རྐ་སྲས་ཀྱིས་སྤེལ།
ཀ་བ་གཏན་ནས་མེད་པའི་ཨར་འདམ་གྱི་ཁང་པར།།
ཁ་པར་ཀུ་ཤུ་རྟགས་ཀྱིས་རྒྱུ་ངོམ་འདྲ་བྱེད་བཞིན།།
ང་ཚོ་བོད་པ་ཚང་གི་ལས་དབང་ཨང་ཟེར་ནས།།
ཅ་ཅོ་ཤོམ་ར་ཅན་པོ་སྒྲོག་གིན་སྡད་ཨེ་ཡོད།།
ཇ་ཆང་བག་ཡངས་འདི་ལ་སྙིང་པོ་ཅི་ཟེར་བཞིན།།
ཉ་ཤ་རྒྱས་སྤྲོས་ཅན་པོ་འུར་ཟིང་གིས་རོལ་ནས།།
ཏ་ལའི་བླ་མའང་ནོར་ནས་ཡོད་མདོག་འདྲ་ཤོད་བཞིན།།
ཐ་ཤལ་རང་ཚུཊ་ཝ་རྔ་དྲུད་ནས་བསྡད་ཨེ་ཡོད།།
ད་དུང་མང་གཙོ་རང་དབང་ལག་ཆ་རུ་བཟུང་ཏེ།།
ན་གཞོན་ཀླད་པ་བཀྲུ་བའི་འདྲེ་ལག་དེ་བསྲིངས་ནས།།
པ་ཕའི་སེམས་གཏམ་དྲོན་པོ་ཡིན་ཁུལ་འདྲ་འཆད་ཀྱིན།།
མ་རུང་ཁོག་བཅངས་བྱེད་ཀྱིན་རུལ་ནས་བསྡད་ཨེ་ཡོད།།
ཙ་ཚ་ཛ་ཝ་བོད་ཡིག་གལ་ཆེ་རབས་ཟེར་བཞིན།།
ཚ་བོ་ཚ་མོར་དབྱིན་ཧིན་ཁོ་ན་འདྲ་བསླབས་ནས།།
ཝ་ཤིན་ཊོན་ནས་འདུག་པའི་རྨི་ལམ་དེ་རིང་མོ།།
ཞ་དང་ཞོར་ལ་འགྲུབ་ཐབས་ཡོང་གི་རང་ཨེ་འདུག།
ཟ་འཐུང་ཁ་བརྡ་ཙམ་ལ་འང་རང་སྐད་ནི་བཀོལ།།
འ་ཡོའི་མིང་ལའང་དབྱིན་མིང་འདོགས་ཁུལ་འདྲ་བྱེད་ཀྱིན།།
ཡ་མ་ཟུང་གི་རྣམ་ཐར་ངོ་མ་བོ་སྐྱོང་བཞིན།།
ར་གན་གསེར་རྫུའི་ཟློས་གར་ཁྲབ་མཚམས་དེ་ཨེ་བཞག།
ལ་མོའི་བརྒྱབ་ཀྱི་རང་ཡུལ་གཏིང་བརྗེད་དུ་སོང་ནས།།
ཤ་ཉེ་གཞིས་ལུས་སྤུན་ཟླའི་རེ་བ་ཡི་རི་མོ།།
ས་མཐའ་འདི་ནས་ཐེན་ཁྱེར་རླུང་བུ་ལ་སྤུར་ཏེ།།
ཧ་ཅང་འཇོན་མདོག་ཆོལ་གསུམ་དཀྲིག་གིན་བསྡད་ཨེ་ཡོད།།
ཨ་ལ་ཀུ་རེ་ཡིན་ཞེས་བཤད་ཚུལ་ཞིག་མ་མཆིས།།
ཨ་མདོ་ཁམས་དབུས་མེད་པར་བོད་ཚང་གཅེས་ན།།
ཨ་མ་ལྟ་བུའི་བརྩེ་བ་ཐུ་བྷོད་ལ་ཡོད་ན།།
ཨ་ཆད་འུ་ཐུག་སྒང་ལ་ནང་དཀྲིགས་འདི་ཨེ་མཛའ།།
ཟ་སྐད་འཐུང་སྐད་ཙམ་ལའང་རང་སྐད་ནི་མི་བཀོལ།། ཞེས་བཅོས།
ག་ ཆ་ ཕ་ བ་ ཛ་ བཅས་མཇལ་མ་སོང་ངོ།
ཀ་བཤད་ལ་དྲངས་པའི་དྲི་བ་དམར་རྗེན་མ། ཅེས་པ་ནི་ཤིན་ཏུ་ནས་མཇལ་མ་སྤྲོ་བའི་རྩོམ་ཞིག་ཡིན་འདུག སྐྱོན་མེད་པའི་མིའི་ཚོགས་སྡེ་ཞིག་མེད་པ་དཀར་པོ་དཀར་ཀྱང་རེད། རྩོམ་འདི་སྣོད་དྲི་མ་ཅན་གྱི་མུན་ནག་དེ་མིན་ན་ཨེ་རེད། འདི་ཀློག་པ། རྒྱ་ཆེ་མི་མང་ལ་གསར་ལམ་ནང་སྤེལ་བས་གནོད་ལས་ཕན་ཨེ་ཡོད། ཡིན་ཀྱང་གཞིས་བྱེས་བོད་རིགས་སྤུན་ཟླའི་ཤེས་དཔྱད་ལས་ཧམ་གཏམ་འདི་འདྲའི་དཀྲིགས་ཨེ་ཐུབ། མི་ཐུབ་ལ་ག་དང་ཆ་ཕ་བ་ཛ་བཅས་མཇལ་བས་ཕན་ཨེ་ཡོད། ཡོད་ན་བླ་མ་ཡོད་དུས་མ་ཞུས་པས་ཨེ་བཞག
ཆོལ་གསུམ་བོད་རིགས་སྤུན་ཟླས་༸གོང་ས་ཏཱ་ལའི་བླ་མ་ག་དུས་ཀྱང་ནོར་མི་སྲིད་པས་རྒྱ་དམར་སྲིད་གཞུང་མི་ཁྲོ་ན་ཨེ་མཛའ།།
ཀ་བ་གཏན་ནས་མེད་པའི་ཨར་ཁང་ཞིག་ཡོད་དམ།།
ཁ་པར་ཀུ་ཤུའི་རྟགས་ཅན་ངོམ་ན་ཡང་ཆོག་གི།
ག་དུས་ཡིན་ཡང་རང་རིགས་ལ་མ་སྨོད།།
ང་ཚོ་བོད་པའི་ལས་དབང་གླེང་ནའང་ཆོག་གི།
ཅ་ཅོ་ཤོམ་ར་མི་ཡི་ལུགས་སྲོལ་ཞིག་མིན་ནམ་་་་་
ཀུ་རེའི་ཚུལ་དུ་བྲིས།
གཞུང་པ་ཚེ་དབང་ལགས་ཐུགས་བདེན་པ་ཡིན། དོན་ལ་གཞོལ་ཆེད་དེ་དག་བཀོལ་མེད།
ཚེ་བརྟན་ཟེར་བ་དེ་ལ་ངའི་རྩོམ་གྱིས་ཕོཊ་ཡོད་ས་རེད། ཧཧཧ