ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁ་སྦྱངས་བརྩོན་དགོས་པ་བོད་མིའི་འགན།།
ཁ་ལྐུགས་མིན་ན་ཀ་ཁ་ངེས་པར་སྦྱོང་།།
ག་རུ་བསྡད་ཀྱང་ཀ་ཁ་མ་བརྗེད་དགོས།།
ང་ཚོའི་ཕ་མེས་སྐད་ཡིག་ཀ་ཁ་རེད།།
ཅ་ཅོ་མང་བའི་སྐད་ཡིག་མང་ན་ཡང་།།
ཆ་རྐྱེན་འཛོམས་པའི་ཡི་གེ་ཀ་ཁ་རེད།།
ཇ་ཆང་ལོངས་སྤྱོད་མི་ཡི་བསོད་ནམས་རེད།།
ཉ་ཕག་གོང་གསུམ་ངན་འགྲོའི་ཕོ་ཉ་རེད།།
ཏ་ཐ་ག་ཏའི་བསྟན་པ་རིན་པོ་ཆེ།།
ཐ་ལ་མ་ཐུག་བར་དུ་ཀ་ཁ་གནས།།
ད་ལྟའི་སྐབས་སུ་ཀ་ཁར་ལྟ་རྟོག་ཉུང་།།
ན་གཞོན་ལས་མེད་ཀ་ཁ་སྦྱང་ན་ལེགས།།
པ་ལྕོག་མགོ་ལ་གྱོན་པའི་སྐུ་དྲག་དང་།།
ཕ་ལམ་འདྲ་བའི་སེར་མོ་རྩེ་དྲུང་སོགས།།
བ་དན་ཕྱོགས་བཅུར་བསྒྲེངས་པའི་བསྟན་སྲུང་དམག །
མ་ནོར་ལམ་དུ་སྐྱབས་མགོན་གདན་འདྲེན་ཞུས།།
རྩ་བ་བརྟན་པོའི་བོད་མི་བྱེད་བསམ་ན།།
ཚ་གྲང་མ་འཛེམས་ཀ་ཁ་ངེས་པར་སྦྱོངས།།
ཛ་དྲག་བྱས་ནས་ཀ་ཁ་མ་སྦྱངས་ན།།
ཝ་སྤྱང་འདྲ་བའི་སྤྱི་ཚོགས་ཆགས་ཡོང་ངོ་།།
ཞ་མོ་འཐོམ་ཞ་ཕུད་ནས་ཀ་ཁ་སྦྱོངས།།
ཟ་འཐུང་རྒྱས་སྤྲོས་མ་བྱེད་ཀ་ཁ་སྦྱོངས།།
འ་འུར་དཀྲོགས་གཏམ་མ་སྤེལ་ཀ་ཁ་སྦྱོངས།།
ཡ་རབས་བཟང་སྤྱོད་ཀ་ཁའི་བསླབ་བྱ་རེད།།
ར་གསུམ་སྨན་གྱི་ནུས་པ་ཟབ་ན་བཟང་།།
ལ་གསུམ་རྒྱབ་ཀྱི་ཀ་ཁ་སྦྱང་ན་དགའ།།
ཤ་ཚའི་གཏམ་གྱི་ཀ་བཤད་བདུད་རྩི་འདིའི།།
ས་ལམ་བགྲོད་པའི་བསྟན་པ་སྲུང་བར་ཤོག །
ཧ་ལས་ཧོན་འཐོར་དབྱིན་སྐད་ཆག་སྐྱོག་གླེང་།།
ཨ་གསར་སྐད་ཡིག་སྒེར་གྱི་ལྟོ་གོས་སྦྱིན།།
་
ཅ་ཅོ་མང་བའི་ཨིན་ཧིན་མ་མང་བར། །
ཆ་རྐྱེན་འཛོམས་དུས་བོད་ཡིག་ཀ་ཁ་སྦྱོངས། །
ཇ་ཆང་ལོངས་སྤྱོདཙམ་ལ་མགོ་མ་འཁོར། །
ཉ་ཕག་གོང་གསུམ་བཟས་ནས་དུས་མ་འདའ། །
་
ར་ལོ་ལྟ་བུའི་སྐད་ཡིག་མང་ཤེས་ཀྱང་། །
ལ་མོ་རྒྱབ་ལ་སླེབས་དུས་ཤོད་པ་ལས། །
ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླའི་ཁྲོད། །
ས་མཐའ་འཁྱམས་པོའི་གཞན་སྐད་མ་སྤྱོད་ཅིག །
་