རྡོ་མེ་འབུད།
ཁྱེད་ཅག་གིས།
རང་ཚུགས་དང་སྤོབས་པ་ཡོད་ཚད།
ཤ་ཁྲག་རུས་གསུམ་དང་བསྡོངས་ནས།
འོད་དུ་སྒྲོན་དུས།
ངའི་མིག་ཆུ་ལ་རིན་ཐང་མེད་པ་ཤེས་ཡོད།
ཡིན་རུང་། ང་ན་ཟུག་ཅིག་ལ་ཁེན་ནས།
འགྱེལ་ཞོར་ལངས་ཞོར།
མ་ཎི་དང་སྨོན་ལམ་ཙམ་གྱིས།
ཁྱེད་ཅག་ལ་སྐྱེལ་མ་བྱས།
ཡིན་རུང་། ཁ་སང་དེ་རིང་།
གྲངས་ཀ་དེ་མང་དྲག་པས།
ད་ནི་ངས་མ་ཎི་རེ་བཟླས་ཏེ།
སྨོན་ལམ་ཙམ་བཏབ་ནས་འདུག་རྒྱུའང་།
ངོ་གནོང་བའི་ཚད་ལ་སླེབས་འདུག
༢༠༡༢/༡༠/༢༦ཕྱི་དྲོར།