ཤར་ཕྱོགས་ཁུག་རྟ།
བཀའ་ཁྲིའི་སྐོར་ལ་ཐུགས་ཁུར་ཟབ་ལ། དོན་ལྡན་གྱིས་རྒྱབ་སྐྱོར་བྱེད་མཁན་རྣམ་པ་ལགས། ངས་བཀའ་ཁྲིའི་འོས་མི་གསུམ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནི་རི་བོང་ཅལ་འདྲོགས་མིན་པར། རང་རང་གི་ཤེས་ཚོད་ཀྱིས་སྣ་དྲངས་ཏེ་ཕྱག་ལས་གནང་མཁན་ཞིག་ཏུ་ཡིད་ཆེས་བྱེད་བཞིན་ཡོད་ལ། འོས་མི་རྣམ་པ་གསུམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་སྐྱོན་ཡོན་སྲང་ལ་གཞལ་རྒྱུའི་རིག་པ་དང་རྣམ་དཔྱོད་ངེས་ཅན་རེ་ཡོད་པར་རློམ་བཞིན་ཡོད། ཉེ་འཆར་བཀྲས་མཐོང་མཆོག་ལ་ཆེད་བཟོས་༼ བོད་ཀྱི་བཀའ་ཁྲི་༽ཚགས་པར་ཞིག་ཐོན་པས་བོད་ཀྱི་མང་གཙོའི་འཕེལ་རིམ་ལ་ཞབས་ཞུར་འགྱུར་བའི་རེ་བ་བྱས་པ་ཡིན་ལ། ཚགས་ཤོག་དེ་དོ་སྣང་ཡང་བྱེད་འགོ་བརྩམས་པ་ཡིན། དེ་ནི་ངས་རང་གི་ཆུ་ཚོད་མི་ཉུང་བ་ཞིག་བེད་སྤྱོད་བཏང་ནས་འོས་མི་གསུམ་གྱི་གཏམ་བཤད་ནང་བསྡུར་བྱས། ཤ་མེད་སར་རུས་པ་སོ་འབྲེད་བྱས་པ་ལྟར་སྡུག་རུས་ངེས་ཅན་ཞིག་བརྒྱབས་མཐར། སྔོན་འགྲོའི་འོས་ཤོག་མ་བླུགས་པའི་ཕྲན་ལ། བཀའ་ཁྲི་མེད་པར་སེམས་མཁན་གྱི་བདག་ལ་གཞི་ནས་བཀའ་ཁྲིར་འོས་ཤོག་འཕེན་དགོས་པའི་རྒྱུ་མཚན་ཞིག་རྙེད་སོང་། དེ་ནི་ངས་རང་གི་བོད་དོན་གྱི་མདུན་ལམ་ལ་བཅངས་པའི་རྣམ་དཔྱོད་ལྷག་བསམ་དང་སྦྲེལ་ནས། བཙན་བྱོལ་སྤྱི་ཚོགས་ནང་༼བང་ཆེན༽ གསར་ཤོག་བརྒྱུད་ཡོངས་གྲགས་བྱས་པ་ཡིན་ལ། རང་ཉིད་ལ་བཀའ་ཁྲི་ཞིག་ཡོད་པས་དགའ་བ་དེའང་ཚད་གཟུང་དུ་མེད་པ་ཞིག་ཡིན།
ངས་སྐབས་དེར་བཀྲས་མཐོང་གི་གཏམ་བཤད་སྒྲ་ཡིག་གང་རུང་ན་ཡོད་པ་ཚང་མར་མཇལ་རྗེས། གཞི་ནས་ཕྱི་རྒྱལ་ནས་གནང་པའི་གཏམ་བཤད་དེ་ཡིག་ཐོག་ལ་ཕབས་ཏེ་དེ་རང་ལ་འདུན་པ་གཏད་པ་ཡིན། དེ་ནི་དེ་རིང་༼ བོད་ཀྱི་བཀའ་ཁྲི ༽ འདོན་ཐེངས་གཉིས་པའི་མདུན་ངོས་སུ་པར་རྫུན་མ་ཞིག་དང་མཉམ་ཏུ་བཀོད་བཞག་པ་དེ་རེད། ངས་ཡང་ཀློག་བསྐྱར་ཀློག་བྱས་པ་ཡིན། གཏམ་བཤད་དེ་གང་དུ་གནང་མིན་གང་ནས་ལག་སོན་བྱུང་མིན་གྱི་གསལ་ཁ་ཙམ་ཡང་མེད་པར། རྩོམ་སྒྲིག་པ་རྫུན་མ་ཞིག་གིས་མིས་འབད་འབད་འབུངས་འབུངས་ཀྱིས་སྒྲུབ་བཞག་པ་ཞིག་རྐུ་བཤུ་བྱས་ཏེ་རྩོམ་སྒྲིག་བྱས་ཚུལ་སྟོན་པ་ནི་ཕྲན་ལ་ངུ་དགོད་ཤོར་བའི་གནས་སྟངས་ཤིག་ཏུ་གྱུར།
ངས་འདི་དག་ལ་མ་མཐའི་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་བློ་མིག་དོགས་པོ་ཞིག་ཀྱང་མེད་པ་ཚོར་སོང་ལ། སྤྱི་ཚོགས་ནང་མེད་ཀྱང་ཡོད་མདོག་གིས་འུར་རྒྱག་རྒྱུ་དགའ་བའི་གཤིས་ཀ་ཡོད་པའང་རིག་སོང་། ད་དུང་རིག་གནས་ལས་དོན་གྱི་ཐད་ནས་བཤད་ན་མིའི་འབད་སྒྲུབ་རྐུ་འཕྲོག་བྱས་པའི་ཉེས་པ་ས་ཆེན་པོར་ཤོངས་རེ་བྲལ་བ་ཞིག་ཡིན་སྟབས། དེ་དོན་སྨྲས་ན་རྡོ་ལ་ཆུ་བླུགས་ལྟར་སོང་ཡང་།
ལར་ནས་ལས་རིགས་ཤིག་གཉེར་རྒྱུ་ཡིན་ན། ཁུངས་ལུང་ཡོད་པ་དང་། རྐུ་བཤུ་འཕྲོག་གསུམ་མིན་པ་ཞིག་གཉེར་རྒྱུའི་སྐུལ་མ་བྱེད་འདོད་བྱུང་ལ། བོད་ཀྱི་མང་གཙོའི་འཕེལ་རིམ་ནང་གི་དཀྱིལ་སྙིང་ཡིན་པའི་བཀའ་ཁྲིའི་ལས་དོན་ལ་ཤེས་ནས་འཇུག་རྒྱུར་སྐུལ་མར་བཏང་བ་ཡིན།
ཨ་ལེ། ད་ག་རེ་བྱེད་དགོས་ན། རྩོམ་ཡིག་གི་བདག་དབང་ལ་གནོད་པ་བསྐྱལ་སོང་འདྲ་བོ་གསུང་འདུག་ག འོན་ཀྱང་། རྩོམ་ཡིག་གི་བདག་དབང་བཀྲས་མཐོང་ཁོ་རང་གི་མ་རེད་དམ། ཁོང་གིས་བཤད་པ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་བཀོད་མ་ཆོག་པ་ག་རེ་ཡོད་རེད།
ད་འོ་ན། གསུང་བཤད་ཀྱི་དབུ་རུ་ཤར་ཕྱོགས་ཁུག་རྟའི་བརྩམས་ཟེར་དགོས་པ་རེད་དམ། ཡང་ན་ཤར་ཁུག་གིས་བཤུས་ཏེ་གཏན་ལ་ཕབ་པའོ། ཟེར་དགོས་པ་རེད་ལགས།
བཀྲ་ཤིས་ནག་ལྡང་ལགས།
ཁོང་ཚོ་ཆེད་འཛུགས་རྒྱབ་སྐྱོར་པ་ཡིན་ཟེར་མཁན་ཚོས་བཀྲས་མཐོང་ལ་རྒྱུས་མངའ་བྱས་པ་དེ་ཙམ་ཡིན་ན། ངས་དུས་ཚོད་མང་པོར་བཀྲས་མཐོང་བཙལ་བའི་དཀའ་སྡུག་གི་ཁྲོད་ནས། སྐད་ཆ་དེ་རྙེད་བྱུང་། དེ་ནས་ཡི་གེར་ཕབས། ཐེང་དང་པོར་སྤྱི་ཚོགས་ནང་བཀྲམས། འོས་འཕེན་རྒྱུ་སེམས་ཐག་བཅད་པ་ཡིན།
ཁོང་ཚོས་གསུང་བཤད་དེ་གང་ནས་གནང་མིན་ཀྱང་ཤེས་ཚོད་མི་འདུག་པས། རྩོམ་སྒྲིག་བྱས། རྒྱབ་སྐྱོར་བྱེད་ཀྱི་ཡིན་ལབ་ཡོང་དུས། ང་ངུ་དགོད་མཉམ་ཏུ་ཤོར་གི་འདུག གནད་དོན་དེ་འཕྲལ་མར་གསལ་བཤད་བྱས་པ་ཙམ་ཡིན།
ཤར་ཕྱོགས་ཁུག་རྟ་ལགས།
༼བོད་ཀྱི་བཀའ་ཁྲི༽ཚགས་པར་རྩོམ་སྒྲིག་པ་ཚོར་གསུང་བཤད་དེ་སྤྲོད་མཁན་ང་ཡིན། ཁྱེད་རང་གིས་ངའི་ཨིས་མལ་ནང་བཏང་སླེབས་པ་དེ་ནས་བཅད་གཏུབས་ཀྱིས་བཀྲས་མཐོང་གི་གསུང་བཤད་སྐོར་ཁོ་ན་ཁོང་ཚོར་བཏང་བ་ཡིན། དེར་ནག་ཉེས་ཡོད་ན། དེ་ནི་རྩོམ་སྒྲིག་པ་ཚོའི་ནག་ཉེས་མིན་པར་ངའི་ནག་ཉེས་ཆགས་ཡོད་པས། ནོར་ཡོད་ན། དགོངས་དག་ཞུ་བ་ཡིན། ཡིན་ནའང་། ངས་ཚགས་པར་དེ་མཐོང་མ་སོང་བས། ཚགས་པར་སྟེང་ཇི་ལྟར་བཀོད་ཡོད་མེད་མི་ཤེས།
ཁོ་ཚོར་དེ་འདྲ་ཞིག་བཙལ་རྒྱུའི་རྣམ་དཔྱོད་མེད་ན། སྐྱག་པ་རྡོག་སྒྲུག་རྒྱབ་ནས་རྩོམ་སྒྲིག་བྱེད་ཀྱི་ཡོད་པ་རེད་པཱ། ནོར་ཡོད་ན་མ་རེད། ཁྱེད་ནོར་བ་རེད།
ངས་གཟབ་ནན་གྱིས་དུས་ཚོད་མང་པོ་བཏང་ནས་འོས་མི་གསུམ་གྱི་གཏམ་བཤད་ནང་བསྡུར་བྱས་པ་དུས་ཚོད་ཐུང་ཐུང་ཞིག་མིན། ཁྱེད་ཚོས་དེ་དག་གི་དཀའ་སྡུག་མི་ཤེས་པའམ། དེ་ལ་རྒྱུས་ལོན་བྱེད་མི་ཐུབ་པ་འདི། ཆུང་ཆུང་ཞིག་ཏུ་བཟོས་ན་ཆུང་ཆུང་ཡིན་མོད། འདི་རྩ་བའི་རིག་གནས་ཀུན་སྤྱོད་དང་འབྲེལ་བ་ཡོད་པ་རེད། དེས་རྐྱེན་བསམ་བློ་བཏང་ན། ཡ་མཚན་པ་ཞིག་རེད།
ཧཧཧཧཧཧཧ། ད་དགོད་སྤྱད་རེད།
ཁུག་རྟ་ལགས། དེའི་རྩོམ་སྒྲིག་པ་བློ་བཟང་རྒྱ་མཚོ་དང་། བློ་བཟང་བཀྲ་ཤིས་གཉིས་རེད། དེ་གཉིས་སློབ་མ་གཉིས་ཡིན་ན། གང་ལྟར་ད་རེས་ཧེབ་ལངས་ནས་རྩོམ་སྒྲིག་པའི་མིང་འཁུར་བ་མ་གཏོགས། ནམ་རྒྱུན་རིག་གནས་ལས་དོན་དང་འབྲེལ་བ་མེད་པ་རེད། དེ་བས་ཁོ་ཚོ་བཞག་ཞོག
འགོ་མི་ཐོན་ན་ཅིག་བྱེད་ཀི་བསྡད་ན་དེ་ནས་རུལ་སུངས་ཆགས་འགྲོ་ལེ་རེད། རིག་གནས་ལས་དོན་ཐད་ཀྱི་རུལ་སུངས་ནི་ཆེས་རྫབ་ཆེན་དེ་རེད།
ཚགས་པར་དང་དུས་དེབ་གང་ཞིག་གི་རྩོམ་སྒྲིག་པའི་གཏམ་ཕུད་རྩོམ་ཡིག་གང་ཞིག་གི་རྩོམ་པ་པོའི་མིང་དང༌། མཁོ་སྤྲོད་པ། ཞུ་བ་པོ། དེ་མིན་གང་ནས་མཁོ་བཤུས་ཚུར་ལེན་བྱས་པའི་ཁུངས་སོགས་ཁ་གསལ་དུ་འབྲི་རྒྱུ་ནི་རྩོམ་སྒྲིག་པ་ཞིག་གི་འོས་འགན་ཡིན་པས། དེ་ལ་རྩོམ་སྒྲིག་པ་ཚོས་ངེས་པར་དུ་ཡིད་གཟབ་བྱ་དགོས་པ་ཞིག་རེད། ད་རེས་ཀྱི་དོན་འདིར་གཞིགས་ནའང་རྩོམ་ཡིག་དེ་ཐོག་མར་འཚོལ་སྡུད་དང་ཕབ་འབྲི་བྱེད་མཁན་ལ་བདག་དབང་ཡོད་པ་ཞིག་ཡིན་སྟབས། རྩོམ་ཡིག་དེ་གང་ནས་མཁོ་འདོན་དང་བརྒྱུད་སྤྲོད་བྱས་ཚུལ་མི་གསལ་བར་འདོན་སྤེལ་བྱས་པ་དེ་ནི་རྩོམ་སྒྲིག་པའི་ནོར་ཉེས་ཤིག་རེད། ཡིན་ནའང་གསར་དུ་རྩོམ་སྒྲིག་པའི་ལས་ལ་ཞུགས་མཁན་ཞིག་ཡིན་པའི་ཆ་ནས་འགལ་ཉེས་དེ་འདྲ་འབྱུང་སྲིད་པས་བསྐང་རྒྱུ་ཅི་ཡོད། ཕྱིས་སུ་རྩོམ་ཡིག་གང་ཞིག་འོས་འཐུས་ཀྱི་ཕུ་ཐག་མ་ཆོད་པར་རང་འདོད་དུ་མི་སྤེལ་བར་ཡིད་གཟབ་བྱ་རྒྱུ་ནི་གལ་ཆེན་རེད་བསམ་གི
ང་ཚོའི་སྤྱི་ཚོགས་ནང་དུས་དེབ་དང་ཚོགས་པར་གང་མང་ཞིག་འདོན་སྤེལ་བྱས་དང་བྱེད་བཞིན་པ་ནི་རིག་གནས་དར་སྤེལ་གྱི་སྣང་ཚུལ་ཞིག་ཡིན་པས་དགའ་དགོས་པ་ཞིག་རེད། ཡིན་ནའང་རྩོམ་སྒྲིག་པའི་ངོས་ནས་འགན་མ་འཁུར་བར་གང་གང་བྱུང་རྒྱལ་གྱིས་རྩོམ་ཡིག་འདོན་སྤེལ་བྱེད་པའི་སྣང་ཚུལ་དེ་ནི་སྤྱི་ཚོགས་ནང་རྩོམ་པ་པོ་དང་རྩོམ་སྒྲིག་པའི་བར་གྱི་འགལ་འདུ་ཞིག་ཆགས་ཡོད་པས། ཤོག་རྐང་གཅིག་གི་རྩོམ་སྒྲིག་པ་ཞིག་ཡིན་ནའང་ངེས་པར་དུ་རྩོམ་སྒྲིག་པའི་སྒྲིག་འཛུགས་ཤིག་ཡོད་པའི་ཐོག་ནས་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་གཟབ་ནན་གྱིས་འདོན་སྤེལ་བྱ་དགོས་པ་ཞིག་ཏུ་མཐོང་ངོ༌།།
བཤད་ཉེས་ཤོར་ཡོད་ན་དགོགས་འགལ་མེད་པར་ཞུ།
འགར་ཚེ་རྒྱལ།
བཀྲས་མཐོང་མཆོག་ལ་རྒྱབ་སྐྱོར་བྱེད་ཤེས་མ་ཤེས་ཀྱིས་གང་བྱུང་བྱས་ན། ཚོར་བ་སྐྱེན་པོའི་སྐབས་འདིར་མི་མང་པོར་བརྡབ་གསིག་ཤོར་ངེས་རེད། དེ་བས་ཁྱེད་ཅག་གིས་རྒྱབ་སྐྱོར་བྱེད་ཤེས་དགོས་རྒྱུ་དང་། སྤྱི་ཚོགས་ཟེར་བ་དེ་རྩེད་མོ་རྩེད་ས་མ་རེད་ལ། ལག་ཏུ་སྨྱུ་གུ་འཛིན་ཁུལ་བྱེད་ནས་འཁྲབ་སྟངས་དེ་ཆེས་ཉེན་ཁ་ཚ་ཤོས་རེད། དེ་བས་རྩོམ་སྒྲིག་པ་ཚོས་ཡར་བསླངས་མི་ཐུབ་ཀྱང་། ཡོད་པ་རང་སོར་བཞག་སྟེ་ལས་ཀ་བྱེེད་དགོས།
ཤར་ཕྱོགས་ཁུག་རྟས་བཤད་སྟངས་ལ་བལྟས་ན། བཀྲས་མཐོང་གི་གསུང་བཤད་རིང་ཐུང་ཚང་མའི་བདག་དབང་དེ་ཤར་ཕྱོགས་ཁུག་རྟ་ཁོ་རང་ལས་གཞན་སུ་ལའང་མེད་རབས་འདྲ་ཞིག་བཤད་འདུག ཡ་མཚན་རེད། བཀྲས་མཐོང་གི་གསུང་དེ་ཁོང་གི་ལས་འགུལ་ཁང་ལགིས་བེད་སྤྱོད་བཏང་བ་ལ་བདག་དབང་ཡོད་མེད་ཅིག་བཤད་རྒྱུ་བསྡད་ཡོད་པ་མ་རེད་དྲན་སོང་། ངས་ཁྱེད་རང་ལ་འདྲི།
༡༽བཀྲས་མཐོང་གི་གསུང་བཤད་དེ་ཁྱེད་རང་གིས་བེད་སྤྱོད་བྱས་ན་ཁྲིམས་མཐུན་ཡིན་པ་དང་། གཞན་གྱིས་བེད་སྤྱོད་བྱས་ན་ཁྲིམས་འགལ་ཆགས་སྟངས་གང་འདྲས་རེད།
༢༽ བཀྲས་མཐོང་གི་གསུང་བཤད་དེ་བཀྲས་མཐོང་ཁྱབ་བསྒྲགས་ཀྱི་ཚགས་པར་སྟེང་བཀོད་ན་རྩོམ་སྒྲིག་པ་དེ་རྫུན་མ་ཡིན་དགོས་ན། ཁྱེད་རང་གིས་བང་ཆེན་ཚགས་པར་ལ་བཀོད་པའི་རྩོམ་ཡིག་ནང་བཀྲས་མཐོང་གི་གསུང་དུམ་བུ་ཞིག་ཡོད་པ་དེས་ཁྱེད་རང་རྩོམ་པ་པོ་རྫུན་མ་ཆགས་ཀི་ཡོད་རེད་པས།
༣༽ ཁྱེད་རང་གི་བཤད་འདོད་ཨ་མ་ནི་བཀྲས་མཐོང་གི་གསུང་བཤད་འདི་ངས་རྙེད་པ་ལས་གཞན་གྱིས་རྙེད་ཀི་མ་རེད་ཟེར་འདོད་པ་དེ་རེད། དེ་ཡིན་ན། གཞན་གྱིས་རྙེད་མི་ཆོག་ཟེར་གི་ཡོད་རེད་པས། གང་འདྲས་རེད།
ཤར་ཕྱོགས་ཁུག་རྟ་ཡ། ཤར་ཕྱོགས་ཁུག་རྟ། བསམ་བློའི་གནས་ཚད་འདི་འདྲའི་སྐྱོ་བ་ལ། བཀྲས་མཐོང་ཁྱབ་བསྒྲགས་ཀྱི་ཆེད་དུ་ཁྱེད་རང་གིས་དཀའ་ལས་བརྒྱབ་ཡོད་ན། དེ་ཐུན་མོང་གིས་བེད་སྤྱོད་བཏང་ནས་བཀྲས་མཐོང་ཁྱབ་བསྒྲགས་བྱས་ན་དེར་སྙིང་ན་དགོས་པ་ཞིག་འདུག་གམ།
ཤར་ཕྱོགས་ཁུག་རྟ་ལགས་སྐུ་བཟང་།
ཡེ་ཤུའི་བླ་་ཆེན་སྐོར་ཀྱི་བཀའ་སློབ་འདི་བཀྲས་མཐོང་ལགས་ཀྱིས་ཐོག་མར་ཨ་རི་གསུངས་སོང།
ནོར་ལྦེ་རླུང་འཕྲིན་ཁང་གི་བགྲོ་གླེང་སྐབས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་དོ་དམ་པ་ཡེ་ཤེས་ཆོས་བཟང་ལགས་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་དྲི་བ་དྲིས་དུས་བཀྲས་མཐོང་ལགས་ཀྱིས་ཡེ་ཤུའི་བླ་ཆེན་སྐོར་གྱི་བཀའ་སློབ་འདི་གསུངས་སོང་།
དེ་མ་ཚད་རྡོ་དབང་ལགས་ཁོང་ཚོར་སྤྲད་པ་ཡིན་གསུངས་འདུག
འཕྲོག་དང་རྐུ་པོའི་ཐ་སྙད་དེ་བསམ་བློ་ཞིབ་མོར་བཏང་ནས་བེད་དཔྱད་ན་ལེགས་སྙམ།
སྐད་ཆ་འདི་དག་གོ་དུས་དངོས་གནས་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་དྲན་སོས་བྱུང་ཁོང་རྒྱ་གར་སོགས་སུ་ཕེབས་ནས་རྒྱལ་སྤྱིའི་གནས་སྟངས་གསལ་པོ་རྟོགས་པའི་ཐོག་བོད་ཀྱི་ལས་དབང་ལ་གོ་སྐབས་དམ་འཛིན་བྱེད་ཏུ་ཕེབས་པ་ན་བོད་རིགས་དབང་འཛིན་པའི་གནོད་ཤུགས་ལ་བརྟེན་ནས་ཚེ་འཇུག་བོད་གཞུང་གི་བརྩོན་ནག་ཏུ་སྐུ་གྲོང་པ་རེད་། འདས་ཟིན་པའི་ལོ་རྒྱུས་འདི་བསམ་ན་ད་ཡོད་བོད་རིགས་སུ་གཏོགས་པའི་ནང་རྒྱལ་སྤྱིའི་ཐོག་ཏུ་སྙན་གྲགས་ཆེས་ཆེ་བའི་འབུམ་རམས་པའི་མཚན་གནས་དང་པོ་ཐོབ་མཁན་བློ་སེང་མཆོག་ལ་ཡང་བསྙོན་འཛུགས་བྱེད་མཁན་རྣམས་ཀྱི་རང་སྒེར་ཀྱི་དགོས་དབང་ཁོ་ནའི་འོག་མཐའ་ན་འགོ་བཀའ་བློན་ཁྲི་པ་ཟམ་གདོང་མཆོག་ནས་གསལ་བཤད་ཆ་ཚང་གནང་གྲུབ་པའི་རྒྱུད་རིམ་གཅིག་དང་སྐུའི་གཅེན་པོ་རྒྱ་ལོ་དོན་འགྲུབ་སོགས་བཙན་བྱོལ་བོད་མའི་དབུ་ཕྲད་མང་དག་གཅིག་གི་གནང་ཟིན་པའི་ལམ་ཁ་གཅིག་ལ་ཉེས་འཛུགས་གནང་སྟངས་འདི་མ་འོངས་ན་གཞོན་ཚོས་བོད་དོན་དང་དམིགས་བསལ་བཀའ་སྤྱིའི་ལས་དོན་འཛུལ་ཞུགས་གནང་འདོད་མེད་པའི་བག་ཆགས་ངན་པ་ཞིག་བཞག་སོང་དཔེ་ན་འཇམ་ནོར་སོགས་ཀྱི་བློ་སེང་ལ་ཁྱེད་རང་མ་འོངས་བོད་དོན་ཐོག་ཕྱག་ལས་གནང་ན་ཧ་ལམ་གསོད་གྱི་ཡིན་ཟེར་བའི་ཚིག་འདི་མ་གཏོགས་ལབ་ཚར་སོང་།
མདུང་ཐུང་ལགས།
བསམ་བཞིན་གཞན་ཞིག་ཤོད་འདོད་གནང་འདུག་པས་ལན་འདྲ་གནང་མི་དགོས་ཀྱང་། གོང་དུ་རྩོམ་པ་པོའམ་རྩོམ་སྒྲིག་པ་རྙིང་པ་འགར་ཚེ་རྒྱལ་གྱིས་གསུངས་བ་དེ་ལས་རྩོམ་སྒྲིག་ལས་དོན་ཐོག་ངས་ཁ་སྣོན་མི་བྱེད། བདག་དབང་ཡོད་མེད་ཀྱི་སྐད་ཆ་བཤད་མེད། ང་ག་རེ་ལབ་ཡོད་ཟེར་ན། འདི་དག་གིས་ཆེད་དུ་བཀྲས་མཐོང་གི་ཆེད་དུ་ཡིན་ཞེས་འུར་རྒྱབ། དར་འཕྱར་ཡོང་དུས། བཀྲས་མཐོང་གི་ཆེད་དུ་ཡིན་སྟངས་མ་འདྲ་བ་ཞིག་དགོས་མོད་ཀྱང་། སོ་སོ་རང་ངོས་ནས་བཀྲས་མཐོང་བཙལ་བ་དེ་འདྲ་རེད། དེ་ཡིན་ཙང་། བོད་སྤྱིའི་ལས་དབང་ལ་འབྲེལ་བའི་བཀའ་ཁྲིའི་སྐོར་འུར་རྒྱག་འདོད་ཀྱི་གཞི་རྩའི་རྨང་གཞི་ལ་ང་ཡིད་ཆད། སྙིང་རྗེ་ནས་གནས་སྟངས་འདི་གསལ་བཤད་འདི་འདྲ་ཞིག་དང་མཉམ་ཏུ་འཕྲལ་མར་མི་མང་ལ་སྙན་གསེང་ཞུས་པ་ཡིན་དེ་གཅིག་ཡིན།
གཉིས་ནས། སྐད་ཆ་འདི་གལ་ཆེན་ཡིན་ཚུལ་ད་སྐབས་མི་མང་པོ་ཞིག་གི་ཁ་ནས་ཁ་རུ་བརྒྱུད་མོད། ངས་ཟླ་གཅིག་ཙམ་གྱི་སྔོན་དུ་ཁོང་གི་གཏམ་བཤད་ནང་གི་དྭངས་མ་ཚུར་རྡོག་སྒྲུག་རྒྱབ་དུས། སྐད་ཆ་འདིར་མཐོ་དམན་སུས་ཀྱང་དམིགས་འཛུགས་བྱེད་ཀྱི་མི་འདུག འདི་གལ་ཆེན་ཡིན་པ་དང་པོ་ངོས་འཛིན་མཁན་ངས་རྩོད་ཀྱི་མེད། རྩོད་དགོས་དོན་ཡོད་པ་མ་རེད། འོན་ཀྱང་། བོད་ཀྱི་ལས་དབང་དང་སྦྲེལ་ནས་འོས་མི་གསུམ་གྱི་གཏམ་བཤད་ནང་བསྡུར་བྱས། བཀྲས་མཐོང་ལ་ཚོར་བ་ཞིག་སླེབས། ཚོར་བ་དེས་ཡང་དང་བསྐྱར་དུ་བཀྲས་མཐོང་གསལ་བོར་བཙལ་བ་དེ། ང་བསམ་བློའི་གནས་ཚད་མེད་མཁན་ཞིག་ལ་རྩ་ཆེ་ཡིན་ལ། མི་རིགས་འདིའི་མདུན་ལམ་ལ་འབྲེལ་བའི་ངའི་ཞིབ་འཇུག་གི་བློ་མིག་འདི་སྐུ་ཉིད་ཀྱི་མདུན་སར་གནས་ཚད་སྐྱོ་བ་ལོས་ཡིན་ཀྱང་།
ཤོག་བུ་དང་སྨྱུ་གུར་འབྲེལ་འདྲིས་ཡོད་མཁན་ཞིག་ཡིན་ན། ད་ཐེངས་ཀྱི་རྡོར་དབང་ཡིན་ན་འདྲ། རྩོམ་སྒྲིག་པ་ཡིན་ན་འདྲ། འདིའི་རིགས་ཀྱི་བྱེད་སྟངས་འདིར་ཅུང་ཡ་མཚན་གྱི་རེད། དེ་ཙམ་མ་གཏོགས་ཞུ་འདོད་ཀྱི་དང་ཀ་འགག་སོང་།
བཀའ་ཁྲི་སུ་ལའང་རྒྱབ་སྐྱོར་བྱེད་མཁན་ཚོར་ཞུ་རྒྱུ་ནི་མང་གཙོའི་ལུང་པ་ནང་གང་ཟག་སྒེར་ལ་སྨྲ་བརྗོད་རང་དབང་དང་འགྲོ་བ་མི་ཡི་ཐོབ་ཐང་ཚང་མར་རང་དབང་ཡོད་པ་ཀུན་གྱི་མཁྱེན་གསལ་རེད་ལ། རང་ཉིད་རྒྱབ་སྐྱོར་བྱེད་ས་བཀའ་ཁྲིར་སྒྲོ་སྐུར་ཐོག་ནས་སྟོད་ར་དང་གཞན་གྱི་བཀའ་ཁྲིའི་འོས་མིར་གཞི་རྩ་མེད་པའི་དམའ་འབེབས་བྱེད་རྒྱུ་ནི་སྤྱི་ཚོགས་སྟེང་ལབ་ལོང་མང་པོ་ཡོང་དུས་ཕན་ལས་གནོད་པ་ཆེ། བཟང་ཆ་དང་སྐྱོན་ཆ་གཉིས་ཀ་གཞི་རྩའི་དམིགས་ཡུལ་གཙོ་བོ་བཟུང་ཁ་གསལ་གཏིང་གསལ་ཐོག་ནས་བཤད་རྒྱུ་དང་གླེང་རྒྱུ་ཡོད་ན་དྲ་གྲོགས་མང་དག་ཞིག་རྩོམ་ཡིག་བཀླགས་རྗེས་ཤེས་འདོད་དང་དཔྱད་ཞིབ་བྱེད་རྒྱུར་དགེ་ཕན་ཆེན་པོ་ཡོད་པ་སྨོས་མི་དགོས།
གཞི་རྩ་མེད་པའི་ཧམ་བཤད་དང་འཁྱོགས་བཤད་དཀྲོགས་གཏམ་དཀྲུགས་ཤིང་སོགས་སྤེལ་ན་དྲ་གྲོགས་ནང་ཁུལ་ལ་འཐབ་འཛིན་དང་སྤྱི་ཚོགས་སྟེང་མི་དམངས་ཚོ་དང་མཉམ་དུ་སྐད་ཆ་དེ་རིགས་ལབ་ལོང་ཡོང་དུས་ཕན་ཚུན་དབར་གནད་པ་ཆེ་བ་མཐོང་ དྲང་བདེན་གནས་ལུགས་རྒྱུ་མཚན་རྣམས་གཞི་རྩར་བཟུང་ནས་རྩོམ་ཡིག་སྤེལ་མཁན་རིགས་ལ་དགའ་བསུ་ཡོད།
དྲ་གྲོགས་རྣམ་པ་ལགས། ངས་གོང་དུ་བཤད་ཡོད། འདི་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ནང་ཁུལ་གྱི་མ་ཤེས་མ་འདང་པའི་ཆ་ཞིག་རེད་འདུག་པས། རྩོམ་སྒྲིག་པ་དངོས་རྫུན་སུ་ཡིན་ཡང་དགོངས་སེལ་ཞུ་རྒྱུ་གལ་ཆེན་རེད་འདོད་ཁར། ཤར་ཕྱོགས་ཁུག་རྟས་གནས་ཚུལ་འདི་གཡུག་ཞོག ད་རིག་གནས་ལས་དོན་གྱི་ནག་ཉེས་བསྒྲགས་སོང་། དེ་གས་འགྲིག་གི་རེད།
ཤར་ཕྱོགས་ཁཡག་རྟ་ཟེར་བ་འདི། སོ་སོ་མ་གཏོགས་མི་མཐོང་མཁན་ཞིག་རེད་འདུག བཀྲས་མཐོང་གི་གཏམ་བཤད་དེ་བཀྲས་མཐོང་གི་བྱས་རྗེས་རེད། དེ་ཤར་ཁུག་ཁྱེད་རང་གི་བྱས་རྗེས་ཆགས་སྟངས་ཤེས་མ་སོང་།
གནད་དོན་འདི་ལྟོས་མ་ཐག་ཆུང་ཆུང་འདྲ་བ་ཞིག་དང་། ཡང་ན་གོང་དུ་རེ་འགས་གོ་བ་མི་ལོན་པ་དེ་འདྲ་ཞིག་རེད། ཡིན་ནའང་། རིག་གནས་དང་ཞིབ་འཇུག་གི་ལས་དོན་ལ་འབད་འབུངས་བྱེད་མཁན་ཞིག་ཡིན་ཕྱིན། རྩོམ་སྒྲིག་པའི་བྱེད་སྟངས་དེ་ནོར་བསྡད་པ་ཤེས་གསལ་རེད། འོན་ཏེ་འདི་དག་ནི་ཤོག་ལྷེ་གཅིག་གམ། ཟླ་བ་རེ་ཤོས་ཀྱི་རྩོམ་སྒྲིག་པ་ཞིག་ཡིན་ཡང་། གནད་དོན་གླེང་གཞི་བཀའ་ཁྲིའི་ངོ་བོ་ཆེ་དྲགས་པའམ། དེར་ཆེད་བཟོས་རྒྱབ་སྐྱོར་པ་ཡིན་ཁུལ་ལ་སོང་གཤིས། མི་མང་གིས་མཁྱེན་དགོས་པ་ཞིག་ནི་མ་འོངས་པར་རྒྱབ་སྐྱོར་པ་ཉི་ཚེ་བ་འདིའི་རིགས་ལ་གཟབ་གཟབ་བྱེད་དགོས་པར་འདོད་ཁར། འཚོལ་ཞིབ་པ་རང་གི་ངོས་ནས་ཀྱང་གསལ་བཤད་འདི་དགོས་ངེས་ཅན་ཡིན་ཡང་། རང་གིས་རྒྱབ་སྐྱོར་བྱེད་ཡུལ་ལ་དེ་ལས་ལྡོག་སྟེ་འོས་ཤོག་ཟགས་རྒྱུར་རྒྱུ་མི་བྱེད་པ་ཅི་ལ་སྲིད།
ཁ་བརྡ་ཚང་ལགས་། དག་མཆན་ཞིག་སྒུག་ཡོད་།
གྲ་གྲོགས་རྣམ་པ་། སྐུ་འཁོར་ཚོྲར་ལབ་གླེང་མ་མང་གཡུག་ཤོག། གོང་ནས་གསན་ན་ཐུགས་སུན་གི་རེད་།འདི་ཚོ་ཡོད་ན་ བླ་མས་གཏོར་གར་བཞགས་བྱེབ་སྟབས་བེད་ནི་རེད་པ་། དགའ་དབང་ནས་གསུང་པ་བཞིན་གོང་ནས་བཀོས་པ་རང་ཡིན་ཚོད་།