འཕན་པོ་སྐལ་ལྡན།
ཨ་ཀྱོག་པ་ཀྱོག་བྲིས་པའི་ཡིག་ཆུང་འད་ི།
ཧ་ལས་ཧོན་མཐོར་མེད་པར་གཟིགས་པར་ཞུ་།
ས་ཐའི་འཁྱམ་་པོའི་སྙིང་གཏམ་ཡིན་ལགས་ན་།
ཤ་ཚའི་སེམས་ཀྱི་མ་བཟོད་བྲིས་པ་ཡིན།
ལ་ལུང་མང་པོ་བརྒལབའི་ཉམ་མྱོང་ཡོད།
ར་མ་ལུགས་ཀྱི་སྐད་རིགས་ལ་སོགས་དང་།
ཡ་མཚན་ཅན་ཀྱི་ཆད་གོས་གྱོན་པ་སོགས་།
འ་ཅག་མེས་པོའི་ཞབས་འདྲེན་མ་ཞག་རོགས་།
ཟ་རྒྱག་སྤྱོད་གསུམ་ཐོག་ལ་ཟབ་ནན་བྱེད་།
ཞ་ལོང་བཞིན་དུ་གང་སར་གཡང་རྒྱུག་དང་།
ཝ་མོ་ལྟ་བུའི་གཡོ་རྒྱུའི་བྱ་བ་་སོགས་་།
ཛ་རེ་ཛོ་རེ་ཐམས་ཅད་སྤོང་བར་བྱེད་།
ཚ་ངར་ལྟ་བུའི་སེམས་ལ་ངར་ཞིག་དགོས་།
ཙ་བའི་བླ་མའི་བཀའ་སློབ་སེམས་ལ་ཞོག་།
མ་གྷི་ཏ་ལྟར་རིན་ཐང་ཆེར་ཆེར་དགོས་།
བ་་གླང་ལྟ་བུའི་སྤྱོད་པ་མི་འཛིན་པར་།
ཕ་མའི་བཀའ་དྲིན་མ་རྗེས་སེམས་ལ་ཞོག་།
པ་ཊ་ལྟ་བུའི་མཛེས་རྒྱན་དགོས་པ་ལས།
ན་ཚོད་དར་ཡང་ཡུན་རིང་མི་གནས་སོ་།
ད་དུང་བཤད་རྒྱུ་མང་པོ་ཡོད་ལགསཀྱང་།
ཐ་མལ་བདག་འདྲ་ཞིག་གིས་དེ་ལྟར་བཤད་།
ཏ་རེ་རྗེ་བཙུན་་སྒྲོལ་མར་བཟོལ་གསོལ་ཞུ་།
ཉ་རྒྱས་ཟླ་བ་ལྟ་བུའི་སེམས་ནས་ཞུ་།
ཇ་མར་ལ་སོགས་འབུལ་རྒྱུ་མེད་པ་དང།
ཆ་ལང་བཞིན་དུ་སྐད་སྙན་མེད་ན་ཡང།
ཅ་ལེ་ཅོལ་ལེ་ཆལ་གཏམ་དགའ་ཞིག་ཐལ་།
ང་ལན་ཁོ་ལན་གྱོས་པ་མེད་པར་ཤོག་།
ག་ལེ་ག་ལེ་བསམ་བློ་གཏོང་རོགས་ཞུ་།
ཁ་སྐད་ཐོག་ནས་བྲིས་པར་ཐལ་སོང་བའི་།
ཀ་ཀྱོན་མེད་པ་ཐུགས་རྗེས་གཟིགས་པར་ཞུ་།
༢༠༡༦/་༡༡/༢༡ ལ ཕུལ་།།
ང་ཚོ་ཆོལ་གསུམ་བོད་རིགས་སྤུན་ཟླ་རེད། །
ག་རུ་ཕྱིན་ཡང་བདེ་སྡུག་མཉམ་མྱོང་རེད། །
ཁ་ཙམ་མིན་པའི་ལ་རྒྱ་སྙིང་རྩར་བཟུང་། །
ཀ་ཁ་ཡོད་པའི་བོད་ཡིག་བོད་སྐད་སྦྱོངས། །
ཀ་རྩོམ་བྲིས་དུས་ལག་བདེ་མོ་དང་།།
ཁ་བཤད་གཏམ་གྱི་སྙན་ཆ་དོད་པོ་མ།།
ག་ས་གང་དུ་སོང་ཡང་མང་མོད་དེ།།
ང་རང་མ་གཏོགས་གཞན་དོན་བསམ་བློ་དཀོན།།
ཀ་རྩོམ་བྲིས་དུས་སྤྲང་ལག་བདེ་མོ་དང་།།
ཁ་ནས་བཤད་དུས་སྤྲང་ཁ་བདེ་མོ་སོགས།།
ག་ས་གང་དུ་སྤྲང་འཆམ་མང་མོད་དེ།།
ང་རང་ངོ་གདོང་མཐོང་མཁན་ཧ་ཅང་དཀོན།།
ཧ་ཧ་ཧ་་་་་ཀུན་རེ་ཡིན། སེམས་ནས་དྲན་པ་ལྷན་དུ་ལག་ལས་བྲིས་ཚར་འདུག་་་
ཀ་རྩོམ་བྲི་དུས་མཛུབ་མོ་བདེ་པོ་དགོས་།
ཁ་ནས་བཤད་དུས་ལྕེ་ལེ་བདེ་པོ་དགོས་།
ག་ས་ག་ལ་འགྲོ་ན་རྐང་པ་མགྱོགས་དགོས་།
ང་ཡིའི་གདོང་པ་མཐོང་ལ་མེ་ལོང་དགོས་།
ཀ་རྩོམ་བདེ་པོ།
ཁ་བཤད་ཕོད་པོ།
ག་འགྲོ་མགྱོགས་པོ།
ང་དང་མཉམ་འགྲོ།
སྐད་ཆ་ཤོད།
མཁས་པར་སྦྱོངས།
གར་འདུག་མཁས།
ང་ཚོས་འདུད།