བསྟན་འཛིན་ཟླ་སྒྲོན། འཛིན་རིམ་བརྒྱད་པ། དཔེ་སྟོན་སློབ་གྲྭ།
ཀ་ར་བཟས་རྒྱུ་བྱིས་པའི་གོམས་གཤིས་ཡིན།
ཁ་ཏོག་ཉོས་རྒྱུ་ཕ་མའ་ལས་འགན་ཡིན།
ག་རེ་བཟས་ཀྱང་ཀ་ར་མངར་མོ་དེ།
ང་ཡི་མི་ཚེའི་དགོས་མཁོ་ཆེ་ཤོས་ཡིན།
ཅ་ཅོར་རོལ་བའི་ཆུ་འཛིན་ཆུང་ཆུང་དེར།
ཆ་ཆར་བསྐྱོད་པའི་ཉ་མོ་ཆུང་ཆུང་འདུག།
ཇ་ཕོར་ཧུབ་གཅིག་བཏུངས་ནས་ཁོ་ཚོར་བལྟས།
ཉ་པས་སྙིང་རྗེ་མེད་པར་ཉ་ཆུང་ཟིན།
ཏ་ལའི་སྡོང་པོའི་འོག་ཏུ་ངལ་གསོ་བརྒྱབ།
ཐ་མག་རྐང་གཅིག་འཐེན་ནས་གཉིད་ལ་རོལ།
ད་གཟོད་གཞི་ནས་གཉིད་ལས་སད་པའི་ཚེ།
ན་ཟུག་བཏང་ནས་ངོ་མ་བཟོད་པར་དཀའ།
པ་ཕས་ཉིན་ལྟར་གཉིད་ལ་རོལ་བཞིན་འདུག།
ཕ་རྒྱུད་འཕྲད་པའི་གོམས་གཤིས་ཡིན་པ་འདྲ།
བ་ཡིས་ཉིན་ལྟར་སྐད་ཅོར་རོལ་བཞིན་འདུག།
མ་ཡི་དབུ་སྐྲ་དཀར་པོར་འགྱུར་ས་རེད།
ཙ་རིས་སྨྱུག་མའི་གཟུགས་བྱད་སྟོན་བཞིན་དུ།
ཚ་གདུང་ཆེ་བའི་ཉིན་མོའི་ལམ་ཐོག་ཏུ།
ཛ་དྲག་ངང་ནས་གོམས་བགྲོད་སྤོས་བཞིན་དུ།
ཝ་ཡིས་གཡོ་སྒྱུ་ངོ་མ་རྫོགས་མཐའ་མེད།
ཞ་མོའི་བཟོ་བལྟ་ད་དུང་དར་བཞིན་འདུག།
ཟ་མའི་གོང་ཚད་ག་ལེར་ཆག་གིན་འདུག།
འ་འུར་སྒྲོག་པའི་མི་ཚོགས་རྣམས་ཀྱི་ཁྲོད།
ཡ་རབས་མེད་པའི་ཞ་མོ་ཚང་མས་གྱོན།
ར་མས་རྭ་ཕྲུག་གཅེས་སྐྱོང་བྱེད་བཞིན་འདུག།
ལ་ལས་ཕྲུ་གུར་སྣང་མེད་བཏང་བཞིན་འདུག།
ཤ་ཚ་མེད་པའི་དེང་དུས་མི་མང་ཚོས།
ས་དེའི་སྟེང་དུ་བེད་མེད་ལོངས་སྤྱོད་བྱས།
ཧ་ཧུར་གནས་པའི་ས་གཞི་ཆེན་མོ་དེར།
ཨ་ཙི་ག་དུས་འགྱུར་བ་ཐེབས་ཀྱི་རེད།
དཔེ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ། མུ་མཐུད་ནས་བྲི་རོགས་ཞུ།
ཀ་ཁ་ངག་གི་གླུ་དབྱངས་།
ཁ་སྐད་བོད་སྐད་གཙང་མ་།
ག་དུས་ཡིན་ཀྱང་བོད་ཡིག་།
ང་ཚོ་བོད་མིའི་སྐད་ཡིག་།
ཅ་ཅོ་མང་བའི་སྤྱི་ཚོགས་།
ཆ་རྐྱེན་འཛོམས་པའི་དུས་རབས་།
ཇ་ཆང་བོད་མིའི་ཁ་ཟས་།
ཉ་ཕག་གོང་གསུམ་མ་ཟ་།
ཏ་ར་སྒྲོལ་མའི་གཟུང་བསྔགས་།
ཐ་དད་ཆོས་ལུགས་མ་འཆོལ་།
ད་ལྟའི་དུས་རབས་འདི་ལ་།
ན་མོ་བླ་མར་ཕྱག་འཚལ་།
པ་ཕ་ཨ་མས་བྱམས་སྐྱོང་།
ཕ་བཟང་བུ་ཡིའི་ལས་དབང་།
བུ་རབས་ཚ་རྒྱུད་ལོ་གཞོན་།
མ་ཕྱུགས་མ་ནོར་ཟབ་ཤོག་།
ཙ་སྟེང་ཟིལ་བ་ཙམ་གྱིས་།
ཚ་གདུང་སེལ་བའི་ནུས་པ་།
འཛམ་གླིང་གནམ་ཤིས་འགྱུར་ལྡོག་།
ཝེར་མའི་ལྷ་ཚོགས་གཟིགས་དང་།
ཞཱ་རིགས་མི་གཅིག་མི་རིགས་།
ཟས་གོས་མི་གཅིག་ཡུལ་ལུང་།
འ་འུར་ཆེ་བའི་སྤྱི་ཚོགས་།
ཡ་རབས་ཉམས་པའི་རྟགས་རེད་།
ར་ལུག་གསོ་སྐྱོང་ཆེད་དུ་།
ལ་ལུང་ས་མཐའ་འགྲིམས་ནས་།
ཤ་ཚ་ཅན་གྱི་དུད་འགྲོ་།
ས་སྟེང་འདི་རུ་མང་འདུག་།
ཧ་ཅང་མང་བའི་ཚིག་སྙོགས་།
ཨ་ཀྱང་སྐུ་རྩེད་ཡིན་ནོ་།
༄༅། ཡག་པོ་བྲིས་འདུག་་་་བཀྲིས་བདེ་ལེགས་ཡོད།
སོ་སོ་རང་གི་རང་མགོ་ཐོན་པ་འབྲི་རོགས་གནང།
དགེ་རྒན་གྱིས་བྲིས་དེ་དྲ་རྒྱའི་ནང་བཏོན་ན་དགའ་རྒྱུ་ཅི་ཡོད།
ཨོ་ཁེ་་་་བཞུགས་གདན་འཇགས།
རེ་བར།སློབ་ཕྲུག་གཅིག་གིས་རང་ནུས་ཡོད་ཚད་ཀྱི་འབྲི་དུས་རང་གི་དགའ་ཉེ་སྤུན་མཆེད་མིན་ཀྱང་རང་བོད་རིགས་གཅིག་པ་ཞིག་ངོས་ནས་རྒྱབ་སྐྱོར་མེད་པར་དེ་བས་དཀྲོགས་གཏམ་དང་ལབ་གླེང་གང་བྱུང་མི་བཟོས་པའི་རེ་བ་བྱེད་བཞིན་ཡོད།
ཐུགས་རྗེ་ཆེ།