ར་ས་ཕོ་ཉས།
ཀ་ཡེ་ཀོ་རོ་ནི་ཡི་དུས་སྐབས་འདིར།།
ཁ་དང་ལག་པར་བདག་པོ་མ་རྒྱབ་པར།།
ག་ས་ག་ལ་འགྲོ་རྒྱུ་མང་དྲག་ན།།
ང་ཚོ་ཚང་མའི་ཚེ་སྲོག་འཕྲོག་ཡོང་ངོ་།།
ཅ་ལག་ལྕགས་གྱིག་སོགས་པ་རེག་པའི་རྗེས།།
ཆ་ཤས་རྫོགས་པའི་ལག་བཀྲུའི་བདེ་འཇགས་བསྟེན།།
ཇ་ཐང་རྩམ་པ་ཙམ་གྱིས་མི་ཕན་པས།།
ཉ་ཉོག་ཆུང་ཆུང་དེ་ཚོར་གཟབ་གཟབ་བྱོས།།
ཏ་ལའི་འདབ་ལྟར་ཡངས་པའི་ཁ་རས་སྤྱད།།
ཐ་ན་ལྷམ་གོག་ཡན་ཆད་གཙང་སྦྲ་བྱེད།།
ད་ལྟ་ན་བའི་ནད་རྟགས་མེད་ནའང་།།
ན་ཚས་ཟིན་པ་མེད་པའི་ངེས་པ་མེད།།
པ་ལོ་སོགས་ལ་ལག་པ་འཆང་དུས་དང་།།
ཕ་མ་སོགས་ལ་ཐུག་སར་འགྲོ་དུས་སོགས།།
བ་ཕྱུགས་གཅིན་པའི་སྨན་དཔྱད་མི་དགོས་ཀྱང་།།
མ་མཐར་གཙང་སྦྲ་ཁ་རས་སྤྱད་པར་བྱ།།
ཙ་གེ་ཙི་གེ་ཚོང་རྫས་ཉོ་ས་དང་།།
ཚ་ཚ་འུར་འུར་མི་ཚོགས་ཡོད་ས་སོགས།།
ཛ་དྲག་ཉེན་ཁའི་དུས་ལ་མ་ཐུག་གོང་།།
ཝ་ལེར་རིང་དུ་དོར་བ་དེ་ག་བཟང་།།
ཞྭ་མོ་ཡོད་ན་གྱོན་ནས་སྐྲ་ལོ་འགེབས།།
ཟ་རྒྱུ་དགོས་ན་ད་ནས་བསོགས་འགོ་བཙུགས།།
འ་ཅག་རྣམས་ཀྱི་སྤུན་ཟླ་སྐྱོབ་འདོད་ན།།
ཡ་ཡུད་སྒྲིལ་ནས་ནད་འདིར་གདོང་ལེན་མཛོད།།
རྭ་ཅན་འཆེ་བ་བརྩེགས་པའི་སྲུང་མ་དང་།།
ལ་བ་དཀར་དམར་གྱོན་པའི་སྔགས་པ་སོགས།།
ཤ་ཁྲག་དྲོན་མོ་འཐུང་པའི་ཀོ་རོ་ནའི།།
ས་ལ་རྐང་པ་འཇོག་རྒྱུ་ཕོད་པ་མེད།།
ཧ་ཅང་དྲང་པོ་བཤད་ན་འདི་འདྲ་རེད།།
ཨ་རོགས་ད་ཐེངས་གླེན་རྟགས་འགྲོ་ས་མེད།།
ཀ་ཡེ་གསོན་དང་ཆོལ་གསུམ་བོད་རིགས་ཚོ། །
ཁ་ཞེ་གཉིས་མེད་ན་འདོད་མེད་གྱུར་ན། །
ག་སར་ག་འགྲོ་ག་འདུག་གཟབ་ནན་གྱིས། །
ང་དང་ང་འདྲའི་རང་དོན་རང་གཅེས་མཛོད། །
ཅ་ལག་ཙག་ཙིག་བློས་གཏོང་གྱིས། །
ཆ་མེད་རྒྱུས་མེད་མ་འགྲོགས་ཤིག །
ཇ་ཆང་ཟས་ཞིམ་རོལ་ནང་ལ་རོལད། །
ཉ་ཉུག་འདྲ་བའི་ཏོག་དབྱིབས་ནད། །
ཏ་ལའི་ཤིང་ལོ་ཡན་ཆད་ནས། །
ཐ་ན་རས་གོས་ཁ་རས་ཀྱིས། །
ད་ལྟའི་ཛ་དྲག་ནད་ཡམ་ལས། །
ན་ཚ་མ་བྱུང་གོང་ལ་བྲོས། །
པ་སངས་སྤེན་པ་ཉིན་རེར་བཞིན། །
ཕ་དང་མ་འདྲའི་མི་རིགས་རྣམས། །
བ་དང་བ་མིན་མ་དབྱེ་བར། །
མ་ལྟར་གུས་ནས་ནན་གཟབ་གྱིས། །
ཙ་ར་ཙི་རེའི་ལས་རིགས་ཆེད། །
ཚ་གྲང་གང་ཡིན་ཕྱི་ལོགས་ལ། །
ཛ་ལང་ཡོ་ལང་ནད་ངན་ཁྱབ། །
ཝ་ར་ཧུ་རེས་མ་འགྲོ་ཨ། །
ཞྭ་ལྷམ་གོས་དང་ལག་འཆང་ལ། །
ཟ་ཁང་ལ་སོགས་མི་མང་གིས། །
འ་ཅག་ནད་པས་ཉུལ་ཟིན་ལ། །
ཡ་མེད་ལག་སྙོབས་བྱས་ན་ན། །
ར་སྐྱེས་མ་ཡིན་སྨྲ་ཤེས་ཁྱོད། །
ལ་རྒྱ་ཡོད་ན་ད་ནས་བཟུང་། །
ཤ་ཁྲག་གཅིག་པའི་མི་རིགས་ལ། །
ས་ཁད་རྒྱང་རིང་བསྡད་ནས་སྐྱོབས། །
ཧ་ཅང་ཞེད་སྣང་མ་བྱེད་ཅིག །
ཧ་ཅང་གླེན་རྟགས་མ་བསྟན་པར། །
ཨ་མའི་བུ་དང་བུ་མོ་ཚོས། །
ཨ་ཕོ་ང་ཡི་ཁ་ལ་ཉོནད། །
ཚིག་གཉིས་པ་དེ་གསལ་པོ་མི་འདུག དེང་སང་རང་དོན་དེ་གཞན་དོན་ཆགས་འདུག
ཀོ་རོ་ན་༡༩ ནད་ཡམས་གསར་པ་ལ།
ཁ་དང་སྣ་ལ་ལག་པ་ཐུག་རྒྱུ་ཉུང།
ག་ས་ག་ལ་དོན་མེད་མ་འགྲོ་ཨ།
ང་ཚོ་ཚང་མས་སྒྲོལ་གཟུངས་བསོག།
ཅ་ལག་གང་བྱུང་ལག་པ་ཐུག་མི་ཉན།
ཆ་མེད་མི་ལ་སྐད་ཆ་བཤོད་མི་ཉན།
ཇ་དང་ཆུ་གཉིས་ཁ་དང་བྲལ་མི་ཉན།
ཉི་མའི་ཚ་དྲོད་རྒྱུན་དུ་བསྟེན་པ་ཟབ།