བྲོ་འཚལ།
ཀ་ཁའི་དམག་འཁྲུགས་སློང་ལ་དཔའ་བའི་ཁ།།
ཁ་བཤད་དོན་དུ་མི་ལོན་མདོ་མེད་ཁ།།
ག་ས་གང་དུ་སྨོད་པ་སྨྱོན་པའི་ཁ།།
ང་དང་ཁྱེད་ཀྱི་བར་ན་མང་པའི་ཁ།།
ཅ་རིལ་རླིག་རིལ་བཤད་ལ་ཐོགས་མེད་ཁ།།
ཆ་མེ་ཆོ་མེས་མི་སེམས་འགུག་པའི་ཁ།།
ཇ་ཆང་མཚར་གླུ་མི་འཇོན་བོང་བུའི་ཁ།།
ཉ་གེ་ཉོག་གེས་གཞན་ཡིད་དཀྲུགས་པའི་ཁ།།
ཏ་ཐ་ག་ཏའི་བསྟན་ལ་ལྐུགས་པའི་ཁ།།
ཐ་མལ་སྐད་ཆ་བཤད་ན་ངར་བའི་ཁ།།
ད་ལྟའི་བོད་དོན་གླེང་ན་ཤི་བོའི་ཁ།།
ན་ནིང་དོ་ཚིགས་གད་སྙིགས་སྐྱག་པའི་ཁ།།
པ་རི་པི་རིའི་ལད་བརྡོལ་སྤྲེལ་གྱི་ཁ།།
ཕ་ཚེ་བུ་རབས་བརླག་པའི་ཁྲེལ་མེད་ཁ།།
བ་ཐག་རྙི་ཐག་འཐེན་པ་རིས་ཅན་ཁ།།
མ་རྒན་ཞབས་ནས་འདྲེན་མཁན་ཁྱི་མོའི་ཁ།།
ཙ་གེ་ཙིག་གེའི་དོན་ལ་རྣོ་བའི་ཁ།།
ཚ་གེ་ཚིག་གེས་རང་དོན་འགབ་པའི་ཁ།།
ཛ་རེ་ཛོ་རེའི་ཉོག་གཏམ་འབེལ་པོའི་ཁ།།
ཝ་སྐྱེས་སེང་པགས་གཡོགས་པ་རྫུན་མའི་ཁ།།
ཞ་ར་འོན་པའི་མདུན་ན་མཁས་པའིོ་ཁ།།
ཟ་འཐུང་ཟས་ལ་ཆགས་པ་ཕག་པའི་ཁ།།
འ་རི་འུ་རིས་གཞན་རྗེས་བསུབ་པའི་ཁ།།
ཡ་ཡོ་བྲལ་བ་བསྲོང་གཏམ་དཀོན་པའི་ཁ།།
ར་ནད་ལུག་དཀྲིའི་གྱོད་ཁ་མང་པོའི་ཁ།།
ལ་རྒྱ་ཁོག་དཔུང་མེད་པ་ནང་རུལ་ཁ།།
ཤ་ཞེན་ཞེན་ཁོག་མེད་པ་ཅང་མེད་ཁ།།
ས་གསུམ་འཇིག་རྟེན་འདི་ན་ལྟས་ངན་ཁ།།
ཧ་ལོག་ཧོན་ལོག་བར་ནས་བརྗོད་པའི་ཁ།།
ཨ་རོགས་གྲོགས་པོ་དག་ལ་གཟས་པའི་ཁ།།
ཧ་ཅང་འགྲིགས་མིན་བཤད་ཚོད་མི་ཐུབ་ཁ།།
ཨ་ར་ཨུ་རུ་ཟེར་ནས་སེམས་གཅོང་ཁ།།
ཧ་ལོ་བུ་མོས་འདོད་ན་ཉན་པར་གྱིས།།
ཨ་རོགས་གྲོགས་པོར་མཐུན་ན་ལེན་པར་གྱིས།།
མདོ་ཏིང་འཛིན་རྒྱལ་པོ་ལས་། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་ཀྱིས་སུ་ལ་ཅི་ཞིག་བྱ།
ཀ་ཁ་ཀློག་འདོད་པ་མེད་བླུན་པོའི་ཁ། །
ཁ་ན་མ་ཐོས་འཆལ་གཏམ་མང་བའི་ཁ། །
ག་དུས་ཡིན་ན་དཀྲུགས་ཤིང་བྱེད་པའི་ཁ། །
ང་བཟང་ང་མཁས་ང་རྒྱལ་ཆེ་བའི་ཁ། །
ཅ་ཅོའི་སྒྲ་སྒྲོག་གཞུང་དོན་བཤད་པའི་ཁ། །
ཆ་ཤས་བཟུང་དེ་རང་དོན་བསྒྲུབ་པའི་ཁ། །
ཇ་ཆང་ཚོད་མེད་བཏུང་བས་ར་རོའི་ཁ། །
ཉ་ག་བཞིན་དུ་མི་དྲང་གཡོ་རྒྱུའི་ཁ། །
གོང་དུ་བདག་གི་དྲ་མིང་བོད་ཀྱི་བུ་ཟེར་བ་བེད་སྤྱོད་གཏོང་མཁན་གྱི་དྲ་མཆན་པ་དེར་ཞུ་རྒྱུར། ཁྱོད་ཀྱིས་ཧ་མ་གོ་བར་བདག་གི་དྲ་མིང་བེད་སྤྱོད་བཏང་བ་ཡིན་ན་ད་ནས་བཟུང་བེད་སྤྱོད་མ་གཏོང་རོགས། བདག་གིས་དྲ་མིང་འདི་བེད་སྤྱོད་བཏང་ནས་ཡུན་རིང་སོང་ཡོད། དེ་མིན་ཁ་སྔོན་ནས་དུས་བབ་ནང་དུ་བདག་གི་དྲ་མིང་འདི་བེད་སྤྱོད་གཏོང་མཁན་བསོད་ནམས་ཟེར་བ་ཞིག་འདུག་པ་དེ་ཡིན་ན། ཁ་སྔོན་ནས་གསལ་བྱས་ཟིན་པས་ད་དུང་འདི་ལྟར་བྱེད་པ་ནི་རྐང་བཙུགས་ནས་རྙོག་དྲ་བཟོ་འདོད་ཡིན་གྱི་རེད།
དེ་ནས་ཁ་བརྡའི་དྲ་བདག་ལ་ཞུ་རྒྱུར། དྲ་མིང་གཅིག་དྲ་མཆན་པ་མང་པོས་བེད་སྤྱོད་གཏོང་ཐུབ་འདི་མེད་པར་བཟོ་ཐུབ་ན་ཡག་པོ་འདུག བདག་གིས་དྲ་མིང་འདི་ཉིས་སྟོང་དགུ་ནས་བེད་སྤྱོད་བཏང་པ་ཡིན།
བསྟན་འཛིན་ཟེར་ནི་མང་པོ་ཡོད་པ་རེད། བོད་ཀྱི་བུ་ཡང་མང་པོ་ཡོད་རྒྱུ་རེད། ཕོ་ལྟེ་ཐེགས་པ་ཞིག་ཡིན་ཚད་བོད་ཀྱི་བུ་མ་རེད་ནས། ད་ཁྱོས་ཅིག་དཀའ་རྒྱུ་རེད་ཡ། དེ་ལས་བོད་ཀྱི་བུས་མིང་གཞན་ཞིག་བཀོལ་བཞིན་ཡོད་ཟེར་ནས་གསལ་སྒྲོག་ཞིག་སྤེལ་ན་རྒྱག་རེ་བྱེད་མ་དགོས་པ་རེད། དེའི་མི་དགའ་འི་ནེ།
ཀ་ཁའི་བོད་སྐད་བོད་པ་ཀུན་གྱིས་སྦྱོང་དགོས་འདུག །
ཁ་ནས་སྐད་ཆ་བོད་པར་ཤོད་ཚད་བོད་སྐད་དང་། །
ག་ཝར་བོད་པ་ཐུག་ཚད་བོད་སྐད་ཤོད་ཐབས་ལས། །
ང་ཅག་བོད་པས་བོད་སྐད་སྲུང་སྐྱོབ་དེ་ལྷག་མེད། །
འོ་ན་གནམ་ཞེས་པ་འདི་ཡང་འགྲོ་བ་ཡོངས་དབང་བ་ཞིག་ལས་ཁྱོད་གཅིག་པུར་དབང་བ་ཞིག་ག་བར་ཡིན། ངས་ཀྱང་དྲ་མིང་ལ་གནམ་བེད་སྤྱོད་བཏང་ན་ཁྱོད་ལ་བསམ་འཆར་མེད་དམ། ཨ་ལ་ཀུ་རེ་ཡིན། དངོས་གནས་ཐབས་ལམ་ཡག་ཤོས་ཁྱོད་ཀྱིས་གསུངས་པ་ནང་བཞིན་ཡིན་པ་འདྲ། དེ་ནས་ཁྱོད་ཀྱིས་ཕོ་ལྟེ་ཐོགས་ཚང་མ་བོད་ཀྱི་བུ་རེད་ཟེར་མོད། དེ་འདྲ་ནི་ཤེས་བྱ་ལ་མི་སྲོད་དོ་ཟེར་རྒྱུ་ཡིན།
དོན་མེད་ཇུས་གཏོགས་མང་ན་སེམས་ནད་ཕོགས་པའི་སྔོན་འགྲོ་རེད། མི་མང་གི་ཁ་རེད། གང་བྱུང་དུ་བཤད་ད་བཤད། བཤད་པ་མ་མ་མོས་ན་མ་ཉན་དེ་རེད།
ཀ་ཡི་ཕྲེང་བར་བརྒྱུད་པའི་ཡིག་ནོར་ཁ།།
ཁ་བའི་ལྗོངས་ལ་མེད་པའི་སྒྲ་སྒྲོག་ཁ།།
ག་བར་ས་རུ་སྨོད་འདེབས་སྨྱོན་པའི་ཁ།།
ང་རྒྱལ་དྲེགས་པས་སྦོས་པའི་རྐྱལ་སྟོང་ཁ།།
ཨ་ཅག་མཛེས་མར་འགྲམ་ཆུ་ལྡང་བའི་ཁ།།
ཧ་ན་ཧོ་ནེར་མཐོང་ཆུང་གཏོང་བའི་ཁ།།
ས་ཆ་འདི་ན་དཔའ་སྐད་སྒྲོག་པའི་ཁ།།
ཤ་ཉེ་ནང་ཁུལ་དཀྲུག་ཤིང་འཕེན་པའི་ཁ།།
ལ་མོའི་རྒྱབ་ནས་ལ་ཉེ་ཤོར་བའི་ཁ།།
ར་མ་ལུག་གི་སྐད་ལ་མཁས་པའི་ཁ།།
ཡ་རབས་སྐད་ཆ་ཐོན་རྒྱུ་མེད་པའི་ཁ།།
འ་འུར་འཆལ་གཏམ་རྫོགས་རྒྱུ་མེད་པའི་ཁ།།
ཟ་མའི་ཆེད་དུ་རྒྱུ་ལྟོ་འགུལ་བའི་ཁ།།
ཞ་བོ་འོན་པར་འཕྱའ་དམོད་བྱེད་པའི་ཁ།།
ཝ་མོ་བརྒྱལ་འདྲའི་ལྟས་ངན་སྒྲོག་པའི་ཁ།།
ཛ་དྲག་དུས་སུ་ལྐུགས་པ་ཆགས་པའི་ཁ།།
ཚ་བོ་གྲང་མོས་ངོམས་རྒྱུ་མེད་པའི་ཁ།།
ཙ་ཙིག་ཆགས་གཏམ་རྫོགས་རྒྱུ་མེད་པའི་ཁ།།
མ་ལོའི་གཏམ་ལ་ཚིག་ངན་འབེབས་པའི་ཁ།།
བ་གླང་ལྟ་བུའི་དྲི་ངན་འཐུལ་བའི་ཁ།།
ཕ་ལ་དྲིན་ལན་ཟུར་ཙམ་མེད་པའི་ཁ།།
པ་ཏྲ་བཞིན་དུ་དྲང་གཏམ་མེད་པའི་ཁ།།
ན་མཉམ་རྣམས་ལ་ང་རྒྱལ་བཤད་པའི་ཁ།།
ད་ལྟའི་དུས་ན་ཕོ་སྒྲོབ་ཆེ་བའི་ཁ།།
ཐ་མལ་དགྲ་ལ་སྐྱག་ཆུ་ཤོར་བའི་ཁ།།
ཏཱ་ཐའི་གསུང་རབ་ཀློག་འདོན་མི་ཤེས་ཁ།།
ཉ་ཉུང་མཉམ་བསྲེས་བྱེད་རྒྱུ་མང་པོའི་ཁ།།
ཇ་ཁ་ཆང་ཁར་གཞན་ལས་འཇོན་པའི་ཁ།།
ཆ་ཤས་ཀུན་ལ་མཁས་མདོག་སྟོན་པའི་ཁ།།
ཅ་ལག་ཡོད་ཚད་དགོས་པའི་ཧམ་ཅན་ཁ།།
ང་ལ་ཡོད་ན་གཞན་དག་བརྗེད་པའི་ཁ།།
ག་དུས་ཡིན་ཡང་མཇེ་སྟུ་བཤད་པའི་ཁ།།
ཁ་ངན་ལྟས་ངན་བྱུར་འདྲེན་འགོང་པོའི་ཁ།།
ཀ་ཡེ་སུས་ཀྱང་ཆ་འཇོག་མེད་པའི་ཁ།།
༼དབྱངས་ཨར་གནས་ཀ་བཤད་ཁ་མཐའ་ཅན།༽
ཅ་ལག་སྣ་མང་ཉར་ལ་མཁས་དབང་ཁ།།
ཆ་ཤས་ཙམ་ལ་དགག་མཁན་ཐ་མལ་ཁ།།
ཇ་ཆང་ཨ་རག་རྣམས་དང་རྟག་འཇར་ཁ།།
ཉ་ཕག་ར་དང་གླང་ཤར་དཔའ་མཛངས་ཁ།།
ཀ་ནས་ཨ་བར་མ་སྦྱངས་ན། །
ཁ་བརྡ་དྲ་བར་ཕེབས་པར་དཀའ་། །
ག་དུས་ངག་གི་སྦྱོར་བ་དེ། །
ང་རོ་གཟུགས་སུ་ཕབ་ན་སླ། །
ཅ་ཅོའི་གཏམ་ཉོག་གང་བྱུང་དུ། །
ཆ་མེད་མི་ལ་བཤད་མང་ན། །
ཇ་ལན་གཅིན་གྱི་དཔེར་བཞིན་དུ། །
ཉ་མོའི་དྲ་ལ་ཉིན་ཞིག་ཚུད། །
ཀ་ཁ་མི་ཀློག་དབྱིན་ཡིག་ཀློག་པའི་ཁ།
ཁ་ལྗོངས་མི་བསྟོད་ཕྱི་གླིང་སྨོན་པའི་ཁ།
ག་རུ་ཡང་མི་ཚུད་ཡ་མ་གཟུགས་ཀྱི་ཁ།
ང་ཅག་སྐྱབས་བཅོལ་བོད་པའི་ཁ་ལ་ལྟོས།
ཁ་རོག་མི་འདུག་ཁ་བཙོག་བཤད་པའི་ཁ།།
ཁ་བརྡ་ཚང་ལ་ཁ་མཆུ་རྒྱག་པའི་ཁ།།
ཁ་བ་གངས་ཅན་ཁ་འཐོར་གཏོང་སྤྱད་ཁ།།
ཁ་སང་དེ་རིང་ཁ་མང་དོན་མེད་ཁ།།
ཁ་ཞིག་ཡོད་ཡོད་ཁ་འདི་ཁ་བརྡ་ཁ།།
ཁ་བཤད་དོན་ལ་གནས་པ་རྒྱལ་བའི་ཁ།།
ཁ་ཕོ་གང་སར་སྒྲོག་པ་བློ་སེང་ཁ།།
ཁ་འཁྲུག་བཤད་དེ་འགྲན་པ་ཁུག་རྟའི་ཁ།།
ཁ་ཕྱོགས་མེད་པར་གླེང་བ་བཙན་བྱོལ་ཁ།།
ཁ་མ་མེད་པའི་ཁ་འདི་རྒྱ་དམར་ཁ།།
ཁ་ལ་བདག་མེད་ཁ་འདི་ཨ་རིའི་ཁ།།
ཁ་ལྟོ་ཆེ་བའི་ཁ་འདི་རྒྱ་གར་ཁ།།
ཁ་ལས་མེད་པའི་ཁ་འདི་བོད་ཀྱི་ཁ།།
ཁ་རུ་ཁ་ཐུག་ཚ་བ་ཨ་མདོའི་ཁ།།
ཁ་འཇམ་ཁོག་རྩིས་རྒྱག་པ་དབུས་གཙང་ཁ།།
ཁ་ལག་མཉམ་དུ་འགུལ་བ་ཁམས་པའི་ཁ།།
ཁ་འཆམ་ཆིག་སྒྲིལ་མེད་པ་ཆོལ་གསུམ་ཁ།།
ཁ་ནས་རྟག་པར་བོད་དོན་ཟེར་བའི་ཁ།།
ཁ་བ་བོད་ཀྱི་སྐད་ཡིག་མི་སྦྱང་ཁ།།
ཁ་རྒྱབ་ཆེད་དུ་དབྱིན་སྐད་སྦྱོང་བའི་ཁ།།
ཁ་ཁོག་མི་མཐུན་ཁ་འདི་གཞིས་ཆགས་ཁ།།
ཁ་ལག་མེད་ཀྱང་བོད་ཡིག་སྦྱོང་བའི་ཁ།།
ཁ་ངོ་མེད་ཀྱང་བོད་ཡིག་ཀློག་པའི་ཁ།།
ཁ་མདོག་སྐྱོ་ཡང་ཨུ་ཚུགས་ཆེ་བའི་ཁ།།
ཁ་ནས་བཤད་རྒྱུ་མང་བ་གསར་འབྱོར་ཁ།།
དབྱངས་ཨ་ཅན་གྱི་ཀ་ཕྲེང་ལ་བརྒྱུས་པའི་ཁའི་འཕྲོ།
ཏ་ཐ་ག་ཏར་དབང་བ་དཔའ་མཛངས་ཞལ།།
ཐ་མལ་དྲངས་ལ་དཔའ་མཛད་༸རྒྱལ་དབང་ཞལ།།
ད་བར་དཔག་ཡས་གདམས་གང་སངས་འཕགས་ཞལ།།
ན་ཕྲར་བཅས་རྣམས་དད་གནས་རྣམ་བྱང་ཞལ།།
ཁ་ཞེ་གཉིས་མེད་བདེ་གཏམ་སྨྲ་བའི་ཁ། །
ཁ་བ་ཅན་གྱི་རིག་གཞུང་ཤེས་བའི་ཁ། །
ཁ་ནས་བརྗོད་ཚད་ལ་རྒྱ་ཆེ་བའི་ཁ། །
ཁ་དོན་ཚིག་ལ་གནས་་པ་ཀུན་ཕན་ཁ། །
ཁ་དོག་མེད་ལ་དྲང་གཏམ་སྨྲ་བའི་ཁ།།
ཁ་བརྡ་ཚང་གི་དྲ་གྲོགས་མང་པོའི་ཁ།།
ཁ་ཞེ་གཉིས་ནས་སེམས་གཏམ་བརྗོད་པའི་ཁ།།
ཁ་རུ་ཁ་ཐུག་ཁྱེད་ཚོར་འབུལ་བའི་ཁ།།
ཁོང་རྣམ་པ་ཀ་ཕྲེང་ལ་བརྒྱུས་པའི་ཁ་བ་ཚང་ལ་ཕེབས་ནས་གློ་བ་དཀར་པོའི་ཁ་ཡིས་ཁ་མཆན་ལྷུག་པོར་བཀོད་པར་ཐུགས་རྗེ་ཆེ།