གཞུང་པ་ཚེ་དབང་བསོད་ནམས།
ཀ་མད་སུམ་ཅུའི་བོད་ཡུལ་བུ་བཞིན་བསྐྱངས།།
ཁ་བའི་ཡུལ་དུ་ཀ་ཁ་སྐུ་བལྟམས་ནས།།
ག་བཏང་གོ་ཆོད་ལས་འགན་ཆེན་པོ་བབསྒྲུབས།།
ང་ཚོས་ཁྱེད་ཀྱི་བཀའ་དྲིན་གཏན་མི་བརྗེད།།
ཅ་ཡིག་གན་ཡིག་འགན་ཁུར་ཀ་ཁས་བླངས།།
ཆ་མེད་མི་དང་གྲོགས་པོ་ཀ་ཁས་བཟོས།།
ཇ་ཆང་ཞིམ་པོའི་མིང་ཡང་ཀ་ཁས་བཏགས།།
ཉ་རྒྱས་ཟླ་བ་འདྲ་བའི་ཀ་ཁ་ལགས།།
ཏ་ཐ་ག་ཏའི་བསྟན་པ་ཁྱེད་ཀྱིས་བསྲུངས།།
ཐ་མཚམས་ཡུལ་དང་འབྲེལ་ལམ་ཁྱེད་ཀྱིས་བཙུགས།།
ད་ར་འོ་མ་ཟས་ནོར་མི་དགོས་ལ།།
ན་རྒྱུ་ཚ་རྒྱུ་མེད་པའི་ཀ་ཁ་ཁྱོད།།
པ་བཟང་ལྟ་བུའི་བོད་ཡུལ་ཁྱོད་ཀྱིས་བསྐྱངས།།
ཕ་མ་འདྲ་བའི་ལས་འགན་ཁྱེད་ཀྱིས་འཁུར།།
བ་ཕྱུགས་མར་གྱི་མཆོད་པའི་ཀ་རྒྱན་ཕུལ།།
མ་སྦྱངས་ཀ་ཁ་ཤེས་མཁན་ཤིན་ཏུ་དཀོན།།
རྩ་བ་བོད་ཀྱི་ཡིག་གེ་ཀ་ཁ་རེད།།
ཚ་བའི་ཡུལ་དུ་ཀ་ཁར་ཚ་ནད་ཕོག །
ཛ་དྲག་མ་བྱུང་སྔོན་དུ་ཀ་ཁ་སྲུངས།།
ཝ་ལེར་བསམ་ན་ཀ་ཁ་ནོར་བུ་རེད།།
ཞ་ཞོར་ཟ་ཞོར་ལས་ཞོར་ཀ་ཁ་སྦྱོངས།།
ཟ་རྒྱུ་འཐུང་རྒྱུའི་ལོངས་སྤྱོད་ཀ་ཁས་འཚོལ།།
འ་འོ་མ་བརྒྱལ་ཀ་ཁ་རིན་པོ་ཆེ།།
ཡ་རབས་མི་ལ་ཀ་ཁ་རིན་ཐང་ཆེ།།
ར་བ་གངས་རི་ཀ་ཁའི་ཕ་ཡུལ་རེད།།
ལ་ལུང་བགྲོད་ནས་ས་མཐར་ཀ་ཁ་ཉམས།།
ཤ་ཚ་ཡོད་ན་ཀ་ཁར་སྲུང་སྐྱོབ་མཛོད།།
ས་ཆ་འདིར་ཕྱོགས་ཀ་ཁར་གནོད་འཚེ་མང་།།
ཧ་ཧ་ཀ་ཁ་ནོར་བུའི་ནོར་ཉམས་ཆོད།།
ཨ་གསར་སྐད་ཡིག་ཀ་ཁའི་བཙན་གནོན་རེད།།
ཀ་བཤད་ཁ་བཤད་གང་བསམ་བྲིས།།
ཁ་དང་རྣ་ལ་ཐུག་ཡོད་ན།།
ག་དུས་ཡིན་ཀྱང་དགོངས་སེལ་ཞུ།།
ང་ཡི་ཀ་བཤད་འདི་རུ་བསྡུ།།
ཁ་བརྡ་དྲ་རྒྱ་ཐུགས་རྗེ་ཆེ།།
གཞུང་པས།
ཞ་ཞོར་ཟ་ཞོར་ལས་ཞོར་ཀ་ཁ་སྦྱོངས།།
ཟ་རྒྱུ་འཐུང་རྒྱུའི་ལོངས་སྤྱོད་ཀ་ཁས་འཚོལ།།
འ་འོ་མ་བརྒྱལ་ཀ་ཁ་རིན་པོ་ཆེ།།
ཡ་རབས་མི་ལ་ཀ་ཁ་རིན་ཐང་ཆེ།།
ཀ་མད་སུམ་ཅུའི་བཀའ་དྲིན་ལས། །
བོད་དེ་རྒྱ་ལས་མཁས་པར་མཚོན། །
ཐོན་མི་ལོ་པཎ་བཀའ་དྲིན་གྱིས། །
གཞིས་བྱེས་བོད་རིགས་བདེ་ལ་འཁོད། །