ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁ་བོད་ཡིག་ཐུ་མིའི་སྲོལ་གཏོད་རེད།།
ཁ་བ་ཅན་གྱི་ཕ་མེས་བླ་སྲོག་རེད།།
ག་པར་གནས་ཀྱང་ཕ་མས་སྐད་ཡིག་ལ།།
ངོ་ཚ་སྤངས་ནས་ཉིན་མཚན་ཀུན་ཏུ་སྦྱོངས།།
ཅོལ་ཆུང་བློ་དང་སྒལ་ཚིགས་མེད་མཁན་ཚོའི།།
ཆ་འཇོག་ཡིད་ཆེས་ཕྱི་སྐད་རྗེས་སུ་འབྲངས།།
ཇ་ཆང་ཉོ་ཚོང་ཐུབ་པའི་ཕྱི་སྐད་ལ།།
ཉ་ཤ་བཞིན་དུ་ཀླད་མེད་ཧབ་ཐོབ་མང་།།
ལྟ་བ་ལངས་ཕྱོགས་མེད་པའི་མི་བུ་ཚོས།།
ཐེ་ཚོམ་མེད་པར་ཕྱི་ཡིག་ཕྱི་སྐད་ལ།།
དམ་པའི་ཆོས་ལས་ལྷག་པའི་དད་གུས་ཆེ།།
ནམ་ཞིག་བློ་འགྱོད་བྱུང་ན་བླུན་པོའི་ལས།།
པ་ཕ་ཨ་མས་རང་གི་བུ་ཕྲུག་ལ།།
ཕ་མེས་སྐད་ཡིག་ངོ་སྤྲོད་རྒྱུན་དུ་གཟོབ།།
བོང་བ་གསེར་གཟིགས་ཀླད་མེད་ཅོལ་ཆུང་ཚོ།།
མ་ནོར་མ་འཕྱུགས་རང་གི་སྐད་ཡིག་སྲུངས།།
རྩ་བ་བརྟན་པའི་ཕ་མེས་སྐད་ཡིག་ལ།།
ཚ་གྲང་མ་འཛེམས་རྒྱུན་དུ་བེད་སྤྱོད་ཟབ།།
ཛམ་གླིང་སྐད་ཡིག་ལྟོ་གོས་འཚོལ་ལ་མཁོ།།
ཝེར་མའི་ཚོགས་ལ་བོད་ཀྱི་སྐད་ཡིག་མཁོ།།
ཞར་དང་ཞོར་ལ་ཕྱི་སྐད་ཕྱི་ཡིག་སྦྱོངས།།
ཟས་གོས་འཚོལ་བའི་འཚོ་ལམ་དེ་ཡིས་འགྲིག །
འུག་པས་འུག་སྐད་བསྒྲགས་ནས་ཟས་སྐོམ་འཚོལ།།
ཡིན་ལུགས་མིན་ལུགས་དྲང་གཏམ་འདི་ན་སྤེལ།།
རང་རེ་བོད་ཀྱི་སྐད་ཡིག་བོད་མིའི་སྲོག །
ལ་ལུང་བགྲོད་ཀྱང་ནམ་ཡང་འདོར་མི་ཉན།།
ཤ་ཚ་ཡོད་ན་ཕ་མེས་སྐད་ཡིག་ཟུང་།།
ས་ཕྱོགས་གང་དུ་གནས་ཀྱང་བརྗེད་མི་ཉན།།
ཧམ་བཤད་སྟོང་བཤད་རྫུན་བཤད་ངས་མི་ཤེས།།
ཨེ་བདེན་མི་བདེན་མཁས་མང་དགོངས་པར་འཚལ།།
ཀ་ཁ་སྦྱོངས།
ཁ་ནས་ཤོད།
ག་འདྲ་ཡང་།
ང་འདྲ་གྱིས།
ཀ་ཁ་བོད་ཡིག་མ་བརྗེད་མ་བརྗེད་ཅེས།།
ཁ་བཤད་མང་སྟེ་ལག་ལེན་ཀླད་ཀོར་གྱི།།
ག་རིལ་དཔྲལ་དཀར་ང་ཚོ་བསྐྱལ་མགོ་རིལ།།
ང་རྒྱལ་ཆེ་ལས་ཀླད་སྟོང་སྟུ་སྟོང་འདྲ།།
ཀ་སྡེ་ཅ་སྡེ་ཏ་སྡེ་པ་སྡེ་དང་།
ཙ་སྡེ་ཞ་སྡེ་ར་སྡེ་ཧ་ཨ་བཅས་།
སྡེ་བ་བདུན་དང་ཕྱེད་དུ་གྲགས་
ཀ་མད་སུམ་བཅུ་དབྱངས་བཞིའི་འོག་།
བོད་མིའི་བསམ་དོན་མ་འགྲུབ་མེད་།
ཀ་ཁས་སངས་རྒྱས་མཚན་བསྔགས་སྲུང་།
ཀ་ཁས་དམ་ཆོས་་བདུད་རྩི་སྲུང་།
ཀ་ཁ་ལ་མཐོང་ཆུང་བྱ་མི་ཉན་།
ཀ་ཁའི་སྐུ་ཚེ་བརྟན་པ་ཤོག་།
ཀ་ཁའི་བསམ་དོན་འགྲུབ་པ་ཤོག་།
འཛམ་གླིང་ཀ་་ཁས་འཚོ་བ་ཤོག་།
ཀ་བཤད་མི་འབྲི་ཀ་མེད་ཁ་བརྡས་བསྐུལ།།
ཁ་ནས་གང་ཐོན་བྲིས་ན་དུས་ཚོད་གྲོན།།
ག་ཕྱི་ག་ལོག་སྙོན་ན་རང་ཚུགས་འཆོར།།
ང་མཁས་ངས་འཇོན་བྲིས་ན་རྒྱུས་ཡོད་ཁྲེལ།།
ཅ་ཅོ་འུར་ཤོབ་མིན་པའི་ཀ་བཤད་ཅིག །
ཆ་ལུགས་ཚུལ་ལྡན་ཀུན་ལ་སྙིང་གཏམ་ཞིག །
ཇ་བཟི་ཆང་བཟིས་མ་ཡིན་ཐོལ་བྱུང་འབྲི།།
ཉ་ཆུང་གསེར་མིག་འདྲ་བའི་གྲོགས་རྣམས་གསོན།།
ཏ་ར་སྒྲོལ་མའི་རྣམ་འཕྲུལ་བྲག་སྲིན་མས།།
ཐ་འཁོབ་བོད་དུ་མི་ཡི་འགྲོ་བ་སྤེལ།།
ད་ལྟ་བོད་དང་བོད་བརྒྱུད་ནང་བསྟན་ཞེས།།
ན་ཚོད་རྒན་གཞོན་ཀུན་ཀྱིས་སྨོན་པའི་ཡུལ།།
པ་ཕ་༧གོང་ས་མཆོག་གི་མཛད་ཕྲིན་དང་།།
ཕ་རྒན་བྱང་སེམས་སྤྲེའུའི་ཐུགས་བསྐྱེད་མཐུས།།
བ་མོ་འདོད་འཇོ་ལྟ་བུའི་ནང་ཆོས་འདི།།
མ་ལུས་འཇིག་རྟེན་ཞི་བདེའི་སོས་སུ་སྨིན།།
ཙ་གོར་ལྷ་བྱའི་ཡུལ་གྱི་རང་རིགས་རྣམས།།
ཚ་གྲང་སྡུག་བསྔལ་ཆུང་ཚེགས་བཟོད་བྱས་ཏེ།།
ཛ་དྲག་ཡ་རབས་ལུགས་ལ་འབད་བྱས་ན།།
ཝ་ལེར་ཡིད་བརྣག་བོད་དོན་ཡང་དེ་རང་།།
ཞྭ་ལྟར་དཀོན་མཆོག་རྣམ་གསུམ་གོང་བཀུར་ནས།
ཟ་འདྲེ་བདག་འཛིན་ཉོན་མོངས་སྦུར་འཇོམས་ཐོངས།།
འ་ཆད་འུ་ཐུག་བྱུང་ན་སྔོན་ལས་སོམས།།
ཡ་རབས་སྤྱོད་བཟང་ཟེར་ནའང་དེ་རང་ཡིན།།
ར་བ་གངས་རིའི་ལྗོངས་ཀྱི་མི་རྒྱུད་རྣམས།།
ལ་ལུང་གང་དུ་གནས་ཀྱང་གཞན་ཕན་སེམས།།
ཤ་ཚ་ཟོལ་མེད་འགྲོ་བ་ཡོངས་གསྒོམས་ན།།
ས་སྟེང་འདི་རུ་བྱམས་བརྩེའི་རྩ་བ་ཚུགས།།
ཧ་ལོ་ལྟ་བུའི་སྡང་སེམས་ཡོངས་སྤངས་ཏེ།།
ཨ་མ་ལྟ་བུར་ཀུན་ལ་བྱམས་ལྡན་ན།།
ཧ་ཅང་སྤྲོས་པའི་གཟི་བརྗིད་མི་ལྡན་ཡང་།།
ཨ་ཧོ་ཞི་བ་དམ་ཆོས་དེ་ག་རང་།།
ཀ་ཕྲེང་བོད་སྐད།
ཀ་ཁ་སྦྱོངས་དང་།
ཁ་ནས་ཤོད་དང་།
ག་རེ་ཡིན་ནའང་།
ང་ལ་ཤོད་དང་།
ཅ་ལག་ཉར་ལྟར།
ཆ་ལུགས་བཟང་ལྟར།
ཇ་ཆང་འཐུང་ལྟར།
ཉ་མོ་འཁྱུག་ལྟར།
ཏ་རས་སྒྲོལད་དང་།
ཐ་མལ་དད་དང་།
ད་ལྟ་གྱིས་དང་།
ན་ནིང་ཕྱིན་ལྟར།
པ་ཕའི་དྲིན་ལན།
ཕ་མའི་དྲིན་ལན།
མ་མའི་དྲིན་ལན།
བ་མོའི་དྲིན་ལན།
ཙ་རིའི་རི་བོ།
ཚ་བོའི་ཚ་བོ།
ཛ་དྲག་དཔའ་བོ།
ཝ་ཕྲུག་མཛའ་བོ།
ཞྭ་མོའི་རྒྱུ་ཆ།
ཟ་ཡི་ཟ་བཅུད།
འ་ཆད་འུ་ཐུག
ཡ་ལེ་ཡོ་ལེ།
ར་མའི་རྭ་ཅོ།
ལ་ཁའི་ལ་རྩེ།
ཤ་མོའི་བྲོ་བ།
ས་མཐའི་བོད་པར།
ཧ་ཅང་ཉུང་ཡང་།
ཨ་མའི་མ་སྐད།
ཧ་ལས་མེད་ཀྱང་།
ཨ་ཕའི་ཕ་སྐད།
ཀ་ཁ་བོད་ཡིག་།
ཁ་སྐད་བོད་སྐད་།
ག་པ་འགྲོ་ག་།
ང་ལ་རྒྱུས་མེད་།
ཅ་ལག་ཡག་པོ་།
ཆ་ཚང་ཡག་པོ་།
ཇ་ཆང་ཞིམ་པོ་།
ཉ་ཤ་མ་ཟ་།
ཏ་ལའི་ཤིང་སྡོང་།
ཐ་སྙད་ཚད་སྒྲུབབ་།
ད་ར་འོ་མ་ཞོ་།
ན་གསོ་རྒས་སོང་།
པ་ཕ་ཨ་མ་།
ཕ་ས་བུ་ཐོག་།
བ་ཕྱུགས་གསོ་སྐྱོང་།
མ་བཟང་བུ་མོ་།
ཙ་ས་ཆུ་ས་།
ཚ་བོ་གྲང་མོ་།
འཛམ་གླིང་ཧྲིལ་པོ་།
ཝ་མོ་རྔ་ནག་།
ཞཱ་མོ་དཀར་ནག་།
ཟ་རྒྱུ་ཙམ་པ་།
འུག་པའི་མིག་འདྲ་།
ཡིད་ཆེས་བརྟན་དང་།
རང་གི་སྐད་ཡིག་།
ལ་རྒྱ་ཞེན་ཁོག་།
ཤ་ཚ་ཡོད་ན་།
ས་འདིར་སྲུང་དང་།
ཧམ་བཤད་མེད་དོ་།
ཨ་གསར་མིན་ནོ་།
ཀ་ཕྲེང་བོད་ཡིག
ཁ་སྐད་བོད་སྐད།
ག་རེ་འབྲི་བཤད།
ང་ཡི་སྐད་ཡིག
༄༅། བོད་ཀྱི་སྐད་ཡིག་འདི་ནི་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཡོད།
བོད་ཀྱི་སྐད་ཡིག་ནི་ནང་བསྟན་གྱི་གཞི་འཛིན་སའི་ཨ་མ་ཡིན།
བོད་ཀྱི་སྐད་ཡིག་ནི་མི་རིགས་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཡིན།
བོད་ཀྱི་སྐད་ཡིག་ནི་དུས་རབས་ཉེར་གཅིག་གི་ཞི་བདེའི་ཕོ་ཉ་ཡང་ཡིན།
མི་གི་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཀྱང་སྐད་ཡིག་དང་ཆས་གོས་རིག་གཞུང་སོགས་ཚང་མ་ལ་ཟུར་དུ་ཡོད་ན་ཡང་སྤྱི་ཚོགས་ཀྱི་དར་རྒུད་དང་འབྱུང་བའི་གནོད་ཚེའི་སོགས་ལ་རྟེན་ནས་སྤྱི་ཚོགས་ལ་དར་རྒུད་དང་སྐད་ཡིག་ལ་ཉམས་ཆགས་མི་གི་སྤྱི་ཚོགས་ཚང་མའི་ནང་བྱུང་ཡོད་པ་ནི་དོན་མི་བཟའ་།
༄༅། དེང་སང་དུས་སྙིགས་མའི་དུས།
གཞན་ཕན་ཟེར་ནས་སྒེར་སྤྱོད་བྱེད། དཔལ་འབྱོར་ཆེ་དུ་མཆོག་གསུམ་བཙོང།
དམ་ཆོས་མི་ཆོས་སྙིགས་ལྔ་དར། འདི་གསུམ་དུས་ངན་ཤར་བའི་རྟགས།
སྡོམ་པ་མེད་ཀྱང་གྲ་ཆས་གྱོན། རྟོགས་པ་མེད་ཀྱང་ལུང་བསྟན་བཤད།
རྩ་བའི་བླ་མར་མཚན་སྨད་ཞུས། འདི་གསུམ་དུས་སྙིགས་རྟགས་གསུམ་ཡིན།
དྲ་གྲོགས་ཚོ།
གོང་གསལ་ཚིགས་བཅད་གཉིས་པར་་་ཆེད་་ལ་་ཆེ་་་འཁོད་པར་ཆེད་དུ་བརྗོད་པ་ཡིན།
སྐད་ཡིག་མེད་པའི་མི་གི་སྤྱི་ཚོགས་གླིང་འདེར་མེད་།
སྐད་ཡིག་མེད་པའི་སྤྱི་ཚོགས་ཡོད་ན་དུད་འགྲོ་རེད་།
སྐད་ཡིག་བརྒྱུད་ནས་སྨྲ་ཤེས་དོན་གོ་མི་བཞེས་གྲགས་།
སྐད་དང་ཡིག་གེ་མི་རིགས་དེ་ཡིའི་འབྱུང་ཁུང་དངོས་།
ཁ་དམག་འགན་འཁུར་དྲ་རྒྱ་མིན་།
མིང་རྫུན་མཆན་འདེབས་ལྷག་བསམ་མིན་།
རང་མིང་བཀོད་ནས་དྲ་ནང་འཛུལ་།
རང་མིང་བཀོད་ནས་མཆན་འདེབས་གནང་།
ཀ་ཁ་མ་ཤེས་ཕྱིོ་སྐད་ཤེས་པ་ཙམ་གྱིས། ། ཁ་བ་གངས་ཅན་རིག་གཞུང་སླར་གསོ་མི་ཐུབ། ། ག་དུས་ཡིན་ཡང་རང་གི་སྐད་ཡིག་སྦྱངས་ཏེ། ། ང་ཅག་ཕ་ཡུལ་ལོག་རྒྱུར་འབད་བརྩོན་བཅངས་དགོས། །