོད་རང་བཙན་འབྱུང་བའི་དབང་དུ་བཏང་ཡང་ཁ་བྲལ་གྱི་ལས་འགུལ་སྤེལ་ངེས་རེད་ དེ་ལས་ཐུབ་བསྟན་ལགས་ཁྱེད་རང་གི་ཁོ་ཚོར་དྲི་བ་གོ་བདེ་པོ་ཞིག་བཏང་གནང་དང་ ཁྱེད་ཚོས་བ་ལ་ཝ་འབོད་པ་འདིའི་བོད་ཀྱི་སྐད་ཡིག་གི་གཞུང་ལུགས་གཏོར་བཤིག་གཏོང་གི་ཡོད་དམ་ ཁམས་པ་དང་སྟོད་པ་ ལ་དགས་པ་ འབྲུག་པ་ གཙང་པ་ ཀོང་པོ་བ་བཅས་ནས་དེ་ལྟར་ཁྱོད་ཚོ་ལྟར་ཡུལ་སྐད་ཞེ་ཅིག་འབྲི་འགོ་བཙུགས་ན་ཁྱོད་ཚོས་ཅི་ཞིག་ལབ་རྒྱུ་ཡིན་
སྒོམ་སྡེ་ལགས།
སྤྱིར་བཏང་ཁྱེད་རང་ལ་ལྷ་རམ་དགེ་བཤེས་ཤིག་གི་མཚན་གནས་ཡོད་པས། ཁྱེད་རང་མཁས་པ་ཞིག་ཏུ་རྩི་བ་ལ་ང་ལ་བཀག་རྒྱ་ཅི་ཡང་མེད། འོན་ཀྱང་མཁས་པ་འཆུག་ན་འདོམ་གང་དང་བླུན་པོ་འཆུག་ན་མཐོ་གང་ཞེས་བ་ལྟར། ཁྱེད་རང་གིས་དངོས་གནས་ཨ་མདོ་བའི་བ་དང་ཝ་ཡི་སྒྲ་འབྱིན་སྟངས་ཤེས་ཀྱིན་མི་འདུག མ་ཤེས་བ་ལ་འོད་ཚོད་ཀྱིས་རྩོམ་འབྲི་བྱེད་པ་འདི་དཀྲོག་གཏམ་ལྟ་བུར་འགྲོ་གི་ཡོད། ཁྱེད་ཀྱིས་རྗེས་འབྲངས་བ་ཁ་ཤས་ནས་ཀྱང་ཉིད་ཀྱི་གང་གསུངས་བ་དཔང་དུ་བྱས་ནས་བཤད་རྐྱང་བྱེད་ཀྱི་འདུག ཨ་མདོ་བས་བ་ལ་ཝ་ཞེས་འབོད་ཀྱི་ཡོད་ན་དེ་ན་རྩོད་པ་བྱེད་དགོས་བ་ཞིག་མ་རེད། འོན་ཀྱང་ཨ་མདོ་བས་བ་ལ་ཝ་ཟེར་གྱིན་འདུག་ཟེར་བ་དེ་ཨ་མདོ་བའི་སྐད་ལ་བྱང་ཆ་མེད་པ་ཞིག་གི་གཏམ་འབའ་ཞིག་རེད། དཔེར་ན་ཨ་མདོ་བས་འགྲོ་ལ་འགྱོ་ཟེར་བ་ལ། དབུས་བས་ཨ་མདོ་བས་འགྲོ་ལ་རྒྱོ་ཟེར་གྱིན་འདུག་ཟེར་ནས་གད་མོ་ལང་བ་ལྟ་བུ་རེད། མ་ཤེས་བ་རྒྱུ་མཚན་དང་འདྲ་བ་ལ་ཅལ་འདྲོགས་བྱས་ན་ཀུ་རེ་དང་ཀྱལ་ཀ་ལྟ་བུ་ལས་གནས་ལུགས་སུ་མཐོང་གི་མ་རེད། ད་ངས་ཁྱེད་ལ་བ་དང་ཝ་ཡི་ཁྱད་པར་གསལ་བཤད་མདོ་ཙམ་ཞུ་གི་ཡིན། མ་འོངས་བར་ཁྱེད་རང་གིས་གང་ལ་མཁྱེན་རྟོགས་ཡོད་པ་དང་མཉམ་ཞིབ་བྱས་བ་ཞིག་ལ་རྩོམ་འབྲི་མུ་མཐུད་དུ་ཡོད་པར་དགའ་བསུ་ཞུ་གི་ཡིན། འོན་ཀྱང་མ་ཤེས་བ་ཞིག་ལ་འོད་ཚོད་ཀྱིས་དཀྲོག་རྩོམ་མི་སྤེལ་བར་འབོད་སྐུལ་ཞུ་རྒྱུ་ཡིན།
ཨ་མདོ་བས་བ་ཡི་སྐྱེ་གནས་མཆུ་ཡིན། དེ་ལ་མཆུ་བཙུམ་ལ་ཁད་དུ་ཕྱེ་བའི་བྱེད་པ་ཅན། རྩོལ་བ་ལྷོད་པ་དང་སྒྲ་ཞན་པར་ཡོང་བའི་མོ་ཡིག ཝ་ཡིག་གི་སྐྱེ་གནས་མཆུ་དང་འབྲེལ་བའི་མགྲིན་པ། བྱེད་པ་ལ་མཆུ་བཙུམ་ལ་ཁད་དུ་ཕྱེ་ཞིང་མགྲིན་པ་ནས་ཨ་ལ་འདར་བར་བསྐྱོད་པ། རྩོལ་བ་ལྷོད་པ་དང་སྒྲ་ཞན་པར་ཡོང་བའི་མོ་ཡིག་ཡིན། རྒྱུ་མཚན་དེའི་ཕྱིར་ཡི་གེ་འདི་གཉིས་ལ་སྐྱེ་གནས་དང་རྩོལ་སྒྲ་ལ་འདྲ་བ་ཅུང་ཙམ་ཡོད་མོད། ཡི་གེ་ཡི་གདངས་རྦད་དེ་ཁ་ཁ་རེད། ཁྱེད་རང་གིས་ངེས་ཤེས་འདི་རྨང་ལ་བཞག་ནས་ཨ་མདོ་བ་ཞིག་ལ་ཝ་ཡི་སྒྲ་འབྱིན་བཅུག་ནས་ག་ལེར་ཉན་ན་ཤེས་རྒྱུ་རེད། འདི་ལ་བོད་ཀྱི་དག་ཡིག་གསར་སྒྲིག་གི་མཇུག་ཏུ་ཡི་གེ་རེ་རེ་ཡི་སྐྱེ་གནས་བཀོད་ཡོད་པར་གཟིགས་དང་། འདི་ནའང་ཝ་ཡི་སྐྱེ་གནས་མཆུ་དང་འབྲེལ་བའི་མགྲིན་པ་ཞེས་བཀོད་ཡོད། བོད་ཀྱི་དག་ཡིག་མཁས་བའི་ཁ་རྒྱན་དང་གཞན་ཡི་གེ་ཡི་སྒྲ་ཞིབ་བཀོད་བྱས་བ་མང་བོས་བཀོད་སྟངས་ཡང་འདི་རང་རེད་ཞུ་རྒྱུ་ཡིན།