ཚེ་
ཀུན་ཁྱབ་འགན་འཁུར་གཞན་ཕན་བྱང་ཆུ
ཁ་ཙམ་མིན་པའི་དོན་དངོས་ལག་ལེན་
གང་ལ་བསྟེན་ན་མི་བསླུ་དཀོན་མཆོ
ང་ཚོ་ལས་ཅན་ནང་བསྟན་མཇལ་བ་བཟང་།
ཅ་ཅོ་མ་མང་རང་སེམས་སྲུངས་ན་དགའ་
ཆ་ལུགས་མ་དོར་ཕ་མེས་རྒྱུད་འཛིན་
ཇ་ཆང་ཟས་བཅུད་ལུས་ཀྱི་དྲན་ཤེས་
ཉ་ཕག་གོང་གསུམ་སྡིག་པའི་ཨ་ཞང་རེ
ཏ་ཐ་གཱ་ཏའི་བསྟན་པ་མཇལ་བ་འདི་།
ཐོག་མ་ཉིད་ནས་ལས་དང་སྨོན་ལམ་མཐུ
དམ་ཆོས་བདུད་རྩི་བསླབས་གསུམ་ནོ
ནག་ནོག་མེད་པའི་ཉམས་ལེན་ཟབ་ན་
དཔོག་པར་དཀའ་བའི་ནང་པའི་བསྟན་པ་
ཕ་ལམ་བཞིན་དུ་གཅེས་ཉར་བོད་མིའི་
བུ་རབས་ཚ་རྒྱུད་ཕ་མས་ཆོས་ལུགས་
མ་ནོར་མ་འཕྱུགས་ཚུལ་བཞིན་ཉམས་ལེ
རྩ་བ་ལས་འབྲས་བསླུ་བ་མེད་པ་ནས་།
ཚ་གྲང་ཚོར་བ་རང་རང་ལས་ཀྱིས་སྦྱི
འཛམ་གླིང་སྐྱེ་འགྲོ་མུན་པའི་
ཝེར་མའི་ལྷ་ཚོགས་མགོན་སྐྱབས་མཐུ
ཞི་བདེའི་སྙིང་པོ་གཞན་ཕན་བྱང་ཆུ
ཟབ་དང་རྒྱ་ཆེ་སྟོང་ཉིད་ལྟ་བ་ལ་།
འོད་གསལ་རྒྱུད་ནས་རང་ངོ་འཕྲོད་
ཡོད་དང་མེད་ཀྱི་གནས་ལུགས་དེ་ནས་
རང་སེམས་སྟོང་པ་ངོ་བོ་མ་འཕྲོད་
ལེ་ལོ་ཅན་རྣམས་ཆོས་སྐལ་དེ་ནས་ཤོ
ཤེས་རབས་ཐབས་ཀྱི་བཅུད་ལེན་མ་ཐུ
ས་ཆ་འདི་རུ་མི་ལུས་དོན་གོ་ཆུང་།
ཧྲི་ཡིག་དཀར་པོ་བྱང་སེམས་འབྱོ
ཨ་ཡིག་དམར་པོའི་བདུད་རྩི་སྨིན་
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་
ཀ་བཤད་ཀུན་ཁྱབ་འགན་འཁུར། །
ཁ་བཤད་ཀུན་ལ་དྲན་སྐུལ། །
ག་ནས་བལྟས་ཀྱང་ལྷག་བསམ། །
ང་དང་ཁ་བརྡར་ལྷན་འཛོམས། །
ཀུན་དང་མཐུན་ན་ལྟ་བ་རེད་།
ཁ་ཁར་དགྱེས་ན་སྤྱོད་པ་རེད་།
གང་བསམ་བཤད་རྒྱུ་རང་དབང་རེད་།
ང་རྒྱལ་མེད་ན་ལྷག་བསམ་རེད་།
ཅ་ཅོ་མང་བ་དྲ་རྒྱའི་ནང་།
ཆ་ལ་ཆོལ་ལེའི་སྐད་ཆ་མང་།
ཇུས་མེད་འགན་འཁུར་གཏམ་སྙོགས་མང་།
ཉོན་མོངས་གཏམ་ལ་རྫོགས་དུས་མེད་།
ལྟ་བ་སྤྱོད་པ་མི་གི་བྱེད་ལས་རག་།
ཐབ་རྩོད་ཟང་ཟིང་མི་གི་བྱེད་ལས་ཙམ་།
དོན་དམ་མང་གཙོ་ཁྲིམས་ཀྱི་འོག་།
ནག་ནོག་མ་བཟོ་ཁྲིམས་སྒྲིག་སྲུངས་།
དཔོན་ལ་ཞུ་གཏུགས་འབངས་ཀྱི་འགན་།
ཕ་མར་རེ་བཅོལ་བུ་ཕྲུག་འགན་།
བུ་རྒྱུད་བལྟ་རྟོགས་ཕ་མས་འགན་།
མི་མང་བདེ་སྡུག་དཔོན་གྱི་འགན་།
རྩ་བ་མང་གཙོ་ཁྲིམས་སྒྲིག་འོག་།
ཚ་གྲང་ཚོར་བ་རང་འཁྲིའི་འགན་།
ཛ་དྲག་ཟང་ཟིང་ཉུང་ན་དགའ་།
ཝེར་མའི་ལྷ་ཚོགས་མཆོད་ན་དགའ་།
ཞོ་བཞིན་ཆགས་པའི་སྤྱི་ཚོགས་ལ་།
ཟ་ཚོད་ཟས་ཀྱི་བཅུད་ལེན་མིན་།
འུར་ལངས་སྤྱི་ཚོགས་བདེ་འཇགས་མིན་།
ཡ་རབས་མ་རབས་སྤྱོད་པས་ཤེས་།
ཧང་སོང་གཏམ་ལ་འགན་འཁུར་དགོས་།
ཨ་གསར་ཚིག་ལ་ངོ་བསྟོད་དགོས་།