འཇིགས་མེད་འོད་ལྡན།
PDF
ཁོ་བོ་བཙན་བྱོལ་སྤྱི་ཚོགས་སུ་འབྱོར་ནས་ཡུན་རིང་ལོན་མཐར། རྡ་རམ་ས་ལའི་མཁའ་དབུགས་རྔུབ་དགོས་བྱུང། རྡ་ས་ན་མེད་པ་གང་ཡང་མེད་ལ། ཡོད་ན་བསམས་པ་ཞིག་ཀྱང་ཁོ་བོས་མཐོང་བ་ཉུང་ཉུང་ཡིན་ཞེས་ན་རྫུན་དུ་མི་འགྲོ་བ་འདྲ། ཡིན་ནའང་ཁ་སང་དེ་རིང་རྡ་སའི་སྲང་བར་ནས་ངེད་རང་གསར་འཕྲིན་ཤིག་དང་འཕྲད། གསར་འཕྲིན་དེ་ཇ་འཐུང་ཞོར་བཀླགས་པ་ཡིན། ངས་ཐེངས་གཅིག་ཤར་ཀློག་བྱས་རྗེས་གསར་འཕྲིན་དེ་ཨམ་ཕྲག་ཏུ་འཇུག་འདོད་བྱུང། མཚན་མོར་ནང་དུ་སླེབས། ཉལ་ཁྲིའི་སྒང་ངལ་གསོ་རྒྱག་བཞིན་སླར་ཡང་གསར་འཕྲིན་དེ་ཡིད་ལ་དྲན། ཡང་བསྐྱར་ཁ་བརྡ་དང་ལན་འདེབས་ཤོག་ངོས་བཀླགས་པ་ཡིན། ང་ལ་བསམ་བློ་མང་པོ་ཞིག་འཁོར་བཅུགས་སོང། ངས་ད་དུང་ཤེས་འདོད་པ་མང་པོ་ཞིག་གསར་འཕྲིན་འདིའི་སྐྱེལ་གྱི་ཨེ་ཡོད་བསམས། ངས་དེ་མ་ཐག་གསར་འཕྲིན་འདི་འདོན་དགོས་པའི་དམིགས་ཡུལ་ལ་བལྟས། གསར་འཕྲིན་པར་མཁན་གྱི་ལས་ཁུངས་སུ་བཅར། ཐ་ན་ས་གནས་ཁག་སོ་གསུམ་དུ་གཏོང་བཞིན་པའི་སྦྲགས་ཁང་ཚུན་ཆད་དུ་སོང་བས་ང་དང་གསར་འཕྲིན་འདི་ལ་ལས་འབྲེལ་ཞིག་ཡོད་པ་འདྲ། གང་ཡིན་ཞེ་ན་ངས་གསར་འཕྲིན་འདི་མུ་མཐུད་ཀློད་འདོད་སྐྱེ་བྱུང། ངས་བསམ་ན་ཕལ་ཆེར་ཁྱེད་ཀྱིས་ཀྱང་གསར་འཕྲིན་འདི་མུ་མཐུད་ཀློག་འདུན་ཡོང་གི་རེད། གསར་འཕྲིན་དེའི་གཤམ་ཏུ་འདི་འདྲ་ཞིག་འཁོད་འདུག
༼ གསར་འཕྲིན་འདི་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་བོད་ཀྱི་རྩ་དོན་སྒྲུབ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་གནས་ཚུལ་སྐྱེལ་ཕྱིར་དང། བོད་མིའི་འགོ་ཁྲིད་དང་ཤེས་ལྡན་པ། མི་མང་བཅས་ཀྱི་བོད་ཀྱི་སྲིད་དོན་གླེང་སའི་ཟམ་པ་ལྟ་བུར་འགྱུར་ཆེད་འགོ་འཛུགས་བྱས་པ་ཡིན། བོད་མི་གང་ན་སུ་ཡོད་ཀྱིས་རང་རང་གི་སྲིད་དོན་ལྟ་གྲུབ་དང་སྦྲེལ་ནས་བོད་ཀྱི་མ་འོངས་པར་གུ་ཡངས་དང་དཀྱེལ་ཆེའི་གླེང་སློང་གནང་འདོད་ཡོད་ན། གཤམ་འཁོད་ཁ་བྱང་ཐོག་བསམ་ཚུལ་བསྐུར་གནང་གིས་ཕུལ་དུ་བྱུང་བའི་རྣམ་དཔྱོད་འདོན་ཆོག་པ་ཡིན་པས། ༼ ཆབ་སྲིད་དཔྱད་གླེང ༽གསར་འཕྲིན་ནི་ཁྱེད་ཀྱི་ཡིན་ལ། ང་ཡི་ཡིན། ང་ཚོའི་ཚང་མས་བོད་ཀྱི་བདེན་དོན་སེལ་ཐབས་གླེང་སྟེགས་ཀྱང་ཡིན།།༽
རྣམ་པ་ཚོས་ཀློག་འདོད་ཡོད་ན་གོང་གི་PDF སྟེང་ཐད་ཀར་བསྣུན་ན་འགྲིག
ཤར་ཕྱོགས་ཁུག་རྟས་ནམ་ཉི་མ་ཤར་འདྲའི་ལས་གཞི་ཞིག་རྩོམ་བཞིན་པར་དགའ་གུས་ཡི་རང་གིས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་མ་འོངས་རྒྱུན་འཁྱོངས་ཡོང་བར་རེ་སྐུལ་སྙིང་ནས་ཞུ།
འགྲིག་སྡོད་ཀི ལས་གཞིའི་འགོ་བརྩམས་པ་ལས་མཇུག་སྐྱོང་རྒྱུ་གལ་ཆེན་པོ་ཡིན་དུས། ཆབ་སྲིད་དཔྱད་གླེང་གི་གསར་འཕྲིན་འདི་རྒྱུན་ཐུབ་པའི་ཕྱོགས་ལ་འབད་གལ་ཆེ། གསར་འཕྲིན་འདིའི་འཕྲིན་ལས་ཀྱི་འཇུག་སྒོ་ཡངས་པོ་ཡོང་བའི་སྨོན་འདུན།
གྲོགས་འོད་ལྡན་གྱིས་གསར་འཕྲིན་མཐོང་མ་ཐག་པའི་སེམས་ཚོར་དང་ངོ་སྤྲོད། དེ་བཞིན་འགྲེམས་སྤེལ་བཅས་ཞུས་པར་ཐུགས་རྗེ་ཆེ། གསར་འཕྲིན་འདི་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པའི་སྐབས་གྲོས་ཆོད་ཀྱི་ལམ་ནས་མི་མང་གིས་དབང་ལུང་བསྐུར་བ་ཞིག་ཡིན། དེ་ཡང་དེང་དུས་དྲ་རྒྱའི་མཐུན་འགྱུར་ཞན་ས་དང་རང་གཞུང་གི་དྲིལ་བསྒྲགས་ཀྱི་ཤུགས་ཆུང་སར་ཡིག་ཐོག་ནས་གནས་ཚུལ་སྤྲོད་པའི་ཕོ་ཉ་ཞིག་དགོས་སྟབས་ཞར་བྱུང་དུ་འགོ་འཛུགས་བྱས་པ་ཡིན། གསར་འཕྲིན་འདིར་ཤོག་ངོས་བཞི་ཡོད།
༡ ཤོག་ངོས་དང་པོ་༧གོང་ས་མཆོག་གི་མཛད་འཆར་དང་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་གསར་འགྱུར་རིགས་དང།
༢ ཤོག་ངོས་གཉིས་པ་རང་དབང་གླེང་སྟེགས་ཡིན། དེའང་རྩོམ་ཡིག་གི་ལམ་ནས་བསམ་ཚུལ་གླེང་སར་གཙོ་འདོན་བྱས་ཡོད། རིག་པ་དང་རྒྱུ་མཚན་ཡག་དག་གི་ལམ་ནས། རང་རང་གི་ཆབ་སྲིད་ལྟ་གྲུབ་དང་འབྲེལ་བའི་གླེང་སློང་གནང་སའི་དཀྱེལ་ཆའི་གུ་ཡངས་ཀྱི་ཤོག་ངོས་དེ་ཡིན་པས། ཤོག་ངོས་འདི་ལས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་གཞི་ལའང་ཆར་བ་ཆུ་གྲོགས་ཀྱི་ནུས་པ་ཐོན་པར་རེ་བ་བྱས་ཡོད་པ་མ་ཟད། དུས་ཡུན་གང་འཚམས་སོང་རིང་དེབ་ཐེར་རེ་ཡོང་སྲིད་པའི་རེ་བའང་མཉམ་དུ་ཞུ་བཞིན་པ་ཡིན།
༣ ཤོག་ངོས་གསུམ་པར། ཁ་བརྡ་དང་བཅར་འདྲིའི་ལམ་ནས་སྐབས་བབ་ཀྱི་གནད་དོན་ཐད་གླེང་མོལ་བྱ་རྒྱུ་གཙོ་བོར་བྱས་ཡོད། དེའི་གཤམ་དུ་རྩོམ་སྒྲིག་པའི་གཏམ་ཞིག་ཀྱང་དཀྱུས་གཅིག་ཏུ་ཡོད་པ་ཡིན།
༤ ཤོག་ངོས་བཞི་པར། ༧གོང་ས་མཆོག་དང་རང་གཞུང་གི་གནང་ཕྱོགས་བཅས་ལ་རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་གྱི་རྩོམ་སྒྲིག་པ་ཡེ་རྡོར་གྱི་མིང་འཛིན་པ་འཁོར་དང་བཅས་པར་བདེན་པའི་གསལ་བཤད་དང། འབྱུང་འགྱུར་ལམ་ནོར་ལྡོག་ཤེས་བྱ་ཕྱོགས་ཀྱི་བོད་མིའི་མཁས་མཛངས་འཁྲུལ་གསུམ་ལྡན་པའི་ལན་འདེབས་རྣམས་དགོད་རྒྱུ་གཙོ་བོར་བྱས་ཡོད་པ་མ་ཟད། ཤོག་ངོས་འདིས་ཉེ་སྔོན་ཡེ་རྡོར་གྱི་རིམ་སྤེལ་དཔྱད་གཏམ་ཕྱོགས་སྒྲིག་གིས་དེབ་ཐེར་བཟོས་ཏེ་ལོ་རྒྱུས་ནང་འཇོག་བཞིན་པ་དག་ལ། རང་ཕྱོགས་ནས་ཀྱང་མི་རབས་ཕྱི་མ་ཕྱི་མ་དག་ལ་སྐབས་དེ་དང་དེའི་གནས་ཚུལ་ཅི་ཡིན་གསལ་བཟོ་གནང་ཐུབ་པའི་དེབ་ཐེར་རེ་ཡོང་བའི་རེ་བའང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།
དེས་ན་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོད་མི་སྤུན་ཟླ་ཚོས་ཆབ་སྲིད་དཔྱད་གླེང་གསར་འཕྲིན་གྱི་ས་ཁོད་ལྷོད་ཀྱིས་བཟུང་སྟེ། ཡུན་རིང་སྙིང་ལ་བརྣག་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་བསམ་ཚུལ་ཁ་བརྡ་ཅི་ཡོད་ལྷུག་ལྷུག་སྩོལ་རོགས་ཞུ།།
དེ་དང་ཞོར་དུ་ཞུ་འདོད་པ་ཞིག་ལ། གསར་འཕྲིན་འདི་བཙན་བྱོལ་བོད་མིའི་གཞིས་ཁག་༢༧ གྱི་ས་གནས་ལས་འགུལ་ཁང་ཁག་དང། སེ་ར་རྣམ་གྲོལ་གླིང། དགའ་ལྡན་འབྲས་སྤུངས་བཅས་ཀྱི་འབྲེལ་མཐུད་པར་ཐད་གཏོང་བྱེད་ཀྱི་ཡོད་པ་མ་ཟད། བལ་ཡུལ་དང་འབྲུག་འབྲས་ལྗོངས། མཐོ་སློབ་ཁག་ ༥། གཞན་ཡང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཡོད་པའི་སློབ་གྲྭ་ཁག་ ༣ བཅས་ལ་སྦྲགས་གླ་རིན་མེད་ཐོག་གཏོང་གི་ཡོད། དེ་བཞིན་ཨེ་ཤ་རང་དབང་རླུང་འཕྲིན་ཁང་དང། ཨ་རིའི་ལ་ཙེ་དཔེ་མཛོད་ཁང་དང་ཨ་རི་དང་ཡོ་རོབ་གནས་བཞུགས་མཁས་པ་ཁག་ཅིག་ལ་འགྲེམས་སྤེལ་བྱེད་ཀྱི་ཡོད། རིམ་པས་བོད་རིགས་ཚོགས་པ་ཁག་ལ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པས།
བོད་མི་ཚོས་རང་གི་བསམ་ཚུལ་རྣམས་ཐད་གཏོང་ཡོང་བའི་རེ་བ་ཆེ། རྩོམ་བསྐུར་ཡུལ། midpath2008@gmail.com དང Loveyoutibet@gmail.com/ ཁ་པར། 0091-9882533773 བཅས་ཡིན། ཐུགས་རྗེ་ཆེ། །
འདི་ཡང་རྔ་མ་མེད་པའི་ལས་གཞི་ཞིག་མིན་པར་སྨོན།
ཤར་ཁུག་ལགས། ཁྱེད་ཀྱི་དཔྱད་གླེང་གསར་འཕྲིན་འདི་བལ་ཡུལ་ནང་དུའང་མི་མངོན་པའི་ཚུལ་གྱིས་འགྲེམ་སྤེལ་བྱེད་ཐུབ་པའི་རེ་བ་ཡོད། གནས་འདི་ན་བོད་ཀྱི་ཚགས་པ་གཅིག་ཀྱང་མཐོང་རྒྱུ་མེད།
ཡག་པོ་འདུག་ཡུན་རིང་གནས་པར་ཤོག།
གཞི་རྒྱ་ཆེ་ཞིང་ཆབ་སྲིད་གོ་རྟོགས་སྤེལ་བའི་ཚགས་ཤོག་དེ་འདྲ་ང་ཚོར་ངེས་པར་མཁོ། གང་ཞེ་ན། ང་ཚོ་ནི་སྐྱ་ཟད་འུ་ཐུག་གི་ཆབ་སྲིད་སྐྱབས་བཅོལ་བ་ཡིན་པས་སོ།
གསར་འཕྲིན་གྱི་ནང་འཁོད་དོན།”བོད་ཀྱི་མ་འོངས་པར་གུ་ཡངས་”ཞེས་པ་འདི་ཅི་ཞིག་ལ་གོ་དགོས་སམ། རྒྱ་མི་ལ་མགོ་སྒུར་འདོད་པ་མ་ཡིན་ནམ།