མྱི་ལྟིག
་་་་་་་་་་་གསོག་སྒར་སློབ་གྲྭའི་འཛིན་གྲོགས་མ་ཞིག་ལ་རྩེད་མཚར་དུ།
ཀ་ཡེ་སྙིང་གྲོགས་ཟེར་ཞོར་ལོ་འགར་མཉམ་དུ་བསྡད་ཀྱང་།།
ཁ་ཞིག་གཏུགས་རོགས་ཟེར་དུས་གཞན་གྱིས་མཐོང་ཡོང་ཟེར་གི།
ག་ས་གང་དུ་སོང་ཡང་མི་བརྗེད་འུ་གཉིས་བརྩེ་བ།།
ང་ལ་ལན་བརྒྱར་བཤད་པ་དེ་རིང་ད་དུང་བརྗེད་མེད།།
ཅ་ལག་ལེགས་སྐྱེས་དགོས་ན་ང་ཡིས་ཉོ་ལུགས་བཤད་ན།།
ཆ་ལུགས་དེ་འདྲའི་རིགས་ལ་སེམས་ནས་དུངས་བ་མེད་ཟེར།།
ཇ་ཁང་ནང་དུ་མི་འགྲོ་སྤུན་མཆེད་ཨ་ཁུས་རྡུང་ཟེར།།
ཉ་མ་ཁྱོད་ལ་སྒུག་ནས་མང་པོ་ཤོར་ནོ་ཨེ་ཤེས།།
ཏ་ཀུ་དབྱུག་པ་མེད་དུས་རྡོག་ལམ་མི་ཆོད་ན་ཡང་།
ཐ་ཤལ་ང་ཡིས་ཁྱོད་ལ་སྡུག་པོ་མྱངས་ཀི་མི་འཇུག།
ད་ནས་བཟུང་སྟེ་ཁྱོད་དང་འུ་གཉིས་ལྷན་དུ་ཡིན་ན།།
ན་སོ་རྒས་རག་བར་དུ་སྙིང་གཏམ་ཁྱོད་ལས་མི་བཤད།།
པ་ཏྲ་གསེར་གྱིས་ཤན་ནས་སྟེར་བའི་རྒྱུ་འབྱོར་མེད་མོད།།
ཕ་མ་སྡུག་ལ་སྦྱར་བའི་འདོད་པ་རྩ་ནས་མེད་པས་།།
བ་སོའོ་ཕྲེང་བ་ཞིག་ལས་གནས་སྐབས་སྟེར་རྒྱུ་མེད་ཀྱང་།།
མ་སྡུག་ཡ་ཆུང་སེམས་པ་རྒྱུ་ནོར་བཙལ་ན་རྙེད་ཡོང་།།
ཙ་གེ་ཙིག་གེ་ཙམ་གྱིས་འཁོར་བ་སྐྱོང་རྒྱུ་དཀའ་མོད།།
ཚ་བའི་ཡུལ་གྱི་འཚོ་བ་ངན་ངོན་འདི་འདྲ་ཡིན་པས །།
ཛ་དྲག་དུས་ལ་མ་གཏོགས་ཁྱོན་ནས་སྡུག་དམེ་མ་འདོན།།
ཝ་མོའི་གཤིས་ཀ་མེད་པས་འུ་གཉིས་ལྟོགས་ནི་མ་རེད།།
ཞ་བོ་ཞ་ར་ལ་སོགས་མི་ཚོགས་མང་པོའི་ཁྲོད་ན།།
ཟ་འཐུང་གནས་མལ་མེད་མཁན་ཉུང་ཙམ་མ་གཏོགས་མེད་པས།།
འ་ཡོ་ཁྱི་གུ་བཞིན་དུ་གཞན་རྐུབ་མི་ལྡག་ཁོ་ཐག།།
ཡ་རབས་ཁྱོད་དང་འགྲོགས་པའི་སེམས་ཀྱི་སྐད་ཆ་དངོས་ཡིན།།
ར་ལུག་འཚོ་སྐྱོང་བྱས་ཏེ་འབྲོག་ནས་གྲང་འཁྱག་མི་མྱང་།།
ལ་ལུང་རི་མགོ་བརྒྱུད་ནས་རོང་ནས་ཤིང་རིགས་མི་འཁུར།།
ཤ་མར་རྩམ་གསུམ་དྲན་ཞོར་གྲོང་ཁྱེར་རང་ནས་བསྡད་ཆོག།།
ས་སྲོད་མཚམས་སྤྲིན་ངོགས་ནས་ལྷོད་ལྷོད་འཚོ་བ་བསྐྱལ་ཆོག།།
ཧ་ཧ་ཀུ་རེ་ཚིག་ལ་བརྒྱུས་པའི་སྨྱོ་བཤད་འདི་དག།།
ཧ་ཅང་མི་རིང་ས་ན་གནས་པའི་སྙིང་གི་དགའ་མར།།
ཨ་མདོའི་སྨད་ནས་སྐྱེས་པའི་མྱི་ལྟིག་འཁྱམས་པོ་འབོད་པས།།
ཨ་མདོའི་རོགས་མཐུན་ཚུལ་དུ་ཁམས་མོ་ཞིག་ལ་བླངས་སོ།།
༢༠༡༠ ༡༡ ༥ ཉིན།
སྙན་མོ་ཞིག་བྲིས་འདུག
མྱི་ལྟིག་ལགས། ཀ་མད་སུམ་ཅུའི་མུ་ཏིག་གི་ཕྲེང་བ་སྙིང་གཏམ་དྲོན་མོའི་འོད་མདངས་འཚེར་འཚེར་འཕྲོ་བ་ཞིག་སྙིང་སྡུག་མའི་སྐེ་ལ་བསྐོན་པ་འདི་མཛེས་པོ་ཞེ་དྲག་མཐོང་གི དངོས་གནས་སྙིང་རྗེ་བོ་ཞིག་འདུག ཡ་ཡ། ད་དུང་བྱུ་རུའི་རྒྱན་ཆ་ཁ་ཤས་ཤིག་མགོ་ལ་བསྐོན་ན་ཁམས་མོའི་བསམ་པ་རྫོགས་ངེས་རེད། སྔ་དྲོ་བདེ་ལེགས།
ཀླུ་སྨྱོན་ལགས།
དྲ་ཐོག་ན་བཞུགས་ཡོད་དམ། ལན་ཞིག་གནང་རོགས།
ཡོད།
ཀླུ་སྨྱོན་ལགས།
ཁྱོད་བདེ་མོ། དེང་སང་སྙན་ངག་གི་ལྷ་འདྲ་ཞིག་ཞུགས་བསྡད་ཡོད་ནི་མིན་ན། ང་ལའང་ལྷ་དེ་ཞུགས་རྒྱུ་ཞིག་བྱུང་ན། ངས་ཀྱང་ཁྱོའི་འདི་མོ་འབྲི་བསམ་ནི་ཡིན། ཨ་ལ་ཀུ་རེ་ཡིན། འབྲི་སྟངས་དམིགས་བསལ་ཞིག་བྲིས་ཡོད་ཀི རང་མོས་ཡིན་ན་འདི། ཅང་རེད་ས་མ་རེད་བསམ་བསྡད་ཡོད་དེ། ཁྱོད་དྲིན་ཆེན་པོས་ཡང་འདུག་གི་མ་བཅུག་ཐལ། དེ་རིང་ཡང་ཁྱོའི་དེ་ཀློག་གི་ཡོང་ནིས་ཡ།
ལས་ངན་པོ་ཁྱོད་གང་ཟིག་ན་ཡོད།
ལས་ངན་ནང་གི་ལས་ཅན།། ཞབས་དྲུང་དཀར་པོའི་ན་ཟླ།། ཟེར་བ་དེ་ཡིན།
ཀ་ར་བཏབ་པའི་འོ་ཇ་འཐུང་བཞིན། །
ཁ་བརྡའི་དྲ་རྒྱར་ཉུལ་བའི་བྱ་སྤྱོད། །
ག་འདྲ་བྱས་ཀྱང་སྤོང་ཐབས་མེད་པ། །
ང་ཡི་དཀྱུས་མའི་གཤིས་ཀ་གྱུར་ཟིན། །
ཨ་མདོ་བ་ལ་ཨོང་མདོ་མེད་དང་གཅིག།
ལྕག་ཚན་གདེངས་ནས་གཅར་རྡུང་བྱེད་དང་གཉིས།།
ངན་ངོན་འཚོ་བའི་ལས་ལ་འབད་དང་གསུམ།།
འདི་གསུམ་ཁུར་བར་སྤྲོ་ན་ཅི་འདོད་བྱོས།།
ཀ་ཕྲེང་བསྟར་ལ་བརྒྱུས་པའི་བརྩེ་འཕྲིན་འདི།།
ཁ་ཁོག་མཚུངས་པའི་གཏམ་ཞིག་རེད་འདོད་ནས།།
ག་ལེར་ཀློག་བཞིན་ཆང་ལ་རོལ་བ་ཡིན།།
ང་ཡང་ད་ལྟ་ཆང་དང་བརྩེ་བས་སྦྲིད།།
ཅ་རིལ་མགོ་བརྗོད་བྱས་ནས་གང་འབྲི་དགོས།།
ཆ་མ་འཚལ་བའི་ངང་ནས་ལུས་བཞིན་དུ།།
ཇ་ཆང་གཉིས་ཀ་མཉམ་རོལ་བྱས་པ་ཡིན།།
ཉ་མགོའི་དབྱིབས་འདྲའི་མཇེ་ཡང་ད་ལྟར་འགྲེངས།།
ཏ་ཐ་ག་ཐའི་གསུང་ལ་སྦྱང་བ་མེད།།
ཐ་ཤལ་བ་ཡི་སྤྱོད་པ་བསྟེན་བྱས་ནས།།
ད་ལྟའི་ལུས་འདི་འཇིག་པ་མེད་གྱུར་ན།།
ན་ཚོད་ལྕོགས་པའི་བར་དུ་རྒྱོ་ལ་དགའ།།
པ་ཕ་རྒན་པོར་གྱུར་དུས་འགྱོད་ངེས་པས། །
ཕ་རོལ་བུ་མོ་ཐོབ་ན་རྒྱོ་རྐྱང་གྱིས། །
བ་གླང་ཁྱི་བོང་རྟ་དང་ཙི་ཙི་སོགས། །
མ་ལུས་འཁྲིག་སྟངས་ལྷག་ལུས་མེད་པར་གྱིས། །
ཙག་ཙག་ཟེར་གིན་ཉལ་ཁྲི་སྟེང་ནས་རྒྱོབས། །
ཚ་ཚ་ཟེར་གིན་ཡོད་ཚད་ཤུགས་ཀྱིས་རྒྱོབས། །
ཛར་ཛར་མཇེ་རྒོད་ངར་ཁ་སློང་ནས་རྒྱོབས། །
ཝལ་ཝལ་སྙིང་ལ་བདེ་བ་ཚིམ་བར་རྒྱོབས། །
ཞ་ར་ལྐུགས་པ་སྤྲང་པོ་ཡིན་ན་ཡང་།།།
ཟ་ཞོར་འཐུང་ཞོར་རྒྱོ་ལ་ཤུགས་ཀྱིས་རེམ།།
འ་ཅག་བོད་པའི་ལུགས་སྲོལ་མི་བྱེད་པར།།
ཡ་མཚན་ཕྱི་གླིང་བྱེད་སྟངས་ཉམས་སུ་ལོངས།།
ར་མ་ལུག་གིས་གཡབ་རེས་བྱེད་སྟངས་ལྟར།།
ལ་ལུང་གང་ནས་ཐུག་ཀྱང་གཡབ་རྐྱང་བྱོས།།
ཤ་ཡི་མཇེ་མགོ་བརྡར་ནས་མ་ཟད་པར།།
ས་ར་སི་རུ་ཉིན་དང་མཚན་ལ་གཡོབས།།
ཧ་ཅང་གཡབ་རྒྱུ་མང་དྲགས་ན།།
ཨ་རོགས་མགོ་བོ་ན་ཉེན་ཆེ།།
ཀ་ར་འདྲ་བའི་སྙིང་གཏམ་མངར་མོ་སྟེ། །
ཁ་ཡི་ལྕེ་རྩེར་ཞིམ་ཞིམ་འདྲ་ན་ཡང་། །
ག་ལེར་བསམ་ན་སྡུག་གི་གཞི་མ་ལས། །
ང་ལ་དགོས་པའི་བརྩེ་བ་དེ་མིན་ནོ། །